མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་རིག་དུས་དེབ་ཆེ་གྲས་ <<སྦྲང་ཆར>> རྩོམ་སྒྲིག་ཁང་གིས་ལོ་གསུམ་རེའི་ནང་བོད་མདོ་དབུས་ཁམས་གསུམ་གྱི་བརྩམ་སྒྲུང་དང་དཔྱད་རྩོམ། སྙན་ངག ལྷུག་རྩོམ་བཅས་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་ཕུལ་བྱུང་བརྩམས་ཆོས་ཁག་དྲག་འདེམས་བྱས་ཏེ་བྱ་དགའ་སྤྲོད་ཀྱིན་པ་ལྟར། ཉེ་ཆར་སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམ་ཚོགས་ཆུང་གིས་རྩོམ་པ་པོ་བཀྲ་བྷ་ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང<< ནས>>དང་། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བརྩམས་པའི་སྒྲུང་ཐུང<<ལམ་གྱི་ཉི་འོད>> རྩོམ་པ་པོ་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི་སྒྲུང་ཐུང< མིས་ཁྱི་ལ་རྨུགས་པ་ལྟ་བུའི་གསར་འགྱུར>བཅས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དང་རྩོམ་པ་པོ་བདུད་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི<<དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད>> ཅེས་པར་སྦྲང་ཆར་དཔྱད་བརྗོད་བྱ་དགའ། རྩོམ་པ་པོ་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་བརྩམས་པའི་སྙན་ངག<ངའི་ཕ་ཡུལ་བདའ་ཚང་>དང་། རྩོམ་པ་པོ་ཀླུ་བྱམས་རྒྱལ་ལམ་ཁུ་བྱུག་སྔོན་མོ་ལགས་ཀྱིས་བརྩམས་པའི་སྙན་ངག<འུག་པ་གླེང་བ>ཞེས་པ་གཉིས་ལ་སྦྲང་ཆར་སྨྱུག་གསར་བྱ་དགའ་བཅས་ཐོབ་ཡོད་པའི་གཏམ་བཟང་གོ་བྱུང།

 

    <<སྦྲང་ཆར>>ནི་གངས་ལྗོངས་ཀྱི་ཀློག་པ་པོ་དང་རྩོམ་པ་པོའི་ལྗང་མྱུག་ཚར་དུ་དངར་བ་གསོ་སྐྱོང་གི་སྦྲང་ཆར་བསིལ་མ་དངོས་ཡིན། ཐེངས་འདིར་རྩོམ་རིག་གི་གཟེངས་རྟགས་བརྩམས་ཆོས་སམ་རྩོམ་པ་པོ་བདམས་པ་དག་ཀྱང་ངོ་མ་ཐོབ་འོས་པ་ཤ་སྟག་ལ་ཐོབ་འདུག་པས། ངས་རང་ཉིད་ཙམ་མ་ཟད་པེན་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ཡི་རང་བསྔགས་བརྗོད་དང་མུ་མཐུད་དམིགས་འབེན་མ་ཡོ་བར་མདུན་ནས་མདུན་དུ་སྐྱོད་པའི་གཞེན་སྐུལ་ཞུ་བཞིན་ཡོད།

 

མེ་ལྕེ་རང་ཁྱིམ་དུ་གློད་འདུག (དགུ་རོང་སྤུན་གྲོལ།)

རྩོམ་པ་པོ: phakpalha ཚེས: 11/04/2011 - 07:18

སྐུ་ཞབས་མེ་ལྕེ་ལགས་ཟླ་སྔོན་མའི་ཚེས་༡༩ཉིན་ཁོང་གི་གཞུང་སྒྲུབ་ཁང་ནས་རྒྱ་གཞུང་བདེ་འཇགས་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཏེ། དུས་དེ་རིང་གློད་གྲོལ་བཏང་ཡོད་འདུག ན་གཞོན་བློ་འབྱེད་པར་འབོད་པའི་མེ་ལྕེ་ལགས་ཀྱིས་དུས་ཀྱི་གནས་བབ་དང་སྤྱི་དམངས་ཀྱི་ཉེ་སར་བཅར་ནས་ལྗགས་རྩོམ་མོད་པོ་གནང་ཡོད་ལ། ལྗགས་རྩོམ་དེ་དག་གིས་བོད་ཀྱི་བསམ་བློའི་རིག་གནས་ཀྱི་ཞིང་སར་བརླན་པར་བྱས་ནས་རྟོགས་སད་ཀྱི་མྱུ་གུ་ལེགས་པོ་སྨིན་པའི་ཆ་ལ་ཉེར་ལེན་གྱི་ནུས་པ་ཆེན་པོ་བསྐྲུན་ཡོད། བསམ་བློ་རིག་གནས་གླེང་མཁན་ཞིག་དང་། རྒྱུ་འབྲས་བློ་མིག་གིས་འཚོ་མཁན་ཞིག་ཡིན་ཚེ། བཙོན་དུ་ཚུད་པ་དང་དམོད་ཀྱིས་མནར་བ་ནི་རྒྱུན་ལྡན་ཞིག་ཡིན་པ་རེད། དེ་ནི་ཁོང་གིས་སྔ་ནས་རྟོགས་ཏེ་ཚེར་མའི་ལམ་གྱི་ངོ་བོ་དང་རྣམ་པར་ངེས་ཤེས་ཟབ་མོ་རྙེད་ཡོད་འདུག

སྤྱི་དམངས་ཀྱི་ཐོབ་ཐང་འཚོལ་ཞིབ་བྱེད་པའི་མཁས་པ་རྣམས་ཀྱིས་འདས་པའི་ལོ་རྒྱུས་ལ་ཁ་རྡུང་དྲག་པོ་བཏང་ཞིང་། བཙན་དབང་བཀོལ་བའི་སྲིད་ཚོགས་ལ་གདོང་གཏད་དེ་རྒྱུ་འབྲས་བློ་མིག་གིས་འཚོ་བས་ན། ཁོང་ཅག་གི་ལམ་ནི་ཆེས་རྙོག་འཛིང་ལྡན་པ་དང་རང་ཉིད་ཀྱི་ལུས་སེམས་ལ་རྨ་ཁ་ཡང་ནས་ཡང་དུ་གཏོད་ཀྱིན་ཡོད་པ་ནི་སྔར་འཛམ་གླིང་ཤར་ནུབ་གང་དུ་ཡང་ཡོད་པར་གྱུར། ད་ལྟར་ཤར་གླིང་གཙོས་པའི་བོད་གངས་ཅན་པའི་ཡུལ་དུ་ཡང་ཤེས་ཡོན་པའི་སྒལ་ཚིགས་གཅོག་པའི་ཉེར་བསྡོགས་རྩོམ་གྱིན་ཡོད་པས་ན། འབྱུང་འགྱུར་རྒྱུ་འབྲས་བློ་མིག་གིས་འཚོ་བའི་བོད་ཀྱི་ན་གཞོན་པའི་སྡེ་འདི་ཡང་ག་འདྲ་ཞིག་ཏུ་འགྱུར་མིན་དེ་ཚོད་དཔག་བྱེད་དཀའ་བའི་གནས་སུ་གྱར་ཡོད་པས། སྐུ་ཞབས་མེ་ལྕེ་དང་མེ་ལྕེ་འདྲ་བའི་རིགས་རྣམས་རྒྱུ་མི་རྟག་རྩྭ་མགོ་སིལ་བ་ལྟ་བུའི་རྗེས་སུ་འགྲོ་ཉེན་ཆེ། ཡིན་ནའང་། ལོ་རྒྱུས་ཀྱིས་ཁོང་ཅག་བརྗེད་མི་སྲིད་ལ། དེ་རིང་གིས་ཁོང་ཅག་ག་ལ་འབོར།

དུས་ད་ལྟར་ངེད་ཀྱིས་གྲོགས་མེ་ལྕེ་རང་ཁྱིམ་དུ་ལོག་པར་དགའ་བའི་རྣམ་འགྱུར་དོད་དུ་སྐད་ཆ་འགའ་ཞིག་ཚིག་ཏུ་བསྡེབས་པ་ཙམ་ཡིན་ལགས།

 

 སྐུ་ཞབས་མེ་ལྕེ་ལགས། ཀྱེད་ཀྱིས་༢༠༠༨་ལོའི་བོད་མིའི་ཞི་བའི་ངོ་རྒོལ་ལམ་སྒེར་ལངས་ཆེན་མོར་ལས་འཕྲོས་པའི་གཏམ། <<ས་འབར་རྡོ་འབར>>ཞེས་པ་ལེའུ་བདུན་གྱི་བདག་ཉིད་ཅན་དེ་བརྩམས་གྲུབ་ནས་ད་གཟོད<<ལྐོག་ཉན་རླུང་འཚུབ>>ཀྱི་གློག་བརྙན་གསོན་པོ་འདི་བྱུང་བ་མིན་ནམ། གལ་ཏེ་ཁྱེད་ཀྱི་དེབ་དེའི་མ་ཡིག་འདིར་སྐྱབས་བཅོལ་ལ་ཕེབས་ཐུབ་ན་ཅི་མ་རུང།མི་ཚང་མ་དང་ལྷག་པར་རྩོམ་པ་པོ་དག་གི་རང་དབང་དང་ཐོབ་ཐང་ལ་གཉའ་གནོན་བྱེད་པ་འདིས། དོན་ལ་མི་དམངས་དགྲ་རུ་སློང་བའི་སྐུལ་འདེད་ལས་ཅི་ཡང་མིན། དེས་ན་དེ་རིང་གི"ལྐོག་ཉན་རླུང་འཚུབ"དམར་གཞུང་ལགས། ཁྱེད་ཀྱིས་མུ་མཐུད་འདི་ལྟར་གནང་རོགས། ང་ཚོའི་འཁོན་སེམས་སླར་གསོ་དང་ཆིག་སྒྲིལ་ཤུགས་ཆེར་གཏོང་རྒྱུ་སོགས་<མི་ཉིད་ཀྱི་རྒྱུ་འབྲས་བློ་མིག>འབྱེད་པར་ཕན་རླབས་ཧ་ཅང་ཆེ།

 

    ཁོང་ལྟ་བུའི་རྩོམ་པ་པོ་རེ་རེ་ནི་མི་རིགས་ཀྱི་མགྲིན་ཚབ་པ་རེ་རེ་ཡིན་ལ། དྲང་བདེན་གྱི་སྙུག་ཐོགས་དཔའ་རྒོད་རེ་རེ་ཡིན། ཁོང་ཚོ་ནི"འོད་ཟེར་གྱི་ལག་པས་མུན་ནག་གི་ངོ་གདོང"འབྲུ་མཁན་ཡིན་པས། "སང་ཉིན། སྐྱ་རེངས་ཀྱི་འཇིག་རྟེན་མུན་པའི་ཁྲོད་བཀྱགས་འོང"ངེས་ཡིན། ཁྱེད་ཅག་གི་རྗེས་ན་གདུང་སེམས་མཉམ་སྐྱེད་དང་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་ཁྲི་འབུམ་ཡོད། བདེན་ལུགས་ཀྱིས་དགྲ་མགོ་གནོན་ཐག་ཆོད་ཡིན།

 

 

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་དུ་ཕྱག་ལས་གནང་བཞིན་པའི་བོད་རིགས་ན་གཞོན་རྩོམ་པ་པོ་གཅོད་པ་ཀླུ་རྒྱལ་ལམསྨྱུག་མིང་ལ་ མེ་ལྕེ ༽ཞུ་བ་ཁོང་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་རང་ཁྱིམ་ནས་རྒྱ་ནག་བདེ་འཇགས་ཉེན་རྟོག་མི་སྣས་བཙན་འཁྲིད་བྱས་ཡོད་འདུག ཉེན་རྟོག་མི་སྣས་ཁོང་གི་ནང་མིར་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་གསལ་བཤད་བྱས་མེད་པ་མ་ཟད། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཡང་གསལ་ཁ་མེད་པ་ཆགས་ཡོད་འདུག

གཞོན་སྐྱེས་རྩོམ་པ་པོ་མེ་ལྕེ་ལགས་ནི། བོད་མདོ་སྨད་ཡ་རྫི་རྫོང་རྡོ་སྦིས་ཤང་རྒྱ་ཚང་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་རིམ་པ་འགྲིམས་ཏེ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཡོད་ལ། ཕྱིས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་རྗེས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དུ་འཕྲལ་སེལ་གྱི་ཕྱག་ལས་གནང་ཡོད་ཅིང་། ད་ལྟའི་ཆར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་དུ་ལས་ཀ་བྱེད་བཞིན་ཡོད་འདུག  ལས་ཀའི་ཞོར་དུ་བརྩམས་ཆོས། ༼མི་གཞིའི་སྙིང་སྟོབས། དང་༼ཁུ་སིམ་ཁད་ཀྱི་དཀྲོགས།༽བཅས་བརྩམས་ཆོས་ཁག་ཅིག་དང་། བདག་དཔེ་ཚོགས་དང་རིག་གཞུང་གསར་བའི་དཔེ་ཚོགས་བཅས་ཀྱི་རྩོམ་སྒྲིག་འགན་འཁུར་བ། ༼དགེ་ཆོས་རྒྱང་མཇལ། ༽དང་༼རང་གྲོལ་ཞིབ་འཇུག༽ དེབ་ཕྲེང་གཉིས། ༼ཕྱིར་རྟོག༽ ནུབ་བྱང་མི་རིགས་སློབ་ཆེན་གྱི་༼ཤར་དུང་རི་དུས་དེབ། བཅས་ཀྱི་ཐོག་མའི་རྩོམ་སྒྲིག་པ་བཅས་གནང་ཡོད་པ་མ་ཟད། ད་ལྟའི་བར་བོད་ནང་གི་དུས་དེབ་དང་དྲ་རྒྱ་སོགས་སུ་དཔྱད་རྩོམ་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་འདུག

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php