{}ü¿ËàG-¯ô¤-HÛ-¾ïºÞü

       

     Nå-¯¾-¯ô¤¼ÛG-Fôh-ˆÛ-¼P-hzP-Vï-ÁôÅ-ˆÛ-¯ô¤-¾ÞÅ-ºhÛ-¯ô¤-q-qô-fÞm-¤ôP-GÛ-¾ôPÅ-uôh-¤²ïÅ-¤-ŸÛG-»Ûm-zÅü ÅÞÅ-ˆP-Dô-¤ô-hP-¿Ëm-hÝ-z¯ï-Åï¤Å-hP-hôm-‚-TÛ-»P-JÀïP-PïÅ-»Ûmü ¤Û-JÀïP-fzÅ-¤ïh-»Ûmü

ྋགོང་ས་མཆོག

ད་དུང་ཁྱེད་རང་ཡིད་ཐང་མི་འཆད་དམ།

 

        ྋགོང་ས་མཆོག ཁྱེད་ཀྱིས་བྱིས་དུས་ནས། མི་རིགས་འདིའི་ལས་སྐལ་ཕྲག་ཏུ་བཞེས་མོད། ཕྱི་ནང་གི་འགལ་རྐྱེན་བར་གཅོད་སྣ་ཚོགས་ཀྱིས། ཁྱེད་ལ་བར་ཆད་བཏང་བ་མངས་དྲགས་པས། ད་དུང་ཡང་ཁྱེད་ཀྱི་ཕྲག་ན་བཞེས་པའི་ཁུར་པོ་དེ་ཇི་འདྲའི་ལྕི་ཨང༌།

        ྋགོང་ས་མཆོག ཁྱེད་ཀྱིས་ཐོག་མར་ཆོས་ལུགས་ཁག་དང༌། ཚན་རིག་མི་སྣ་མང་པོར་མཛའ་འབྲེལ་གནང་དུས་ཀྱང༌། ཁྱེད་ལ་མུ་སྟེགས་པར་འགྲོགས་མི་རུང་ཞེས་རྨོངས་དད་ཀྱིས་ངོ་རྒོལ་བྱེད་མཁན་ཉུང་ཉུང་མིན། ཡིན་ཡང་དེ་ནི་སྐུ་ཉིད་སྐུ་རྐྱང་གིས་གནང་ཐུབ་པ་ཞིག་ཡིན་པས་འགལ་རྐྱེན་དེ་དག་ལས་རྣམ་པར་རྒྱལ།

        ྋགོང་ས་མཆོག ཁྱེད་ཀྱིས་ཐོག་མར་དོལ་འདྲེ་བསྟེན་མི་རུང་བའི་བཀའ་སློབ་གནང་བ་ནས་བཟུང༌། ད་བར་ལ་བཀའ་སློབ་རྡོག་བརྫིས་ཀྱིས་ངོ་རྒོལ་བྱེད་མཁན་གྱི་རྒྱུན་ཆད་མྱོང་མེད།

        ྋགོང་ས་མཆོག ཁྱེད་ཀྱིས་ཐོག་མར་ཞི་མོལ་མིང་ཅན་གྱི་དོན་ཚན་བཅུ་བདུན་རྩིས་མེད་ཀྱིས་བོད་རང་བཙན་བརྩོན་ལེན་གྱི་བཀའ་ཁྱབ་བསྒྲགས་དུས་ཀྱང༌། ཆབ་སྲིད་ནི་ཉེས་པའི་གཞི་རུ་བསམས་ཏེ་རྒྱང་བཀྱེད་མཁན་དང༌། སྒེར་དབང་གཉེར་བའི་སྐབས་འཚོལ་བ་མི་ཉུང་བ་ཞིག་གིས་རྒྱབ་འགལ་བྱས་པའི་རྗེས་ངན་ད་དུང་ཡལ་མེད།

        ྋགོང་ས་མཆོག ཁྱེད་ཀྱིས་དགོས་དབང་དུ་མ་ཞིག་ལ་གཟིགས་ནས་བོད་རང་བཙན་བློས་གཏོང་གིས། འཛམ་གླིང་ཞི་བདེ་དང་འབྲེལ་བའི་རླབས་ཆེན་གྱི་དགོངས་གཞི་སྟེ། བོད་རྒྱ་ཞི་མོལ་གྱི་དབུ་མའི་ལམ་ཆེན་ཞིག་བཏོད་ན་ཡང༌། དེ་ནས་བཟུང་ད་བར་དུ། གཞོན་ནུ་ཚོགས་པས་མཚོན་བོད་མི་མི་ཉུང་བ་ཞིག་གིས་ཐོག་མཐའ་བར་གསུམ་དུ་ངོས་ལེན་རྒྱབ་སྐྱོར་བྱས་མེད།

        ྋགོང་ས་མཆོག ད་ལོར་བོད་མི་ཕལ་མོ་ཆེས་ཁྱེད་ཀྱི་བཀའ་སློབ་སྣང་མེད་ཀྱིས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོར་ངོ་རྒོལ་གྱིས་བོད་རྒྱ་མི་རིགས་བར་ལའང་འགལ་བ་ཆེན་པོ་བཟོས་སོང༌།

        ྋགོང་ས་མཆོག དེ་ལྟར་ང་ཚོ་བོད་མི་དམངས་ཚང་མ་རྡོག་རྩ་ཆིག་སྒྲིལ་གྱིས་ལམ་ཆེན་གཅིག་ལ་བསྐྱོད་མ་ཐུབ་པར་སོ་སོའི་བྱིས་བློའི་འཆར་སྣང་དག་ལ་བརྟེན་ནས་ལམ་བུ་སོ་སོར་གྱེས་པའི་ཉེར་ལེན་གྱིས། ད་ལྟ་རྒྱ་ནག་གཞུང་གིསཁྱེད་དང༌། ཁྱེད་ཀྱི་གཞུང་དམངས་ཡོངས་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང༌། ཐ་ན་འཇིགས་སྐུལ་རིང་ལུགས་པ་སོགས་ཀྱི་ཉེས་འདོགས་ཁག་འགེལ་བྱེད་ས་ཞིག་རྙེད་ཅིང༌། ཞི་མོལ་བྱ་རྒྱུར་ཡང་སྔོན་འགྲོའི་ཆ་རྐྱེན་གསར་བ་འདོན་བཞིན་ཡོད།

        ྋགོང་ས་མཆོག བདག་གིས་འདི་ལྟར་ཕྱི་མིག་བལྟས་ཚེ། ད་ནི་བཙན་བྱོལ་བོད་མིས་ཁྱེད་ཀྱི་བཀའ་དགོངས་མི་བརྩི་བ་ཐག་གིས་ཆོད། འོན་ཀྱང་ཁྱེད་རང་ད་དུང་བོད་མི་ཚོར་ཡིད་ཐང་མི་འཆད་དམ།

        ྋགོང་ས་མཆོག ཕྱི་རོལ་དགྲ་བོ་སྟོབས་ཤུགས་ཆེ་ལ། དབང་ཤུགས་བཙན། གཡོ་སྒྱུ་ཆེ་ལ་ཧམ་པ་ཚ། འདི་དག་གི་ཁ་གཏད་དུ་ཁྱེད་ཀྱིས་བརྩེ་སེམས་ཀྱི་འཛུམ་མདངས་ཅི་ཙམ་བསྟན་ཡང༌། ཁྱེད་རང་སྐུ་རྐྱང་ཡིན་པས། དགྲ་ངོ་ཇི་ལྟར་ལྡོག་ཐུབ།

        ྋགོང་ས་མཆོག ད་ནིཁྱེད་ཀྱིས་དགོངས་པ་ཞུ་རན་རེད། བོད་དོན་ལས་ཀྱང་ཁྱེད་ལ་འཛམ་གླིང་གི་དོན་ཆེན་སྒྲུབ་རྒྱུ་མངས། འཛམ་གླིང་མི་མང་གིས་ཁྱེད་ཀྱི་འཛུམ་མདངས་འཐུང་འདོད་ཆེ། བོད་མི་ལས་ངན་ཚོ་ད་ནི་བྱ་ཐབས་བྲལ།

        བོད་མི་ཚོ། བསམ་མི་ཤེས་པའི་བོད་མི་ཚོ། ཁྱོད་ཚོསྋགོང་ས་མཆོག་ལ་ཐལ་མོ་སྦྱར་ནས། ཁ་ཡག་བཤད་ནས། རང་མགོ་རང་གིས་གཡོགས་པ་ལས། ད་ནི་སེམས་ཐག་གཙང་བཅད་ཀྱིས་ཤར་ཡིན་ན་ཤར་དང༌། ནུབ་ཡིན་ན་ནུབ་ལ་སྐྱོད་ན་བཟང༌།

        ཀྲུང་ཧྭ་མི་རིགས་སྤུནཟླ་རྣམ་པ། ད་ནི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་རྩེ་བའི་དུས་ལ་སླེབས་བྱུང༌། འདི་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཚང་མར་ཐུན་མོང་དུ་ཐོབ་པའི་གཟི་བརྗིད་ཡིན་ལ། ང་ཚོ་ཐུན་མོང་གིས་ལོངས་སུ་སྤྱོད་པའི་དུས་ཆེན་ཡིན། འདི་ནི་ཏང་ཀྲུང་དབྱང་གིས་འཛམ་གླིང་ལ་བསམ་ཤེས་དང༌། ལྷག་པར་ང་ཚོ་ཀྲུང་ཧྭ་མི་རིགས་ཁག་ཚང་མར་བསམ་ཤེས་ཀྱིས་འཛམ་གླིང་གི་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཁག་དང་འདྲ་བ་ཞིག་ཆགས་རྒྱུའི་ྋགོང་ས་མཆོག་གི་ཐུགས་རེ་དང་འཛམ་གླིང་མི་མང་གི་རེ་བསྐུལ་ཡང་ཡིན།

        འཛམ་གླིང་གི་གྲོགས་པོ་རྣམ་པ། རྩེད་འགྲན་འདི་བརྒྱུད་ནས་མུ་མཐུད་དུ་ཐབས་ཚུལ་སྣ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ལ་སྔར་བཞིན་ཆེ་མཐོང་རྒྱབ་སྐྱོར་གནང་རོགས།

 

།དམ་པ་བཞུགས་ཀྱང་བཀའ་དགོངས་མི་སྒྲུབ་ན།

།དམ་པས་ཅི་བྱ་ཕལ་བ་ཙམ་དུ་ཟད།

།རྐྱེན་ངན་གྲོགས་སུ་སྒྱུར་ལ་མ་མཁས་ན།

།རྐྱེན་བཟང་དགྲ་རུ་འགྱུར་བའི་ཉེན་ཡང་ཆེ།།

Comments: 6
  • #6

    admin (Sunday, 21 April 2024 09:49)

    1

  • #5

    admin (Sunday, 21 April 2024 09:39)

    1

  • #4

    ལྷ་རམས་པ (Thursday, 06 November 2014 17:58)

    ཏྰ་ལེ་ནས་སླར་ཡང་མ་ཉེས་ཁ་གཡོགས་བྱས་བ་རེད།
    བདེན་དོན་ཡིན་མིན་དམངས་སེམས་ནས་ཤེས།

  • #3

    ཆོས་སྐྱབས (Thursday, 06 November 2014 17:51)

    ལས་རྒྱུ་མེད་པའི་མ་ཉེས་ཁ་གཡོགས་རེད

  • #2

    ལྷ་རམས་པ (Thursday, 06 November 2014 17:40)

    ཏྰ་ལེ་མིང་ལ་བསོད་ནམས་དབྱངས་འཛོམས་ཟེར་བའི་བུད་མེད་ཞིག་ཡོད ལོ་༦༠སོན་ཡོད དབྱིན་ཇི་Oxford Universityནས་འཐར་ཕྱིན་པ་ཡིན
    འདི་དགོད་བྲོ་བའི་གསར་འགྱུར་ཡིན་ནམ

  • #1

    ཆོས་སྐྱབས (Thursday, 06 November 2014 17:36)

    འདི་ནི་མ་ཉེས་ཁ་གཡོགས་རེད
    དོར་རྒྱལ་པའི་བྱ་སྤྱོད་དགོད་བྲོ་བ་རེད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php