༄༅།།ཤེས་རབ་ཀྱི་ལམ།

 

༄༅།།མགོན་པོ་ཐུགས་རྗེ་ཆེ་ལྡན་པ།

ཐམས་ཅན་མཁྱེན་པའི་སྟོན་པ་པོ།

བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང།

དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །

 

དག་པས་འདོད་ཆགས་བྲལ་བར་གྱུར།

དགེ་བས་ངན་སོང་ལས་གྲོལ་ཅིང།

གཅིག་ཏུ་དོན་དམ་མཆོག་གྱུར་པ། །

 

ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །

 

གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། 

བསླབ་པ་དག་ལ་རབ་ཏུ་གནས།

ཞིང་གི་དམ་པ་ཡོན་ཏན་ལྡན། 

དགེ་འདུན་ལ་ཡང་ཕྱག་འཚལ་ལོ། 

 

སྨྲ་བསམ་བརྗོད་འདས་ཤེས་རབ་ཕ་རོལ་ཕྱིན།  མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། 

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །

 

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།བྱང་ཆུབ་བར་དུ་བདག་ཅག་སྐྱབས་སུ་མཆི།

འགྲོ་ཀུན་ཚོཊ་གཉིས་ས་བོན་ཅི་བཏབ་མཐུས། །རྒྱལ་བ་དཔག་བསམ་ལྗོན་དབང་མྱུར་འགྲུབ་ཤོག། ༼རང་གིས།༽

 

 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་བ་དང། 

སྐྱེས་པ་ཉམས་པ་མེད་པ་ནས། །གོང་ནས་གོང་དུ་འཕེལ་བར་ཤོག །

 

གང་ལ་སེམས་ཀྱི་རིན་ཆེན་དམ་པ་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང། 

གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།།བདེ་བའི་འབྱུང་གནས་དག་ལ་སྐྱབས་སུ་མཆི།྄

 

༑སེམས་ཅན་བདེ་དང་ལྡན་པ་དང།།སྡུག་བསྔལ་དང་ནི་བྲལ་བ་དང། 

བདེ་ལ་རྟག་ཏུ་གནས་པར་དགའ།།མཉམ་ཉིད་བཏང་སྙོམས་ལ་གནས་ཤོག།

རིས་མེད་ཐུབ་བསྟན་འཛིན་པའི་དམ་པ་རྣམས། །སྐུ་ཚེ་ཞབས་བརྟན་འཕྲིན་ལས་ཕྱོགས་མཐར་རྒྱས།

།དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པ་དར། ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག།

 བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།

།དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

 

མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།། སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང།།

ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།། འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ།།

 

དོན་དམ་པའི་ཨ་མ།

 

 

ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག"

"ནི་ཤེས་རབ་ཕ་རོལ་ཕྱིན།

ཨ་མ"ལ་སྐྱབས་སུ་མཆི་འོ།

མར་གྱུར་འགྲོ་ཀུན་འཚང་རྒྱ་ཤོག།

 

Comments: 11
  • #11

    admin (Sunday, 21 April 2024 09:39)

    1

  • #10

    admin (Sunday, 21 April 2024 05:03)

    1

  • #9

    འཇམ་དབྱངས (Thursday, 30 October 2014 15:10)

    བདེན་པ་མིན་ན་ཨ་རི་ནས་བཤད་མཁན་མང་པོ་ཡོད། ཨ་རི་བས་བདེན་དཔང་བྱེད་དགོས་སམ།

  • #8

    བསོད་ནམས་རྡོ་རྗེ (Thursday, 30 October 2014 15:00)

    གོང་ས་ཚང་ལ་བུ་ཡོད་པ་ངོ་མ་བདེན་པ་ཡིན་ནམ

  • #7

    འཇམ་དབྱངས (Thursday, 30 October 2014 14:57)

    བདེན་པ་རེད། སུས་ཀྱང་ཤེས་དཀའ། བུ་ཡིན་ན་བླ་མ་རེད། མོ་ཡིན་ན་སྒྲོལ་མ་རེད།

  • #6

    བསོད་ནམས་རྡོ་རྗེ (Thursday, 30 October 2014 14:51)

    སུས་ཤེས།

  • #5

    འཇམ་དབྱངས (Thursday, 30 October 2014 14:49)

    གལ་སྲིད་ཏྰ་ལེ་བླ་མར་རྒྱུད་ཡོད་ཚེ་ཅི་བྱེད། རྗེ་ཙོང་ཁ་བ་སྐུ་དྲོངས་དུས་མོ་བཞུས་བའང་གསང་སྔགས་ལས་མེད་པ་མ་རེད

  • #4

    བསོད་ནམས་རྡོ་རྗེ (Thursday, 30 October 2014 14:47)

    ངོ་མ་དོར་རྒྱལ་གྱི་མི་རེད།

  • #3

    འཇམ་དབྱངས (Thursday, 30 October 2014 14:46)

    མ་རེད། ཨ་རི་ནས་བོད་མི་ཞིག་གིས་ཕྲན་ཆུང་ལ་བཤད་པ་ཡིན།

  • #2

    བསོད་ནམས་རྡོ་རྗེ (Thursday, 30 October 2014 14:45)

    སུས་ཤེས། དོར་རྒྱལ་གྱི་སྐད་ཆ་ཡིན་ནམ།

  • #1

    འཇམ་དབྱངས (Thursday, 30 October 2014 14:40)

    ཏྰ་ལེ་བླ་མ་བུད་མེད་ཞིག་ཡོད་ཟེར་བ་བདེན་ནམ། རྒན་ལྷ་མོ་སྐྱབས།

     Meditation Music

2,550,232

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php