མི་རིགས་མི་འདྲ་ན་ཡང་ཁྱིམ་གཅིག སྐད་ཡིག་མི་འདྲ་ན་ཡང་ལམ་གཅིག

སྟག་ལོ་བ་ཡི་ཕ་རྒན་བདག་ལ། རྒྱང་ཐག་རིང་ཡང་འབྲེལ་ཐག་ཉེ་བ།

 

 

བདག་ལ་འབྲེལ་བ་བྱ་སའི་བརྒྱུད་ལམ་ཁག་ནི།

 

གློག་འཕྲིན་ཡིག་སྒམ། (Email)

chapbrag@gmail.com

 

ངོ་དེབ། (facebook)

ཨ་མྱེ་རྨ་ཆེན།/amyemachen

 

གནམ་ཡིག (skype)

noyontsang

 

ཁ་པར། (0033)06 83 97 47 07

 

Please enter the code:

Note: Please fill out the fields marked with an asterisk.

     རྒན་ལྷ་མོ་སྐྱབས་ནི་མི་ཚེ་གང་བོར་ཤོག་སྨྱུག་གཉིས་ཀར་འཐམ་ནས་ཡོང་། ཁོ་ལ་ང་ལྟ་བུའི་སློབ་མ་གང་མང་ཞིག་ཡོད་པས་ས་ཆ་གང་ལ་ཕེབས་ཀྱང་ཕན་མི་ཐོགས་ནའང་རྒན་ལགས་འབོད་མཁན་རྐྱང་རྐྱང་ཡིན། ཁོང་གི་དྲ་བ་འདི་བརྒྱུད་ནས་ད་དུང་ཡང་ང་དང་ང་ལྟ་བུའི་སློབ་ཕྲུག་ཚོར་ཕན་ཐོགས་གང་མང་བསྒྲུབ་པར་དགའ་སྤྲོ་ཆེན་པོས་དྲ་ངོས་སུ་ཅེར་ནས་ཡོད། བློ་འཕེལ་ལམ་ཟ་ལེ་རྒྱལ་གྱིས་ཕ་རེ་སི་ནས། ༠༩།༡༡།༡༤།

       གསལ་ལེ་རྒྱལ་གྱི་རོགས་ཕན་འོག་བདག་གི་དྲ་བ་འདི་མགོ་བརྩམས། མགོ་བརྩམས་ཉིན་དེར་ཁོས་གོང་གི་སྐད་ཆ་ཚིག་གཅིག་དེ་བྲིས། ཉིན་དེ་རང་ལ་ཁོ་བཟའ་ཟླ་གཉིས་ནི་ངའི་མ་བོས་སྐུ་མགྲོན་དང་པོར་ཡང་གྱུར། དེ་བས་ངས་ཁོ་གཉིས་ལ་བཀའ་དྲིན་ཆེ་ཞུ་དང་ལྷན་ཅིག་སྟག་ལོ་གསར་ཚེས་ཀྱི་ཉིན་མོ་ནས་དྲ་བ་འདི་ཉིད་ཡོངས་སུ་ཁྱབ་སྒྲགས་བྱེད་ཆོག དེ་ཡང་དྲ་བ་འདི་ནི་ང་རང་སྐྱེས་ཀྱི་བུ་སྟག་ལོ་བ་ཞིག་གི་འདང་རྩིས་ཡོད་པ་ངའི་སྙིང་ཉེ་བའི་སྐུ་མགྲོན་ཚོས་ཤེས་ངེས། ༢༠༡༠།༡།༢༩

 

            ཤེས་འདུག དབྱངས་ཅན་སྒྱུ་འཕྲུལ་དྲ་བ་འདི་ངའི་བུ་སྟག་ལོ་བ་ཞིག་གི་འདང་རྩིས་ཆེ་བ་ཁོང་ཅག་གིས་ངོ་མ་ཤེས་འདུག ད་དུང་ཁོང་ཚོས་བུ་སྟག་ལོ་བ་ཞེས་གཅེས་ཕྲུག་ལྟར་འབོད་ཀྱིན་འདུག དེ་བས་ངས་ཅིས་ཀྱང་བུ་སྟག་ལོ་བ་འདི་འཛུམ་དྲུག་རྒྱས་པར་རང་གི་ནུས་པ་ཡོད་ཚད་འདོན་རྒྱུ།

བདག་གི་སྔོན་བྲིས་རྩོམ་ཡིག་ཁག་ཅིག་སྨོན་ལམ་གཉིས་པའི་ཡིག་གཟུགས་ཡིན་པས་རེ་ཞིག་ལ་ཀློག་མཁན་ཁག་ཅིག་གི་འདོད་བློ་སྐོང་མི་ཐུབ་ན་དགོངས་འགལ་མེད་པ་ཞུ།

            སྟག་བཞི་འཛོམས་ཀྱི་འཛུམ་དྲུག་ཐིག་ལེ། བུ་སྟག་ལོ་བའི་ཡིད་ལ་ཕབ་ཡོད།

            སྟག་ཤ་ར་དང་ཤར་མོ་རྣམ་པ། བུ་སྟག་ལོ་བའི་རྒྱབ་ལ་ཁུར་ཡོད།

༢༠༡༠།༢།༡༩།

Comments: 29
  • #29

    admin (Sunday, 21 April 2024 09:52)

    1

  • #28

    admin (Sunday, 21 April 2024 09:50)

    1

  • #27

    admin (Sunday, 21 April 2024 09:39)

    1

  • #26

    admin (Sunday, 21 April 2024 05:03)

    1

  • #25

    ལྡོག་རྗོད་པ། (Monday, 22 August 2011 13:42)

    དེ་རིང་གི་དྲྭ་ངོས་ཀློག་སྟངས་ཤིག་ལས་འཕྲིན་དྲྭ་འདིར་མཇལ་བས་དགའ་བོ་བྱུང་སོང་བ་དང་ལྷན་ཅིག གོང་བཀོད་བཞིན་དྲི་བ་འགའ་རེའང་ཤོར་སོང་བས་དགོངས་འགལ་མེད་པར་ཞུ། གང་ལྟར་རེ་བ་ཇི་ལྟར་ཆེ་ན་དོགས་འདྲི་ཡང་དེ་ལྟར་མོད་པ་སྐུ་ཉིད་ཀྱིས་ཀྱང་མཁྱེན་གསལ་ཡིན་ངེས་པས་མང་པོ་བཤད་དགོས་མི་འདུག

  • #24

    ཤར་ཕྱོགས་ཁུག་རྟ། (Wednesday, 19 January 2011 06:18)

    ང་ལ་རྒན་ལྷ་མོ་སྐྱབས་ཀྱིས་སློབ་ཕྲུག་སྤྱི་ཡོངས་ལྟར་དཔེ་ཁྲིད་གནང་མྱོང་མེད། ཡིན་ནའང། ངས་སེམས་སྟེང་ནས་ཁོང་རྒན་ལགས་ཞེས་པའི་ཚིག་འདི་སྦྱར་ཞིང་བོས་པ་ཡིན། ཁོང་གི་བབ་བརླིང་བརྟན་པོའི་གཤིས་ཀ་དང་གནད་ཀྱི་འགག་སར་དེ་བས་བབ་ཆགས་ཀྱིས་མདུན་དུ་ལྷགས་པའི་གནད་དོན་ཐག་གིས་གཅོད་པའམ། བསམ་གཞིག་བྱེད་པ། ཆེ་ཆུང་ཀུན་ལ་རིས་མེད་ཀྱི་འཛུམ་དང་སེམས་པ་སྟོན་སྟངས་ཀྱིས། ཁོང་གི་མི་ཚེ་དོན་དམ་གྱི་དགེ་རྒན་ཞིག་ཏུ་གནས་ཤིང། སློབ་ཕྲུག་ཚོས་ཨམ་སྐད་མཁྲེགས་པོ་མ་གོ་ནའང། རྩ་བའི་རྒན་ལགས་ཀྱི་མི་སྤུས་ལ་དགའ་ཞེན་ཆེ་དབང་གིས། ཁོང་གིས་བསྐྱངས་པའི་སློབ་ཕྲུག་རྣམས་ལ་དོན་དམ་གྱི་དགེ་རྒན་ནི་གང་འདྲ་ཞིག་ཡིན་མིན་གྱི་ཚོར་བ་བསྐྲུན་ཡོད།

    ངས་བཙན་བྱོལ་ནང་གི་ཁོང་གི་མི་རབས་ཀྱི་ཤེས་ཡོན་པ་ཚོར་ལྟོས་ནའང། རིགས་གཅིག་རྐང་འཛིན་དང་བབ་ཆགས་བརྟན་གསུམ་གྱིས་རང་གི་རིག་གནས་ལ་སྲི་ཞུ་གཞན་སྨོན་རང་སྐྱིད་རང་སྐྱིད་བྱས་མྱོང་མཁན་ནི་རྒན་ལགས་ཁོ་ནར་ངེས། རྒན་ལགས་ཀྱིས་ཆབ་སྲིད་དགོངས་གཞི་དག་ཀྱང་ཤེས་ཡོན་རིག་གནས། དེ་བྱུང་རིག་པའི་རྒྱབ་ལྗོངས་དང་བཅས་ཀྱིས་ཕྱུར་བུར་གཏམས་པས། ཁོང་གི་སྲིད་དོན་རྣམ་དཔྱོད་ནི་ཐབས་མཁས་ཐུགས་རྗེ་དག་གི་རྗེས་སུ་འགྲོ་བ་ལས། གཞི་རིམ་གྱི་མགོ་བདེ་དྲན་འཁྲུལ་དེ་མ་རེད། ངས་རྒན་ལགས་སློབ་གླིང་ཞིག་ནས་རྒྱལཁབ་ཀྱི་ལས་དོན་དབུས་མར་ཞུགས་པའི་བརྒྱུད་རིམ་ཡོངས་རྫོགས་མཐོང་བ་ཡིན་ཙང། རྒན་ལགས་ཀྱི་གོམ་རིམ་དང་གཤིས་སྤྱོད་ཡོངས་རྫོགས་རང་གིས་མིག་དཔེར་ལེན་བཞིན་ཡོད།

    རྒན་ལགས། ནད་མེད་ཚེ་རིང། སྐུ་ཚེ་བརྟན་པར་ཤོག།

  • #23

    ཤར་ཕྱོགས་ཁུག་རྟ། (Wednesday, 19 January 2011 06:06)

    རྒན་ལགས། བཀྲ་ཤིས་བདེ་ལེགས།

  • #22

    ཕོ་ཉ (Monday, 05 July 2010 06:01)

    རྐྱང་རིང་ས་མཐའི་ཨ་ཇོ་སྐད་ཅིག་བཏང་།།
    འདི་ན་ཁྱེད་ཀྱི་བྱ་བཞག་རྒྱས་ཤིང་གྲུབ་པའི་ཆེད་།།
    ལྷ་དང་བླ་མར་མཆོད་པའི་མ་རྒན་མས།།
    གསོལ་འདེབས་ཁ་ནས་བརྗོད་མོད་དྲན་པ་སེམས་ན་གནས།།

  • #21

    ཟླ་འོད (Friday, 02 July 2010 19:08)

    ང་ཟླ་འོད་ཨ་མདོའི་འབྲོག་ཕྲུག་ཡིན་ དཀར་འོ་མའི་མཆོད་ཁ་ལན་གསུམ་འཕེན་

    ས་ཐག་རིང་འགྲུམ་པའི་མགྲོན་པོ་ཚོ་ ལས་རླུང་རྟ་དར་བའི་བརྟེན་འབྲེལ་ཞུ།

  • #20

    ཟླ་འོད (Friday, 02 July 2010 16:40)

    སྒ ང་བ་བོད་ཀྱི་མི་རིགས་ལ་ ཕ་སྐད་གཙང་མའི་ཡི་གེ་ཡོད་ སངས་རྒྱས་བསྟན་པའི་མཛད་རྗེས་ན་ འདི་ཕྱི་འདྲེན་པའི་གདམ་ངག་ཡོད་།

    གངས་དང་འབྲེལ་བའི་ཕ་ཡུལ་ན་ མི་རིགས་རང་གི་ཁྱད་ཆོས་ཡོད་ དགེ་རྒན་བཟང་བོའི་སློབ་གསོ་ན་ སློབ་བུ་རང་གི་མདུན་ལམ་ཡོད།

    ཡ་རབས་ཕ་མའི་བུ་ཕྲག་ལ་ སྤྱོད་བཟང་མི་ཡི་གུས་ལུགས་ཡོད་ བཅུ་ཕྲག་ཤེས་བྱ་རོལ་ནུས་ན་ རིན་ཐང་ལྡན་པའི་བསླབ་བྱ་ཡོད།།

  • #19

    ཕོ་ཕྲུག (Wednesday, 30 June 2010 19:35)

    ཕུ་བོ་ལགས། རེ་སྒུག་དང་རེ་སྒུག་ཁྲི་ཕྲག་གི་་སྣེ་ནས་ང་ཚོ་ལས་དབང་བཟང་བོ་ཞིག་གིས་འདི་ལྟར་གླེང་མོལ་ཁྲོལ་ནས་འཕྲད་བྱུང་། ངོ་མ་དགའ་སྤྲོ་སྟེ་ཅི་ལྟར་
    བརྗོད་དགོས་བའང་མ་ཤེས། གང་ལྟར་མང་པོ་མང་་པོ་ཤིག་བཤད་འདོད་མོད། དུས་ཚོད་ཀྱིས་མི་འདང་བས་རྗེས་ནས་གླེང་མོལ་བྱེད་ ། མཐར་ད་ནས་བཟུང་
    ང་ཚོའི་གླེང་མོལ་གྱི་གོ་སྐབས་བཟང་བོ་འདི་ལ་བར་ཆད་མེད་པའི་སྨོན་ལམ་འདེབས།

  • #18

    ཁམས་སྨྱོན། (Friday, 02 April 2010 19:08)

    མཛངས་མ་ཁྱེད་ཀྱི་མཛད་འཕྲིན་རྒྱས་པར་སྨོན།

  • #17

    ཟ་ལེ་རྒྱལ། (Saturday, 06 March 2010 16:08)

    རྒན་ལྷ་མོ་ལགས།
    དཀར་ཆག་གི་ནང་ལ་རྩོམ་ཡིག་གསར་བའི་ལས་ཚན་ཞིག་བཟོས་ནས་དེ་རུ་རང་གི་གསར་རྩོམ་རྣམས་བཞག་ཏེ་དུས་ཚོད་གང་འཚམས་ཀྱི་རྗེས་ནས་སྙན་ངག་དང་ཉིན་ཐོ་སོགས་རང་རང་གི་ཁྱབ་ཁུངས་སུ་བཞག་ན་ཡག་པོ་ཡོད་པ་འདྲ། དེ་མིན་གསར་རྙིང་གཉིས་ཀ་འདྲེས་ཟིན་པས་གང་ནས་ཀློག་དགོས་བའང་ཤེས་ཀྱི་མི་འདུག

  • #16

    གནམ་ལྕགས། (Tuesday, 23 February 2010 05:59)

    རྒན་ལྷ་མོ་ལགས་ཀྱི་དྲ་ཚིགས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།

  • #15

    མདའ་ཚན་བླ་མ་སྐྱབས། (Thursday, 18 February 2010 11:25)

    ༄༄།། རྒན་ལྷ་མོ་སྐྱབས་ལགས།།

    དབྱངས་ཅན་གླེགས་བམ་གློག་དྲར་སྤྲུལ་བའི་དེ་རིང་ཁོ་བོ་གློ་བ་དགའ། །
    ཀླུ་ཆུ་སྔོན་མོའི་གླུ་དབྱངས་ཐོས་བའི་དེ་རིང་ཁོ་བོའི་ཐོས་འཛིན་བདེ། །
    ཨ་མྱེ་ཆབ་བྲག་ཁྲ་ཡག་རྫ་ཡིས་འཕངས་པའི་མདའ་ལ་མངགས་པའི་བུ། །
    ཆབ་བྲག་ཕོ་ཉའི་རྫ་གླུ་རོལ་མོས་གློག་རྡུལ་འཇིག་རྟེན་ཁྱབ་པར་སྨོན། །

    རྒན་ཁྱེད་དང་སྐྱེ་ཡུལ་གཅིག་པ་ཡི། །
    རྒན་ཁྱེད་ཀྱི་བརྩེ་བས་བསྐྱངས་པ་ཡི། །
    རྒན་ཁྱེད་ཀྱི་གདམས་ངག་ཐོས་པ་ཡི། །
    མདའ་བླ་མ་ཡང་ཡང་ཁྱེད་ལ་སྐྱབས། །

    ལོ་སྐལ་འདི་ལོ་སར་ཚེས་གཅིག་ལ་བྲིས་མོད་དེ་རིང་མ་གཏོགས་སྐྱེལ་མ་ཐུབ་པས་དགོངས་འགལ་མེད་པ་ཞུ།
    བུ་སྟག་ལོ་བ་མདའ་ཚན་བླ་མ་སྐྱབས་ཀྱིས་ཁྱེད་ཀ་ཚང་གི་སྟག་ལོ་བར་ཡིད་དགའ་སྤྲོ་གུས་སྨོན་གྱིས་གཏམས་ནས་ཕུལ།
    གང་མགྱོགས་མཇལ་བའི་རེ་འདུན་དང་བཅས།

  • #14

    དབུས་ཕྲུག་ཚེ་རིང་། (Thursday, 18 February 2010 07:06)

    སྡེར་ཆགས་རྒྱལ་པོ་གང་དུ་ཆས་ཀྱང་དབང་དང་ནུས་པ་གུད་དུ་མེད།།
    རིག་པའི་དཔའ་བོས་རྒྱལ་ཁམས་སྐོར་ཏེ་རང་གི་རིགས་ལ་བྱས་པ་ཆེ།།
    ཁྱེད་ཀྱིས་ཞབས་ཟུང་གང་ལ་ཕྱོགས་ཀྱང་དེ་ན་ཤེས་རིག་དྲི་བསུང་འཐུལ།།
    ངས་ཀྱང་མཛད་འཕྲིན་གོང་ན་འཕེལ་བའི་རེ་སྨོན་ལན་བརྒྱར་མི་འདེབས་ཅི།།

    རྒན་ལགས་སུ་བཀྲིས་བདེ་ལེགས་ཞུ། དེ་མིན་དྲ་ཚིགས་ཀྱི་ཁ་བྱང་དེ་པར་དང་མཉམ་གཅིག་ཏུ་པར་བཞིན་བཟོ་གནང་ན་དགེ་མཚན་ཆེ་བར་མཐོང་། གཞན་དུ་ན་དྲ་ཚིགས་mozilla སོགས་ནས་ཁ་ཕྱེ་ན་དྲ་ཚིགས་ཀྱི་ཁ་བྱང་དེ་འཐོར་འགྲི་གི་འདུག

  • #13

    ཨ་ཚོགས་བློ་བྷེ། (Wednesday, 17 February 2010 21:19)

    བོད་ལྕགས་ཕོ་སྟག་ལོའི་བཀྲ་ཤིས་ལོ་གསར་གྱི་སྐྱ་རེངས་དང་པོ་དབྱངས་ཅན་སྒྱུ་འཕྲུལ་དྲ་བས་སྟོང་ལྷང་ལྷང་གིས་བསུས་ཏེ་ཕེབས་པར་སྙིང་ནས་དགའ་ཡོད།

  • #12

    མདའ་ཚན་ཚེ་རིང་། (Wednesday, 17 February 2010 18:42)

    ཨ་རོ། ཁྱེད་དང་སྟག་ལོ་བ་གཉིས་ཀར་བཀྲ་ཤིས་བདེ་ལེགས་ཡོད། གཞན་དག་ཁྱེད་ཀྱི་ཡིག་ཟམ་ནང་བཏང་ཡོད། མདའ་ཚན་པས་བཤད་པ་བཞིན་ངའི་འདིར་ཡང་མི་འཆར་གི དེ་ལ་ཐབས་ཤེས་འདྲ་ཡོད་དམ།

  • #11

    ཚེ་རིང་ (Wednesday, 17 February 2010 06:03)

    བཀུར་བར་འོས་པའི་དགེན་ལྷ་མོ་སྐྱབས་མཆོག་ལ་གནམ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག་གང་ཉིད་ཀྱི་སྲས་ཆུང་རྒྱ་སྟག་ལོ་བའི་སྣོམ་ལག་དབྱར་མཚོ་བཞིན་རྒྱ་པའི་བཀྲ་ཤིས་སྨོན་འདུན་ཞུ།

  • #10

    རྩམ་དགའ (Wednesday, 17 February 2010 04:28)

    བཀུར་འོས་ལྷ་མོ་སྐྱབས་ལགས་ལ་བཀྲིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུའོ།

  • #9

    མདའ་ཚན་པ། (Monday, 15 February 2010 22:21)

    ཨ་རོགས། མ་རྒྱུད་ནོ་ཡོན་ཚང་དང་ཁྱེད་ཀྱི་སྐོར་དེ་བོད་ཡིག་ནང་མི་འཆར་གི དུས་ཚོད་ཡོད་ན་་བཅོ་བར་འཚལ། དེ་མིན་ཉིན་རེའི་རྩོམ་གསར་རིགས་མདུན་ངོས་ལ་འཆར་ཐབས་ཤིག་ཡོད་ན་མི་བཟང་ངམ།

  • #8

    གཙང་ཕྲུག་སྟོབས་ལགས། (Monday, 15 February 2010 14:14)

    གང་གི་རྩོམ་རིག་སློབ་ཁྲིད་ཀྱི་ཞོ་ཤས་འཚོ་བའི་སློབ་མིང་གཙང་ཕྲུག་སྟོགས་ལགས་བདག་གིས།
    སྟག་ལོའི་ནང་སྟག་ཕྲུག་འཁྲུངས་པར་དགའ་བསུའི་འཚམས་འདྲི་དང།
    སྟག་ཕྲུག་སྡེར་བཞི་མ་སྐམ་གོང་གངས་ལྗོངས་ཁ་བའི་ཡུལ་དུ་སྤུ་བཀྲ་རྒྱས་པའི་སྨོན་འདུན་ཞུ།

  • #7

    གཡུ.དུག་སྦྲང (Monday, 15 February 2010 12:50)

    སྐུ་བདེ་
    སྟག་གི་ལོ་ལ་སྟག་ཞིག་འཁྲུངས་བར་།།
    རྟག་བརྟན་ཡོང་བའི་སྨོན་འདུན་ཞུ་།།

  • #6

    བསེ་རུ། (Monday, 15 February 2010 11:23)

    རིག་པའི་དེད་དཔོན་གང་གི་ཞོ་ཤས་འཚོ་བའི་བུ་སློབ་གཅིག་གཉིས་མིན།།
    རིག་པ་སློང་མཁན་གཅིག་ནས་གཉིས་བརྒྱུད་ཁྲི་མ་འབུམ་གྱིས་བསྐོར་ནས་ཡོད།།
    རིག་པའི་ཟས་ལ་དགའ་བའི་བསེ་རུ་ཚེས་གཅིག་རྟེན་འབྲེལ་ལྷུན་གྲུབ་ངང་།།
    རིག་པ་སྦྱིན་པའི་བཤེས་གཉེན་དྲུང་དུ་འདི་ལྟར་འབྱོར་སྐབས་སྤྲོ་བས་མྱོས།།

  • #5

    རེ་མདོ་སེངྒེ་་། (Monday, 15 February 2010 07:39)

    རྩོམ་པ་པོ་ལྷ་མོ་སྐྱབས་ལགས། སྐུ་ཉིད་ཀྱིས་བོད་ཡིག་གི་དྲ་ཚིགས་གསར་པ་ཞིག་ཕྱེ་བར་དགའ་བསུ་ཞུ། ཁྱེད་ཀྱི་རིག་གཞུང་གི་གཅེས་སེམས་ལ་སྙིང་ནས་གུས་འདུད་ཞུ།

  • #4

    ལྷ་ནས (Monday, 15 February 2010 03:48)

    དགེ་རྒན་ལྷ་མོ་སྐྱབས་དང་ངེད་གཉིས་བར་དགེ་སློབ་ཀྱི་འབྲེལ་བ་མེད་ནའང་། ཁོང་ནི་ངའི་སེམས་ནང་ན་འོད་འཚེར་འཚེར་བྱེད་པའི་མུ་ཏིག་རྡོག་པོ་ཁ་ཤས་ཡོད་པའི་ཁྲོད་ཀྱི་གཅིག་ཡིན། དེ་བས་ངས་མི་གཞན་ལ་ཁོང་གི་སྐོར་ཁ་བརྡ་བྱེད་དུས་རྒན་ལྷ་མོ་སྐྱབས་ཞེས་འབོད་ཀྱིན་ཡོད།
    ཁོས་བོད་ཀྱི་རིག་གཞུང་ལ་བཅངས་བའི་བརྩེ་དུང་དང་། ཁ་བའི་ལྗོངས་ལ་ཤ་ཞེན། ཤེས་ལྡན་པ་མི་ཉུང་བ་ཞིག་བསྐྱེད་བསྲིངས་བྱས་པ་སོགས་ཀྱིས་ངས་ཁོང་ལ་ནམ་ཡང་གུས་བརྩི་ཞུ་བཞིན་ཡོད།
    ཁོང་ལ། ངས་གོང་དུ་བརྗོད་པ་འདི་དག་ལས་ལྷག་པའི་་ཡོན་ཏན་དང་ལག་རྗེས་ནི་ལོས་ཡོད། ཡིན་ནའང་། གནས་སྐབས་རིང་བདག་གིས་ཁོང་གི་སྐོར་འདི་ཙམ་ལས་མི་ཤེས་པས། ང་མུ་མཐུད་ཁོང་གི་སྦྲ་ཁྱིམ་དྲོད་མོའི་ནང་ཡོང་ནས་ཁོང་ལ་རྒྱུས་ལོན་བྱེད་ན་འདོད།
    མཐར། བོད་ཡིག་གི་དྲ་དེབ་ཞིག་སྒོ་འབྱེད་བྱས་བ་འདི་དགའ་བའི་ཕུད་དུ་གྱུར་ནས་ཉིད་ལ་ཁྱེད་སྐུ་ཚེ་རིང་ཟེར་འདོད་བྱུང་།
    ཁྱེད་ཀྱི་མིང་དང་ཆ་འདྲ་བའི་ལྷ་མིང་ཅན་ཞིག་ནས།

  • #3

    མདའ་ཚན་པ། (Sunday, 14 February 2010 20:11)

    ལོ་གསར་བའི་ནང་བུ་སྟག་ལོ་བ་ཞིག་འཁྲུངས་པར་བཀྲ་ཤིས་བདེ་ལེགས་ཁྲི་བརྩེགས་འབུལ།

  • #2

    རྡོ་རྗེ་དབང་ཕྱུག (Sunday, 14 February 2010 19:40)

    མི་འགྱུར་ཐུགས་གཤིས་རྡོ་རྗེའི་ལྗོན་པ་མཛའ་བརྩེའི་ཟེའུ་འབྲུའི་ཁུར་གྱིས་དུད།།
    མཁྱེན་དཔྱོད་ལོ་འདབ་རྒྱས་པའི་ཚལ་ན་བློ་གསར་བུང་བའི་འདུ་ལོང་རྒོད།།
    མཛའ་བ་མི་ཤིག་གཡུང་དྲུང་རི་མོ་རེ་རེའི་སེམས་ན་རེ་རེ་སྟེ།།
    ད་ཡང་གློག་རྡུལ་རི་མོའི་ངོས་ནས་རྒན་ཁྱེད་ཞལ་རས་འདི་ལྟར་འཛུམ།།

  • #1

    ཟ་ལེ་རྒྱལ། (Saturday, 13 February 2010 17:39)

    རྒན་ལྷ་མོ་ལགས།
    ཁྱོད་ཀྱི་དྲ་བའི་ཁྱབས་སྒྲགས་ཤིག་དུས་བབ་སྟེང་གི་ངའི་ཟིན་བྲིས་ནང་བཀོད་ཟིན་ལ། ཁ་བརྡ་དྲ་བའི་དྲ་བདག་ལའང་ཁྱབ་སྒྲགས་ཡི་གེ་ཞིག་ངའི་མིང་ཐོག་ནས་བསྐུར་ཟིན།
    དེ་རུ་བཀོད་པའི་ཁྱབ་སྒྲགས་ཀྱི་མ་ཡིག་འདི་ཡིན།

    རྒན་ལྷ་མོ་སྐྱབས་ལ་བུ་སྟག་ལོ་བ་ཞིག་འཁྲུངས་སོང་།

    དབྱངས་ཅན་སྒྱུ་འཕྲུལ་དྲ་བ།

    ངའི་རྒན་ལྷ་མོ་ལགས་ནི་སྨྲ་བ་ཉུང་ལ་བསྒྲུབས་པ་མང་བའི་ངེས་དོན་གྱི་རིག་གཞུང་གཅེས་སྐྱོང་བ་ཞིག་ཡིན། ཁོས་བོད་བཙན་བྱོལ་བའི་སྤྱི་ཚོགས་ནང་མི་རིགས་ཀྱི་རིག་གཞུང་ལ་མི་གཅིག་གི་ནུས་བ་ལས་བརྒལ་བའི་ཞབས་ཞུ་བྱས་ཡོད་ལ། དེ་རིང་ཡང་ཁོང་གིས་དབྱངས་ཅན་སྒྱུ་འཕྲུལ་དྲ་བ་ཞེས་བའི་དྲ་ཚིགས་ཤིག་ང་ཚོར་སྟག་ལོ་གསར་ཚེས་ལ་སྐྱེས་སུ་བཏེགས་ཡོད།

    www.chapdaklhamokyab.fr ཁོང་གིས་ང་ཚོར་ལོ་གསར་བའི་མགྲོན་འབོད་དུ་ (ཕེབས་ཤོག མཛེས་སྡུག་གི་རྨི་ལམ་སྙེག་མཁན་དང། དབྱངས་གསལ་གྱི་བདག་པོ་རྣམ་པ། ངའི་སྐུ་མགྲོན་ལ་ཉེ་རིང་མེད་ལ། ངའི་བསུ་བ་ལ་སྔ་གཞུག་མེད། ངའི་སྟག་ལོ་བས་ཁྱེད་ཅག་ལ་ལོ་གསར་གྱི་བསུ་སྟོན་བྱེད།)ཟེར། དེ་བས་ཁྱེད་ཚོ་ཚང་མ་ངའི་རྒན་ལྷ་མོ་ལགས་ཀྱི་མགྲོན་དུ་ཕེབས་ཤོག།

    འདི་རུ་ངའི་དགེ་རྒན་ལྷ་མོ་ཞེས་ང་རང་བཙན་གྱིས་སྦྱོར་དོན་ནི་ང་རང་གི་ངོམ་སོ་དང་སྤོབས་པ་ཡིན།

    ཟ་ལེ་རྒྱལ་གྱིས་ཕ་རེ་སི་ནས་ཕུལ།

Comments: 4
  • #4

    admin (Sunday, 21 April 2024 09:52)

    1

  • #3

    admin (Sunday, 21 April 2024 09:50)

    1

  • #2

    admin (Sunday, 21 April 2024 09:39)

    1

  • #1

    admin (Sunday, 21 April 2024 05:03)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php