ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་སྐོརངོ་སྤྲོད་རགས་ཙམ།

འབྲི་མཁན། དཔལ་ལྡན་རྒྱལ། on May 22nd, 2009

རང་རེའི་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས“ཕོ་མོ་འདྲ་མཉམ”ཀྱི་ཐོབ་ཐང་ཞེས་ པའི་གནད་དོན་འདིའི་ཐད་ལ། མཁྱེན་རྒྱ་ཡངས་པའི་མཁས་དབང་རེ་ཟུང་གིས་རྩོམ་བྲིས་མཛད་ཡོད་ཀྱང༌། རང་རེའི་སྤྱི་ཚོགས་ཁྲོད་དུ”ཕོ་མོ་འདྲ་མཉམ”ཀྱི་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་དང༌། བོད་མི་མང་ཆེ་ཤོས་ཀྱི་བསམ་བློའི་ནང་དུ་ཕོ་མོ་གཉིས་འདྲ་མཉམ་ཡིན་པའི་གཞི་རྩའི་ཤེས་ཡོན་ཙམ་ཀྱང་མེད་ཞེས་ཕལཆེརབརྗོདཆོག་སྤྱིརཕོ་མོ་གཉིས་འདྲ་མཉམ་ཡིན་པ་ནི་འགྲོ་བ་མི་ཡི་རང་གཤིས་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཀྱི་འཕེལ་རིམ་དང༌། རིག་གཞུང་གིས་ནུས་པ། སྐྱེས་པའི་དབང་ཚད་སོགས་ཀྱིས་བུད་མེད་ལ་སྤྱི་ཚོགས་ཁྲོད་གོ་གནས་སྤྲད་མེད་པ་དཔེར་ན། མོ་ལ་སྐྱེས་དམན་དང༌། ནག་མོ་སོགས་མིང་འདོགས་སྟངས་ལས་རྟོགས་ཐུབ༌། རང་རེའི་བོད་ཀྱིསྙན་རྩོམ་རིང་ཤོས་སྟེ། གེ་སར་སྒྲུང་ནང་དུའང༌། མི་ནག་ནག་བཟོ་མཁན་ནག་མོ་ཡིན་དང༌། ཁྱི་བུ་མོ་གཉིས་ལ་བློ་མ་གཏད་ཞེས་པ་དང༌། བུད་མེད་ལ་མཐོང་ཆུང་གི་རྣམ་པ་མི་ཉུང་བ་ཞིག་མཐོང་ཐུབ། ་སྤྱིར་བཏང་གི་འཚོ་བའི་ཁྲོད་དུའང་སྐྱེས་པ་ཕྱི་མ་ཕོ་ལུས་ལེན་པར་ཤོག་ཅེས་སྨོན་ལམ་འདེབས་པ་དེ་ཡང་ཕོ་མཆོག་མོ་དམན་གྱི་བསམ་བློ་མཚོན་ཐུབ། གཞན་ཡང་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་རང་རེའི་གཞུང་འདི་བཙན་
བྱོལ་དུ་མ་ཕེབས་པའི་ཡར་སྔོན་ལ། དགའ་ལྡན་ཕོ་བྲང་གི་གཞུང་ནང་དུ་བུད་མེད་མི་སྣ་གཅིག་ལའང་གོ་གནས་སྤྲད་པ་མེད་པ་སོགས་ཕོ་མཆོག་མོ་དམན་དུ་བརྩི་བའི་བསམ་བློ་སྲོལ་ངན་རང་རེའི་སྤྱི་ཚོགས་ཁྲོད་དུ་གནས་ཡོད་པ་ལ། ཕོ་མཆོག་མོ་དམན་གྱི་བསམ་བློ་དེ་ནི་རང་རེའི་བོད་ཙམ་མ་ཡིན་འཛམ་གླིང་གི་སྤྱི་ཚོགས་ཚང་མའི་ཁྲོད་དུ་བྱུང་ཡོད་པ་རེད། ཡིན་ནའང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱས་ཏེ་དུས་ཡུན་རིང་པོར་ཕྱིན་ཡོད་ནའང༌། དེང་སྐབས་ཀྱང་ཕོ་མོ་གཉིས་ལ་ཆབ་སྲིད་ལས་གནས་དང༌། སྤྱི་ཚོགས་ཀྱི་གོ་གནས་གང་ཅིའི་ཐད་འདྲ་མཉམ་ཡང་དག་པ་ཞིག་ཐོན་མེད་ཀྱང་རང་རེའི་བོད་ཀྱི་སྤྱི་ཚོགས་དང་བསྡུར་ན་ཕོ་མོ་འདྲ་མཉམ་གང་ཙམ་ཡོད་པ་རེད། དེ་བས་རྩོམ་ཡིག་འདིའི་ནང་དུ་ནུབ་ཕྱོགས་པའི་ཕོ་མོ་འདྲ་མཉམ་རང་ལུགས་གི་མཚན་ཉིད་དང༌། ཕོ་མོའདྲ་མཉམ་རྩོད་ལེན་གྱི་ལས་འགུལ་སྤེལ་སྐོར་ངོ་སྤྲོད་རགས་ཙམ་བྱེད་རྒྱུ་ཡིན།

སྤྱིར་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ཞེས་པ་ག་འདྲ་ཞིག་ལ་གོ་དགོས་ཞེ་ན།        
 དེ་ནི་སྐྱེས་པའི་སྟེང་ལ་ཁོང་ཁྲོ་ལངས་པ་དང་ཕོ་མོ་གཉིས་ཁ་ཁར་དབྱེ་རྒྱུའི་བསམ་ཚུལ་གཏན་ནས་མིན་ལ། སྐྱེས་པའི་དབང་ཤུགས་དང་གནོན་ཤུགས་རྩ་བ་ནས་མེད་པར་བཟོ་བ་ཡང་མིན། བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ཞེས་པ་ནི། ཕོ་མོ་ཕན་ཚུན་བར་ལ་དབྱེ་འབྱེད་མེད་པར་ཕན་ཚུན་འདྲ་མཉམ་ཐོག་ནས་རྒྱུས་ལོན་དང༌།   ཕན་ཚུན་གུས་བརྩིབྱེད་དགོས་རྒྱུ་དེ་ཡིན།

བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ཞེས་པ་ལས་བསམ་བློ་གཙོ་བོ་གཉིས་ནི། 
དང་པོ། སྤྱི་ཚོགས་དང་སྒེར་བར་གྱི་དབྱེ་འབྱེད། 
སྤྱི་ཚོགས་དང་སྒེར་བར་གྱི་དབྱེད་འབྱེད། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ཀྱི་ངོ་བོ་གཞི་འཛིན་ས་ཞིག་ནི། ནུབ་ཕྱོགས་སུ་ཕོམོ་གཉིས་ཀྱི་བར་ལ་ལས་ཀ་དབྱེ་འབྱེད་བྱས་ཡོད་པ་མེད་པར་བཟོ་རྒྱུ་དེ་ཡིན་པ་དང༌། དེ་ཡང་སྤྱི་ཚོགས་ཁྲོད་དུ་གོམས་སྲོལ་ལམ། ལུགས་སྲོལ་དུ་གྱུར་ཡོད་པའི་ཕཽ་མཆོག་མོ་དམན་གྱི་བསམ་བློའི་འདུ་ཤེས་ལས།  ཕོ་ཡིས་སྤྱི་ཚོགས་ཁྲོད་ཀྱི་དབང་ཆ་དང་སྙན་གྲགས་ལ་ལོངས་སུ་སྤྱོད་པ། དེ་ཡང་སྲིད་གཞུང་དང༌།  སྒྱུ་རྩལ། སྲིད་དོན།  རྩོམ་རིག་སོགས་ཆེད་ལས་ཀྱི་ལས་ཀ་རྣམས་ཡིན་པ་དང། མོ་ནི་གོ་གནས་དང་སྙན་གྲགས་མེད་པའི་ཁྱབ་ཁོངས་སུ་བཅུག་ཡོད་པ་དེ་ནི་ཁྱིམ་ཚང་གི་ཁྱིམ་ལས་བྱས་ཏེ་ནང་མི་གསོ་སྐྱོང་བྱེད་རྒྱུ་དེ་རེད།

 གཉིས་པ།  མི་སྒེར་གྱི་གནས་ཚུལ་དེ་སྲིད་དོན་དང་འབྲེལ་ཡོད་པ།
མི་སྒེར་གྱི་གནས་ཚུལ་དེ་སྲིད་དོན་འབྲེལ་བ། བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་དང་དེའི་ཐད་ལ་ལས་འགུལ་སྤེལ་མཁན་གྱི་བསམ་ཚུལ་གལ་ཆེན་གཞན་ཞིག་ནི་མི་སྒེར་གྱི་གནས་ཚུལ་དེ་སྲིད་དོན་འབྲེལ་ཡོད་པར་འདོད་བ་དེ་རེད། ནང་ཁྱིམ་དང་སྒེར་གྱི་གནས་ཚུལ་རྣམས་སྲིད་དོན་དང་སྤྱི་ཚོགས་གྱི་ཁྱབ་ཁོངས་དང་འབྲེལ་བ་དམ་པོ་ཡོད་པ་རེད། ནང་ཚང་དང་སྒེར་གྱི་གནས་ཚུལ་རྣམས་འདྲ་མཉམ་མིན་པ་དང་དཀའ་ངལ་ཡོད་པའི་གནད་དོན་རྣམས་སྣང་མེད་བྱེད་མི་རུང༌། སྤྱིར་རྒྱལ་ཁབ་རིམ་པའི་སྲིད་དོན་དང༌། དཔལ་འབྱོར་གྱི་གནས་སྟངས་ཁོ་ན་གལ་ཆེན་མ་ཡིན་པར།  མི་དཀྱུས་མའི་ཉིན་རེའི་འཚོ་བ་ལ་འདྲ་མཉམ་མེད་པ་དང་དཀའ་ངལ་ཡོད་པ་དེ་ལ་བསམ་བློ་གཏོང་རྒྱུ་ཡང་གལ་ཆེན་ཡིན་པ་དེ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་པའི་བསམ་བློའི་འདོད་ཚུལ་ཡིན།  དཔེར་ན།  བུད་མེད་ལ་རྒྱལ་ཁབ་རིམ་པའི་འོས་ཤོག་བླུགས་རྒྱུའམ། འོས་ཤོག་ཐོབ་རྒྱུའི་ཐོབ་ཐང་དགོས་པ་དང༌།  སྲིད་དོན་དབང་ཆ་དང་ཉིན་རེའི་འཚོ་བའི་བར་ལ་འབྲེལ་པ་ དམ་ཟབ་ཡོད་པས་གོང་འོག་འབྲེལ་ཡོད་པ་རེད། ནང་ཁྱིམཁྱབ་་ཁོངས་སུ་འང་དབང་ཚད་འདྲ་མཚུངས་མིན་པའི་གནས་སྟངས་ཡོད་པ་དེ་དག་སྦས་སྐུང་མེད་པར་སྤྱི་ཚོགས་ཁྲོད་མངོན་ཐུབ་པ་བྱེད་རྒྱུ།  གནས་ཚུལ་དེ་དག་སྤྱི་ཚོགས་ཁྲོད་མངོན་པར་བྱེད་ཐུབ་ཚེ། ད་གཟོད་གནད་དོན་དེ་དག་ལ་ཞིབ་འཇུག་དང་ཡོ་བསྲང་བྱེད་རྒྱུའི་རེ་བ་ཡོད་པ་རེད། ནང་ཁྱིམཁྱབ་ཁོངས་སུ་འདུས་པའི་གནད་དོན་དག་ནི། ནང་ཚང་གི་དྲག་སྤྱོད་དང༌། བཙན་གཡེམ།འཁྲིག་སྤྱོད་ཀྱི་བརྙས་བཅས།  གཉེན་ཚན་བར་དུ་མཁྲིག་སྤྱོད་བྱེད་པ། ཕྲུ་གུ་གཉོར་སྐྱོང་གིས་གཙོས་པའི་ནང་ཁྱིམ་གྱི་ལས་ཀར་་དབྱེ་འབྱེད་བྱེད་པ་སོགས་ཡིན།

ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་འཕེལ་རྒྱས།
ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ཞེས་པ་ནི་དུས་རབས་བཅོ་བརྒྱད་ཀྱི་སྨད་དུ་འགོ་ཚུགས་པ་ཡིན། དཔེར་ན།  བུད་མེད་རྩོམ་པ་པོ་མ་རེ་ཝོ་སུ་ཏོན་ཁུ་ར་ཕུ་ཐུ   Mary Wollstonecraft ལྟ་བུ་ཡིན།  བུད་མེད་ཀྱིས་སྲིད་དོན་ཁྲོད་ཀྱི་གོ་གནས་ བརྩོན་ལེན་བྱེད་རྒྱུའི་ལས་འགུལ་ནི་དུས་རབས་བཅུ་དགུའི་དུས་འགོར་འགོ་ཚུགས་ཏེ་ད་ལྟའི་བར་དུ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་གྱི་ཚ་རླབས་དེ་དུས་རབས་འདིའི་ལོ་རབས་དྲུག་ཅུའི་ལོ་སྨད་དང༌། ལོ་རབས་བདུན་ཅུའི་ལོ་སྟོད་དུ་འཕྱུར་ཡོད་པ་རེད།  སྐབས་དེར་ཆགས་སྤྱོད་ཀྱི་གསར་བརྗེ་བྱུང་ཏེ། བུད་མེད་ལ་ཕྲུ་གུ་སྐྱེས་འགོག་བྱེད་པའི་སྨན་ཐོབ་པས་བུད་མེད་ཀྱིས་སོ་སོར་ཕྲུ་གུ་དགོས་མིན་སྟངས་འཛིན་བྱེད་པ་བྱུང་ཡོད་པ་དང༌།  སྤྱི་ཚོགས་ཁྲོད་ཀྱི་སྲོལ་རྒྱུན་རྙིང་པ་དང༌།  ཀླད་རྙིང་མཁྲེགས་བཟུང༌།  གུ་དོག་པའི་བསམ་བློར་འགྱུར་བ་བྱུང་བ་མ་ཟད༌།    བུད་མེད་ཀྱི་ཆགས་པ་སྤྱོད་རྒྱུར་གང་ཟག་སུའི་མཉམ་དུ་དང༌། གནས་གང་དུ་ག་དུས༌། རང་ཉིད་ལ་ཕྲུ་གུ་ག་དུས་དགོས་མིན་བཅས་ལ་བུད་མེད་རང་ཉིད་ཀྱིསསྟངས་འཛིན་བྱེད་ཐུབ་བྱུང་བ་རེད།

ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་དཔལ་འབྱོར་དང༌། སྲིད་དོན་སོགས་ལ་འགྱུར་བ་བྱུང་བ་དང་བསྟུན་ནས་བུད་མེད་རྣམས་ཀྱིས་སོ་སོས་རེ་བ་ཕྱིར་མངོན་ཐུབ་པ་དང༌།       སོ་སོའི་ཐོབ་ཐང་བརྩོན་ལེན་བྱེད་རྒྱུའི་གོ་སྐབས་བྱུང་སྟེ།  བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་རྒྱུར་མདུན་ལམ་རག་པ་དང༌།  དུས་ཡུན་རིང་པོ་ཞིག་བརྒྱུད་དེཕོ་མོ་འདྲ་མཉམ་ཡིན་པའི་་སློབ་གསོ་སྤྲད་པ་དང༌།  དེའི་ཐད་ལ་ལས་འགུལ་འདྲ་མིན་མང་པོ་སྤེལ་ཡོད་ནའང༌། དེང་སྐབས་ཀྱང་ཕོ་མོ་མཉམ་ཡང་དག་པ་ཞིག་བྱུང་མེད་ཀྱང༌།   ཡིན་ནའང་བུད་མེད་ཀྱི་ཐོབ་ཐང་ཅུང་ཙམ་རག་ཡོད་པ་རེད

ལོ་རྒྱུས་སྟེང་དུ་གལ་འགངས་ཆེ་བའི་གནས་བབ།
ཡོ་རབ་ཀྱི་སྤྱི་ཚོགས་ནི་དུས་རབས་བཅོ་བརྒྱད་བར་དུ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལམ་ལུགས་ཡིན་པ་དང༌། རྒྱལ་པོ་དང༌། སྐུ་དྲག་ལ་ས་ཞིང་བདག་པ། ཚོང་དང་ལག་ཤེས་འཕེལ་རྒྱས་ཆེར་མེད་པར་རང་རང་སྡོད་སའི་ས་ཁུལ་དང་ཉེ་སར་ཞིང་ལས་དང༌། ཕྱུགས་གཉེར་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང༌། མི་སེར་དཀྱུས་མ་རྣམས་ཀྱིས་ལས་ཀ་བྱས་ཏེ་འཚོ་བཞིན་ཡོད་ནའང༌། ཕོ་མོ་བར་དུ་ཕོགས་ཐོབ་དབྱེ་འབྱེད་བྱས་ཡོད་པ་རེད།སྤྱི་ཚོགས་ངོ་བོ་འཕྲུལ་བཟོ་དང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་རྐྱེན་གྱིས་ནང་ཁྱིམ་དང་སྤྱི་ཚོགསསྟེང་གི་ལས་ཀ་ཞེས་སོ་་སོར་དབྱེ་བ་ཕྱེས་ཏེ། བུད་མེད་རྣམས་ཀྱིས་ནང་དུ་བསྡད་དེ་ཁྱིམ་ལས་བྱས་པ་དང༌། སྐྱེས་པ་རྣམས་ཕྱིར་ཐོན་ཏེ་བཟོ་གྲྭར་ལས་ཀ་བྱས། བུད་མེད་རྣམས་ལ་རྒྱལ་ཁབ་དང༌། བཟོ་གྲྭ། ཁྱོ་ག་བཅས་ཀྱིས་ཕོགས་ཐོབ་ཅི་ཡང་སྤྲོད་ཀྱི་མེད་པ་མ་ཟད། ཁོང་ཚོའི་ཁྱིམ་ལས་སྟེ། ནང་ལ་བདག་པོ་རྒྱག་པ་དང་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཡོད་པ་མ་རེད། སྐྱེས་པ་རྣམས་ལ་བཟོ་གྲྭས་ཕོགས་ཐོབ་ཡོད་པས་བུད་མེད་རྣམས་དཔལ་འབྱོར་གྱི་གནས་སྟངས་ཀྱིས་རྐྱེན་པས་སྐྱེས་པ་རྣམས་ལ་བརྟེན་དགོས་བྱུང་བ་རེད། ཡོ་རོབ་ནང་དུ་སྤྱི་ཚོགས་ནང་དུ་འང༌  འཕྲུལ་བཟོ་དང་གྲོང་ཁྱེར་ཅན་དུ་སྒྱུར་བའི་རྐྱེན་གྱིས་མི་རྣམས་ཀྱིས་སྲོལ་རྒྱུན་དང༌།  བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས༌། དཀོན་མཆོག་དང་རྒྱལ་པོ་ཞེས་བསམ་བློར་ཡིད་ཆེས་མེད་པར་གྱུར་ཏེ། ཤེས་ཡོན་ཅན་ Montesquieu, Jefferson, Locke, Voltaire སོགས་ཀྱིས་སྣེ་ཁྲིད་དེ་གྲལ་རིམ་གྱི་ངོ་བོ་མེད་པར་བཟོས་ཏེ་མི་ཚང་མ་རང་དབང་དང་དམངས་གཙོ་ཐོབ་ཐང་ལ་འདྲ་ མཉམ་གྱིས་ལོངས་སུ་སྤྱོད་རྒྱུའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བ ཏང༌། སྐྱེས་པའི་སྣེ་ཁྲིད་པའི་འདྲ་མཉམ་གྱི་གསར་བརྗེ་ལས་འགུལ་དེས་སྐྱེས་པ་ཁོ་ནའི་དགོས་འདུན་དང་རེ་བ་བཏོན་ཡོད་པ་ལས༌། བུད་མེད་ཀྱི་ཐོབ་ཐང་སྐོར་ལ་རེ་འདུན་དང༌། རྒྱབ་སྐྱོར་གྱི་ལས་འགུལ་ཅི་ཡང་སྤེལ་ཡོད་པ་མ་རེད། སྐབས་དེའི་སྤྱི་ཚོགས་གྱི་འགྱུར་འགྲོས་དང་བསྟུན་ཏེ། བུད་མེད་རྣམས་ཀྱིས་ཀྱང་དགོས་འདུན་བཏོན་པ་དང༌། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཐོག་མ་ནི་དབྱིན་ཇུའི་ལོན་ཌོན་ནས་ཡིན་པའི་བུད་མེད་གཞོན་ནུ་མ་ Wollstonecraft 1759-1792 ཞེས་པས་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་རྩོལ་བྲིས་མཛད། ཁོང་མོའི་སྙན་གྲགས་ཅན་གྱི་དཔེ་དེབ་ བུད་མེད་གྱི་ཐོབ་ཐང་དག་སེལ།Vindication of the Right of women 1792 ཞེས་པ་བརྩམས་པས་བུད་མེད་ཀྱི་ གནས་སྟངས་སྐོར་ལ་གསར་བརྗེ་རང་བཞིན་གྱི་བསམ་བློ་གསར་བ་ཞིག་སྤྱི་ཚོགས་ཁྲོད་ཕུལ་བ་རེད། དེབ་དེ་ཀློག་མཁན་མང་པོ་བྱུང་བ་མ་ཟ ད་ཁོང་མོའི་ ལྟ་བ་དེ་ནི་ནུབ་ཕྱོགས་བའི ་དེང ་རབས་ཀྱི་བུད་མེད་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ཀྱི་བསམ་བློའམ་གཞུང་ལུགས་ཀྱི་རྨང་གཞི་ཆགས་པ་རེད།  

Wollstonecraft  གིས་བུད་མེད་ནི་ལྷན་སྐྱེས་གྱི་སྐྱེས་པ་ལས་དམན་པ་མ་ཡིན་པར་སྐྱེས་པས་དབང་འོག་ཏུ་བུད་མེད་རྣམས་ལ་འདྲ་མཉམ་གྱི་སློབ་གསོ་དང༌། ལས་ཀའི་གོ་སྐབས། སྲིད་དོན་གྱི་ཐོབ་ཐང་མ་རག་པའམ༌། ཡང་ན་མ་སྤྲད་པ་སོགས་ཞིབ་བརྗོད་གནང་བ་མ་ཟད།  བུད་མེད་རྣམས་ཀྱི་ཁྱིམ་ནང་དུ་སྐྱེས་པའི་བཀའ་ལ་བརྩི་བཀུར་ཚད་ལས་འདས་པ་བྱེད་དགོས་པ་དེ་ནི་ཕོ་མོ་འདྲ་མཉམ་མི་ཡོང་པའི་བཀག་རྡོ་ཞིག་ཡིན་པ་འགྲེལ་བརྗོད་བྱས་པས་ཁོང་མོའི་བསམ་ཚུལ་རྒྱབ་སྐྱོར་མང་པོ་བྱུང༌།་ཧྥ་རན་སིའི་གསར་བརྗེ   ༡༧༨༩ ཡིས་ཧྥ་རན་སིའི་ནང་དུ་བུད་མེད་ཀྱི་ཐོབ་ཐང་དང༌། དགོས་འདུན་འདོན་རྒྱུ་གོ་སྐབས་བྱུང་སྟེ། བུད་མེད ་དཀྱུས་ཙམ་མ་ཡིན་པར། སྐུ་དྲག་གམ་གཉའ་གནོན་གཏོང་མཁན་གྱི་བུད་མེད་རྣམས་ཀྱིས་ཀྱང་བསམ་ཚུལ་འདོན་ཐུབ་པ་བྱུང་བ་རེད། 
ཨ་རི་ནང་དུ་བྲན་གཡོག་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་དང༌། མི་ཆོས་དང་འགལ་བའི་མི་ནག་པོ་བྲན་གཡོག་དུ་ཉར་བརངོ་རྒོལ། ནང་ཁུལ་གྱི་དམག་འཐབ ༡༨༦༥ བཅས་ཀྱི་ ལས་འགུལ་ཁྲོད་བུད་མེད་ལ་ཡང་ཐོབ་ཐང་དགོས་འདུན་འདོན་རྒྱུའི་གོ་སྐབས་ བྱུང་ཏེ་བུད་མེད་གྱི་ཐོབ་ཐང་ བརྩོན ་ལེ ན་བྱས་ཡོད་པ་རེད།  མི་རིགས་ནག་པོའི་བུད་མེད་ Sojourner Truth (1806-1882), Sarah Mapp Douglas (1806-1882) Harriet Tubman (1823-1913), Ellen Craft (1806-1891)རྣམས་ནི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་དབུ་ཁྲིད་ཡིན་པ་དང༌། ཁོང་ཚོས་བུད་མེད་ཀྱི་དཀའ་སྡུག་ལ་དོ་སྣང་བྱུང་བ་མ་ཟད། དོན་གནད་འདི་མཐོང་ཆེན་དུ་བརྩིས་ཏེ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་ལས་འགུལ་མང་པོ་སྤེལ།་ ཨ་རིའི་ནང་དུ་བུད་མེད་ཀྱི་ཐོབ་ཐང་ཐད་རྒྱལ་ཡོངས་རང་བཞིན་ལྡན་པའི་ཚོགས་ཆེན ༡༨༤༨ ལོའི་ཟླ་བ་ ༧ པའི་ཚེས ༡༩ འཚོགས་པ་དང༌། ཚོགས་ཆེན་དེའི་ཐོག Elizabeth Dady Stanton (1815-1905) ལགས་གྱི་བུད་མེད་ལ་སྲིད་
དོན་གྱི་འོས་ཤོག་བླུགས ་ རྒྱུ་ཐོབ་ཐང་དགོས་འདུན་འདོན་ཡོད་པ་རེད། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་བརྩམས་ཏེ་མི་རབས་བཞི་དང༌།  Wollstonecraft  བསམ་ཚུལ་གསར་བའི་དུང་བརྡ་བསྒྲགས་ ཏེ་ལོ་ངོ་ ༡༢༦  གྱི་རྗེས་སུ་སྤྱི་ལོ་ ༡༩༡༨ ལོར་ དབྱིན་ཇུའི་གཞུང་གྱི་བུད་མེད་ལ་སྲིད་དོན་ཁྲོད་འོས་བླུགས་རྒྱུ་འམ༌། ཡང་ན་འོས་ཐོབ་ ཆོག་པར་རྒྱབ་སྐྱོར་ཐོབ།་ དུས་མཚུངས་སུ་ཁ་ན་ཌ་དང༌། འཇར་མན།  ནོར་ཝེ།  སེ་ཝེ་ཌན། ཨ་རི་སོགས་སུ་བུད་མེད་ལ་འོས་ཤོག་ཐོབ། རྒྱ་ནག་དང་ཉི་ཧོང་ནང་དུ་དུས་རབས་བཅུ་དགུའི་དུས་མཇུག་ཏུ་བུད་མེད་རྣམས་ཀྱིས་འོས་འདེམས་གྱི་དབང་ཆ་བརྩོན་ལེན་གྱི་ལས་འགུལ་མགོ་ཚུགས་ཡོད་པ་རེད། སྦ་ཟིལ་གྱི་ནང་དུ་སྤྱི་ལོ་ ༡༩༣༢ ལོར་བུད་མེད་ལ་འོས་ཤོག་ཐོབ། སྲིད་དོན་ཁྲོད་བུད་མེད་ལ་འོག་ཤོག་ཐོབ་སྔ་ཤོས་ནི་ཨོ་སི་ཀྲི་ར་ལེ་ཡ་ཡིན། དེ་ཡང་བུད་མེད་དཀར་པོ་ཞིག་ལ་འོས་ཤོག་ཐོབ་ཡོད་པ་ལས་ས་སྐྱེས་རྡོ་སྐྱེས་ཀྱི་བུད་མེད་ལ་འོས་ཤོག་ཐོབ་ཡོད་པ་མ་རེད།   
སྤྱིར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་རྣམས་ནི་ཆེས་རླབ་ས་ཆེ་བའི་སྤྱི་ཚོགས་ཀྱི་འགྱུར་བ་དང༌། གསར་བརྗེ་རང་བཞིན་གྱི་ལས་འགུལ་ཏེ།བྲན་གཡོག་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་དང༌། ནང་ཁུལ་གྱི་དམག་འཁྲུག་དང་འབྲེལ་ནས་བྱུང་བ་དང༌། ཧྥ་རན་སི་ལ་མཚོན་ནའང༌།     ཧྥ་རན་སིའི་གསར་བརྗེ་དང་འབྲེལ་ཡོད་ལ། དབྱིན་ལན་ནང་དུ་འང་དམངས་གཙོ་དང༌། རང་དབང་བརྩོན་ལེན་གྱི་ལས་འགུལ་དང་
འབྲེལ་ཡོད་པ་རེད། ལས་འགུལ་འདི་དག་གི་དམིགས་ཡུལ་ནི་སྐྱེས་པ་དཀྱུས་མ་རྣམས་ཀྱི་ཁེ་ཕན་ལ་དམིགས་ནས་སྤེལ་བ་ཡིན༌། སྐབས་དེར་བུད་མེད་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། སོ་སོའི་དགོས་འདུན་དང་རེ་བ་བཏོན་ནས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་བྱས་ཡོད་པ་རེད།་ བུད་མེད་ལ་འོས་ཤོག་གི་ཐོབ་ཐང་རག་པ་ནས་བཟུང༌། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ཀྱིས་ཐབས་ལམ་མང་པོ་བརྟེན་ཏེ། བུད་མེད་རྣམས་ཀྱི་དཀའ་ངལ་དང༌། གདུག་རྩུབ་གྱི་གཉའ་གནོན་འོག་ཡོད་པའི་གནས་སྟངས་ལ་ཞིབ་འཇུག་ཞིབ་ཚགས་བྱས་ཏེ། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ཀྱི་དམིགས་གཏད་བྱེད་ས་གཙོབོ་ཁག་ནི། ཁྲིམས་ཀྱི་གཏན་ལ་ཕབ་པའི་གནས་སྟངས་དང༌། ཕོ་མོ་འདྲ་མཉམ་གྱི་སློབ་གསོ། སྲིད་དོན་ཁྲོད་བུད་མེད་ཀྱི་འཐུས་མི་དགོས་པའི་རེ་འདུན་བཏོན་པ་མ་ཟད། ནང་ཁྱིམ་དྲག་སྤྱོད་དང༌།   མཁྲིག་སྤྱོད་བརྙས་བཅོས། ཕོ་མོ་བར་ལ་ལས་ཀ་དབྱེ་འབྱེད་བྱས་པ། བཙན་གཡེམ་བྱེད་པ། གཞང་བཙོང་གི་ལས་ཀ་བཅས་ལ་ངོ་རྒོལ་དང༌། ལས་ཀ་འདྲ་མཉམ་ལ་ཕོགས་ཐོབ་འདྲ་མཉམ་དགོས་བཅས་ཡིན།
བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་བསམ་ཚུལ་སྟེ། ཕོ་མོ་འདྲ་མཉམ་གྱིསའགྲོ་བ་མིའི་་ཐོབ་ཐང་ལ་ལོངས་སུ་སྤྱོད་པ་དང༌།ཕོ་མོ་གཉིས་ཀྱིས་ཕན་ཚུན་ལ་འདྲ་མཉམ་གྱི་བརྩི་བཀུར་བྱེད་རྒྱུ་དེ་ཡིན། བསམ་ཚུལ་འདི་ནི་ནུབ་ཕྱོགས་པའི་བསམ་བློ་ཁོ་ན་ཡིན་ནམ་ཞེ་ན༌། དེ་ནི་ནུབ་ཕྱོགས་པའི་བསམ་བློ་ཁོ་ན་གཏན་ནས་མིན།  དེང་སྐབས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང༌། བོད་མིའི་བསམ་བློར་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཞུགས་ཡོད་སྨྲས་མ་དགོས། དེ་བས་ནང་བ་སངས་རྒྱས་ཀྱི་ལུགས་ལྟར་ན༌། ཕོ་མཆོག་མོ་དམན་གྱི་དབྱེ་འབྱེད་མེད་པར༌། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་སྒྲུབ། རང་གིསེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་པ་བཞིན་ཆོས་སྒྲུབ་ལ་ཕོ་མོའི་ལུས་རྟེན་གྱི་དབྱེ་འབྱེད་བྱས་མེད། ཡིན་ནའང་ཆོས་ལུགས་མི་སྣའི་ལག་ལེན་ཁྲོད་དུ་ཕོ་མོ་དབྱེ་འབྱེད་ཀྱིས་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ངན་པ་བོད་སྤྱི་ཚོགས་ཀྱི་ཤ་དང་རུས་པའི་གསེང་དུ་གནས་ཡོད།སངས་རྒྱས་ཆོས་ལུགས་བས་ཐམས་ཅད་སྟོང་བ་ཉིད་དུ་འདོད་པ་དང༌། དེ་ལྟར་ཡིན་ཕྱིན་འཇིག་རྟེན་གྱི་སྣོད་བཅུད་ཡོངས་རྫོགས་འཕྲུལ་སྣང་ཡིན་པས་གྲལ་རིམ་དང༌། མི་རིགས་དབྱེ་འབྱེད། མཚན་རྟགས་གི་ཕོ་མོའི་དབྱེ་འབྱེད་ཀྱང་འཕྲུལ་སྣང་ཡིན་པ་མཐོང་ཐུབ། མི་འདྲ་བ་མང་པོ་གསར་བསྐྲུན་དང་ཡང་ན། ཕྱི་རོལ་བཟོ་དབྱིབས་མི་འདྲ་བ་གཞིགས་ནས་རིན་ཐང་ཐག་གཅོད་བྱེད་པའི་དོན་སྙིང་དེ་ཡང་སྙིང་བོ་མེད་པ་མཐོང་ཐུབ། དེང་རབས་ཀྱི་བསམ་བློ་བས་་དེ་ལ་སྐྱོན་བརྗོད་བྱེད་ངེས་ཡིན༌། དེ་ནི་སྲོལ་རྒྱུན་བསམ་བློ་ནི་མི་རིགས་ཤ་མདོག ཕོ་མོ་དབྱེ་འབྱེད་མེད་པར་བཟོ་བ།འཛམ་གླིང་འདིའི་ནང་དུ་གནས་ཡོད་པའི་དཀའ་ངལ་བུད་མེད་ཀྱི་ཐོབ་ཐང་དང༌། མི་ཚང་མ་འདྲ་མཚུངས་ཀྱིཐོབ་ཐང་དང༌།  རང་དབང་ལོངས་སུ་སྤྱོད་རྒྱུར་བགོག་རྐྱེན་བཟོ་བཞིན་ཡོད།བླ་མ་དཔོན་པོས་དབང་བསྒྱུར་པའི་དོན་སྤྱི་ལ་དོན་སྙིང་མེད་པ་དང༌། བཀོལ་སྤྱོད་མེད་པའམཁྱེན་དགོས་པ་ཡིན། དེ་དང་དུས་མཚུངས་སུ་ཉིན་རེའི་འཚོ་བའི་ཁྲོད་དུ་གཉའ་གནོན་དང༌། གདུབ་རྩུབ། དཀའ་ངལ་མྱོང་བཞིན་པ་ལ་རྒྱབ་སྐྱོར་བྱས་དེ་གལ་ཆེན་ཡིན།

བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་བོད་དང་འབྲེལ་བ་ཡོད་དམ།
བུད་མེད་ཐོབ་ཐང་བརྩོན་ལེན་རིང་ལུགས་ཀྱིས་བོད་ཀྱི་བུད་མེད་ལ་ཁེ་ཕན་སྤྲོད་ཐུབ་དེ། ཁྲིམས་ཀྱི་གཏན་ལ་ཕབ་པའི་གནས་སྟངས་དང༌། ཕོ་མོ་འདྲ་མཉམ་གྱི་སློབ་གསོ།   སྲིད་དོན་ཁྲོད་བུད་མེད་ཀྱི་འཐུས་མིའི་གོ་གནས ནང་ཁྱིམ་དྲག་སྤྱོད་དང༌། མཁྲིག་སྤྱོད་བརྙས་བཅོས། ཕོ་མོ་བར་ལ་ལས་ཀ་དབྱེ་འབྱེད་བྱས་པ། བཙན་གཡེམ་བྱེད་པ།   གཞང་བཙོང་གི་ལས་ཀ  ལས་ཀ་འདྲ་མཉམ་ལ་ཕོགས་ཐོབ་འདྲ་མཉམ་བཅས་ཀྱི་ཐད་ལ་ལེགས་ཕྱོགས་ཀྱི་ནུས་པ་བཏོན་ཐུབ།   

བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་རིང་ལུགས་ག་འདྲ་ཞིག་ཡིན་ནམ།
བོད་ཀྱི་སྤྱི་ཚོགས་ནི་དུས་ཡུན་རིང་བོར་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་སྤྱི་ཚོགས་ཞིག་ཡིན་པས། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་རྣམས་ཀྱི་བསམ་ཚུལ་ལ་ནང་བ་སངས་རྒྱས་ཀྱི་ཆོས་ཀྱིས་དབང་ཤུགས་ཞུགས་ཡོད་པ་སྨྲས་མ་དགོས།  བོན་ཀྱི་ཆོས་ལུགས་ཀྱི་བསམ་ཚུལ་ཡང་ནུས་ཤུགས་ལྡན་པའི་ངང་ནང་བ་སངས་རྒྱས་ཀྱི་ཆོས་དང་མཉམ་བསྲེས་བྱས་ཡོད་པས༌། བོན་ཀྱི་ཆོས་ལུགས་ཀྱིས་ཀྱང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐག་བརྩོན་ལེན་བྱེད་མཁན་རྣམས་ཀྱི་བསམ་ཚུལ་ལ་ཤུགས་རྐྱེན་ཞུགས་ཡོད་ངེས་ཡིན།བོད་ཀྱི་སྤྱི་ཚོགས་ནང་དུ་བུད་མེད་ལ་སྲིད་དོན་ཁྲོད་གོ་གནས་རག་པ་ནི་༧གོང་ས་མཆོག་གིས་ ༡༩༩༦༢ ལོར་བོད་ཀྱི་རྩ་ཁྲིམས་གཏན་འབེབས་བྱས་རྗེས་བྱུང་བ་མ་ཟད། གྲོས་ཚོགས་ནང་དུ་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་འབྱེད་ཀྱིས་ཆོལ་ཁ་རེ་ནས་བུད་མེད་གཉིས་རེ་གྲོས་ཚོགས་འཐུས་མིར་འདེམས།  ༡༩༩༢ ལོར་བོད་ཀྱི་རྩ་ཁྲིམས་ལ་འགྱུར་བ་བཏང་ཏེ་མི་མང་གིས་འོས་ཤོག་བླུགས་ཏེ་བུད་མེད་ལ་གྲོས་ཚོགས་ཀྱི་འཐུས་མིའི་འོསཤོག་ཐོབ། ཡིནའང་བོད་ཀྱི་སྤྱི་ཚོགས་ནང་དུ་བུད་མེད་ལ་དཀའ་ངལ་མང་པོ་ཡོད་པ་བཤད་ཕོད་པ་དང༌། ཐོབ་ཐང་མང་པོ་བརྩོན་ལེན་བྱེད་རྒྱུ་གལ་ཆེ།  བོད་མི་ཞིག་དང་བུད་མེད་ཐོབ་ཐང་བརྩོན་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས་ཐོབ་ཐང་བརྩོན་ལེན་བྱེད་དགོས།  དེ་ནི་ཆེ་རླབས་ཆེ་བ་ཞིག་མ་ཡིན་ནའང༌། མིའི་སྤྱི་ཚོགས་ནང་དུ་ཡིན་ལུགས་ཚུལ་དང་ལྡན་པའི་ལས་ཀ་ཞིག་ཡིན་པ་དང༌། ང་ཚོ་ལོ་རྒྱུས་ཁྲོད་དུ་སྤོབས་པ་སྐྱེས་འོས་པའི་ལེ་ཚན་གསར་བ་ཞིག་ཀྱང་ཡིན། བོད་ཀྱི་སྤྱོ་ཚོགས་ཁྲོད་དུ་སྙན་གྲགས་ཅན་གྱི་བུད་མེད་གང་མང་བྱུང་ཡོད། དཔེར་ན་མ་གཅིག་ལབ་སྒྲོན་ནི་དུས་རབས་བཅུ་བའི་ནང་དུ་བོད་དུ་བྱུང་བའི་མཁས་མཛངས་གཉིས་ལྡན་གྱི་བུད་མེད་ཞིག་ཡིན་པ་དང༌། ཁོང་མོའི་མཚན་སྙན་ནི་གངས་ཅན་བོད་ཙམ་མ་ཡིན་པར༌། བལ་ཡུལ་དང་རྒྱ་གར་བཅས་ན་འབྲུག་ལྟར་གྲགས་ཡོད་པ་རེད། ཁོ་མོས་སློབ་དཔོན་དུ་མ་བསྟེན་ནས་མཁས་པའི་ཡང་རྩེ་སོན་པ་དང༌། མ་གཅིག་གིས་གཅོད་ཀྱི་གཞུང་ལུགས་གསར་བརྩམ་མཛད་དེ་དར་སྤེལ་ཆེ་ཆེར་མཛད། སྤྱིར་གངས་ཅན་ཡུལ་དུ་རྒྱ་གར་གྱི་གཞུང་ལུགས་བོད་དུ་དར་སྤེལ་བྱེད་སྲོལ་ཤུགས་ཆེན་ཡོད་པ་རེད།  མ་གཅིག་གིས་གཅོད་ཀྱི་གཞུང་ལུགས་རྒྱ་གར་ཡུལ་དུ་དར་སྤེལ་མཛད་པ་ནི་བོད་རང་ནས་ས་སྐྱེས་རྡོ་སྐྱེས་གཞུང་ལུགས་གཏིང་ཟབ་མོ་ཞིག་རྒྱ་གར་ཡུལ་དུ་དར་སྤེལ་དང༌།  རྒྱ་གར་གྱི་མཁས་གྲུབ་རྣམས་ལ་བཀའ་ཆོས་གནང་བ་ཁོ་ན་དེ་ཡིན་ངེས།
མ་གཅིག་རྒྱ་གར་ལ་ཕེབས་ཏེ། དེང་སང་ཁར་ན་ཀྲ་ཁའི་མངའ་སྡེ་ཁོངས་ཀྱི་སྦེ་ལ་ཀོལ་པེལ་འཁྲིས་ཀྱི་་རི་བོ་ཞིག་སྟེང་དུ་རྒྱ་གར་གྱི་རྣལ་འབྱོར་ཐོ་པ་སྦ་ཀྲ་ཞེས་པ་ཞིག་དང་མཉམ་དུ་སྒྲུབ་པ་ཉམས་ལེན་མཛད། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་འཁྲུངས། མ་གཅིག་གིས་སྒྲུབ་པ་ཉམས་ལེན་གྱི་མཚམས་ལ་བཞུགས་སྐབས། ཕྲུ་གུ་རྣམས་ཐོ་པ་སྦ་ཀྲས་གསོ་སྐྱོང་གནང་བ་དང༌། ཁོ་མོས་མཚམས་གྲོལ་རྗེས་ཁོ་མོས་ཕྲུ་གུ་གསོ་སྐྱོང་བྱས། ཁོང་གི་སྐུ་ཟླ་ཐོ་པ་སྦ་ཀྲས་སྒོམ་གྱི་ཉམས་ལེན་མཛད་དེ་ཁོང་གཉིས་རེས་མོས་ཕྲུ་གུ་གསོ་སྐྱོང་མཛད།  ཕྲུ་གུ་རྣམས་ལོ་ན་ཆུང་དུས་ཨ་མ་དགོས་གལ་ཆེ་བའི་སྐབས་སུ་མ་གཅིག་གིས་སྒྲུབ་པ་ཉམས་ལེན་མཛད་ཡོད་པ་དང༌། ཕྲུ་གུ་རྣམས་ནར་སོན་རྗེས་ཁོ་མོས་ཕྲུ་གུ་རྣམས་ཆོས་སེམས་ཁོངས་སྐོར་སློབ་གསོ་སྤྲད་པ་དང༌།ཁོང་མོའི་བུ་མོས་གཅོད་ཀྱི་གཞུང་ལུགས་རྒྱུད་འཛིན་གནང༌། མདོར་ན། མ་གཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཅིག་ནང་བོད་དུ་བྱུང་བའི་མཁསགྲུབ་གཉིས་ལྡན་ཡིན་པ་རེད། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་གྲུབ་ཆའི་རྒྱུ་རྐྱེན་ཞིག་ཞིག་ནི༌། ང་ཚོ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་དང་འབྲེལ་ནས་གྲུབ་པ་ཡིན། གོང་དུ་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་བུད་མེད་ཐོབ་ཐང་བརྩོན་ལེན་སྐོར་གྱི་ལོ་རྒྱུས་མདོར་ཙམ་བརྗོད་པ་བཞིན།    རྒྱལ་ཁབ་སོ་སོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འབྲེལ་ནས་བུད་མེད་ཀྱི་ལས་འགུལ་བྱུང་བ་ཡིན། ལོ་རྒྱུས་འཕེལ་རིམ་མི་འདྲ་བའི་ཁྲོད་ནས་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གྱི་ལས་འགུལ་ཀྱང་མི་འདྲ་བྱུང་ཡོད་པ་དང༌།  བུད་མེད་རྣམས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་བཟུང་ནས་རང་ཉིད་ཀྱི་ཁེ་ཕན་ཆེད་ལས་འགུལ་སྤེལ་ཐུབ་པ་བྱུང་ཡོད་པ་རེད།    རང་རའི་བོད་ལ་མཚོན་ནའང་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་དང་མཉམ་དུ་བུད་མེད་ཀྱི་གནས་བབས་ལ་ཡང་འགྱུར་གང་བ་འཚམ་ཞིག་བྱུང་ཡོད་པ་དེས། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་གྲུབ་ཆའི་རྒྱུ་རྐྱེན་ཞིག་ཞིག་ནི། ས་དབྱིབས་གནས་སྟངས་དང་སྲིད་འཛིན་གྱི་ཁྱབ་ཁོངས་མི་འདྲ་བ་བརྟེན་ནས་གྲུབ་ཡོད་པ་རེད། བོད་ནི་ས་རྒྱ་ཆེ་ཞིང་བོད་མི་རྣམས་ཁ་བཀྲམས་ནས་གནས་ཡོད་པ་དང༌། བོད་ཀྱི་ས་ཁུལ་ཡོངས་ནི་ཡོ་རོབ་ས་ཁུལ་ཡོངས་ལས་རྒྱ་ཆེ་པོ་ཡོད་པ་རེད།

རྩོམ་ཡིག་འདི་བློ་བཟང་རབ་རྒྱས་ལགས་ཀྱིས་དབྱིན་ཡིག་ནང་བྲིས་པ་དང༌། ཕྲན་གྱིས་བོད་བསྒྱུར་གྱིས་ཁ་སྐོང་ཁག་གཅིག་བྱས་ཡོད།

http://www.paldengyal.com/?p=334

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php