ངའི་ཡིད་ཀྱི་མར་མེ་ཚེ་འབར

              

 ----ཨ་ཞང་ལུ་གུ་སྐྱབས་ལ་ཕུལ

 

རིགས་རྒྱུད་གཅིག་ལས་མཆེད་ཅིང་།།

ཁྱིམ་རྒྱུད་གཅིག་ལ་སྐྱེས་བའི།།

ཨ་ཞང་ལུ་གུ་སྐྱབས་ལགས།།

ཁ་ལས་དར་བའི་སྨོན་ལམ།། 

ཚེ་ཐག་རིང་བའི་བཀྲ་ཤིས།།

 

ཆུང་དུས་མིག་གིས་འཚོས་ཞིང་།།

ནམ་ཡང་བྱམས་ཀྱིས་སྐྱོང་བ།།

ཚེ་གང་བུ་རུ་སྐྱོང་མཁན།།

ཨ་ཞང་ལུ་གུ་སྐྱབས་ཁྱོད།།

སྐུ་བསོད་དར་བའི་སྐྱབས་འཇུག།

 

སྤྱི་དམངས་ཡོངས་ལ་ཕན་ཞིང་།།

ཕན་ཚུན་ཕྱོགས་རིས་མེད་པའི།།

ཡོངས་ཀྱི་མཐེ་མོང་སྒྲེང་ས།།

ཨ་ཞང་ལུ་གུ་སྐྱབས་ཁྱོད།།

མགོ་ཁྲིད་ཉི་མ་གཞོན་ནུ།།

 

ང་གཙོས་བཟའ་མི་ཡོངས་ལ།།

བདེ་སྐྱིད་འཚོ་བ་སྐྲུན་མཁན།།

བཀའ་དྲིན་རྫོགས་མཐའ་བྲལ་བའི།།

ཨ་ཞང་ལུ་གུ་སྐྱབས་ཁྱོད།།

ནད་མེད་ཆེ་རིང་ལོ་བརྒྱ།།

 

ཚེ་གང་གཙུག་ཏུ་བཀུར་ཅིང་།།

བཀའ་དྲིན་བརྗོད་ཐབས་མེད་པའི།།

ཨ་ཞང་ལུ་གུ་སྐྱབས་ཀྱི།།

བཟའ་མི་ཡོངས་ལ་བཀྲ་ཤིས།།

ལྷག་ཏུ་ཁྱོད་རང་ཁ་དྲོ།།

[27/11/13 13:19:47] 塔哇加 : མདའ་ཐར་བ་སྐྱབས་ཀྱིས

[27/11/13 13:20:44] 塔哇加 :

 

ལ་རྒྱའི་འབོད་པ།

 

རང་དབང་མེད་པ་མ་རེད།

སོག་ཡིག་མེད་པ་མ་རེད།

ཕ་སྐད་ཉམས་པའི་དུས་འདིར།

ཕ་སྐད་དར་ན་བསམ་ཀི

 

རྩྭ་ཐང་མེད་པ་མ་རེད།

སོག་གུར་མེད་པ་མ་རེད།

སྲོལ་རྒྱུན་ཉམས་པའི་དུས་འདིར།

སོག་གུར་མང་ན་བསམ་ཀི

 

སྤང་ཐང་མེད་པ་མ་རེད།

ཅང་ཤེས་མེད་པ་མ་རེད།

སོག་རྟའི་རྨིག་རྗེས་བསམ་ན།

རྟ་མཆོག་འཕེལ་ན་བསམ་ཀི

 

གྱོན་པ་མེད་པ་མ་རེད།

སོག་རྩག་མེད་པ་མ་རེད།

རྣམ་པ་འགྱུར་ཀི་བསམ་ན།

གོན་ནི་མང་ན་བསམ་ཀི

 

ཇིང་གེར་བུ་ཚ་རྣམས་ཀྱི

རང་རིགས་རང་མི་བསམ་ན།

བསམ་པ་གཅིག་ལ་བཟུང་ནས།

ལག་རྡང་སྦྲེལ་ན་བསམ་ཀི

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php