རང་ཉིད་དང་རྒྱལ་ཁབ་ཀྱི་བཅོས་བསྒྱུར།

 

བསྟན་ཟླ་ནས་རྒྱ་གར་གྱིི་ཉིན་རེའི་ཚགས་ཤོག་ལས་བསྒྱུར།

 

གཅིག་གྱུར་གྱི་ཕུགས་བསམ་ཞེས། བླ་ན་མེད་པའི་ཕུགས་བསམ་ཞིག་སྟེ། དེ་མེད་པས་ཁྱིིམ་ཚང་དང་། བཟོ་གྲྭ་དང་། ཚོགས་པ་དང་། འཛམ་གླིང་གི་ནང་ལ་ཆ་བགོས་ཐེབས། བདག་འཛིན་ནི་སྡེ་ཚན་གང་རུང་ཆ་བགོས་སུ་འགྲོ་བའི་རྒྱུ་རྐྱེན་ཡིན། ཁྱིིམ་ཚང་ཞིག་ལ་རྙོག་འཛིང་ཡོད་པ་དང་། བཟོ་གྲྭ་ཞིག་ལ་དབང་བསྒྱུར་ལྡན་པ་དང་། ཚོགས་པ་ཞིག་ལ་དབྱེ་འབྱེད་མཆིས་པ། མངའ་སྡེ་རེ་ཡིས་རང་བཙན་འདོད་ཅིང་། རྒྱལ་ཁབ་བར་ན་དམག་འཁྲུག་འབྱུང་། འདི་དག་ཐམས་ཅད་ནི་གཅིག་གྱུར་གྱི་ཕུགས་བསམ་མེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། གལ་ཏེ་གཅིག་གྱུར་གྱི་ཕུགས་བསམ་འདི་ཡོད་ན། འཆམ་མཐུན་གྱི་ཁྱིམ་ཚང་དང་། སྟོབས་ལྡན་གྱི་རྒྱལ་ཁབ་དང་། འཛམ་གླིང་ཧྲུལ་པོ་ཞི་བདེ་བག་ཕེབས་ཀྱི་ཁྱིམ་གཞིས་ཤིག་ཏུ་འགྱུར། འོན་ཀྱང་། ཡང་དག་པའི་ཕུགས་བསམ་དང་ལྡན་ཡང་ལག་ལེན་དུ་མ་བསྟར་ན། དེ་ནི་སྟོང་བསམ་ཞིག་གི་ངོ་བོ་ལས་མ་འདས་པར་ལུས། ཆོས་ཀྱི་གོ་བ་ཟབ་མོ་དང་རིག་གཞུང་གི་ཚད་གཞི་མཐོན་པོ་ཡོད་ཀྱང་། ང་ཚོས་ད་དུང་ཡང་སྡུག་བསྔལ་མྱོང་དགོས་པ་ནི་ང་ཚོས་ཤེས་ཡོན་དེ་དག་དངོས་སུ་སྤྱད་དེ་ལག་ལེན་དུ་མང་ཙམ་མ་བསྟར་པས་ཡིན། དེར་བརྟེན། ཕུགས་བསམ་དང་ལྷན་དུ་ལག་ལེན་ཡོད་ན་ད་གཟོད་བཅོས་བསྒྱུར་ཐེབས།

བཅོས་བསྒྱུར་ནི་འགྱུར་བ་ཙམ་མིན། འགྱུར་བ་ནི་རྟག་ཏུ་ངེས་གཏན་མེད་ཅིང་ཕྱི་ཚུལ་ཙམ་ཡིན། ཡིན་ནའང་། བཅོས་བསྒྱུར་ནི་ནང་ལོགས་ནས་གོ་བརྩམས་ཤིང་ནམ་ཡང་འགྱུར་བ་མེད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ནས་ཡར་རྒྱས་ཕྱིན་ཚར་བའི་རྒྱལ་ཁབ་ཅིག་ལ་ བསྒྱུར་བ། ལམ་ཐག་རིང་པོ་ཞིག་བརྒྱུད་རྗེས་ང་ཚོས་ཆབ་སྲིད་ཀྱི་རང་དབང་མེད་པའི་ལུང་པ་ཞིག་བསྒྱུར་ཡོད་ལ། འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུའང་། ང་ཚོ་ནི་འཛམ་གླིང་ཧྲུལ་པོ་སྣེ་ཁྲིད་ཐུབ་པའི་ནུས་ཤུགས་དང་ལྡན་པའི་རྒྱལ་ཁབ་ ཞིག་ལ་བསྒྱུར་ཐུབ། འོན་ཀྱང་། ནུས་ཤུགས་དེ་མངོན་འགྱུར་དང་ཕུགས་བསམ་དེ་མངོན་སུམ་དུ་ཡོང་བ་ལ། རྩ་ཁྲིམས་དང་ཁྲིམས་ཁང་། ཤེས་ཡོན། དཔལ་འབྱོར།  འགྲིམ་འགྲུལ། ཆབ་སྲིད་ཀྱི་སྒྲོམ་གཞི་ཙམ་མ་ཡིན་པར། ང་ཚོ་ལ་གཞི་རྩའི་བཅོས་བསྒྱུར་དགོས། ང་ཚོ་ལ་བསམ་བློའི་ཁ་ཕྱོགས་དང་ལྟ་བ་གསར་པ་ཡི་བཅོས་བསྒྱུར་དགོས།

"ང་ཚོས་སྟོབས་ལྡན་དང་མཐུན་སྒྲུལ། འབྱོར་ལྡན། ལྐོག་ཟ་རུལ་སུང་མེད་པ་དང་། དངོས་གནས་ཀྱི་ཤེས་ཡོན་། དྲང་བདེན་གྱི་རྒྱ་གར་ཞིག་འདོད་ཀྱིན་ཡོད། འོན་ཀྱང་། ང་ཚོས་རྒྱ་གར་ལ་ང་ཚོ་ནས་ཅི་ཞིག་དགོས་པ་བསམ་མྱོང་ཡོད་དམ། རྒྱ་གར་ལ་བཅོས་བསྒྱུར་ཚར་བའི་ལྷག་བསམ་དང་ལྡན་པའི་མི་སྣ་དགོས། ས་ཁམས་རིག་པས་ས་ཁྱོན་ཞིག་ལ་མི་ཚོགས་ཤིག་གནས་པ་ལ་ལུང་པ་ཟེར་ཞིང་། ས་ཁྱོན་ཞིག་ལ་མི་དམངས་ཤིག་འཚོ་བ་ལ་རྒྱལ་ཁབ་ཟེར། ང་ཚོས་ཇི་ལྟར་བྱས་ཏེ་མི་འབོར་ཞིག་མི་དམངས་ལ་བསྒྱུར་དགོས། རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་བ་ལ་ཐུན་མོང་གི་ཆེད་དུ་ངེས་པར་དུ་དམིགས་ཡུལ་ཞིག་ཡོད་དགོས་པ་དང་། དེ་དང་མཉམ་དུ་མི་རེ་ངོ་རེ་ལ་སྐུལ་ལྕག་ཞིག་ཐེབས་དགོས། འགྱུར་མེད་ཀྱི་དམིགས་ཡུལ་དེ་འདྲ་ཞིག་ལ་བརྟེན་ནས་ད་གཟོད་ང་ཚོས་བདག་འཛིན་དང་ སྒེར་སེམས་ཕམ་པར་བྱེད་ནུས།

མི་སྒེར་དང་སྤྱི་ཡི་བཅོས་བསྒྱུར་གྱི་ཕྱིར་དུ་ང་ཚོས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱེད་དགོས། བཅོས་བསྒྱུར་དེ་བརྒྱུད་གཞིི་ནས་བཅོས་བསྒྱུར་གྱི་རྒྱ་གར་ཞིག་གྲུབ་ཡོང་། གལ་ཏེ་རྒྱ་གར་མི་དམངས་རྣམས་འཛམ་གླིང་གོང་བུ་གཅིག་གྱུར་ཡིན་སྙམ་པའི་ཕུགས་བསམ་ཤིག་དང་ལྷན་དུ། གཟུགས་པོ་བདེ་ཐང་དང་། སེམས་པ་སྐྱིད་པོ། རྣམ་དཔྱོད་ལྡན་པ། རིག་གཞུང་གིས་འཐིམ་པ། རྒྱལ་ཞེན་ཅན་དང་། ཆོས་དད་ཅན་ཞིག་ལ་བསྒྱུར་ན། རྒྱ་གར་མི་དམངས་ཚོས་སོ་སོ་སྒེར་ལ་མཐོང་དང་གོ་ས་རག་པ་མ་ཟད། ད་དུང་རྒྱ་གར་མི་དམངས་རྣམས་ནི་འཛམ་གླིང་སྒང་གི་སྤྱི་ཚོགས་ཡོངས་ལ་ཞབས་འདེབས་ ཞུ་མཁན་ཞིག་ཆགས་འགྲོཞེས་སྲུ་བ་མས་ཅུན་མ་དྷ་ཡ་ཡིས་གསུངས་ཡོད།

ལ་ཁུ་སྤྱི་མས་སྡར་མ་ཞིག་ནས་དཔའ་བོ་རཱ་ནུས་ལ་བསྒྱུར་ཞིང་། རྒྱ་གར་གྱིས་གཉའ་གནོན་པ་ལ་ཕྱི་རྒོལ་བྱས་ཡོད། སྔོན་ཆད་རྒྱ་གར་གྱི་མི་དམངས་གཉིད་ནས་སྡོད་སྐབས། ན་རན་དྷ་ཁོང་སྲུ་བ་མས་བེ་བེའུ་ཀན་དྷུ་ལ་བསྒྱུར་བཞིན་པ་དང་། རྒྱ་གར་ཡང་ཉམ་ཐག་ཞིག་ནས་སྟོབས་ལྡན་ལ་བསྒྱུར། དེ་བཞིན་རྗེ་མུ་སྲེ་རྒྱས་ཀྲཱ་ཀྲཱ་རྒྱ་གར་གྱི་བཟོ་གྲྭའི་མེས་པོ་ལ་བསྒྱུར་ དུས། རྒྱ་གར་གྱིས་རད་ཉིད་ལ་འཛམ་གླིང་ཧྲིལ་པོ་དང་འགྲན་ཆོག་པའི་ནུས་ཤུགས་དེ་ཡོད་པ་ངོས་འཛིན་རྙེད་གོ་བརྩམས། ཡང་སྔར་རྒྱ་གར་གྱིས་རང་དབང་འཐབ་རྩོད་བྱེད་དུས། མ་ཀཱ་གན་དྷི་ཁོང་བདག་ཉིད་ཆེན་པོ་གན་དྷི་ལ་བསྒྱུར་བཞིན་པ་དང་། དེ་དུས་རྒྱ་གར་ད་དུང་རང་དབང་འཐོབ་རྒྱུའི་ལམ་དབར་དུ་ཡོད། བེ་རྒྱས་ཨ་མང་ཁོང་བེ་རྒྱས་ཀང་རན་ལ་བསྒྱུར་དུས། འོ་མ་འདང་ངེས་ཤིག་མེད་པའི་རྒྱ་གར་འཛམ་གླིང་སྒང་འོ་མའི་ཐོན་ཚད་ཆེས་མང་ཤོས་དེ་གྱུར། དེས་ན་དེ་རིང་གི་མི་རབས་གསར་པ་རྣམས་ནི་རང་ཉིད་ཀྱི་བཅོས་བསྒྱུར་དེ། འཛམ་གླིང་གོང་བུ་སྐྱོབ་ཐབས་ཡིན་ཟེར་ནས་སྲོལ་རྒྱུན་གྱི་རིག་གནས་ལས་སད་ནས་ཡོད།

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php