དམངས་གཙོའི་ལས་འགུལ་ནི་ཀླད་ཀོར་རེད།


ལིན་ཡན་གྱིས་བརྩམས། ཚེ་རིང་རྒྱལ་གྱིས་བསྒྱུར།

 

            "དམངས་གཙོའི་ལས་འགུལ་ནི་ལག་ལེན་ལ་བརྟེན་ནས་བཤད་དགོས།" གནད་འདི་རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་ཤེས་ལྡན་པ་དག་གིས་ཀྱང་གླེང་ཡོད་ལ།  པའོ་ཐུང་དང་། ཡེ་ཅིན་ཧྲིན་གྱིས་ཀྱང་གླེང་མྱོང་བ་རེད། ངས་བསམ་ན་དེར་རྣམ་པ་ཚང་མས་ངོ་རྒོལ་ཡོད་རྒྱུ་མ་རེད། དོན་དངོས་ལམ་ལེན་མེད་པའི་དམངས་གཙོའི་རྩ་འཛུགས་ཤིག་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནོན་ཤུགས་ཅི་ཡང་སྤྲོད་མི་ནུས་ཞིང་། ཀྲུང་གོའི་གཞི་རིམ་མང་ཚོགས་ཀྱི་ཁེ་དབང་བརྩོད་ལེན་བྱེད་མི་ཐུབ་པའི་ཆབ་སྲིད་ཤོག་ཁག་ཅིག  གནས་ཐུབ་མིན་ལ་དོན་སྙིང་ཅི་ཞིག་འདུག་གམ།  དེ་འདྲ་ཞིག་ལོ་ངོ་ ༢༠ དང་། ཡང་ལ་ལོ་ངོ་ ༢ ལ་གནས་བ་གཉིས་ལ་ཁྱད་པར་ཅི་ཞིག་འདུག་གམ། གཞི་རིམ་མང་ཚོགས་ལ་ཡི་ཆད་རེ་ཟད་ཀྱི་སེམས་ཚོར་སྤྲོད་རྒྱུ་ལས་གཞན་ཅི་ཞིག་ནུས་སམ།             

            ངས་ཤེས་གསལ་ལྟར་ན། སྐུ་ཞབས་ཝང་ཞིས་ཀྲུག་སོགས་བཙོན་ཁང་དུ་ལོ་བཅུ་གྲངས་རེར་བསྡད་མྱོང་ཡོད།  དེ་བས།  ཁོ་ཚོར་བྱས་རྗེས་མེད་ནའང་དཀའ་སྡུག་མྱང་ཡོད་པ་རེད།   འོན་ཀྱང་། རྒྱ་ནག་གི་གཞི་རིམ་མང་ཚོགས་ཀྱི་ངོས་ཐད་ནས་བརྗོད་ན། རྒྱ་ནག་ཏུ་དམངས་གཙོའི་ལྟ་སྐུལ་ནུས་པ་དང་།  དཔོན་རིགས་ཚོས་དཔལ་འབྱོར་སྤྱི་བསྒྲགས་ལྟ་སྐུལ་གྱི་ནུས་པ་ལེགས་བཅོས་བཏང་འདུག་གམ།  ཁྲལ་བསྡུ་ཕྱི་གསལ་དང་། མི་དམངས་ཀྱི་སྨན་བཅོས། སློབ་གསོ། རྒས་གཉོར་སོགས་ཀྱི་ལམ་ལུགས་འཐུས་ཚང་ཡར་རྒྱས་སུ་སོང་འདུག་གམ། གལ་སྲིད་འདི་དག་གི་བརྡ་ལན་ནི་ཡིན་པ་ལས་ལོག་པ་ཞིག་ཡིན་ཚེ། ལོ་ངོ་ ༡༠༠༠ ལ་བཙོན་ཁང་དུ་བསྡད་ཀྱང་དོན་སྙིང་ཅི་ཞིག་འདུག  འདུ་ཤེས་ཀྱི་དོན་སྙིང་ཙམ་ལས་དོན་དངོས་ཀྱི་གྲུབ་འབྲས་ཅི་ཡང་མི་འདུག    རྒྱ་ནག་གི་གཞི་རིམ་ངལ་རྩོལ་བས་རེ་བ་བྱེད་ཀྱིན་པ་ནི་དོན་དངོས་ཀྱི་གྲུབ་འབྲས་རེད། ཁོ་ཚོས་རེ་བ་བྱེད་ཀྱིན་པ་ནི་རྒྱ་ནག་ཏུ་དམངས་གཙོའི་ལྟ་སྐུལ་གྱི་ཁྲིམས་ལུགས་དངོས་འབེབས་བྱ་རྒྱུ་དེ་རེད།  
      འདས་པའི་ལོ་ངོ་ ༢༠ རིང་ཕྱི་སྡོད་དམངས་གཙོའི་ལས་འགུལ་བའི་ཕྱོགས་འགལ་ཁ་འཐོར་གྱི་རྣམ་པ་དེས། རྒྱ་ནག་ནང་ལོག་གི་གཞི་རིམ་མང་ཚོགས་ལ་བློ་ཕམ་ཆེན་པོ་སྤྲད་ཡོད། ངས་འཛེམས་དོག་མེད་པའི་སྒོ་ནས་བཤད་ན། དམངས་གཙོའི་ལས་འགུལ་ནི་ཀོར་ཐིག་ཅིག་རེད། ད་ལྟ་གཞི་ནས་མགོ་རྩོམ་བཞིན་པ་ཙམ་རེད། དེ་སྔོན་གཞི་གྲུབ་མེད་པ་ཞིག་རེད། ངས་སྐད་ཆ་ཚིག་གཅིག་གིས་རྣམ་པ་ཚོས་སྔོན་ཆད་སྒྲུབ་པ་ཐམས་ཅད་ནག་གསུབ་བྱེད་འདོད་མིན། ནམ་ཞིག་ལོ་རྒྱུས་ཀྱིས་དྲང་སྙོམས་ཀྱི་རིན་ཐང་སྤྲོད་ངེས། ཡིན་ནའང་། ལོ་ངོ་ ༢༠ རིང་རྒྱ་ནག་ཏུ་དམངས་གཙོའི་འཕེལ་རིམ་དེ་སྔར་སོ་ན་གནས་ཡོད་པར་མ་ཟད། སྔར་བས་ཉམ་ཆག་གི་གནས་སུ་ལྷུང་བཞིན་པ་དོན་དངོས་མིག་མཐོང་རེད། ཁྱེད་ཀྱིས་ངེས་ལེན་ཡོད་མེད་གང་ལྟར་ཡང་།  དམངས་གཙོའི་ལས་འགུལ་ནི་ཀླད་ཀོར་ཅིག་རེད། འོ་ན། མགོ་རྩོམ་སའི་གནས་དེ་གང་རེད་ཅེ་ན། མགོ་རྩོམ་སའི་གནས་དེ་ལག་ལེན་རེད། མི་སུ་ཞིག་ཡིན་རུང་ཚང་མ་སུང་ཀྲུང་ཧྲན་ནང་བཞིན་གྱི་དབུ་ཁྲིད་ཅིག་ཆགས་པའི་སྔོན་འགྲོ་ནི། སུ་ཞིག་གིས་དོན་དངོས་ལག་ལེན་སྤྱད་དེ་རྒྱ་ནག་དམངས་གཙོའི་འཕེལ་རིམ་དུ་སྐུལ་འདེད་གཏོང་རྒྱུ་དེ་རེད། གལ་སྲིད་ཁྱེད་སུ་ཞིག་ཡིན་པ་དང་།  ཤོག་ཁག་གང་གི་ཡིན་ཀྱང་ཆོག་ལ།  ཁྱེད་ཀྱིས་སྔོན་ཆད་ཅི་ཞིག་སྒྲུབ་ཡོད་ཀྱང་རུང་། གལ་ཏེ་ཁྱེད་ཀྱིས་རྒྱ་ནག་གི་གཞི་རིམ་མང་ཚོགས་ལ་མི་དམངས་ཀྱི་ཁེ་དབང་བརྩོད་ལེན་བྱེད་ཐུབ་པ་བྱུང་ཚེ། ཁྱེད་རང་ཡང་རྒྱ་ནག་གི་སུང་ཀྲུང་ཧྲན་ཞིག་རེད། རྒྱ་ནག་དམར་ཤོག་སློབ་གྲྭའི་ཤེས་ལྡན་པ་ཞིག་གིས་བརྗོད་བ་ནང་བཞིན། "ཟླ་རེར་བྱང་ཨ་རིའི་ཁུལ་གྱི་ཀྲུང་གོའི་དོན་གཅོད་ཁང་དག་ཏུ་དུས་མཉམ་ངོ་རྒོལ་ཐེངས་རེ་བྱས་ཏེ། རྒྱ་ནག་གི་དཔོན་རིགས་ཚོའི་སྒེར་གྱི་དཔལ་འབྱོར་སྤྱི་བསྒྲགས་ཀྱིས་མི་དམངས་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས་པའི་རེ་བ་འདོན་རྒྱུ་དེ"  མི་ཚང་མས་སྒྲུབ་ཐུབ་པ་ཞིག་རེད། གལ་སྲིད་ཁྱོད་ཀྱིས་དེ་ལྟར་སྒྲུབ་སྟེ་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་ཤིག་སྤྲོད་ཐུབ་པ་བྱུང་ན།  ཁྱེད་ནི་དཔའ་བོ་རེད། ང་ཚོ་མཁོ་བ་ནི་དོན་དངོས་ལག་ལེན་ལ་འཁེལ་ཐུབ་མཁན་གྱི་དཔའ་བོ་རེད། སུ་ཞིག་གིས་ཁྱེད་ནི་དམངས་གཙོའི་ཤོག་ཁག་དང་། ཡང་ན་རང་དབང་ཤོག་ཁག་གང་ཡིན་མིན་ལ་དོ་སྣང་བྱེད་རྒྱུ་མ་རེད།  ང་ཚོས་དོ་སྣང་བྱེད་བཞིན་པ་ནི་སུ་ཞིག་ནི་དོན་དངོས་ལག་སྟར་མཁན་གྱི་ཤོག་ཁག་དང་།  སུ་ཞིག་ནི་ཁ་བཤད་འུད་སྒྲོག་བྱེད་མཁན་གྱི་ཤོག་ཁག་ཡིན་མིན་དེ་རེད།

       བཤད་མཚམས་འདིར་སླེབས་པ་ན། ཚང་མས་གསལ་བོ་རྟོག་ཡོད་ངེས། ང་ཚོར་ཆད་པ་ནི་དོན་དངོས་ལག་ལེན་ལ་གཞོལ་མཁན་གྱི་ཤོག་ཁག་རེད་མ་གཏོགས།  སྙིང་བོ་མེད་པའི་ཁ་བཤད་སྟོང་བའི་འཐབ་རྩོད་མ་རེད། སུ་ཞིག་གིས་ཐོག་མར་ལག་ལེན་ལ་དབབ་སྟེ་རྒྱ་ནག་དམངས་གཙོའི་འཕེལ་རིམ་དུ་སྐུལ་འདེད་གཏོང་ཐུབ་པ་ཡིན་ན། དེ་ནི་རྒྱ་ནག་གི་སུང་ཀྲུང་ཧྲན་ཞིག་རེད། དེ་ནི་ཐེངས་རྗེས་མའི་ནོར་ཝེ་ཞི་བདེ་གཟེངས་རྟགས་ཐོབ་མཁན་དེ་ཡིན་ངེས། ང་ཚོས་འདས་པའི་ལོ་ངོ་ ༢༠ རིང་གི་སྐྱུག་བྲོ་བའི་ཕྱིར་དྲན་དེ་བརྗེད་པར་བྱས་ཏེ། ཕྱི་སྡོད་དམངས་གཙོའི་ལས་འགུལ་ཀླད་ཀོར་ཅིག་ཏུ་བརྩིས་ཏེ།  ལག་ལེན་དངོས་ལ་བརྟེན་ནས་རྒྱ་ནག་དམངས་གཙོའི་འཕེལ་རིམ་དུ་སྐུལ་འདེད་གཏོང་བའི་མགོ་རྩོམ་ས་གསར་ཞིག་རང་ཉིད་ཀྱིས་འཚོལ་དགོས།

བོད་ཀྱི་དུས་བབ་ལས

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php