{}ü üGh¤Å-q-GÅï¼-ŸÝm-fÛGÅ-qü

 

།བླ་མ་འཇམ་དཔལ་རྡོ་རྗེ་ལ། །མི་ཕྱེད་དད་པས་ཕྱག་འཚལ་ནས།
།ལས་འཕྲོ་བཟང་པོའི་སྐལ་ལྡན་ལ། །གདམས་པ་གསེར་ཞུན་ཐིགས་པ་མཆོད།
 
།ལྷོ་ཕྱོགས་མ་ལ་ཡ་ཡི་ཚལ་ཞིག་ན།  །ཆོས་ཀྱི་འབྲས་དཀར་སྤུངས་པའི་གྲྭ་ཞིག་ན།
།བློ་བཟང་འདུན་བརྩོན་གཤོག་རླབས་མ་ཉམས་པར། །བསླབ་གསུམ་རྒྱ་མཚོར་རོལ་བའི་ངང་ཕྲུག་གསོན།


།བློ་ཡིད་ངེས་འབྱུང་ཆོས་དང་འགྲོགས་ལགས་སམ། །བཟང་བོ་སེམས་བསྐྱེད་ས་བོན་ཚུགས་ལགས་སམ། 

།རྒྱ་ཆེན་གཞུང་ལ་ཐོས་བསམ་དགེ་ལགས་སམ། །མཚོ་ཆེན་འཁོར་བའི་ཕ་རོལ་སྒྲོལ་བཞིན་ནམ།


།མདོ་སྔགས་ཟུང་དུ་འདོམས་ལ་མཁས་དང་གཅིག །ཚུལ་ཁྲིམས་བརྟུལ་ཞུགས་གྲུབ་པས་བཙུན་དང་གཉིས། 

།བྱང་ཆུབ་སེམས་དང་ལྡན་པས་བཟང་དང་གསུམ། །མཚན་ལྡན་རྒྱུད་པའི་བླ་མ་ཁྱོད་ཀྱིས་བསྟེན།

 

།གཞུང་ཀུན་གདམས་པར་གོ་བའི་མཁས་དང་གཅིག །དམ་ཚིག་སྡོམ་པ་ཐུབ་པས་བཙུན་དང་གཉིས། 

།གཞན་ཕན་བྱང་སེམས་བསྐྱེད་པས་བཟང་དང་གསུམ། །སྣོད་ལྡན་ཆོས་ཀྱི་སློབ་མ་ཁྱོད་ཀྱིས་མཛོད།

 

།ཇི་ལྟར་འཚང་རྒྱའི་ཐབས་མཆོག་ལམ་གྱི་རིམ། །ཇི་ལྟར་ཉམས་ལེན་ལྟ་སྤྱོད་སྒོམ་པའི་ཚུལ།
།ཇི་བཞིན་ངེས་ཤེས་འདྲོངས་པའི་ནངས་མོ་ནས། །ཇི་སྙེད་ཤེས་བྱའི་སློབ་གཉེར་ཁྱོད་ཀྱིས་སྐྱུརད།
 
།སྟོབས་བཞི་ཚང་བའི་ཕྱག་སྐོར་མང་མང་བྱོས། །ད་དུང་ལུས་སྒྲིབ་ལྷག་མའི་སྦྱངས་འཕྲོ་མངས།
།ནམ་ཞིག་མཁའ་འགྲོ་ཆོས་སྐྱོང་གྲོགས་སུ་འཁོར། །དེ་དུས་ད་གཟོད་བསེ་རུའི་དཔའ་ཚུལ་སྤྱོད།
 
།ཚེ་འདིར་ཞེན་ན་ཆོས་པ་མིན། །འཁོར་བར་ཞེན་ན་ངེས་འབྱུང་མིན།
།བདག་དོན་སེམས་པ་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན།
 
།ཆོས་སྤྱོད་རྣམ་དག་མན་ངག་འདི། །བླ་མ་འཇམ་དཔལ་དབྱངས་ཀྱིས་གསུངས།
།གྲུབ་པ་དུ་མའི་གཤེགས་ཤུལ་ནས། །ད་དུང་མིན་མེད་ཆོས་བཞི་མཐོང༌།
 
།རྩོད་གྲྭ་འགྲིམས་པ་དགོན་པ་མིན། །ཉམས་ལེན་མེད་ན་ཆོས་སྤྱོད་མིན།
།དབང་ལུང་མ་བསྐུར་སྨིན་གྲོལ་མེད། །དམ་ཚིག་མེད་ན་དངོས་གྲུབ་མེད།
 
གྲོགས་ཁྱོད་སྐལ་བ་ལྡན་སྙམ་ནས། །སྙིང་ནས་གདམས་པ་འདི་ཡིན་ནོ།
།ང་ནི་ཐོས་ཉུང་སྤྲང་ལྡོམ་ཞིག །སུ་ཡིན་རྩད་གཅོད་བྱེད་དགོས་མེད།
 
།ནམ་ཞིག་བུ་ཁྱོད་བསེ་རུ་བཞིན། །བས་མཐའི་གནས་དག་འགྲིམས་པའི་དུས།
།ང་ཡང་རི་དྭགས་རྨས་མ་བཞིན། །རིསུལ་ཞིག་ནས་མཇལ་ཡང་སྲིད།
 
།ལྷག་བསམ་བཟང་པོའི་བཟོ་བོ་ཡིས། །གདམས་པ་གསེར་ཞུན་བཞུས་པའི་ཐིགས།
།ཐོས་བསམ་བདུད་རྩི་འཛིན་པ་ཡི། །སྒོམ་མཆོག་སྣོད་དུ་གྲུབ་གྱུར་ཅིག

 
གྲོགས་མཆོག་བློ་བཟང་རྒྱ་མཚོ་ལ་གསང་ཡིག་ཅིག་གི་ཚུལ་དུ་ཆུ་ཕོ་སྤྲེལ་གྱི་ཆོ་འཕྲུལ་ཟླ་བའི་ཚེས་བཟང་བཅོ་ལྔར་སྦྱར་བ་དགེའོ།། ༎

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php