ཏཱ་ལའི་བླ་མ་མཆོག་དང་དོལ་རྒྱལ་ཚོགས་པ།

 

རོ་བེར་ཊ་ཐུར་མཱནགྱིས་བརྩམས འཇམ་དབྱངས་གྲགས་པས་བསྒྱུར།

རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་འཐིལ་ཕྱིན་བྱས་པའི་གྲུབ་དོན་ལྟར་ན་ ༡༩༩༧ ལོར་རྒྱ་ནག་ནས་གྲྭ་བར་བརྫུས་ཏེ་དྷ་སར་འཛུལ་ཡོང་ནས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཟབ་པའི་བླ་མ་གྲགས་ཆེན་དགེ་སློང་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དམར་གསོད་བཏང་བ་ནས་བཟུང་དོལ་རྒྱལ་གསོལ་སྟོན་པ་ཚོས་དྲག་འཛིང་བྱེད་མགོ་བཙུགས་ཡོད་འདུག དཔང་རྟགས་ཁུངས་བཙན་ཡོད་པའི་ཉེས་ཅན་པ་རྣམས་བོད་བརྒྱུད་དེ་རྒྱ་ནག་ཏུ་བྲོས་སོང་བས་ན་ཁོ་ཚོ་འཛིནཐུབ་མེད། ཡིན་ཡང་དོལ་རྒྱལ་ཚོགས་པས་རྒྱ་མི་མ་ཡིན་པའི་གྲངས་ཉུང་མི་རིགས་ཁག་དང་འབྲེལ་བ་བྱེད་ཀྱིན་ཡོད་པར་གྲགས་པའི་རྒྱ་ནག་མི་མང་འཐབ་ཕྱོགས་གཅིག་གྱུར་ཁང་ནས་དངུལ་ཕོགས་བླངས་ཏེ་ཁོ་ཚོའི་བཀའ་ལྟར་མུ་མཐུད་ལས་འགུལ་སྤེལ་ཡོད་པ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་མི་རྣམས་རང་གི་གཅེས་ཤིང་བཀུར་བའི་བླ་མ་དང་སེམས་ཐག་ཇེ་རིང་དུ་གཏང་ཕྱིར་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་གྷན་དྷིའི་རྗེས་འཇུག་པར་ཀུན་གྱིས་ཁས་ལེན་པའི་བླ་མ་ཁོང་ལ་འཛམ་གླིང་མི་མང་གི་ལྟ་སྟངས་བསྒྱུར་ཕྱིར་མུ་མཐུད་དོལ་རྒྱལ་ཚོགས་པ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་མཐར་ཐུག་ནི་ཏཱ་ལའི་བླ་མ་མཆོག་གིས་ལོ་ངོ་ལྔ་བཅུའི་རིང་སྐུ་ལས་བསྐྱོན་པའི་དྲང་བདེན་གྱི་ལས་འགུལ་དེ་སིལ་བུར་གཏོར་ཏེ་བོད་མི་ས་ཡ་དྲུག་པོ་ཁོ་ཚོས་ཤོག་བུའི་ཐོག་ཏུ་སྤྲད་པའི་བོད་རང་སྐྱོང་ལྗོངས་སུ་སྡོད་འཇུག་རྒྱུ་དེ་རེད

དོལ་ཚོགས་དང་རྒྱ་གཞུང་གཉིས་ཀྱིས་བཤད་ཀྱིན་པའི་ཉོག་གཏམ་དེ་དག་ཤིན་ཏུ་སུན་འབྱིན་རྒྱུ་སླ་བས་རྒོལ་འཛིང་གི་ལས་འགུལ་དེ་ནི་དོན་སྙིང་གིས་སྟོང་བ་ཞིག་རེད།

༡) ཏཱ་ལའི་བླ་མ་མཆོག་གིས་ཁོ་ཚོས་བདམས་པའི་སྲུང་མ་དེ་འགོག་སྡོམ་གནང་མེད། ཁོང་ལ་ནང་ཆོས་ཀྱི་བརྒྱུད་པ་གང་ཞིག་འགོག་སྡོམ་བྱེད་པའི་སྐུ་དབང་ཡང་མེད། འགོག་སྡོམ་བྱེད་པ་ནི་བོད་ཀྱི་ནང་ཆོས་ཀྱི་ཁ་ཕྱོགས་མ་རེད།ནང་པ་ཚོས་བྱེད་དགོས་པ་ནི་སངས་རྒྱས་ཀྱི་ས་ཐོབ་པར་བརྩོན་རྒྱུ་དེ་ཡིན་མོད། ཡིན་ཡང་དོལ་ཚོགས་ཀྱིས་ལྷ་སྲུང་རྡོ་རྗེ་ཤུགས་ལྡན་འབོད་པ་དེ་ལ་རྨོངས་དད་ཅི་ཙམ་བྱས་ཀྱང་ཆོག ཏཱ་ལའི་བླ་མ་མཆོག་སྐུ་ན་གཞོན་དུས་སུ་དོལ་རྒྱལ་སྲུང་མ་ཕལ་པ་ཞིག་གི་ཚུལ་དུ་བསྟེན་མྱོང་ཡང་། དེའི་ལོ་རྒྱུས་ལ་བརྩད་གཅོད་བྱས་ཏེ་སྲུང་མ་མིན་པར་དོལ་གྱི་ཕྱོགས་ཀྱི་རྒྱལ་པོའམ་བཙན་ཞིག་ཡིན་པ་ཤེས་པ་དང་ཁོང་གིས་བསྟེན་མཚམས་བཞག་ཡོད།

ཁོང་གིས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་དེ་ལྟར་ཐག་གཅོད་བྱུང་རྗེས། ཁོང་གི་ཆོས་བརྒྱུད་ཀྱི་བླ་མ་རྣམས་ལའང་དོལ་རྒྱལ་གྱིས་བོད་ཀྱི་ཆོས་བརྒྱུད་གཞན་ལ་སྡང་པོ་བྱེད་ཀྱིན་འདུག་པས་དེ་དང་འབྲེལ་བ་རྩ་བ་ནས་གཅོད་པའམ་ཡང་ན་རང་ཉིད་ཙམ་གྱིས་བསྟེན་པ་ལས་ཁྱབ་སྤེལ་བྱེད་མི་རུང་བའི་བསླབ་བྱ་གནང་ཡོད།

ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ལ་བླ་མ་བྱེ་བྲག་པ་འགས་དོལ་རྒྱལ་ཁྱབ་སྤེལ་བྱེད་མགོ་བརྩམས་ཏེ། དབྱིན་ཡུལ་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་ཆོས་ལ་གསར་དུ་ཞུགས་པའི་ནུབ་ཕྱོགས་པ་དེ་འདྲའང་དོལ་ཚོགས་ཀྱི་ཚོགས་མིར་བདམས་ཡོང་སྐབས་ཁོང་གིས་མི་དེ་འདྲ་བ་དག་ལ་ཁོ་ཚོས་ཁོང་གི་ཁ་ལ་ཉན་མེད་པས་ཁོང་ཁོ་ཚོའི་བླ་མར་མི་རུང་ཚུལ་གསུངས་ཤིང་། ཁོང་གི་རྩ་ནས་དབང་ལུང་མན་ངག་ཀྱང་མ་ཞུས་ན་ལེགས་ཚུལ་གསུངས་ཡོད། དེའིརྗེས་མི་དེ་རིགས་ཀྱིས་མུ་མཐུད་ཁོ་ཚོ་འགོག་སྡོམབྱས་སོང་ཚུལ་དང་ཕྱིར་འཕུབྱས་སོང་ཚུལ་བཤད་དེ་རྒོལ་འཛིང་བྱས་ཡོད། དོན་དངོས་སུ་ཁོ་ཚོས་བཤད་པ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་མཆོག་གིས་རང་གི་ཁ་ལ་མི་ཉན་པའི་མི་རྣམས་སློབ་མར་ཞལ་བཞེས་མི་གནང་བ་དེ་ནི་ཁོང་གི་ཆོས་དད་རང་མོས་ཕྱག་ལེན་གནང་བ་རེད།

༢)དོལ་རྒྱལ་གསོལ་བསྟེན་བྱེད་སྲོལ་དེ་ནི་སྲུང་མ་ཆུང་ཁག་ཅིག་གམ་དྲེག་པ་ཞིག་གསོལ་བསྟེན་བྱེད་སྲོལ་ལས་འདའ་མེད་སྟབས། དེ་གསོལ་བསྟེན་པ་མི་ས་ཡ་བཞི་ཡོད་ཅེས་པ་མི་བདེན་པར་མ་ཟད། ས་ཡ་ལབ་པ་ཙམ་གྱིས་མི་བདེན་པར་གྱུར་ཡོད།

༣)དོལ་རྒྱལ་གསོལ་བསྟེན་པ་རྣམས་ནི་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་དུ་ཡོད་པ་ཞིག་མ་ཡིན་པར། དགེ་ལུགས་པའི་ནང་གི་རང་གི་ཆོས་བརྒྱུད་ཁོ་ན་དག་པར་བརྩི་བའི་མི་ཉུང་ཤས་ཤིག་རེད།

༤)ཏཱ་ལའི་བླ་མ་མཆོག་གིས་སུ་ལའང་སུ་ཞིག་རྡུང་རྡེག་བྱེད་དགོས་ཚུལ་གསུངས་མེད་ཅིང་། བོད་མི་རྣམས་ཀྱིས་ཀྱང་ཏཱ་ལའི་བླ་མ་མཆོག་ལ་འཛིང་མོ་མི་བྱེད་པར་རང་གི་དོན་ལ་གཞོལ་གྱིན་པ་དག་ལ་ཅི་ཡང་བྱས་མེད། ཡིན་ཡང་ཏཱ་ལའི་བླ་མ་མཆོག་ལ་སྒེར་གཅོད་པ་” “བླ་མ་རྫུན་མ་” “གདོན་འདྲེ་” “རྫུན་ཤོད་མཁན་སོགས་ཀྱི་མིང་གིས་བོས་ཏེ་འཛིང་མོ་བྱེད་མཁན་དག་གིས་ཁོང་ལ་དད་གུས་ཟབ་པའི་བོད་མི་རྣམས་རང་བཞིན་གྱིས་ཁོང་ཁྲོ་བསླངས་ཡོད།

༥) རྒྱ་མི་མ་ཡིན་པའི་གྲངས་ཉུང་མི་རིགས་ཁག་དང་འབྲེལ་མཐུད་བྱེད་ཀྱིན་ཡོད་པར་གྲགས་པའི་རྒྱ་ནག་མི་མང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཚོགས་པ་དེ་ཆེ་ས་ནས་འཛམ་གླིང་མི་མང་དང་ཏཱ་ལའི་བླ་མ་མཆོག་གི་བར་དང་། ཆུང་ས་ནས་བོད་མི་མང་དང་ཏཱ་ལའི་བླ་མ་མཆོག་གི་བར་དུ་འགལ་ཟླ་སློང་བྱེད་དུ་མཐོང་མེད་ཚེ་རྙོག་ཟིང་དེ་སྔོན་མ་ནས་ཞི་འཇགས་སུ་སོང་ཡོད་ངེས།

དེ་བས་ཁོ་ཚོས་ནུབ་ཕྱོགས་དང་། ཧོར་སོག རྒྱ་གར། བོད་བཅས་སུ་ཡོད་པའི་དོལ་ཚོགས་ཀྱི་མགོ་ཁྲིད་རྣམས་ལ་ཕོགས་སྤྲད་ཅིང་། ལས་འགུལ་དེ་རྒྱུན་མཐུད་པར་མཐུན་རྐྱེན་བསྐྲུན་པ་རེད། འདིའི་དཔང་རྟགས་ནི་ཤིན་ཏུ་གསལ་བོ་རེད། དཔེར་ན། སྲོལ་རྒྱུན་གྱི་ལུགས་ཀྱིས་བདམས་ཏེ་ཏཱ་ལའི་བླ་མ་མཆོག་གིས་ཞལ་བཞེས་གནང་ཟིན་པའི་པཎ་ཆེན་རིན་པོ་ཆེའི་ཆུང་སྲིད་དགུང་ལོ་ལྔ་ལ་སོན་པ་དེ་བཙན་ཁྲིད་བྱས་ཏེ་སོང་ཆ་མེད་གྱུར་རྗེས་དམར་ཤོག་ཚོགས་པས་བདམས་པའི་པཎ་ཆེན་ཡང་སྲིད་ཟེར་བ་དེ་དོལ་རྒྱལ་གྱི་གཟུགས་བརྙན་ཆེན་པོ་ཞིག་གི་མདུན་དུ་ལངས་བསྡད་པའི་པར་དྲ་རྒྱའི་བརྒྱུད་ལམ་གང་སར་བཀྲམས་འདུག དེ་ནི་ཏཱ་ལའི་བླ་མ་མཆོག་ལ་ཁ་གཏད་དྲག་པོ་ཞིག་ཡིན་པའི་ཁུལ་རེད།དོལ་ཚོགས་དང་རྒྱ་གཞུང་གཉིས་ཀྱི་དམིགས་ཡུལ་མཐར་ཐུག་ནི་འཛམ་གླིང་མི་མང་ལ་ཏཱ་ལའི་བླ་མ་མཆོག་ང་ཚོས་མཐོང་བ་བཞིན་གྱི་མི་ཡག་པོ་ཞིག་མིན་པར་མི་ཤིན་ཏུ་སྡུག་པོ་ཞིག་གམ། བདུད་ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱ་རྒྱུ་དེ་རེད།

དྲེག་པ་དང་བཙན་གྱི་སྐོར་ལ་ཇི་ལྟར་བསམ་ཡང་རུང་། དོལ་རྒྱལ་གསོལ་བསྟེན་པ་ཚོས་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་བོད་ནང་དང་བཙན་བྱོལ་བཅས་སུ་རང་ཁོངས་ཀྱི་ཚོགས་མི་ནང་ཕན་ཚུན་དང་། བོད་མི་ནང་ཚུན་དུ་རྙོག་ཟིང་བསླངས་པ་ལས་གཞན་ཅི་ཡང་བྱས་མེད་པ་གསལ་བོ་རེད། དོན་རྐྱེན་འདིས་བོད་ཀྱི་གཏེར་ཁ་དང་ས་ཆའི་བདག་དབང་བརྟན་པོར་འཛིན་འདོད་དེ་བོད་མི་རྣམས་རྩ་བ་མེད་པའི་འབངས་མི་གཉིས་པ་ཞིག་ཆགས་ཕྱིར་གྲངས་ཉུང་མི་རིགས་སུ་འབོད་པའི་བོད་མི་རིགས་ཀྱི་ངོ་བོ་དང་ཚེ་སྲོག་གཉིས་ཀ་མེད་པ་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་ནས་ནང་ཆོས་ཀྱི་རིག་གཞུང་རྣམས་རྩ་གཏོར་གཏོང་འདོད་ཡོད་པའི་རྒྱ་གཞུང་ལས་གཞན་སུ་ལའང་ཕན་ཐོགས་བྱུང་མེད། ཡིན་ཡང་ང་ཚོས་འཛམ་གླིང་གང་སར་མཐོང་བ་ལྟར་(ང་ཚོར་ད་དུང་ཡང་ཨ་རི་བ་ཐོག་དང་པོའི་ལོ་རྒྱུས་མཐོང་དུ་ཡོད་པ་ལྟ་བུ)རྒྱལ་རབས་ལ་ནམ་ཡང་མཚམས་ཆད་རྒྱུ་མེད་ལ། མི་རྣམས་ཀྱིས་རང་གི་ངོ་བོ་ནམ་ཡང་བློས་གཏོང་གི་མ་རེད། ད་དུང་དྲང་པོ་དང་བདེན་པ་ནི་མི་རིགས་རྩ་མེད་བཟོ་བའི་མེ་དཔུང་གི་ཐལ་བ་ལས་འགོག་མི་ཐུབ་པར་ཡར་ལངས་ཡོང་གི་རེད

དོལ་རྒྱལ་གསོལ་བསྟེན་སྐོར་ལ་ཞིབ་འཇུག་འཐིལ་ཕྱིན་བྱས་ཏེ་བྲིས་པའི་དཔེ་དེབ་ཀློག་འདོད་ཚེ་གསར་འགོད་པ་གྲགས་ཆེན་R. བྷུལ་ཊི་རི་ནིས་བརྩམས་པའི་དཔེ་དེབ་ཏཱ་ལའི་བླ་མ་མཆོག་དང་བཙན་གྱི་རྒྱལ་པོ་ཞེས་པ་ཨ་རི་བོད་ཁང་གིས་དཔར་བསྐྲུན་བྱས་པ་དེ་ཕབ་ལེན་བྱོས།

* རོ་བེར་ཊ་ཐུར་མཱན་ལགས་ནི་ཨ་རིའི་ཀོམ་བྷེ་ཌི་ཡ་གཙུག་ལག་<སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཞིག་ཡིན། ཁོང་གིས་བོད་ཀྱི་ནང་ཆོས་ཀྱི་སྐོར་ལ་དེབ་འགའ་བྲིས་གནང་ཡོད་པར་མ་ཟད། ཨ་རི་བོད་ཁང་གསར་འཛུགས་གནང་མཁན་དང་ཚོགས་པ་དེའི་ཚོགས་གཙོ་བཅས་ཡིན་འདུག ཁོང་གིས་རྒྱུན་དུ་རྒྱ་ནག་གིས་བོད་བདག་བཟུང་བྱས་པར་ངོ་རྒོལ་གནང་གི་ཡོད།

 

ནོར་བེལ་ཞི་བདེའི་གཟེངས་རྟགས། སློབ་དཔོན་ཁིན་གྱི་གསུང་བཤད།

འབྲི་མཁན། དཔལ་ལྡན་རྒྱལ། on July 24th, 2009

འདི་ནི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་ (Martin Luther King, JR)  གྱིས་༡༩༦༤ལོའི་ཟླ ༡༢ ཚེས ༡༠ ཉིན་ནོར་ཝེལ་རྒྱལ་ས་ཨོ་སི་ལོ་ (Oslo)རུ་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ཆ་ཚང་ཡིན།   སྐབས་ཞིག་གསར་འགོད་པས་ཁོང་ལ་གཟེངས་རྟགས་ཐོབ་པར་རང་ཉིད་ལ་དོན་སྙིང་ཅི་ཞིག་ཡོད་དམ།  ཞེས་དྲི་བར་སློབ་དཔོན་མཆོག་གིས་ལན་འདེབས་ཞུས་དོན།       ནོར་བེལ་ཞི་བདེའི་གཟེངས་རྟགས་གིས་ཤ་མདངས་ནག་པོ་ཡིན་པའི་མི་རྣམས་ཀྱི་བསླབ་ཁྲིམས་ལ་དགེ་ཕྱོགས་ཀྱི་ངོས་འཛིན་བྱས་ཡོད་པ་རེད།  ང་ཚོའི་ངོ་རྒོལ་གྱི་ཁྲོམ་བསྐོར་ཁྲོད་ཁྲག་དམར་ཟགས་ཡོད་ནའང་འཚེ་མེད་ཞི་བའི་བསླབ་ཁྲིམས་མེད་ཚེ།  སྐྱི་ཡ་བའི་གནས་སྟངས་ཞིག་ཆགས་ངེས་རེད༌།   ཞེས་གསུངས་ཡོད་པ་རེད།      མཆན།
སྤྱི་འབངས་ཀྱི་ཐོབ་ཐང་བརྩོན་ལེན་པ་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱིས་༡༩༦༤ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐབས།

སྤྱི་འབངས་ཀྱི་ཐོབ་ཐང་བརྩོན་ལེན་པ་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱིས་༡༩༦༤ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐབས།

བཀུར་འོས་པའི་རྒྱལ་བོ་དང༌།    སྲིད་འཛིན།   སྐུ་འགྲོན་ཕོ་མོ་ལྷན་རྒྱས་རྣམ་པར།
ཨ་རིའི་ནང་ཤ་མདངས་ནག་པོ་ཡིན་པའི་མི་གྲངས་ས་ཡ་ཉེར་གཉིས་ཀྱིས་གསར་གཏོད་རང་བཞིན་གྱི་འཐབ་རྩོད་བྱས་ཏེ།    དྲང་བདེན་མ་ཡིན་པའི་མི་རིགས་དབྱེ་འབྱེད་བྱེད་པའི་ཡུན་རིང་གི་མཚན་མོ་མཇུག་སྒྲིལ་རྒྱུར་འཐབ་རྩོད་བྱེད་བཞིན་པའི་་སྐབས་འདིར་ངས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ལེན་བྱེད་ཀི་ཡོད།   ངས་སྤྱི་འབངས་ཀྱི་ཐོབ་ཐང་བརྩོན་ལེན་ལས་འགུལ་གྱི་ཚབ་བྱས་ནས་གཟེངས་རྟགས་འདི་དང་ལེན་བྱེད་ཀྱི་ཡོད་ལ།   ལས་འགུལ་འདི་ནི་བློ་ཐག་ཆོད་པོ་དང༌།   ཉེན་ཁར་འཛེམས་ཟོན་མེད་པར་རང་དབང་དང་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།
ཁ་སང་ཨ་ལ་པ་མ Alabama  མངའ་སྡེའི་བིར་མན་ཧམ་ Birmingham གྲོང་ཁྱེར་ནང་ང་ཚོའི་བུ་ཕྲུག་རྣམས་ཀྱིས་སྤུན་ཟླའི་འདུ་ཤེས་ཆེད་སྐད་འབོད་བྱེད་སྐབས།  ཉེན་རྟོགས་མི་སྣས་ཁོང་ཚོའི་སྟེང་ལ་སྦུབས་གུ་ལས་ཆུ་གཏོར་བ་དང༌།   ངར་སྐད་སྒྲོག་བཞིན་པའི་ཁྱི་བཏང་ནས་ལན་འདེབས་བྱས་ཡོད་པ་མ་ཟད།    ཐ་ན་སྲོག་སྐྱོན་བྱུང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད༌།  ཁ་སང་ཧྥེ་ལེ་རྡ་ཧྥེ་ཡ་དང༌།Philadelphia  མི་སི་སི་པི་  Mississippi ནང་དུ་གཞོན་སྐྱེས་རྣམས་ཀྱིས་འོས་འདེམས་ཀྱི་ཐོབ་ཐང་སྲ་བརྟན་གཏོང་ཆེད་ངོ་རྒོལ་བྱེད་སྐབས་མནར་གཅོད་ཚད་མེད་དང༌།   དམར་གསོད་བཏང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད།   ངའི་མི་མང་རྣམས་དངུལ་ཕོངས་དང་ནུས་མེད་བཟོས་ནས་ཕྱེ་མར་འཐག་ཡོད་པའི་སྡུལ་བསྔལ་དང༌།   དཔལ་འབྱོར་གྱི་སྐས་ཐེམ་དམའ་ཤོས་དེར་བཏགས་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་ཡོད།   དེར་བརྟེན།  ངས་ངེས་པར་དུ་དྲི་བ་འདྲི་དགོས་པ་ཞིག་ལ༌།  རེ་མེད་ཡིད་ཐང་ཆད་ལ་ཉེ་བ་དང༌།   རྡོ་ལྟར་མཁྲེགས་པའི་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་སྙིང་བོ་ཞི་བདེ་དང་སྤུན་ཟླའི་འདུ་ཤེས་དེ་ཐོབ་མེད་ནའང།   ག་རེ་དོན་དུ་ང་ཚོར་གཟེངས་རྟགས་འདི་ཕུལ་བ་ཡིན་ནམ།
ངས་བསམ་བློ་རྣལ་ལ་ཞིག་བཏང་རྗེས།    གཟེངས་རྟགས་འདི་ནི།   ང་ཚོའི་དུས་སྐབས་འདིར་གཉའ་གནོན་དང༌།   དྲག་སྤྱོད་བེད་སྤྱོད་མ་བཏང་པར་གཉའ་གནོན་དང་དྲག་སྤྱོད་ལས་བརྒལ་བར་བྱེད་རྒྱུ་དང༌།  ཆབ་སྲིད་དང་ཀུན་སྤྱོད་ཀྱི་འགག་རྩའི་དྲི་བ་ལ།   འཚེ་མེད་ཞི་བའི་ལན་འདེབས་བྱེད་དགོས་པའི་གོ་དོན་ཟབ་མོ་རྟོགས་པའི་ལས་འགུལ་གྱི་ཚབ་བྱས་ནས་ང་ལ་གཟེངས་རྟགས་འདི་ཐོབ་པ་རེད།  དཔལ་ཡོན་དང་དྲག་སྤྱོད་ནི་ལྡོག་ཟླའི་བསམ་བློ་ཞིག་ཡིན།  ཨ་རིའི་ནང་གི་ཤ་མདངས་ནག་པོའི་མི་རྣམས་རྒྱ་གར་མི་མང་གི་རྗེས་སུ་འབྲངས་ནས།  འཚེ་མེད་ཞི་བ་ནི་ནུས་མཐུ་མེད་པ་ཞིག་མ་ཡིན་པར་བཟང་སྤྱོད་ཀྱི་སྟོབས་ཤུགས་ལྡན་པས་སྤྱི་ཚོགས་འཕོ་འགྱུར་གཏོང་ཐུབ་པ་ཞིག་ཡིན་པ་གསལ་སྟོན་བྱེད་དགོས།  སྔ་རྗེས་ཙམ་མ་གཏོགས་འཛམ་གླིང་འདིའི་སྒང་གི་མི་ཚང་མས་ཞི་བདེའི་ངང་མཉམ་དུ་འཚོ་གནས་བྱེད་ཐུབ་པའི་གནས་ལུགས་ངེས་རྙེད་བྱུང་ནས་འབྱུང་འགྱུར་མྱ་ངན་གྱི་སྐྱོ་གླུ་ལེན་བཞིན་པ་ལས་བརྒལ་ཏེ།   ཕན་ཚུན་སྤུན་ཟླའི་འདུ་ཤེས་འཛིན་པའི་སྤྱི་ཚོགས་ཞིག་གསར་སྐྲུན་བྱེད་ཐུབ་ངེས་རེད། དོན་དག་འདི་ལེགས་སྒྲུབ་བྱེད་དགོས་ཚེ།  སྐྱེས་བོ་ཡོངས་ཀྱིས་འགྲོ་བ་མིའི་དཀའ་སྡུག་སེལ་ཐབས་སུ༌།  དགྲ་ཤ་ལེན་པ་དང༌།  བཙན་འཛུལ་བྱེད་པའི་ཐབས་ལམ་ལ་ངོ་རྒོལ་བྱེད་དགོས།   བརྩེ་བ་ནི་དོན་དག་ལེགས་སྒྲུབ་བྱེད་པའི་ཐབས་ལམ་གྱི་རྨང་གཞི་ཡིན།  ནོར་སྦེལ་ཞི་བདེའི་གཟེངས་རྟགས་འདིས་ང་རང་གཅིག་པོ་གཟི་བརྗིད་སྤྲད་པ་མ་ཡིན་པར།  འདིའི་ནང་དུ་གཟི་བརྗིད་གང་མང་ཞིག་འདུས་ཡོད་པ་ངས་སྙིང་ཁོངས་རུས་པའི་སྟེང་ནས་གསལ་བོར་ཤེས་རྟོགས་བྱུང་ཡོད།    
ང་རང་གནམ་གྲུའི་ནང་འགྲུལ་བཞུད་བྱེད་ཐེངས་རེར།   གནམ་གྲུའི་ཁ་ལོ་བ་དང་ས་ཐོག་ཏུ་ལས་ཀ་བྱེད་མཁན་ཚང་མས་འགྲུལ་བཞུད་འདི་ལེགས་སྒྲུབ་ཡོང་བར་འབད་བརྩོན་གནང་ཡོད་པ་ངའི་སེམས་སུ་ལྷང་ངེར་དྲན་གྱི་ཡོད།  གཟེངས་རྟགས་འདིས་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མཁའ་དབྱིངས་སུ་འཕུར་དུས་རང་ཉིད་བློས་བཏང་ངང་སྟངས་འཛིན་བྱེད་སའི་རྐུབ་སྟེགས་སྟེང་བསྡད་ཡོད་པའི་ཁ་ལོ་བ་རྣམས་ལ་གཟི་བརྗིད་སྤྲད་ཡོད་ལ༌།     ལྷོ་ཨ་ཧྥེ་རི་ཀའི་ནང་གི་དབུ་ཁྲིད་ཨ་སྦར་ཐེ། ལུ་ཐུལ་ནེས  Albert Luthuli    ཡིས་རང་ཉིད་ཀྱི་མི་མང་གི་འཐབ་རྩོད་དེ།   ད་དུང་ཡང་ཆེས་སྡུག་རྩུབ་ཆེ་བའི་མི་ཆོས་རིང་ལུགས་ལས་བརྒལ་བའི་གནས་་སྟངས་ལ་གདོང་ལེན་བྱེད་བཞིན་ཡོད་པར་བསྐྱར་དུ་གཟི་བརྗིད་སྤྲད་ཡོད་པ་རེད།  གཟེངས་རྟགས་འདིས་ས་སྟེང་དུ་ལས་ཀ་བྱེད་མཁན་རྣམས་ལ་གཟི་བརྗིད་སྤྲད་ཡོད་ལ།   ཁོང་ཚོས་རང་ཉིད་ཀྱི་མཁེ་ཕན་བློས་བཏང་གིས་ངལ་རྩོལ་བྱས་མེད་ན།   རང་དབང་ངང་མཁའ་ལ་བསྐྱོད་པའི་གནམ་གྲུ་འདི་ས་ཐོག་ནས་ཡར་འཕུར་ག་ལ་ཐུབ།    མི་དེ་དག་
གི་མིང་གསར་ཤོག་གི་འགོ་བརྗོད་དང༌།   མི་སྣ་གལ་ཆེན་གྱི་ཐོ་གཞུང་ནང་སླེབས་མི་ཐུབ་ནའང་དཀའ་སྡུག་གི་ལོ་ཟླ་མང་བོ་བརྒྱུད་ནས་དྲང་བདེན་གྱི་འོད་སྟོང་མཉམ་དུ་འདུས་པའི་དུས་སྐབས་འདིར།   སྐྱེས་པོ་རྣམས་ཀྱིས་དྲང་བདེན་གྱི་ཆེད་དུ་སྡུག་བསྔལ་མྱོང་འདོད་ཡོད་པ་འདིས།    མ་འོངས་པར་སྐྱེས་ཕོ་མོ་ཚང་མ་བསྡད་སའི་ས་གཞི་ལེགས་ཤིང༌།   མི་གཤིས་ཡག་པོ།  སྔར་ལས་དཔལ་ཡོན་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ནས་བུ་ཕྲུག་རྣམས་ལ་གོ་དོན་འདི་བརྒྱུད་སྤྲོད་བྱེད་ངེས་ཡིན།
གཟེངས་རྟགས་འདིའི་བདག་པོ་ངོ་མ་རྣམས་སྟེ།  ཡིད་ཆེས་ནི་མཛེས་ཉམས་ལྡན་པ་དང༌།  མཛེས་ཉམས་ནི་ཡིད་ཆེས་ལྡན་པ་ཞིག་ཡིན་པར་མཐོང་བའི་སྐྱེས་བོ་རྣམས་ཏེ།  ཁོང་ཚོས་མིག་ནང་དུ་མཛེས་ཉམས་ནི་ཕན་ཚུན་སྤུན་ཟླར་འཛིན་པའི་འདུ་ཤེས་དང་ཞི་བདེ་ཡིན་ལ༌།  དེ་ནི་རྡོ་རྗེ་ཕ་ལམ་དང༌།  གསེར་དངུལ་ལས་ཀྱང་རྩ་ཆེན་པོ་ཡིན་པར་བརྩི་བའི་མི་རྣམས་ཀྱི་ཚབ་བྱས་ནས།   ངས་ཤུལ་རྫས་རྩ་ཆེན་འདིའི་གཉེར་བའི་ཚུལ་དང་ལེན་བྱེད་ཀྱི་ཡོད།    ངས་འདི་ལྟར་བཤད་ཚེ་ཨ་ཧྥུ་རེ་རྡུ་  ནོར་སྦེལ་   Alfred Noble ཡིས་གོ་དོན་ཆ་ཚང་མཁྱེན་ཐུབ་ངེས་རེད་སྙམ།ཀྱག་ཀྱོག་གི་ལམ་ཕྲན་ཞིག་གིས་ཨ་ལ་པ་མའི་Alabama  མངའ་སྡེའི་མོན་སྒོ་མེ་རས   Montgomery གྲོང་ཁྱེར་ནས་སྣེ་ཁྲིད་དེ་ཨོ་སི་ལོ་ Oslo ལ་སླེབས་ནས་དྲང་བདེན་ལ་བདེན་དཔང་བྱེད་ཀྱི་ཡོད་པ་རེད།    ལམ་འདིའི་སྟེང་ཤ་མདངས་ནག་པོ་ཡིན་པའི་མི་ས་ཡ་མང་པོ་འགྲུལ་བཞུད་བྱས་ནས་རང་ཉིད་ཀྱི་ཁྱད་འཕགས་རང་བཞིན་རྙེད་ཐུབ་ངེས་ཡིན་ལ༌།   ལམ་འདིས་ཨ་རི་བ་ཚང་མའི་རེ་བ་དང༌།   ཡར་རྒྱས་ཀྱི་སྒོ་མོ་ཕྱེས་ནས་སྤྱི་འབངས་ཀྱི་ཐོབ་ཐོབ་ཀྱི་ཁྲིམས་གཞི་གསར་བ་ཞིག་སྟེ།    རྒྱ་ཆེ་ཞིང་གཏིང་ཟབ་པའི་དྲང་བདེན་གྱི་ལམ་ཆེན་ནང་སྣེ་ཁྲིད་ངེས་ཡིན་ལ།   ཤ་མདངས་ནག་པོ་ཡིན་པའི་མི་དང་ཤ་མདངས་དཀར་པོ་ཡིན་པའི་མི་རྣམས་མནའ་མཐུན་གྱི་གྲངས་ཚད་ཇེ་མང་དུ་སོང་ནས།  ཐུན་མོང་གི་དཀའ་ངལ་ལ་གདོང་ལེན་བྱེད་པར་ཡིད་ཆེས་ངེས་རྙེད་བྱུང༌།
ངས་ཨ་རི་ལ་ཉམས་མེད་ཡིད་ཆེས་དང༌།    མ་འོངས་པའི་འགྲོ་བ་མིའི་མདུན་ལམ་ལ་བློ་སྟོབས་ཆེན་པོའི་ཡིད་ཆེས་དང་མཉམ་དུ་དེ་རིང་ག

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་བང་སོའི་མདུན། གོང་ས་རྒྱལ་བ་རིན་པོ་ཆེ་དང༌། སློབ་དཔོན་ཁིན་གྱི་སྐུ་ཟླ་ཁོ་རེ་ཐ་ཁིན་ (Coretta King)་ཁོང་གཉིས་ཀྱི་བུ་མར་ཏིན་ལུ་ཐར་ཁིན་གསུམ་པ།

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་བང་སོའི་མདུན། གོང་ས་རྒྱལ་བ་རིན་པོ་ཆེ་དང༌། སློབ་དཔོན་ཁིན་གྱི་སྐུ་ཟླ་ཁོ་རེ་ཐ་ཁིན་ (Coretta King)་ཁོང་གཉིས་ཀྱི་བུ་མར་ཏིན་ལུ་ཐར་ཁིན་གསུམ་པ།

ཟེངས་རྟགས་འདི་དང་ལེན་བྱེད་ཀྱི་ཡོད།  མིའི་རང་གཤིས་ནི་ནུས་མེད་ཞིག་ཡིན་པར་འདོད་པའི་བསམ་ཚུལ་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད༌།  སྐྱེས་བོ་རྣམས་ཀྱི་མི་ཚེ་ནི་་ཆུའི་རླབས་རྒྱུན་དང་ཟེགས་མ་ཁོ་ནའི་ནང་་འཁོར་ནས་བསྡོད་ངེས་རེད་སྙམ་པའི་བསམ་ཚུལ་དེ་ངས་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད།   འགྲོ་བ་མི་ཚང་མ་སྐར་མ་མེད་པའི་མཚན་ནག་གིས་བཅིངས་པའི་རིགས་རྒྱུད་དབྱེ་འབྱེད་དང༌།   དམག་འཐབ་ཀྱི་སྡུག་བསྔལ་ཁྲོད་ནས་ཞི་བདེ་དང་ཕན་ཚུན་བར་སྤུན་ཟླའི་འདུ་ཤེས་འཛིན་པའི་སྐྱ་རེངས་ཤར་མི་སྲིད་སྙམ་པའི་བསམ་ཚུལ་ངས་དང་ལེན་བྱེད་ཀྱི་མེད་པར་ངོ་རྒོལ་བྱེད་ཀྱི་ཡོད།    
དེ་རིང་འབར་རྫས་གད་པའི་ཐལ་རྡུལ་དང༌།    མེ་མདའི་སྐད་སྒྲ་གང་སར་སྒྲོག་བཞིན་ཡོད་ནའང༌།   འོད་སྟོང་འཕྲོ་བའི་སང་ཉིན་ཤར་ཡོང་བ་ང་ལ་ཡིད་ཆེས་ཡོད༌།   ང་ཚོའི་རྒྱལ་ཁབ་ནང་ཁྲག་ཐིགས་འཛགས་བཞིན་པའི་སྲང་ལམ་དུ་དྲང་བདེན་ལ་རྨས་སྐྱོན་ཕོག་ནས་གན་རྐྱལ་དུ་འགྱེལ་ཡོད་ནའང༌།   ངོ་ཚ་ཁ་སྐྱེངས་དགོས་པའི་གནས་སྟངས་འདི་ལས་ཡར་ལངས་ཡོང་བ་ང་ལ་ཡིད་ཆེས་ཡོད།  སྐྱེས་བོ་ཡོངས་ཀྱི་སྐུ་གཟུགས་ལ་ཉིར་རེར་ཟས་ཐེངས་གསུམ་རེར་དགོས་པ་དང༌།  བསམ་བློའི་གོ་རྟོགས་སྤེལ་ཆེད་ཤེས་ཡོན་དང་རིག་གཞུང་དགོས་པ།  བློ་སྤོབས་རྒྱས་ཆེད་ཁྱད་འཕགས་རང་བཞིན་དང༌།  འདྲ་མཉམ།  རང་དབང་དགོས་པ་ང་ལ་ཡིད་ཆེས་ཡོད།
རང་གཅེས་འཛིན་བྱེད་མཁན་རྣམས་མར་འགྱེལ་ནས༌།   གཞན་གཅེས་འཛིན་བྱེད་མཁན་རྣམས་ཡར་ལངས་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད༌།   ཉིན་ཞིག་སྐྱེས་བོ་ཡོངས་ཀྱིས་ལྷ་ཡི་མདུན་དུ་གུས་ཕྱག་འཚལ་ཏེ།   མི་གསོད་ཁྲག་སྦྱོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ནས།  འཚེ་མེད་ཞི་བས་འཇིག་རྟེན་སྐྱོང་ཐུབ་པ་ང་ལ་ཡིད་ཆེས་ཡོད།   ཉིན་ཞིག་སེང་གེ་དང་ལུ་གུ་མཉམ་གནས་བྱེད་པ་དང༌།  འགྲོ་བ་མི་ཚང་མ་འབྲས་ལྡན་ཤིང་གི་འོག་ཏུ་ཞེད་སྣང་དང༌།   འཇིགས་སྣང་གང་ཡང་མེད་པར་མཉམ་གནས་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད༌། 

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་གི་མདུན། པར་རྒྱག་མཁན་དཔལ་ལྡན་རྒྱལ།

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་གི་མདུན། པར་རྒྱག་མཁན་དཔལ་ལྡན་རྒྱལ།

ཡིད་ཆེས་འདིས་ང་ཚོའི་མིག་མདུན་དུ་ཡོད་པའི་ངེས་མེད་ཀྱི་མ་འོངས་པའི་མདུན་ལམ་ལ་གདོང་ལེན་བྱེད་རྒྱུར་སྤོབས་པ་སྤྲོད་ངེས་ཡིན། ཡིད་ཆེས་འདིས་དཀའ་ངལ་གྱིས་ཐང་ཆད་ཡོད་པའི་རྐང་བ་གཉིས་ལ་རང་དབང་གི་གྲོང་ཁྱེར་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་གསར་བ་ཞིག་སྤྲོད་ངེས་ཡིན།    ཉིན་མོའི་དུས་སུ་སྤྲིན་ནག་ལང་ལོང་དུ་མཁྲིགས་ཤིང༌།  མཚན་མོ་མུན་ནག་གྱིས་ཁེངས་པའི་དུས་ཤིག་ཡིན་ནའང༌།  ང་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ནས་དཔལ་ཡོན་ལྡན་པའི་དུས་རབས་གསར་བ་ཞིག་སྐྲུན་ཆེད་འཐབ་རྩོད་ཀྱི་ལས་འགོ་ཚུགས་ཡོད་པ་གསལ་བོར་ཤེས་ཀྱི་ཡོད།
དེ་རིང་མི་ཆོས་རིང་ལུགས་ཀྱིས་སེམས་ཤུགས་སྤར་བ་དང༌།  རང་ཉིད་བློས་གཏོང་ཐུབ་པའི་མི་རྣམས་ཀྱིས་ང་ལ་ཡིད་ཆེས་བློ་གཏད་བྱས་པའི་མིང་ཐོག་ནས་ཨོསི་ལོར་  Oslo ཡོང་བ་ཡིན།  ངས་ནོར་སྤེལ་ཞི་བདེ་གཟེངས་རྟགས་འདི་ཞི་བདེ་དང༌།   ཕན་ཚུན་བར་སྤུན་ཟླའི་འདུ་ཤེས་འཛིན་རྒྱུར་དགའ་བའི་འགྲོ་བ་མི་ཚང་མའི་ཚབ་བྱས་ནས་དང་ལེན་བྱེད་ཀྱི་ཡོད།
 

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་འཁྲུངས་སའི་ཁང་པ། པར་རྒྱག་མཁན་དཔལ་ལྡན་རྒྱལ།

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལམ་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་འཁྲུངས་སའི་ཁང་པ། པར་རྒྱག་མཁན་དཔལ་ལྡན་རྒྱལ།

བསྒྱུར་མཁན་གྱི་གསལ་བཤད།
སློབ་དཔོན་མར་ཏིན་ལུ་ཐར་ཁིན་ (Martin Luther King, JR)  ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་ཁོང་དགུང་ལོ་སོ་ལྔ་ཡིན།  གང་ཟག་སྒེར་བ་གཅིག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཡིན་པ་རེད། ཁོང་ལ་གཟེངས་རྟགས་འདི་ཐོབ་ནས་ལོ་༢༥་རྗེས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་གཟེངས་རྟགས་འདི་ཐོབ་ཡོད་པ་རེད

 

http://www.paldengyal.com/?p=696

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php