རྡོ་རྗེ་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༠
ནང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲཊ་བྱེད་མཁན་གྱི་ཉེས་མིང་འོག བོད་མདོ་སྨད་རྨ་ལྷོ་སོག་རྫོང་གི་རྩོམ་པ་པོ་ཨ་རི་འཇིཊ་མེད་ལགས་ལོ་ ༣ དང་ཟླ་ ༡
རིང་རྒྱ་ནག་ལན་ཀྲུ་གྲོང་ཁྱེར་གྱི་བཙོན་ཁང་ཨང་དང་པོའི་ནང་བཙོན་འཇུག་བཀག་ཉར་བྱས་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་རྒྱ་གཞུང་གིས་ཁོང་ཀློད་གྲོལ་བཏང་ཡོད་འདུག་ཀྱང་།
བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་བཏང་སྟབས་ཁོང་གི་སྒལ་ཚིགས་དང་མཁལ་མ་ནད་པ་ཆཊ་ཡོད་པ་མ་ཟད། བཙོན་ཁང་དུ་ཚེམ་བཟོའི་ལས་ཀ་བྱས་བཅུག་ཏེ་མིག་སྐྱོ་བོ་ཆགས་པ་སོཊ་གཟུཊ་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག་ལ།
དེ་སྔོན་ཁོང་དང་འགྲོགས་འདྲིས་ཟབ་པའི་གྲོགས་པོ་ཚོས་ངོས་མི་ཟིན་པའི་གནས་སུ་གྱུར་ཡོད་པ་དང་།
ཁ་སང་ཁོར་ལྟ་རུ་ཕྱིན་པའི་བོད་མི་ཞིག་གིས་ཁོང་གི་ཀླད་པ་དང་སེམས་ཁམས་ཀྱང་ཅུང་ཟད་མི་བདེ་བར་ཆགས་ཡོད་པའི་ཚོར་སྣང་བྱུང་ཡོད་སྐོར་བརྗོད་འདུག
རང་ལོ་ ༢༨ ཡིན་པའི་རྩོམ་པ་པོ་ཨ་རི་འཇིཊ་མེད་དམ་འཇིཊ་མེད་རྒྱ་མཚོ་ལཊ་ནི། བོད་མདོ་སྨད་རྨ་ལྷོ་སོག་རྫོང་ཁུ་སུན་ཡུལ་ཚོ་བེ་སི་ཆུང་བ་སྡེ་བའི་ཕ་ཤེས་རབ་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་པ་དང་། ༡༩༩༥ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད་འདུག་ལ། རིམ་གྱིས་ཤིང་དཔར་ཆེན་མོར་ལས་ཀ་ཡང་བྱས་ཡོད་འདུག ༢༠༠༦ ལོའི་ཕྱི་ཟླ་ ༨ ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཡོད་པ་དང་། སློབ་གྲྭར་སྡོད་སྐབས་ཁོང་གིས་ཕྱི་ཕྱོཊ་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་མགོ་ལོག་འཇིཊ་མེད་དང་འཇིཊ་མེད་མགོ་རིལ། འགར་རྩེ་འཇིཊ་མེད་བཅས་ཀྱི་ལོ་རྒྱུས་དང་གནས་སྟངས་ངོ་སྤྲོད་གནང་ཡོད་འདུག ༢༠༡༠ ལོར་སློབ་མཐར་ཕྱིན་རྗེས་སྐྱ་སར་བབས་ཡོད་པ་དང་། སྐབས་དེར་ཁོང་གྲོཊ་པོ་ཞིག་དང་མཉམ་དུ་རྨ་ལྷོ་ཁུལ་སྐལ་བཟང་མེ་ཏོག་གླུ་གར་ཚོགས་པའི་ཟབ་སྦྱོང་འཛིན་གྲྭ་བསྡུ་རུ་ཕྱིན་སྟེ། དེར་ཡོད་གྲོཊ་པོ་དང་ངོ་ཤེས་བརྒྱུད་སློབ་ཕྲུག་ཚོར་ཡར་སྐུལ་བྱས་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༠ རེབ་གོང་སློབ་མའི་ཡར་ལངས་སྐབས་ཀྱི་སྣེ་འཁྲིད་བྱས་ཡོད་འདུག ཕྱི་ཟླ་ ༡༠ བའི་ཚེ་མགོར་ཕྱིར་ཀན་ལྷོ་གཙོད་གྲོང་ཁྱེར་དུ་ཡོང་སྟེ་སློབ་མའི་ཡར་ལངས་སྐོར་གྱི་གནས་ཚུལ་ཕྱིར་བསྒྲཊ་བྱེད་སྐབས་གཙོད་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ༢༠༡༢ ལོའི་ཧོར་ཟླ་ ༡ ཚེས་ ༡༤ ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཀན་སུའུ་ཞིང་ཆེན་ལན་ཀྲུ་གྲོང་ཁྱེར་གྱི་བཙོན་ཁང་ཨང་དང་བོར་བཙོན་འཇུག་བྱས་ཡོད་འདུག
ཁོང་གིས་དེ་སྔོན་ཨ་རི་དང་ཨ་རི་འཇིགས་མེད། རྣམ་མཁྱེན། སྟོབས་ལྡན་སོགས་ཀྱི་སྙུང་མིང་སྤྱད་དེ་བོད་ནང་གི་དུས་དེབ་དང་ཚཊ་པར་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་འདུག་ལ། དེའི་ཁྲོད་ཀྱི་༼མིག་ཆུ་ས་ལྷུང་དུས༽ ཞེས་པའི་རྩོམ་ཡིག་དེ་འཐུས་ཚབ་རང་བཞིན་གྱི་རྩོམ་ཡིག་ཅིག་ཏུ་བགྲང་གི་ཡོད་པ་དང་། ཕྱི་ཕྱོཊ་ཀྱི་དུས་དེབ་༼མཐོ་སྒང་གི་རྒྱབ་མདུན༽ དུའང་ཁོང་གི་རྩོམ་པ་པོ་རྒན་པ་ཞིག་ཁ་བརྡ་བྱས་པའི་རིཊ་དང་གཞན་གྱི་རྩོམ་ཡིག་དང་གནས་ཚུལ་སོཊ་མཁོ་སྤྲོད་བྱས་ཡོད་འདུག
ས་ཡོད་འདུག
གསར་འགོད་པ། དོན་གོ བོད་ཀྱི་དུས་བབ་ལས།
ཁྲིམས་ཁང་གི་རྒྱ་སྒོ་གཏོར་བའི་ཞི་རྒོལ།
དེ་རིང་ཟླ་༣ཚེས་༡༨ཉིན་གཙང་དགོན་པའི་དགེ་འདུན་པ་བཅུ་བདུན་དང་གཞན་ཡང་མི་སྐྱ་གཉིས་བཅས་ལྷན་ཅིག་ཏུ་བོད་ནང་གི་ཆུ་ཚོད་བརྒྱད་ལྷག་ཅིག་ནས་མགོ་བརྩམས་ཏེ་རྨ་ལྷོ་སོག་པོ་རང་སྐྱོང་རྫོང་གི་གཞུང་ལམ་དུ། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། ང་ཚོར་རང་དབང་དགོས། ཞེས་པ་སོགས་ཀྱི་སྐད་འབོད་ཁྲོམ་སྐོར་གནང་འདུག གང་འཚམ་ཞིག་ནས་ས་གནས་སྤྱི་བདེ་མི་སྣ་མང་པོ་ཐོན་ནས་ཚང་མ་བཟུང་ནས་ཁྲིམས་ཁང་དུ་ཁྲིད་འདུག སྐབས་དེར་ཁྲོམ་གཞུང་གི་མི་མང་འདུ་ཚོགས་ཇེ་ཆེར་གྱུར་ནས་མི་ཉིས་སྟོང་ལྷག་ཅིག་རིམ་འདུས་ཀྱིས་ཁྲིམས་ཁང་གི་སྒོ་ཁར་འཛོམས་ཏེ་ཁོང་ཚོ་གློད་དགོས་པའི་སྐད་འབོད་བྱས་ཤིང་རིམ་བཞིན་ངར་ཤུགས་ཇེ་ཆེར་སོང་ནས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་ཤོག་ཅེས་སྐད་འབོད་བྱས་པ་མ་ཟད་ཁྲིམས་ཁང་གི་རྒྱ་སྒོ་གཏོར་ནས་ནང་དུ་ཤོར་འདུག སྐབས་དེར་སྤྱི་བདེ་ལས་ཁུངས་ནས་ཞི་རྒོལ་པ་ཚང་མ་མི་གློད་ཐབས་མེད་ཆགས་འདུག དེ་ལྟར་མི་དམངས་ཀྱི་སྐད་འབོད་མཚམས་འཇོག་ནས་གྲོལ་དུས་ཕྱི་དྲོའི་ཆུ་ཚོད་ལྔ་པར་སླེབས་འདུག་ཟེར། སྐབས་དེར་ད་དུང་གཙང་དགོན་པ་ནས་ཆེད་དུ་རླངས་འཁོར་ཆེན་པོ་གཉིས་གླས་པའི་དགེ་འདུན་པ་དྲུག་ཅུ་ལྷག་ཅིག་རྫོང་གི་ཉེ་འཁྲིས་སུ་ཐོན་འདུག་པ་དམག་མིས་བཀག་འདུག ད་དུང་ཉིན་གང་བོར་རྫོང་ཉེ་འཁྲིས་ཀྱི་སློབ་གྲྭ་ཆུང་འབྲིང་གསུམ་ཡོད་པ་ཚང་མའི་སྒོ་ཆེན་བརྒྱབ་ནས་སློབ་མ་གཅིག་ཀྱང་ཕྱིར་འབུད་བཅུག་མི་འདུག
རྗེས་སུ་ཕྱི་ལོགས་གང་ཞིག་ནས་དམག་དཔུང་རླངས་འཁོར་ཁག་ཅིག་འབྱོར་འདུག་པའི་གསར་གནས་རགས་བསྡུས་སུ།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
ཐོར་རྒོད་པ་སྤྱན་ཆབ།
ངའི་ ཕ་ཡུལ་ནི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ངའི་ཕ་ཡུལ་ནི་གླུ་སྐད་གཉོམ་པོ་ཞིག་ཡིན། མ་ཟད་ངའི་ཕ་ཡུལ་ལ་རྒྱ་ནག་གི་གཡོ་འཕྲུལ་དང་ལྗན་ལྗིན་གྱིས་ཁ་སྨེ་དང་བསླུ་ བྲིད་མང་དུ་བྱས་ཡོད། དེ་ནི་དང་པོར་བོད་ནས་སྐྱེས་ཀྱང་ཁྱོད་རང་བོད་མི་མིན་རེད་ཟེར་བ་ལྟ་བུ་དང་། གཉིས་པ་ཀ་ཁ་བསླབས་ཀྱང་ཀྱང་ཁྱོད་ཀྱི་རང་སྐད་མ་རེད་ཟེར་བ་ལྟ་བུ་སོགས་ཀྱིས་ དྲང་པོ་འཁྱོགས་བརྗོད་དང་དངོས་མ་རྫུན་ཚིག་ཏུ་གྲུབ་པའི་དབང་དང་བཀའ་ཆོས་མང་ནས་ མང་དུ་བསྩལ་མོད་ཀྱང་།
དེ་ རིང་སྟེ་སྤྱི་ཚེས༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་༩དང་ཕྱེད་ཀ་ཡས་མས་སུ་ཡུལ་དེ་ གའི་གྲྭ་མང་གིས་མདུན་བསུས་ནས་མི་སྐྱ་རེ་གཉིས་དང་བཅས་རྒྱ་ནག་གཞུང་ལ་ངོ་རྒོལ་ བྱས་ཡོད་པ་དང་འབོད་ཚིག་དུ་༼རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཡོད། ང་ཚོར་རང་དབང་དགོས་ཡོད། སྐད་ཡིག་བདེ་སྤྱོད་ཀྱི་ཐོབ་ཐང་དགོས་ཡོད་༽སོགས་ཀྱི་སྐད་འབོད་བྱས་མཐར། རྒྱ་ནག་གཉེན་རྟོག་པ་དང་བདེ་སྲུང་མིི་སྣས་མཐའ་སྐོར་ཏེ་མི་གྲངས་ཉི་ཤུ་ཡས་མས་ ཤིག་དེ་འཕྲལ་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་པའི་གནས་ཚུལ་འབྱོར་འདུག་མོད།
ཕྱི་ དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཟིན་ཙམ་ནས་རྫོང་དེ་གའི་གནས་སྡོད་འབྲོག་འབངས་ ཉིས་སྟོང་ཙམ་གྱིས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཡོད། ང་ཚོར་སྨྲ་བརྗོད་རང་དབང་དགོས་༽སོགས་ཀྱི་འབོད་ཚིག་སྒྲོག་གཞིན་༼རང་རེའི་བོད་ མི་རྣམས་ད་ལྟ་ཉིད་དུ་གློད་གྲོལ་གཏོང་དགོས་༽པའི་སྐད་འབོད་བྱས་ཏེ་རྒྱ་གཞུང་ བཙོན་ཁང་གི་སྒོ་ཆེན་གཏོར་ཏེ་ནང་དུ་བླུགས་ཡོད་པས་ན། དེ་གའི་ཆུ་ཚོད་བཞི་ཡས་མས་སུ་མིག་སྔར་བཙོན་དུ་བཅུག་ཟིན་པ་རྣམས་གློད་གྲོལ་མི་ གཏོང་ག་མེད་ཆགས་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་དྲུག་པའི་རྗེས་ཀྱི་འཇིགས་སྣང་དང་དོགས་སློང་ཡོད་ཚད་ཀྱིས་ དེ་གའི་མི་སུ་ཡིན་ཡང་གཉིད་མི་ཁུགས་པ་དང་། ཡང་ན། གཉིད་རྦད་དེ་མེད་པ་ཞིག་གི་ཚོར་བ་ཡོང་གིན་འདུག་ཅེས་ཀྱང་སྨྲ་མཁན་ཡོད་པ་མི་རེ་ གཉིས་མིན་ཚོད་འདུག་ཟེར་རོ།།
སྐད་ འབོད་དང་རང་ལུས་མེར་མཆོད་ཀྱིས་བོད་པ་ཚང་གི་སྡུག་གི་རྒྱ་མཚོའི་ཟབ་ཚད་ཇི་ལྟར་ གླེང་ཞིང་གླེང་ནའང་། རང་རེ་བའི་བོད་མི་དག་གིས་ནི་ཁྱོད་ཀྱི་དཔའ་བོ་དང་ང་ཡི་ལ་རྒྱ་ཙམ་ལས་རོགས་རམ་ དང་ཕྱར་གྲི་མཉམ་འདེགས་ཀྱི་ལས་ལ་གཞོལ་བ་ཤིན་ཏུ་ནས་ཀྱང་ཉུང་བས་ན། ངའི་ཕ་ཡུལ་གྱི་གྲོང་ཚོ་ཆུང་ངུ་དེ་ནས། ངའི་ཕ་ཡུལ་གྱི་གླུ་སྐད་གཉོམ་པོ་དེ་ནས། ད་དུང་དུའང་དོན་དངོས་ཀྱི་བོད་མིའི་སྐྱིད་སྡུག་མཉམ་མོང་དང་དྲང་བདེན་གྱི་ང་ ཚོ་ཁྱོད་ཀྱི་རྒྱབ་ན་ཡོད་པའི་དཔང་ཡིག་དང་བདེན་པ་བྲིས་ནས་རྔམ་རྔམ་བརྗིད་ བརྗིད་ཀྱིས་འཚོ་ཞིང་འཚོས་ནའང་།གློ་བུར་བའི་གསང་འཕྲིན་དང་ལྐོག་རྙི་ཡོད་ཚོད་ ཀྱིས་ཁྱོད་ཀྱི་ཞབས་ཀྱི་རི་མོ་རེ་རེ་ལ་བལྟས་ཤིང་བརྟག་ནས་ཡོད་པས་ན།
ཁྱོད་ ནི་ཁ་སང་། ཁྱོད་ནི་དེ་རིང་། ཁྱོད་ནི་སང་ཉིན་གྱིས་ཆུ་ཚོད་ཀྱིས་དེད་པའིོ་སྐར་མདའ་རེ་རེ་བཞིན་གཅིག་ཀྱང་ཐར་ ས་མེད་པ་དེའོ།།དེ་བས་ཕྱིར་ན། རང་གི་ཡུལ་གྱིས་བགྱིས་པའི་དཀའ་བ་དང་དཔའ་སྤོབས་ཡོད་ཚད་ལ་ཡི་རངས་དང་དགའ་མཉེས་ འཕེལ་ཞིང་། བླ་ལྷག་ཏུ་བཙོན་ཁང་གི་སྒོ་ཆེན་བཅག་པས་ཤེད་ཤུགས་ཆེ་འདུག་ལ་ངོ་གདུང་དམར་རྗེན་ པ་ཡོད་ཚད་རྒྱང་ཤེལ་དང་པར་ཆས་སུ་བསྟན་པས་གླེན་རྟགས་ཆེ་དྲགས་པ་མིན་ནམ་སྙམ་པ་ རེའང་ལན་རེར་སྐྱེས་ཡོང་བ་ཞིག་རེད་ཅེས་པ་དེའོ།།
ཡིན་ ན་ཡང་། ༼བོད་བོད་ཡུལ་ན་སྐྱིད་དང་རྒྱ་རྒྱ་ཡུལ་ན་བདེ་༽ཅེས་པའི་གཏན་ཚིག་དེ་ལས་བརྡོལ་ ཅིང་ཤ་དང་ཁྲག་གི་འཁོན་དང་དགྲ་རུ་གྱུར་ཡོད་པའི་དེ་རིང་གི་དུས་འདི་ལ་བསམ་ན།
ངས་ཕ་ཡུལ་གྱིས་ཁ་སྤོ་ལག་ཏུ་བླངས་འདུག་ལ། ངའི་ཕ་ཡུ་ནས་སྐྱིད་སྡུག་མཉམ་མྱོང་བྱས་བཞག་འདུག ཡིན་ན་ཡང་། འདི་ནི་གླེན་རྟགས་ཤིག་མ་རེད་དམ་ཟེར་བའམ་དེ་ནི་ཞེད་བྲལ་རིགས་ཤིག་མ་ཡིན་ནམ་
ཟེར་མཁན་ཡང་ཡོད་རེད།
དེ་ལྟ་བུས་ན། ངའི་ཕ་ཡུལ་གྱི་མི་རྣམས་ཀྱིས་རང་ཚོད་རང་གིས་འཛིན་ནུས་སམ་ཞུ་བ་དང་རང་ལུས་རང་གིས་ཉར་ཐུབ་བམ་ཞུས་པ་དེ་ཡིན།
གཙོ་ཆེར་ཞུ་བ་ཞིག་ལ། རང་རིགས་ཡོད་ཚོད་ཀྱིས་ཅི་བྱས་ལ་ཁྱོད་དང་ཁྱོད་ཀྱིས་སྒོ་ཆེན་ཡོད་ཚད་གཏོར་ཅིང་བཅོམས་པར་བྱེད་ནུས་སམ་ཞུ་བ་དང་།
ཁྱོད་ཀྱིས་ཁོ་བོའི་དཔའ་སྙིང་ལ་ཉིན་མཚན་ཡོད་ཚད་དུ་མིག་ལྟོས་དང་བརྟན་སྲུང་བྱེད་ཐུབ་བམ་ཞུ་པ་དེའོ།།