༸གོང་ས་མཆོག་གིསཁྱེད་རང་ཚོ་ཐུགས་ངལ་རྩ་བ་ཉིད་ནས་གནང་མི་དགོས།དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད།ངས་དུས་རྒྱུན་དེ་ལྟར་སྨོན་ལམ་རྒྱག་གི་ཡོད།དེ་འདྲ་ཞིག་འབྱུང་བའི་བར་ངའི་མི་ཚེའི་ལོ་ཡི་འདང་ངེས་ཤིག་ཡོང་གི་རེདཅེས་ཟླ་འདིའི་ཚེས་༢༣ ལ་བཀའ་གནང་འདུག

༸གོང་ས་མཆོག་གིསཁྱེད་རང་ཚོ་ཐུགས་ངལ་རྩ་བ་ཉིད་ནས་གནང་མི་དགོས།དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད།ངས་དུས་རྒྱུན་དེ་ལྟར་སྨོན་ལམ་རྒྱག་གི་ཡོད།དེ་འདྲ་ཞིག་འབྱུང་བའི་བར་ངའི་མི་ཚེའི་ལོ་ཡི་འདང་ངེས་ཤིག་ཡོང་གི་རེདཅེས་ཟླ་འདིའི་ཚེས་༢༣ ལ་བཀའ་གནང་འདུག

བོད་གཞུངས་དམངས་ཀྱི་འཐབ་གྲོགས་དམ་པ། མྱ་ངན་ཞུ་འོས། རྗེས་སུ་དྲན་འོས་ཤིག

 

དེ་རིང་ཕྱི་ཚེས་ ༢༦ སྟེ། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བརྒྱད་པའི་ཞོགས་པར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འདས་གྲོངས་སུ་གྱུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཀྱི་མཚན་གནས་གནང་བའི་ཕྱི་གླིང་བ་ཐོག་མ་དང་། ཡུན་རིང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རོ་བྷར་ཌི་ཧྥོར་ཊི་ (Robert W.Ford) མཆོག་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། ཤུལ་ལུས་ནང་མི་ཐུགས་གསོའི་འཚམས་འདྲི་ཆེད་གཞུང་འབྲེལ་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་གནང་སོང་།  

སྐུ་ཞབས་རོ་བྷར་ཌི་ཧྥོར་ཊི་མཆོག་ནི། ༡༩༢༣ ཟླ་ ༣ ཚེས་ ༢༧ ཉིན་དབྱིན་ཡུལ་སི་ཌེལ་ཧྥོར་ཌི་ཤི་རེ་ (Staffordshire) ཞེས་པར་སྐྱེས་པ་དང་། དམག་ཆེན་གཉིས་པའི་སྐབས་དབྱིན་ཡུལ་དང་རྒྱ་གར་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་འཕྲུལ་ཆས་ཀྱི་ཕྱག་ལས་གནང་ཡོད། ༡༩༤༥ ལོར་ལྷ་སར་རྒྱ་གར་དབྱིན་གཞུང་གི་དོན་གཅོད་ཁང་དུ་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་གི་ལས་དོན་དུ་ཞུགས་ཡོད་པ་དང་། སྐབས་དེར་ཁོང་ལ་དགུང་གྲངས་ ༡༡ ཕེབས་པའི་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་དང་པོ་དེ་ཐོབ་ཡོད། ༡༩༤༥ ལོའི་ལོ་མཇུག་སྒང་ཏོག་ཏུ་གནས་སྤོ་བྱས་ཡོད་པ་དང་། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་བོད་དུ་ཕྱིར་ལོག་བྱས་པས་བོད་གཞུང་གི་གཞུང་ཞབས་མཚན་གནས་ཐོག བོད་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་ལས་ཁུངས་གསར་འཛུགས་ཀྱི་ལས་གཞིའི་ཐོག་ལས་བཀོད་གནང་བ་བཞིན་བོད་ནང་རླུང་འཕྲིན་དང་ཏར་འཕྲིན་རྒྱང་སྲིང་གི་ལས་གཞི་ཡོངས་རྫོགས་འགན་འཁུར་རྐང་བཞེས་གནང་སྟེ་བོད་ནང་ཏར་འཕྲིན་གསར་འཛུགས་གནང་བ་མ་ཟད། བོད་མི་ཁག་ཅིག་ལ་ཏར་འཕྲིན་འཛུགས་རྒྱུའི་ལས་གཞིའི་ཟབ་སྦྱོང་ཡང་གནང་ཡོད། ལྷ་སར་ལོ་གཅིག་ཞབས་ཕྱི་ཞུས་རྗེས་གཞུང་གི་བཀོད་མངགས་ལྟར་ལྷ་ས་དང་ཆབ་མདོ་དབར་རྒྱང་སྲིང་མཐུད་རྒྱུ་དང་། བོད་ས་ཡོངས་སུ་རྒྱང་སྲིང་འབྲེལ་མཐུད་ཡོང་ཆེད་ཁོང་སློབ་ཕྲུག་གསུམ་དང་ལྷན་དུ་ཆབ་མདོར་བསྐྱོད་ཡོད།

༡༩༥༠ ལོར་རྒྱ་ནག་བཙན་འཛུལ་དམག་གིས་ཁོང་ལ་གསང་ཉུལ་དང་དམར་ཤོག་ལ་འགལ་ཟླའི་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་ལོ་ ༥ ཙམ་བཙོན་འཇུག་གི་ཉེས་ཆད་བཏང་། ༡༩༥༤ ལོར་ཉེས་མེད་ཉེས་འཛུགས་ཀྱིས་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ནའང་ ༡༩༥༥ ལོ་ཀློད་གྲོལ་བཏང་བ་དང་འབྲེལ་རྒྱ་ནག་ནས་ཕྱིར་འབུད་བྱས། ༡༩༥༧ ལོར་ཁོང་རང་ཉིད་ཀྱི་ཉམས་དང་འབྲེལ་ནས་ ༼བོད་ནང་འཛིན་བཟུང་༽ ཞེས་པའི་དེབ་ཅིག་དཔར་འགྲེམས་གནང་བ་དང་། ༡༩༦༠ ལོར་དེར་སླར་ཡང་༸གོང་ས་མཆོག་གི་ཆེད་བརྗོད་བསྩལ་ཏེ་པར་འགྲེམས་ཞུས། ༡༩༥༧ ལོར་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱས་པ་དང་། ༡༩༨༣ ལོའི་བར་ཝེ་ཐི་ནམ་དང་ཧིན་རྡུ་ནི་ཤི་ཡཱ། ཨ་རི། མོ་རོ་ཁོ། ཨན་གྷོ་ལཱ། ཧྥ་རན་སི། སི་ཝེ་ཌེན་བཅས་དང་། མཐའ་མ་སུད་སི་ཇི་ནེ་ཝར་དབྱིན་གཞུང་གི་གཞུང་ཚབ་བཅས་ཀྱི་འགན་འཁུར་ཞུས་ཏེ། ༡༩༨༢ ལོར་ (Commander of the Order of the British Empire) ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཐོབ་ཡོད།

ཁོང་ནི་ (Tibet Society) ཞེས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་དབུ་འཛུགས་གནང་མཁན་གྱི་གྲས་ཡིན་པ་དང་། ད་ལྟའི་བར་ཚོགས་པ་དེའི་ཚོགས་གཞོན་མཚན་གནས་ཐོག་འགན་འཁུར་རྒྱུན་མཐུད་གནང་ཡོད་པ་དང་། བོད་དོན་ཐོག་རྩོམ་སྒྲིག་དང་གསུང་བཤད་སོགས་འཛམ་གླིང་ཕྱོགས་གང་སར་གནང་ཡོད། ཁོང་གིས་བོད་རང་བཙན་ཡིན་པའི་གནས་སྐབས་ཀྱི་དཔང་པོ་གཙོ་བོ་ཁོང་རང་ཡིན་སྐོར་ཐེངས་མང་གསུངས་མྱོང་ཡོད།  ༡༩༩༦ ཟླ་ ༧ ཚེས་ ༡༧ ཉིན་༸གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་མོ་(Her Majesty Queen Elizabeth) མཆོག་མཇལ་འཕྲད་མཛད་རྒྱུའི་ཐོག་གོ་སྒྲིག་ཞུ་སྒོ་ལེགས་པར་ཞུས་ཡོད། འདི་ལོའི་ཟླ་ ༣ ཚེས་ ༢༡ ཉིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཁོང་གི་གཉེན་ཉེ་དང་དབྱིན་ཡུལ་ཁུལ་གནས་སྡོད་བོད་མི་རྣམས་ཀྱིས་སྐུ་ཁོང་དགུང་ལོ་ ༩༠ ཕེབས་པའི་སྐྱེས་སྐར་སྔ་སྣུར་གྱིས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་སྲུང་གཙི་ཞུས་ཡོད་པ་དང་། སྐབས་དེར་ཁོང་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་གནང་མྱོང་བའི་དྲན་རྟེན་ཆེད་བོད་དངུལ་དངུལ་སྲང་ ༡༠༠ ཐམ་པ་ཕུལ་བ་དང་། ཕྱི་ཟླ་ ༤ ཚེས་ ༡༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་ (Light of Truth Award) ཞེས་པའི་གཟེངས་བསྟོད་ཕུལ་སྐབས་༸གོང་ས་མཆོག་གིས་དངོས་སུ་འབུལ་ལམ་ཞུས་ཡོད།

༄༅།།རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་

 

       སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ། སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་སོག་པོའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་མཉམ་འབྲེལ་ཐོག དེ་རིང་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་(Ulan Bator)གྱི་སོག་པོའི་རང་དབང་ཚོགས་ཁང་ཆེན་མོཞེས་པ་རུ། ༼ རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ། ༽ ཞེས་པ་དེ་དབུ་འཛུགས་གནང་སོང་། 

ཚོགས་འདུའི་སྐུ་མགྲོན་དུ་སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་། སོག་པོའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ། ཨ་རིར་རྟེན་གཞི་བྱེད་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་གི་འགན་འཛིན་ཨ་ཀྱ་རིན་པོ་ཆེ་སོགས་གཙོས། གདན་ཞུའི་ཚོགས་བཅར་བ་རྣམས་དང་ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་མཉམ་ཞུགས་གནང་འདུག

ཚོགས་འདུ་དངོས་གཞིར་རྒྱལ་ཁབ་ ༣༦ གི་བོད་རིག་པའི་མཁས་པ་ ༤༦༠ ཙམ་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་ནང་ནས་ཕེབས་མཁན་པ་སངས་དབང་འདུས་དང་། གུ་གེ་ཚེ་རིང་རྒྱལ་པོ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོའི་འབྲུག་། སྐྱབས་ཆེན་བདེ་གྲོལ་སོགསམཁས་པ་ ༥༠ ལྷག་དང་རྒྱ་གར་ནས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་། ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམབསོད་ནམས་རྒྱལ་མཚན། གཙང་ཕྲུག་སྟོབསསོགས་མི་ ༣༠ ཡས་མས། དེ་མིན་རྒྱལ་ཁབ་གཞན་ནས་འབུམ་རམས་པ་ཚེ་རིང་ཤཀྱཱ་ལགས་དང་ཀྲེས་མཐོང་བསྟན་འཛིན་རྣམ་རྒྱལསོགས་ཕེབས་འདུག

དབུ་འཛུགས་མཛད་སྒོའི་སྟེང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Charle Ramble)ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཐོག་མ་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་ལས། ཞིབ་འཇུག་ཆེད་རྩོམ་ ༦༤༠ ཙམ་ལེགས་བདམས་ཀྱིས་གདན་ཞུ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་བཀག་སྡོམ་འོག་བོད་ནང་ནས་མང་པོ་ཞིག་ཕེབས་ཐུབ་ཡོད་མི་འདུག ད་རེབ་ཀྱི་ཚོགས་འདུ་ཕྱི་ཚེས་ ༢༡ ནས་ ༢༧ བར་འཚོགས་རྒྱུ་ཡིན་པ་དང་། བོད་རིག་པའི་མཁས་པ་རྣམ་པའི་ཆེད་རྩོམ་ཁག་དབྱེ་བ་ ༡༧ ལ་བཀར་ཏེ་ཚོགས་ཆུང་ ༤༧ ལ་ཁག་བགོས་ཀྱིས་སྒྲོགས་སྦྱང་གནང་རྒྱུ་ཡིན་འདུག

ཚོགས་འདུ་དབུ་འཛུགས་ཐོག་སོག་པོའི་ཚན་རིན་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་(Ekhtushin)ལགས་ཀྱིསལ་ཋིན་(Latin)གྱི་སྐད་དང་ཡི་གེས་དུས་རིམ་བར་མའི་ཡུ་རོབ་ཀྱི་རིག་གཞུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱུང་བ་ཇི་བཞིན། བོད་ཀྱི་སྐད་དང་ཡིགེ་ཡང་དུས་རབས་ ༡༦ ནས་ ༡༩ བར་སོག་པོའི་རིག་གནས་དང་རྩོམ་རིག ལག་རྩལ་སོགས་འཕེལ་རྒྱས་འགྲོ་བར་ཕྱག་རྗེས་ཆེན་པོ་བཞག་ཡོད་སྐོར་བརྗོད་སོང་། 

དེ་རྗེས་སོག་པོའི་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་(A.GAL.TBAYAR)ལགས་ཀྱིས། དེང་སྐབས་འཛམ་གླིང་ཡོངས་འབྲེལ་འདྲིས་ཧ་ཅང་སྟབས་བདེར་འགྱུར་བཞིན་པའི་སྐབས་འདིར། ནང་ཆོས་དང་བོད་རིག་པར་ཞིབ་འཇུག་བྱེད་མཁན་སོག་པོའི་མཁས་པ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་མཁས་དབང་ཚོས་ཕན་ཚུན་ཐུག་འཕྲད་དང་། ཉམས་མྱོང་དང་གོ་རྟོགས་སྤེལ་རེས་སོགས་ཞིབ་འཇུག་གི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་གི་ཡོད་སྐོར་བརྗོད་སོང་

སོག་པོའི་ནང་པའི་ལྟེ་གནས་ཀྱི་ཚོགས་གཙོ་བཀའ་བཅུ་པ་རྒྱ་མཚོ་མཆོག་གིས། བོད་གངས་ཅན་གྱི་བོད་མི་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་ནས་ཐུབ་པའི་བསྟན་པ་བོད་དུ་ན་འདྲེན་ཞུས་པ་མ་ཟད། ཁོང་ཚོས་རྩ་ཆེའི་རིག་གཞུང་དེ་ཉིད་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་ལ། དེང་སང་འཛམ་གླིང་གང་སར་བོད་ཀྱི་ནང་ཆོས་དང་དེའི་ཁྱད་དུ་འཕགས་པའི་ཤུལ་བཞག་རིག་གནས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་བོད་ཀྱི་རིག་གཞུང་ལ་དགའ་དད་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོ་ཆེན་པོ་ཧོར་གྱི་སོག་རིགས་ཚོས་བོད་གངས་ཅན་གྱི་ཡུལ་ནས་དམ་པའི་ཆོས་གདན་དྲངས་པ་དེས་ང་ཚོའི་རིག་གཞུང་སོགས་ཕྱོགས་ཡོངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེའི་སྟབས་ཀྱིས་ང་ཚོས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་བོད་མི་རྣམས་ལ་གུས་བརྩི་བྱེད་བཞིན་ཡོད་ལ། བོད་སོག་མི་རིགས་གཉིས་ནི་དམ་པའི་ཆོས་ཀྱི་སྤུན་མཆེད་དུ་བརྩི་བཞིན་ཡོད ཅེས་བརྗོད་སོང་

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆཱར་ལེ་རཱམ་བྷེལ་ལགས་ཀྱིས ཐེངས་འདིའི་ཚོགས་འདུར་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཞིབ་འཇུག་རྩོམ་ཡིག་ ༦༤༠ ཙམ་ཐོ་འགོད་བྱས་ཡོད་ཀྱང་། བོད་ནང་ནས་མང་པོ་ཞིག་ཐེངས་འདིའི་ཚོགས་འདུར་ཞུགས་ཞུབ་ཡོད་པ་མ་རེད། དེ་སོག་པོའི་གཞུང་གིས་བཀག་པ་མ་རེད་ལ། ལམ་གྲོན་སོགས་ཆ་རྐྱེན་གྱིས་མ་འདང་པའང་མ་རེད། དེ་རིང་ཚོགས་ཐོག་ཏུ་གནས་ཚུལ་འདི་གསལ་བོ་ཞིག་མ་ཞུས་ན། ང་ཚོགས་གཙོས་དྲང་བདེན་ལ་བརྩི་སྲུང་མ་བྱས་པ་རེད། རྒྱ་གཞུང་གིས་བོད་རིག་པའི་ཞིབ་འཇུག་པ་མང་པོ་ཞིག་བཀག་འགོག་བྱས་པ་དེས་བོད་རིག་པའི་དཔལ་ཡོན་དེ་འཛམ་གླིང་གི་ཞིབ་འཇུག་ཁྱབ་ཁོངས་སུ་འཛུལ་རྒྱུའི་གོ་སྐབས་འཕྲོགས་པ་རེད། གལ་སྲིད། བོད་ནང་གི་ཞིབ་འཇུག་པ་མང་པོ་ཞིག་འཛུལ་ཞུགས་ཐུབ་ཡོད་ན། འཛམ་གླིང་གི་ཞིབ་འཇུག་བྱེད་ཕྱོགས་དང་རིགས་ལམ་སྣ་ཚོགསསོགས་དངོས་སུ་མྱོང་ཐུབ་ཀྱི་ཡོད་པ་རེད” ཅེས་བརྗོད་སོང་། 

ཁོང་གིས་མུ་མཐུད་དོན།  “ ཐེངས་འདིའི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་རྒྱ་ཆེ་ཤོས་དེ་ཆགས་ཡོད། དཔེར་ན། ཞིབ་འཇུག་རྩོམ་ཡིག་གི་བརྗོད་བྱ། ཡིག་ཚགས་རིག་པ། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ལོ་རྒྱུས་སོགས་རེད་འདུག དེ་མཚུངས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༣༦ ནས་ཚོགས་འདུའི་དངོས་གཞིར་ཚོགས་མི་ ༤༦༠ ལྷག་མཉམ་ཞུགས་བྱས་ཡོད། དེ་རིང་ཚོགས་འདུའི་སྐུ་མགྲོན་དུ་རྒྱ་གར་གཞུང་ཚབ་དང་ཨ་ཀྱ་ཚང་། ཏེ་ལོ་རིན་པོ་ཆེ་སོགས་མཉམ་ཞུགས་གནང་ཡོདཅེས་བརྗོད་བྱུང་

ཁོང་གིས་མུ་མཐུད་དུ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི། ལྷག་པར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཚོགས་འདུ་ཐེངས་བཞི་པ་དེ་(German)གྱི་གྲོང་ཁྱེར་(Leipzig)ནང་ཚོགས་རྒྱུ་ཡིན་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་སོང་། 

གོང་གི་གནས་ཚུལ་དེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཡུལ་དངོས་ནས་བཏང་འབྱོར་བྱུང་བ་བསྡུ་སྒྲིག་གིས་བཀོད་ཡོད།

བོད་ཀྱི་དུས་བབ་ལས་དྲངས།

ཟླ༤་ཚེས་༡༦ ་བོད་ནང་གི་དུས་ཚོད་ ༣ ཡས་མས་ཞིག་ལ་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་ནས་རང་ལོ་༢༠ ཅན་གྱི་དཔའ་མོ་ཕྱུག་མཚོ་ལགས་ཀྱིས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་འདུག

ས་གནས་ནས་གནས་ཚུལ་དངོས་འབྲེལ་བརྗོད་གནང་དོན་ལྟར་ན། ཁོང་མོས་རང་ལུས་མེར་བསྲེགས་གནང་མ་ཐག་ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་རྒྱུན་སྡོད་བླ་གྲྭ་རྣམས་ཀྱིས་ཕོ་ལུང་དང་། བསྔོ་སྨོན་གསུངས་ཡོད་འདུག་ལ། དེ་ནས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག  

 ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས། སྔོན་མར་རང་ལུས་མེར་བསྲེགས་གནང་མཁན་དག་དང་གཅིག་མཚུངས་ཀྱིས། བཙན་བཀའ་བཏང་ནས་ཁོང་མོའི་སྐུ་ཕུང་དེ་རིང་གི་མཚན་མོར་ཞུགས་འབུལ་བྱེད་དགོས་བྱུང་ནས། ད་སྐབས་ཁོང་མོའི་སྐུ་ཕུང་ཞུགས་འབུལ་འབྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ད་སྐབས་ཁོང་མོའི་ནང་དང་། དགོན་པར་གྲྭ་བ་དང་མི་སྐྱ་ཕོ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་གྱིས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག་ཟེར།  

རྒྱལ་གཅེས་དཔའ་མོ་ཕྱུག་མཚོ་ལགས་ཀྱི་ཕ་ཡུལ་ནི། མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་འདུག་ལ། ཁོང་མོའི་ཕའི་མིང་ལ་བསྟན་ཁོ་དང་། མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང་། ཁོང་མོ་གཉེན་སྒྲིག་བྱས་ཏེ་ལོ་ངོ་ ༣ ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་འདུག

གནས་ཚུལ་ཡོང་ཁུངས་ཚངས་དབྱངས་ལགས་ནས།

 

གཞིས་ལུས་བོད་མི་དམངས་ལ་བསྲིངས་པའི་༸གསུང་འཕྲིན་རིན་པོ་ཆེ།

 

༄༅། །དད་དམ་འགྱུར་མེད་གཞིས་ལུས་རྒྱ་ཆེའི་མི་མང་ཐུན་མོང་ལ། བརྗོད་འབྲས། དེང་འཛམ་གླིང་གི་ཁྱོན་འདིར་རྫས་འཕྲུལ་འཕེལ་རྒྱས་ལ་བརྟེན་ནས་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་པོ་ཡོད་ནའང་། ནང་སེམས་ཀྱི་འཁྱེར་སོ་བྱམས་སྙིང་རྗེའི་བསམ་བློས་ཕོངས་ཏེ་རང་གཞན་ཁོས་སུ་མ་ ཕེབས་པར་ཕྱོགས་གང་སར་ཆགས་སྡང་འཁྲུག་རྩོད་རྒྱུན་མི་ཆད་པ་འདི་དག་ལ་ལྟོས་ན་རང་ཅག་གངས་ཅན་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་དྲིན་ལས་བྱམས་བརྩེའི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གི་གོམས་གཤིས་བཟང་པོ་དམིགས་བསལ་ཞིག་མི་རབས་རྒྱུན་ཆགས་སུ་ཡོད་པ་ཡིན།

       འོན་ཀྱང་བར་སྐབས་ནས་རང་ཡུལ་ནང་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་བ་དང་། ལྷག་པར་སྔ་དུས་དང་མི་འདྲ་བར་དེང་སང་ཞིང་འབྲོག་ཐོན་སྐྱེད་འགན་གཙང་ཞེས་ཡུལ་གྱི་རྩྭ་ས་བདག་སྐྱོང་དུད་ཁྱིམ་དང་། སྡེ་ཚན་ཆུང་ངུ་ཁག་མང་ལ་བགོས་པའི་དབང་གིས་འབྲི་གཡག་དང་། བ་གླང་། ར་ལུག་སོགས་ཕྱུགས་རིགས་འཚོ་སྐྱོང་དང་། དབྱར་རྩྭ་དགུན་འབུ་རྐོ་སྐབས་སོགས་ཀྱི་དུས་སུ་ཕན་ཚུན་ས་མཚམས་བརྒལ་རེས་ཕྲན་བུ་ལ་བསྙད་དེ་བསམ་མེད་དོན་མ་གོ་འགའ་ཞིག་ནས་བོད་མི་རིགས་ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱར་ཇི་མི་སྙམ་པར་ལམ་སང་གྲི་མེ་མདའ་ལ་འཆང་ནས་ལག་འགྱོགས་རྒོལ་འཛིངས་ བྱེད་ལུགས་གོ་ཐོས་ཡོང་གི་ཡོད་པ་བཞིན།

       ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་མཆོག་གསུམ་སྐྱབས་སུ་བཟུང་ཞིང་། འདི་ཕྱིའི་ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་དང་། ཡང་སྒོས་ངོས་ནས་བོད་གངས་ཅན་གྱི་ལྗོངས་འདི་འཚེ་མེད་ཞི་བའི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་འབད་བརྩོན་བྱེད་མུས་སུ་ཡོད་པ་འདི་དང་མི་མཐུན་པ་ཤེས་གསལ་ཡིན། དེས་ན་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད།

        སླད་ཀྱང་གནས་ཚུལ་དེ་རིགས་སྐབས་འཕྲལ་སོ་སོར་འདུམ་འགྲིག་ཡོང་ཐབས་སུ་སེར་སྐྱ་བསམ་ཡོད་མྱོང་ཅན་ཚང་མས་ཕན་ཚུན་གཉིས་ཀར་མ་ལན་མ་འགྱོད་པའི་བསླབ་བྱ་ནན་བསྐྱེད་ བྱེད་གལ་ཆེ་བའི་གཞེན་བསྐུལ་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས།   རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༤ ཚེས་ ༢༦  ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤  ལ། །

ཟླ་༤ཚེས་༢༤། བོད་ནང་གི་ཆུ་ཚོད་ ༦།༤༠ ཙམ་ལ་དོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་མོ་ཀིརྟི་དགོན་པའི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཟླ་བ་དང་། རང་ལོ་ ༢༣ ཡིན་པའི་གྲྭ་དཀོན་མཆོག་འོད་ཟེ་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེགགནང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་ འབོད་གནང་སྟེ་འདས་གྲོངས་སུ་ཕྱན་ཡོད་འདུག

སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གཉིས་ཀྱི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་གིས་བརྡ་ལན་འབྱོར་ཡོད་འདུག

གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། རང་ལོ་ ༦༢ ཡིན་པའི་ཕ་རྡོ་རྗེ་མཁའ་འགྲོ་བཟའ་ཟླ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག་ལ། ཁོང་གི་ཨ་མ་གྲོངས་ཟིན་འདུག གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་ཡིན་འདུག

ཁོང་གཉིས་ཆུང་དུས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་བློ་བཟང་ཟླ་བ་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། དཀོན་མཆོག་འོད་ཟེར་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་གཉིས་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་ཞིག་ཡིན་འདུ

སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ ༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་ ༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་ ༧༠༠ ལྷག་ཡོད་འདུག

བོད་ཀྱི་དུས་བབ་ལས།

དེ་རིང་ཕྱི་ཟླ་  ཚེས་ ༢༨ ཉིན་ནི་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ལྡི་ལིར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་སྐུ་གྲོངས་བའི་ཉིན་མོར་ཁེལ་ཡོད་སྟབས། ངྷ་ས་ལྷ་རྒྱ་རིའི་ཕྱི་སྐོར་ནང་ཡོད་པའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་སྐུ་བརྙན་རྡོ་རིང་འགྲ་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་བརྙན་རྡོ་རིང་ཞིག་བཞེངས་སོང་། ཞོགས་པའི་མཛད་སྒོའི་སྟེང་ཆབ་སྲིད་བཙོན་ཟུར་དགེ་བཤེས་དཔལ་ལྡན་རྒྱ་མཚོ་ལགས་དང་། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཕེབས་འདུག

རྡོ་རིང་དབུ་འབྱེད་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་འཇམ་དཔ་ཡེ་ཤེས་ལགས་ཀྱིས་གཙོས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བློས་གཏོང་གནང་རྒྱུ་ཡོད་ཚད་དེ་གནང་ཟིན་པ་དང་། ཁོང་ཅིག་གི་ཡིད་ཆེས་དང་རེ་བ་དེ་བཙན་བྱོལ་རང་དབང་ལུང་པར་ཡོད་མཁན་ཚོའི་ཕྲག་ཏུ་བབ་ཡོད་སྟབས། བོད་ནང་གི་གནས་སྟངས་རྒྱལ་སྤྱི་ཁྱབ་བསྒྲགས་བརྒྱུདརྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས་ནང་བཀོད་པ་ལྟར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུས་ཏེ། བོད་གཞིས་བྱེས་མཉམ་འཛོགས་ཐོག་ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་ཐུབ་པ་བྱ་དགོས་སྐོར་བརྗོད་བྱུང་།

དེའི་རྗེས་ཆབ་སྲིད་བཙོན་ཟུར་དགེ་བཤེས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས། འཇམ་དཔལ་ཡེ་ཤེས་ལགས་ནི་ནམ་རྒྱུན་དོ་སྣང་བྱེད་ཡུལ་དང་སྐད་གྲགས་ཆེན་པ་ཡོད་པ་དེ་འདྲ་མིན་ཡང་། ཁོང་བོད་མི་རྩམ་གཟན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་པ་མ་བཟོད་པར་རང་ལུས་མེ་རུ་སྒྲོན་ཏེ་བོད་མིའི་འཐབ་རྩོད་གནང་ཡོད་པ་དང་ ཁོང་གི་ཞལ་ཆེམས་ནང་བོད་མི་ཚོས་བོད་ཀྱི་ལ་རྒྱ་་བརླག་པ་བྱེད་དགོས་ཞེས་འཁོད་ཡོད་པ་ལྟར། ལ་རྒྱ་ཟེར་པ་དེ་དེ་སོ་སོའི་འཚོ་བ་འགྲིག་ཙམ་ཞིག་ལ་མི་ཟེར་བར། ཆུང་ས་ནས་སྒེར་གྱི་ཁྱིམ་བརྒྱུད་དང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགསརྒྱུན་གནས་ཐུབ་པ་བྱེད་དགོས་སྐོར་བརྗོད་བྱུང་།

ཁོང་གིས་བརྗོད་དོན་ “རིག་གནས་གསར་རྗེས་སྐབས་ཉིན་གཅིག་ངས་རྒྱ་ནག་གི་ཚགས་པར་ཞིག་མཐོང་པའི་ཁ་བྱང་སྟེང་ཡུལ་གྱར་སྲིད་གཞུང་གིས་ཨ་རིར་དོན་གཅོད་ཁང་བཙུགས་འདུག དོན་གཅོད་ཐུབ་བསྟན་ཐར་པ་ཟེར་པ་རེད་ཅེས་གསལ་འདུག ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྐབས་དེར་ཡུལ་གྱར་སྲིད་གཞུང་ཞེས་བཀོད་འདུག སྐབས་དེ་རྒྱ་མིས་ཀྱང་ང་ཚོའི་སྒྲིག་འཛུགས་ལ་གཞུང་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་རེདཞེས་བརྗོད་སོང་།

མཐར་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། གཙོ་བོ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་ལྷག་པར་དུ་བོད་ནང་གི་བོད་མི་ ༡༡༡ གིས་རང་ལུས་མེར་བསྲེགས་གནང་སྐབས་ཀྱི་འབོད་སྒྲ་དང་ཞལ་ཆེམས། རེ་བ་གཙོ་བོ་བོད་རང་བཙན་གྱི་གནས་བབ་སླར་གསོའི་ཐོག་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། མཆོད་འབུལ་དྲན་རྟེན་ལས་ལྷག་པའི་གནད་དོན་གལ་ཆེ་ཤོས་ཁོང་ཚོའི་འབོད་སྒྲ་དང་ཞལ་ཆེམས། རེ་བ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན་སྐོར་དང་། བཙན་བྱོལ་ནང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཐད་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནོར་འཁྲུལ་ཅན་ལ་བརྟེན་ནས་བྱུང་ཚུལ་ཤོད་ཀྱི་ཡོད་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དང་བཙན་བཟུང་དབང་སྒྱུར་གྱི་བརྒྱུད་རིམ་ཁྲོད་བོད་རྩ་མེད་གཏོང་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་ཐད་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་

ཁོང་གིས་མུ་མཐུད་དུ། འདི་ལོའི་གསུམ་དུས་ཐེངས་ ༥༤ པའི་སྲིད་སྐྱོང་མཆོག་གི་བསྒྲགས་གཏམ་ནང་མེསྲེགས་རྒྱུ་རྐྱེན་སྔར་ལས་ལྷག་ཙམ་ཁ་གསལ་བྱུང་ཡོད་པ་དང་ ལྷག་པར་དུ་ད་ལྟ་འཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་གཞིས་བཞུགས་བོད་རྒྱ་ཆེ་མི་མང་དང་ལྷག་པར་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་བཙན་གྱི་འབོད་སྒྲ་དང་མངོན་འདོད་ཁ་ཇེ་གསལ་དང་ཤུགས་ཆེ་རུ་ཡོང་གི་ཡོད་པ་དེ་དག་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་མཐོང་གི་ཡོད་སྐོར་བརྗོད་སོང་།

གསར་འགོད་པས་སྐུ་བརྙན་རྡོ་རིང་དབུ་འབྱེད་ལ་མཉམ་ཞུགས་གནང་མཁན་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་དག་གི་གནས་ཚུལ་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་གྲངས་ཀ་ཕྱིར་བསྒྲགས་བྱ་གལ་ཆེ་བ་དང་། བོད་པའི་རྩ་དོན་ཆེད་ཆུ་དང་གཡང་ལ་མཆོང་མཁན་དག་ལའང་དོ་འཁུར་བྱེད་དགོས་སྐོར་བརྗོད་བྱུང་། ཁོང་གིས་མུ་མཐུད་དུ། རང་སྲོག་བློས་གཏོང་གནང་མཁན་ཚོས་བོད་ཀྱི་བདེན་པའི་མར་མེ་དེ་མུ་མཐུད་གསོན་པོར་གནས་བཅུག་ཡོད་པའི་སྐབས་འདིར། གསོན་པོར་གནས་པའི་བོད་མི་རེ་རེ་ནས་ཀྱང་ངེས་པར་དུ་དམ་བཅའ་རེ་བཞག་སྟེ་བདེན་པའི་མར་མེ་བསྒྲོན་པའི་དུས་སླེབས་ཡོད་པ་དང་། འཐབ་རྩོད་ཀྱི་ཕྱོགས་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་ཐོག་འགྲོ་རྒྱུ་ཡིན་ནམ་ཡང་ན་སོ་སོའི་དམིགས་ཡུལ་རང་བཙན་དང་དབུ་མ་ཞེས་ཁ་གྱེས་ནས་འགྲོ་རྒྱུ་ཡིན། འདིའི་ཐད་གཞུང་གི་དབུ་ཁྲིད་ཚོས་དགོངས་པ་བཞེ་དགོས་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་བྱུང་། ཁོང་གིས་བརྗོད་དོན། ང་ལྟ་བུ་ཞིག་ལ་མཚོན་ན། ངའི་ཕ་མ་དམར་གསོད་གཏོང་མཁན་གྱི་ལག་དམར་སྲིད་གཞུང་དེ་ལ་ངའི་ཕྲུ་གུར་ལྟ་སྐྱོང་བྱ་རྒྱུ་རྩིས་སྤྲོད་ཐུབ་ས་མ་རེད་ཅེས་བརྗོད་བྱུང

 

西藏各大院校师生及僧众致函中共提八项要求༼བོད་ཀྱི་སློབ་ཆེན་ཁག་གིས་རྒྱ་གཞུང་ལ་ཕུལ་བའི་སྙན་ཐོ་དོན་ཚན་བརྒྱད། ༽

by Tsering Kyi (Notes) on Wednesday, 14 November 2012 at 17:46 

 

    དེ་རིང་ཚེས་༢༥ཉིན་ཡང་མདོ་སྨད་གཙོས་གྲོང་ཁྱེར་ཀླུ་ཤོད་འཚོ་བ་བརྒྱད་ཀྱི་རི་སྡེ་ནན་འཔད་མཁར་དམར་ཤུལ་སྡེ་བའི་དགུང་ལོ་ཞེ་གསུམ་ཡིན་པའི་ལྷ་མོ་སྐྱབས་ལགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་སླད་དུ་སྐུ་སྲོག་མེར་བསྲེགས་ཀྱིས་ཏང་ཀྲུང་དབྱང་ངོ་རྒོལ་གནང་འདུག་ཟེར། 

 

    ཟླ་༣་ཚེས་ ༢༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ :༣༠ ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་ ༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་འདུག

སྐུ་ཕུང་འབྲེལ་ཡོད་མི་སྣ་ཁག་གིས་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་དགོན་པར་རྒྱུན་བཞུགས་ཀྱི་སྒྲུབ་གྲྭ་བ་རྣམས་ཀྱིས་འཕོ་ལུང་དང་མཆོད་འབུལ་སྨོན་ལམ་གསུང་ཀྱིན་འདུག་ཟེར།

ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས་བཙན་བཀའ་བཏང་ནས་ཁོང་མོའི་སྐུ་ཕུང་དེ་རིང་མཚན་མོའི་དུས་ཚོད་ ༡༢ གྱི་སྔ་རོལ་དུ་ཞུགས་འབུལ་བྱེད་དགོས་སྐོར་དང་། དེ་ལྟར་མ་བྱས་ཚེ་ཁོང་མོའི་སྐུ་ཕུང་བཙན་ཁྱེར་བྱེད་རྒྱུའི་ཉེན་བརྡ་བཏང་འདུག་ཟེར། 

 ད་སྐབས་ས་གནས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་གྲྭ་བ་དང་། ས་གནས་མང་ཚོགས་སོགས་ཁྱོན་མི་གྲངས་བཞི་སྟོང་ལྷག་འདུ་འཛོམས་ཀྱིས་ཁོང་མོའི་ནང་མི་ལ་གདུང་སེམས་མཉམ་སྐྱེད་དང་། སྐུ་ཕུང་ཞུགས་འབུལ་བྱེད་པར་གྲྭ་སྒྲིག་བྱེད་བཞིན་འདུག་ཟེར།

རྒྱལ་གཅེས་དཔའ་མོ་སྐལ་སྐྱིད་ལགས་ཀྱི་ཕ་ཡུལ་ནི་མདོ་སྨད་འཛམ་ཐང་བར་བ་ཡུལ་ཚོའི་པོས་བ་ཚང་ཞེས་པའི་ཁྱིམ་ཚང་ནས་ཡིན་ཞིང་། ཁོང་མོར་ད་ཆར་ཤུལ་དུ་རང་ལོ་ ༡༥ མན་གྱི་བུ་བདེ་རྣམ་དང་། པོ་ཆུང་། བསོ་པོ། བུ་མོ་ཆུང་བཅས་བུ་ཕྲུག་བཞི་ཡོད་འདུག ཁོང་མོའི་ཁྱོ་གའི་མིང་ལ་གྲུས་པེ་དང་། ཕ་མིང་ལ་མཆོག་ལྡན། མ་མིང་ལ་དཔའ་རིས་བཅས་ཡིན་འདུག

 

     བླ་མ་དཀོན་མཆོག་གིས་མཁྱེན། མང་དྲགས་སོང། ལས་འབྲས་བདེན་མཐུའི་རྒྱལ་ཁ་ཞིག་འཆར་རྒྱུ་མེད་དམ། ཞུམ་པ་མེད་པའི་དཔའ་རྒོད་རྣམ་པ། ངོ་མ་བཀའ་དྲིན་ཆེ། རླབས་ཆེན་རེད། གཟི་བརྗིད་རེད། ད་ཧ་ཅང་མངས་སོང།

ཀྱེ་ཀྱེ། མཆོང་ཆོག་ཆོག་གི་དཔའ་བོ་དཔའ་མོ་རྣམ་པ། ད་ནི་མཚམས་འཇོག་རོགས། ༸གོང་ས༸སྐྱབས་མགོན་ཆེན་པོར་གསོན་སྲེག་གི་རྣམ་ཤེས་འབུལ་རྒྱུ་ལས་གསོན་མཇལ་གྱིས་མི་ལུས་རིན་པོ་ཆེས་བྱ་གཞག་རླབས་ཆེན་གཞན་དག་སྒྲུབ་ན་ལེགས་ཤོས་ཡིན

 

   ཟླ་གསུམ་པའི་ཕྱི་ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། སི་ཁྲོན་ཆེན་ཞིང་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་ ༣༠ ཡིན་པའི་བོད་རིཊ་བུད་མེད་དཀོན་མཆོག་དབང་མོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་འདུག

ཁོང་མོས་རང་ལུས་མེར་བསྲེགས་བཏང་མ་ཐག་མཛོད་དགེ་རྫོང་ས་གནས་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་འདུག་ལ། ཉིན་དེའི་ཕྱི་དྲོ་ཙམ་ལ་ཉེན་རྟོག་པས་ཁོང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་སུ་རུས་ཐལ་ཕྱིར་སྤྲོད་བྱས་ཡོད་ཀྱང་། སྐབས་དེར་ཉེན་རྟོག་པས་སྒྲོལ་མ་སྐྱབས་ལཊ་སུ་ཆུང་མ་དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་ཡིན་པའི་ཁས་ལེན་བྱ་དགོས་པའི་བཙན་བཀའ་བཏང་བར། སྒྲོལ་བ་སྐྱབས་ལཊ་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་སྟབས་ཁོང་ཡང་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག 

དཀོན་མཆོག་དབང་མོ་ལགས་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་ཞིང་། ཁོ་མོར་ད་ཆཤུལ་དུ་རང་ལོ་ ༨ ཙམ་གྱི་བུ་མོ་ཞིག་དང་རང་ལོ་ ༣༡ ཡིན་པའི་བཟའ་ཟླ་སྒྲོལ་མ་སྐྱབས་གཉིས་ཡོད་འདུག་ལ། སྒྲོལ་མ་སྐྱབས་ལགས་ཀྱི་སྐྱེས་ཡུལ་སི་ཁྲོན་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ནས་ཡིན་འདུག

 ཟླ་གསུམ་པའི་ཚེས་༡༦ ཕྱི་དྲོའི་བོད་ནང་གི་ཆུ་ཚོད་  ། ༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད། རང་ལོ་ ༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུག་ཤིང་ལག་ཏུ་ཆོས་དར་བཟུང་ནས་སྐུ་ལུས་མེ་རུ་བསྒྲོན་ཏེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུག་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་གྲྭ་པ་དང་མི་མང་བཅས་མང་བོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་སྐུ་གྲོངས་ཡོད་པ་དང་། ཁོང་གིས་རང་ལུས་མེར་སྲེག་གནང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག

སྨན་ཁང་དུ་འབྱོར་མཚམས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག ཁོང་གི་ཕ་མིང་ལརོགས་ཕྲུག་དང་། མ་མིང་ལདེ་པོ་ཟེར་ཞིང་དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་ནམ་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཁོང་ལ་ཤུལ་དུ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད།

དེ་རིང་སྟེ་ ༣།༡༦ ནི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྔ་པ་ནས་བོད་མི་མང་པོ་ ཞིག་དམར་གསོད་བྱས་པའི་ཉིན་མོར་ཁེལ་ཡོད་པ་དང་། ལོ་དེ་ནས་བཟུང་ལོ་རྟག་པར་རྔ་པ་མི་མང་གིས་དུས་ཚེས་དེར་རྣམ་པ་འདྲ་མིན་གྱིས་སྒོ་ནས་རྗེས་དྲན་སྲུང་གཙི་བྱེད་བཞིན་ཡོད་འདུག

ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་ ༢༠༡༢  ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ལོ་སོ་སོའི་གསུམ་པའི་བཅུ་དྲུག་གི་ཉིན་མོ་རྗེས་དྲན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

 

གཞིས་ལུས་མི་དམངས་ཀྱིས་བསྒུལ་བའི་འགུལ་སྐྱོད་ཆེ་ཤོས་གྲས་ཤིག

ཡུ་རོབ་ཁུལ་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བདུན་སྟོང་ཙམ་གྱིས་བྷེལ་ཇམ་གྱི་རྒྱལ་ས་ Brussels,ནས་དེ་རིང་གི་གསུམ་བཅུའི་ཉིན་མོར་བོད་དོན་བདེན་པའི་འཐབ་རྩོད་ཀྱི་སྐད་འབོད་གནང་བཞིན་པའི་ཟུར་ཞིག

ཆེད་བསྒྲགས།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ ༢༠༡༢ ཀྱི་རྒྱབ་གཉེར་སྙན་ཐོའི་དགོངས་དོན་ལྟར་རིང་མིན་བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ནས་བཟུང་ལོ་ལྟར་གལ་ཆེའི་དུས་དྲན་དེ་ཉིན་བོད་ཕྱི་ནང་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་མཚོན་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་བཀའ་སྤྱི་ལྷན་ཚོགས་ཐོག་ཐག་གཅོད་གནང་ཡོད་པ་སྔོན་དུ་གསར་ལམ་ཁག་བརྒྱུད་ཡོངས་ཁྱབ་སོང་ཡོད་པ་ལྟར། གལ་ཆེ་ནན་དཔེས་ད་ལམ་བསྐྱར་དུ་དྲན་སྐུལ་བྱ་བཞིན་ཡོད།   སྤྱི་ལྷན་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༤ ལ།

 

༼མི་རིགས་འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་ལས་འགུལ།

དེ་རིང་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་༼མི་རིགས་འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་ལས་འགུལ། ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཞོགས་པའི་ཆུ་ཚོད་ ༡༡ སྟེང་ཁོང་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ། ལས་འགུལ་སྤེལ་དུསྐྱོད་སྐབས་རྒྱ་གར་སྐོར་སྲུང་བས་འཇུས་ཏེ་ཉེན་རྟོག་ས་ཚིགས་སུ་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱས་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ཉེན་རྟོག་པ་གཉིས་ཀྱིས་ཁོང་རླངས་འཁོར་ནང་བཞག་སྟེ་ཇན་རྡར་མན་རྡར་ས་གནས་སུ་བསྐྱལ་ཡོད་པ་དང་། ཁཽས་དེ་གར་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གི་རྒྱལ་དར་གཉིས་འཕྱར་ཅིང་། དབྱིན་བོད་རྒྱ་གསུམ་ཐོག་‘བརྡ་ལན་གཅིག་དང་མངོན་འདོད་གཉིས་’ཞེས་པའི་འབོད་ཚིག་འགྲེམས་སྤེལ་བྱེད་བཞིན་གོམ་བགྲོད་གནང་ཡོད་འདུག ཆུ་ཚོད་ ༢།༣༠ ཙམ་ལ་རྒྱ་གར་རྒྱ་སྒོ་ཆེན་མོའི་མདུན་དུ་གོང་བཞིན་གོམ་བགྲོད་དང་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་འདུག

བརྡ་ལན་གཅིག་དང་མངོན་འདོད་གཉིས་ཞེས་པའི་ནང་། ༧གོང་ས་མཆོག་དང་བོད་མི་མང་གིས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་རྩོད་པ་ནི་ཁ་ཞེ་གཉིས་མེད་ཡིན། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་རྒྱལ་ནང་དུ་གདན་ཞུས་ཀྱིས་རྒྱ་རིགས་དད་ལྡན་མང་ཚོགས་ཁྲོད་ཆོས་ཀྱི་འཁོར་ལོ་བསྐོར་འཇུག་དགོས། རང་སྲེག་ངན་སྐུལ་ལ་བསྙད་དེ་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀློད་གྲོལ་གཏོང་དགོས ”ཞེས་བཀོད་འདུག

རྒྱུན་ཆད་དཀའ་བའི་རང་སྲེག་ཞི་རྒོལ་ཆེན་པོ།

 

 

ཟླ་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས། ཆོས་འཁོར་སྡེ་བའི་ཚེ་གཟུངས་སྐྱབས་ལགས་ཀྱིས་ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་སྒོ་མདུན་དུ། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་རིང་ནི་ལུགས་རྙིང་གི་ཚེས་ ༡༦ ལ་ཁེལ་ཡོད་སྟབས། ཀླུ་ཆུའི་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ། སྨོན་ལམ་ཆེན་མོའི་ཉིན་མཐའ་མ་སྟེ་བྱམས་པ་གླིང་སྐོར་སྐབས་ལ་ཁེལ་ཡོད་པ་དང་། ས་གནས་དེ་ཁུལ་གྱི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་མ་ཐག་མི་མང་ཚོས་སྐུ་ཕུང་ལ་བདག་པོ་བརྒྱབ་སྟེ་རྒྱ་ལག་ཏུ་ཤོར་བཅུག་ཡོད་མི་འདུག 

རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་རིང་དོན་གྲུབ་དང་མ་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་ནི་དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་ཤིས་ཚང་དགོན་པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་བ། ཀླུ་ཆུའི་ཤིས་ཚང་ཆོས་འཁོར་སྡེ་བའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་མ་སྤུན་གྱི་བུ་སྤུན་ཡིན་འདུག


 

ཟླ་༢་ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་སྟེང་། རང་ལུས་མེར་སྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོའི་ལུས་ཀྱི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་འདུག་ཀྱང་། དེ་གར་ཡུན་རིང་མ་བཞག་པར་ས་གནས་གཞན་ཞིག་ཏུ་གནས་སྤོར་ཡོད་འདུག དེ་རྗེས་ཁོང་གི་ཤི་གསོན་གནས་ཚུལ་དང་། རང་ལུས་མེར་སྲེག་སྐབས་སྐད་འབོད་ག་རེ་གནང་ཡོད་མེད། དེ་བཞིན། ནང་མིའི་གནས་ཚུལ་སོགས་ཤེས་རྟོགས་ཐུབ་མེད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱས་ཡོད་ཀྱང་། ཡུན་རིང་མ་སོང་བར་ཕྱི་བསྡུ་བྱས་ཏེ་དམ་དྲག་གི་གནས་སྟངས་མངོན་གསལ་མིན་པ་བཟོས་ཡོད་འདུག

དྷཱི་ཕུ་དགོན་པའི་མིང་ཆ་ཚང་ལ་དྷཱི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་ཞེས་པ་ཡིན་ཞིང་། དྷཱིཿཕུ་ཆོས་རྗེས་ཕྱག་བཏབ་གནང་མཛད་པ་དང་། ཆོས་བརྒྱུད་ས་སྐྱ་པ་དང་། དེང་སྐབས་དགེ་འདུན་ཞལ་གྲངས་ ༥༠༠ ཙམ་ཡོད་འདུག

 

ཟླ་༢་ཚེས་༢༤བོད་ནང་གི་ཆུ་ཚོད་ ༨ ཡས་མས་ལ། མཚོ་སྔོན་མངའ་ཁུལ་བྱ་ཁྱུང་དགོན་པའི་ནང་དུ། བོད་མི་རང་ལོ་ ༢༡ ཡས་མས་ཡིན་པ་ཕག་མོ་དོན་གྲུབ་ཞུ་བ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཁོང་སྨན་ཁང་དུ་འཁྲིད་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་དགོན་ནང་དུ་འབྱོར་ཡོད་འདུག ཁོང་འདས་གྲོངས་སུ་སོང་ཡོད་མེད་གསལ་ཁ་མེད་ཀྱང་། དེའི་རྗེས་སུ་གནས་ཚུལ་ཐོན་པའི་ནང་བྱ་ཁྱུང་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུང་བཞིན་ཡོད་སྐོར་ཞིག་བསྟན་འདུག  

རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་ཕག་མོ་དོན་གྲུབ་དང་། རང་ལོ་ ༢༡ ཡས་མས་ཡིན་ཞིང་། ཁོང་གི་སྐྱེས་ཡུལ་ནི། བྱ་ཁྱུང་དགོན་པའི་ཉེ་འཁྲིས་བ་ཡན་རྫོང་༼དཔའ་ལུང་རྫོང་༽ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་བ་ནས་ཡིན་འདུག

ཨ་མདོའི་ཕྱོགས་ཀྱི་ལོ་ཐོ་རྩི་སྟངས་ལྟར། ཁ་སང་ནི་ལུགས་རྙིང་གི་ཟླ་ ༡ ཚེས་ ༡༥ ལ་ཁེལ་ཡོད་ཅིང་། དགེ་ལུགས་པའི་དགོན་སྡེ་མང་ཆེ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་ཡོད་པ་དང་། ཚེས་ ༡༥ ཉིན་གྱི་མཚན་མོར་དགོན་པ་སོ་སོའི་ནང་མེ་ཏོག་གི་མཆོད་པ་བཤམས་ཏེ་མི་མང་ལ་མཇལ་ཁ་གཏོང་བའི་དུས་ཚོད་ལ་ཁེལ་ཡོད་འདུག 

བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དགོན་པ་ནི། ས་གླང་ཕྱི་ལོ་༡༣༤༩ ལོར་ཆོས་རྗེ་དོན་རིན་པོ་ཆེ་༼དོན་གྲུབ་རིན་ཆེན༽མཆོག་དགུང་གྲངས་ཞེ་གཅིག་ཐོག་ཁོང་གིས་ཕྱག་བཏབས་གནང་ཤིང་། དུས་དེ་ནས་བཟུང་དགེ་ལུགས་པའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དུ་འཇོག རྗེ་ཙོང་ཁ་བ་ཆེན་པོས་ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས་སྒྲུབ་གནས་ཀྱང་འདི་ཡིན་པ་སོགས་ཀྱིས། མདོ་སྨད་ཆོས་འབྱུང་སོགས་སུ་ལྷོ་རྒྱུད་གནས་ཀྱི་སྙིང་བོ་དང་། ཞཱ་གསེར་བསྟན་པའི་འབྱུང་ཁུངས་ཞེས་བསྔགས་བརྗོད་གནང་ཡོད།

དགོན་པ་འདི་ལ་བུ་དགོན་ ༢༥ དང་། སྡེ་ཚ་ནང་སོ་དང་ཚེར་ཕུག་དཔོན་པོ། ཀྱོའུ་ཀྱ་དཔོན་པོ། ལུང་བཟང་དཔོན་པོ་བཅས་ཀྱི་མངའ་འོག་ཏུ་རོང་བོ་ཉིན་ཐུབ་བཅུ། ཨ་འདར་ཆ་གའི་དཔོན་པོ། ཁོ་ཚེ་དཔོན་པོ། མདོ་བ་ཡར་ནང་མར་ནང་གི་དཔོན་པོ་གཉིས། ཤིས་བཞིན་དཔོན་པོ་བཅས་ཀྱི་མངའ་ཞབས་སུ་གཅན་ཚ་ཉིན་ཐུབ་བརྒྱད། གཤོང་ཤན་ཚོ་བ་ལྔ། དོར་ཤུལ་ཚོ་བ་ལྔ། ཚེར་ཕུག་ཚོ་བ་བཅུ་གསུམ། བྲ་ནག་ཁག་བཞི། གཟི་ལུང་ཚོ་དགུ། བྱ་ཁྱུང་གི་ལྷ་སྡེ་ས་དཀར་གོང་བ། ཚྭ་ཆུ། ཞིང་བའི་སྒང་། ཁྲོམ་ཚང་རྣམས་དང་། ཁོ་ཚེ་དགོན་གྲོང་བཅོ་བརྒྱད། དཔྱི་མར་ནང་ཚོ་བ་བརྒྱད། མདོ་བ་ཡར་ནང་ཚོ་བ་ལྔ། སོ་སྨན་ལྕང་ཤར་ཚོ་བ་བཅུ་གཉིས། ཀ་རྒྱ་ཚོ་བ་དགུ་སོགས་མཆོད་གཞིས་རྒྱ་ཆེན་པོ་ཡོད།

བོད་ཀྱི་དུས་བབ་ལས།

 

ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་མགར་གདོང་སྡེ་བའི་རིན་ཆེན། རང་ལོ་ ༡༧ དང་། བསོད་ནམས་དར་རྒྱས། རང་ལོ་༡༨ ཡིན་པ་ཁོང་གཉིས་ཀྱིས་རྐྱང་ཚ་ཞང་ཐོག་ནས་རང་ལུས་མེ་སྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་འདུག

འོན་ཀྱང་སྐབས་དེར་སྐད་འབོད་ག་རེ་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་ རྟོགས་ཐུབ་མེད། དམ་པ་ཁོང་གཉིས་ཀྱི་སྐུ་ཕུང་ནང་མིའི་ལག་ཏུ་རག་ཡོད་ལ་བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་དུར་འཇུག་དང་དགེ་སྒྲུབ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག
རིན་ཆེན་གྱི་ཕ་མིང་ལ། དོན་འགྲུབ་ཚེ་རིང་དང་མ་མིང་ལཨ་དོན(འདས་ཟིན)། བསོད་ནམས་དར་རྒྱས་ཀྱི་ཕ་མིང་ལཚེ་རིང་དོན་འགྲུབ་དང་མ་མིང་ལབཀྲ་ཁོ་ཟེར། ཁོང་གཉིས་ཆུང་དུས་ནས་རྐྱང་ཚ་ཡུལ་ཚོའི་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་རིན་ཆེན་ཝུན་ཁྲོན་ཕྱོགས་སུ་ལོ་ཤས་རིང་སློབ་སྦྱོང་དུ་སོང་ཡོད་པ་དང་། ལོ་གཅིག་ཙམ་གྱི་གོང་ནས་མཚོ་སྔོན་ཕྱོགས་སུ་སོང་སྟེ་ལས་གླ་བྱས་ཏེ་ད་རེབ་ལོ་སར་གུང་སེང་ལ་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག

 

 

ཚེས༡༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ།  བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་བའི་གནམ་ལྷ་ཚེ་རིང་(ཧོ་བྷ)ཞུ་བས་་བླ་བྲང་གྲོང་ཁྱེར་གྱི་དྲག་ཆས་ཉེན་རྟོག་དཔུང་དམག་གི་ལས་ཁུངས་སྒོ་མདུན་གཞུང་ལམ་སྟེང་དུ་སྐུ་སྲོག་མེར་མཆོད་ཀྱིས་ཞི་རྒོལ་གནང་ནས་གྲོངས་འདུག  ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཁོང་གི་ཕ་མིང་ལ་བསམ་འགྲུབ་དང་མ་མིང་ལ་བསོད་ཁོ། སྐྱེས་དམན་གྱི་མིང་ལ་འཚོ་ལོ་བཅས་ཟེར་ཞིང་།ཁོང་གཉིས་ལ་བུ་བཞི་ཡོད་པ་ལས་ཆེ་བ་གྲྭ་བ་བྱས་ཡོད་པ་དང་འབྲིང་བ་གཉིས་མཚེས་ཡིན་འདུག ཆུང་བའི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡༥ སྟེང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ། བོད་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། བལ་ཡུལ་ཉེན་རྟོག་པས་དེ་མ་ཐག་སྨན་ཁང་དུ་ཁྱེར་བ་ལ་བརྟེན་ནས་ཁོང་གི་མཚན་དང་སྐྱེས་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མེད་ཀྱང་། འབྲེལ་ཡོད་བརྒྱུད་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་པ་ཁོང་གི་མཚན་ལ་སྒྲུབ་ཚེ་ཞུ་བཞིན་ཡོད་འདུག་ལ། ཁོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོའི་རྒྱལ་ཕྱུག་སྡེ་བའི་ཕ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་མ་ཚེ་ལྷ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༢༥ ཡིན་འདུག

རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ནི། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོའི་རྒྱལ་ཕྱུག་དགོན་པར་ཆོས་ཞུགས་བྱས་མྱོང་མཁན་ཞིག་ཡིན་འདུག་ལ། ཁོང་ནི་ད་ལོའི་ཕྱི་ཟླ་ ༡ པའི་ནང་བོད་ནས་བལ་ཡུལ་ནང་སྐྱབས་བཅོལ་དུ་འབྱོར་སྟེ། བལ་ཡུལ་དབུས་སྣེ་ལེན་ཁང་དུ་བསྡད་ཡོད་པ་དང་། སྣེ་ལེན་ཁང་གི་ཐོ་གཞུང་ནང་མཚན་ལ་ལུང་རྟོགས་བསྟན་འཛིན་ཞེས་བཀོད་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་ཁོང་གིས་ལུས་ལ་སྲིང་བལ་དཀྲིས་པ་དང་ལྕགས་སྐུད་ཀྱི་དམ་པོར་བསྡམས་རྗེས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་རང་ལུས་མེར་བསྲེཊ་ཀྱིས།  “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག” ཅེས་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་བལ་ཡུལ་ཉེན་རྟོག་པ་འབྱོར་ཏེ་ཁོང་སྨན་ཁང་དུ་འཁྲིད་ཡོད་ཀྱང་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་སོང་ཡོད་འདུག དེ་རིང་ཕྱི་ཚེས་ ༡༥ ཉིན་སྣེ་ལེན་ཁང་དང་འབྲེལ་ཡོད་ལ་རྩིས་སྤྲོད་བྱ་འཆར་ཡོད་འདུག

གཟའ་ལྷག་པའི་ཉིན་རང་ལུས་མེར་བསྲེཊ་དེ་བྱུང་རྗེས། བལ་ཡུལ་ཉེན་རྟོག་པས་མཆོད་རྟེན་གཡས་གཡོན་དུ་སྐོར་སྲུང་དང་བོད་མི་ཚོར་ལྟ་རྟོག་ནན་མོ་བྱེད་ཀྱིན་པར་མ་ཟད། ཁ་སང་ཕྱི་དྲོ་བལ་ཡུལ་མཆོད་རྟེན་ནང་ཁུལ་གྱི་དགོན་པའི་རྩིག་ལྡེབས་ངོས་སུ་བོད་མི་ཚོའི་ལས་འགུལ་ལ་ངོ་རྒོལ་སྦྱར་ཡིག་ཅིག་བཀལ་ཡོད་འདུག་ལ། དེའི་ནང་། བལ་ཡུལ་ནང་དང་ལྷག་པར་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་སོགས་ཀྱི་བོད་པའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཚབས་ཆེན་རིགས་ལ་ངོ་རྒོལ་ཡོད་ཚུལ་དང་། ཆོས་ལུགས་ཀྱི་མིང་ཐོག་ནས་སྐྱུག་བྲོ་བའི་ཆབ་སྲིད་ལས་འགུལ་སྤེལ་མི་ཆོག་ཚུལ། མ་འོངས་པར་ང་ཚོའི་གནས་ཆེན་བྷོ་ཌ་མཆོད་རྟེན་ཆེན་མོའི་མདུན་ཐང་དུ་བོད་པའི་འཐབ་རྩོད་ལས་དོན་རིགས་སྤེལ་མི་ཆོག་པ་དང་། ལས་འགུལ་དེའི་རིགས་ལ་གྲུབ་འབྲས་ཡོང་རྒྱུ་ལས་ལྡོག་སྟེ་བལ་ཡུལ་དང་མཆོད་རྟེན་ཉེ་ཁུལ་དུ་དུས་ཡུན་རིང་པོར་གནས་སྡོད་བྱེད་མཁན་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་སྐོར་འཁོད་ཡོད་འདུག 

བོད་ཀྱི་དུས་བབ་ལས།

 

ཁ་སང་ཕྱི་ཚེས་ ༡༣ སྟེ། བོད་ནང་ཉིན་གུང་ཆུ་ཚོད་ ༡།༡༠ ཡས་མས་སུ། བོད་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་གཏོགས་ཨ་མཆོག་སྨད་ཀྱི་ཀླུ་ཤོད་སྐྱི་ནང་ཞེས་པའི་ས་གནས་ཀྱི་རང་ལོ་ ༢༦ ཡིན་པའི་རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་འབྲུག་པ་མཁར་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་ཚེ་རིང་དང་མ་མིང་ལ་རྟ་མགྲིན་མཚོ་ཞུ་ཡི་ཡོད་འདུག་ལ། ད་ཆར་ཁོང་དང་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་པ་ལས་ཆེ་བ་ལོ་ དང་། འབྲིང་བ་ལོ་ ། ཆུང་བ་ལོ་ བཅས་ཡིན་འདུག

 དེ་རིང་ཡང་བོད་ནང་གི་ཆུ་ཚོད་གསུམ་ཡས་མས་ཤིག་ལ་རྔ་པ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མ་ཕ་ཀྱོག་པོ་ཚང་གི་བུ་ཚེ་རིང་ཕུན་ཚོགས་ཞུ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཤིང། ཨ་མཆོག་དགོན་པའི་དགེ་འདུན་པ་མང་པོ་རྒྱལ་གཅེས་དཔའ་བོ་ཁོང་གི་ཁྱིམ་དུ་འཛོམས་ཏེ་བསྔོ་སྨོན་གསུང་འདུག གནས་ཚུལ་ཞིབ་ཕྲ་ད་དུང་གསལ་རྟོགས་མ་ཐུབ།

西藏安多红原县一藏人自焚身亡

【西藏之声1月18日报道】针对中共政府强权压制西藏,境内藏人陆续以自焚方式表达抗议,今日又有一名藏人点火自焚。
本台消息,西藏安多阿坝州红原县境内,今天1月18日,西藏时间下午3点多钟,年轻藏人才让彭措点火自焚,当场身亡。但暂时还无法了解更多具体情况。

这是在2013年发生的第二起藏人自焚抗议事件,至此西藏境内的藏人自焚人数上升为100人。

དེ་རིང་ཕྱི་ཚེས ༢༢་ལ་ཡང་བོད་ཨ་མདོའི་བླ་བྲང་འབོ་ར་ནས་དཀོན་མཆོག་སྐྱབས༼དཀོན་བྷེ༽ཞུ་བས་དུས་ཚོད་༡༢སྟེང་འབོ་རའི་དགོན་པའི་ཉེ་འགྲམ་ནས་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག. རང་ལོ་༢༣ ༢༦ ཆུང་མའི་མིང་རྡོ་རྗེ་འཚོ། བྱིས་པ་་ཟླ་བཅུ་ཙམ་ལས་ལོན་པ་ཞིག་ཡོད། ཁོང་གི་ཕ་མིང་རྡོ་རྗེ་ཚེ་བརྟན། །མའི་མིང་ལ་རིན་ཆེན་འཚོ་ཞེས་ཟེར

 

འབོ་ར་དགོན་པའི་སྟོན་ཆོས་ནང་ནས་མེར་སྲེག་བཏང་ཞིང་ཕལ་ཆེར་དུས་ཐོག་ཏུ་གྲོངས་ཡོད་འདུག  དགོན་དེའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་ལྷག་མ་རྣམས་ཚོགས་མ་གྲོལ་བའི་བར་ལ་གཞུང་གིས་འཁྱེར་འདུག  ད་ལྟ་འབོ་ར་ས་ཁུལ་དུ་དམག་མི་དང་ལྷག་པར་དུ་བསང་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་དམིགས་བསལ་ཉེན་རྟོག་རུ་ཁག་མི་སྣ(特警)མང་བོ་འབྱོར་འདུག  བོད་ནང་དགོང་མོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བག་ཚ་རྒྱ་ར་དང་མདའ་འདུ། སྡེ་ཆེན་(ཕྱོགས་དེར་སྡེ་བ་ཆེ་བར་འབོད།)བཅས་མཉམ་འཛོམས་བྱས་ཏེ་ས་གནས་སུ་ལེན་གི་འགྲོ་གྲབས་བྱེད་ཀྱི་འདུག  ད་ལྟ་ཁ་ཤས་ཀྱིས་གཙོ་རོ་བསྲེགས་ཁང་དང་། ཡང་ཁ་ཤས་ཀྱིས་ས་གནས་ཡུལ་ཚོའི་གཞུང་གི་ལྟེ་བ་ག་གེ་མོ་ཞིག་ཏུ་ཡོད་ཤག་གི་ཚོད་དཔག་བྱེད་རྒྱུ་ལས། གང་དུ་ཡོད་པ་དང་ནམ་ཞིག་ལ་ཞུགས་འབུལ་བྱེད་རྒྱུ་སོགས་ནང་མི་ལ་ཡང་ཤེས་རྟོགས་ཀྱི་དབང་ཆ་སྤྲད་མི་འདུག” ཅེས་གནས་འཕྲིན་ཐོན་འདུག་ཟེར།

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཕྱིར་བསྒྲགས་དང་འབྲེལ་ཏེ། རྒྱ་གཞུང་གིས་ཉིས་སྟོང་བཅུ་གཉིས་ལོར་བོད་ནང་གི་བོད་མི་ ༢༩ ལ་ཁྲིམས་ཐག་བཅད་ཡོད་ཟེར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ངྷ་ས་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བོད་དབྱིན་གཉིས་ནང་པར་སྐྲུན་ཕྱིར་བསྒྲགས་བྱས་ཡོད་ལ། དབྱིན་ཡིག་གི་སྙན་ཐོ་དེར་ཤོག་གྲངས་ ༡༠༨ དང་བོད་ཡིག་གི་སྙན་ཐོ་དེར་ཤོག་གྲངས་ ༨༠ དེ་བཞིན་ ༢༠༡༢ ལོའི་བོད་ནང་གི་ཆོས་དད་རང་དབང་གི་དམ་དྲག་སྐོར་ལ་དབྱིན་ཡིག་ཐོག་ཤོག་གྲངས་ ༡༤༨ ཅན་གྱི་དམིགས་བསལ་སྙན་ཐོ་ཞིག་ཀྱང་བཏོན་ཡོད།

ལོ་འཁོར་སྙན་ཐོའི་ནང་ ༡༽སྤྱི་མང་དང་ཆབ་སྲིད་ཐོབ་ཐང་། ༢༽གང་བྱུང་འཇུ་བཟུང་དང་བཀག་ཉར། གར་སོང་ཆ་མེད། ༣༽མནར་གཅོད། ༤༽ དྲང་བདེན་མིན་པའི་ཁྲིམས་ཆད། ༥༽ཆོས་དད་རང་དབང་སོགས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་འདུག་ལ། ཆོས་དད་རང་དབང་ལ་དམ་དྲག་སྐོར་གྱི་དམིགས་བསལ་སྙན་ཐོ་དེ་ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ལ་ཕུལ་ཡོད་པའི་ཐད་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ སྙན་ཐོ་ཕུལ་རྗེས་དམིགས་བསལ་སྐུ་ཚབ་ཀྱིས་སྙན་ཐོ་ལག་འབྱོར་བྱུང་ཡོད་ཚུལ་དང་། སྙན་ཐོ་དེ་ཕུལ་བར་ཐུགས་རྗེས་ཆེ། ང་ཚོས་སྙན་ཐོའི་ཐོག་ལག་ལེན་བསྟར་ངེས་ཞེས་གསུངས་བྱུང་ ཟེར།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྟེང་། ༢༠༡༢ ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བོད་མིའི་འཐབ་བརྩོད་ཀྱི་ལོ་ཞིག་དང་། རྒྱ་གཞུང་གིས་སྒོ་ཀུན་ནས་དམ་དྲག་དང་ལྷག་པར་དུ་ཆབ་སྲིད་ཐད་དམ་དྲག་དོ་དམ་ཤུགས་ཆེ་རུ་བཏང་སྟེ། རྡུང་རྡེག་ཚ་ནན་གཏོང་པའི་ཐབས་ལམ་དང་བྱ་ཐབས་སྤྱད་ནས་སྤྱི་ཚོགས་བརྟན་བརླིང་དང་། གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ལྷག་པའི་རྩ་དོན་སྟེང་བོད་མི་ཕར་འགྲོ་ཚུར་འོང་ཐད་བཀག་སྡོམ་ཉེན་ཟོན་དམ་དྲག་ཞིབ་བཤེར་སོགས་དྲག་ཆས་ཉེན་རྟོག་དང་སྤྱི་བདེ་ཉེན་རྟོག་པའི་སྐོར་སྲུང་འོག་བོད་མི་རྣམས་འགྲོ་སྡོད་སྤྱོད་ལ་རང་དབང་མེད་པར་གྱུར་ཡོད་སྐོར་བརྗོད་སོང་།

འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༩༥ དང་ལྷག་པར་དུ་ ༢༠༡༢ ལོར་བོད་མི་ ༨༢ ཀྱིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་ནི་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་དང་། དེའི་རྒྱུ་རྐྱེན་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བྱ་ཐབས་རྣམས་བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམ་པ། བོད་མིའི་མངོན་འདོད་དང་མི་མཐུན་བཞིན་དུ་བཙན་འགེལ་བྱེད་པ་ལས་བྱུང་པ་ཞིག་དང་། མི་དམངས་ལ་འགན་མི་འཁུར་པ་དང་ཚེ་སྲོག་ལ་རིན་ཐང་མི་བརྩི་བའི་རྒྱ་ནག་གཞུང་གིས། བོད་མིར་གཅར་རྡུང་དང་དྲག་ཤུགས་ཀྱིས་ཁ་གཏད་བཅག་ཅིང་། རང་ལུས་མེར་བསྲེགས་གཏོང་མཁན་འདས་པོ་ཚོའི་ཕུང་པོ་ཡང་ཐར་པ་མི་གཏོང་བར་བཙན་འཕྲོག་གིས་ནང་མི་གཉེན་ཉེ་ལ་མི་སྤྲོད་པར་བཙན་ཁྱེར་གྱིས་མེད་པར་བཟོ་བཞིན་པ་སོགས་མི་ཆོས་ལས་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ཕལ་ཆེ་བར་མིང་སྙན་པོ་དང་འདྲ་ཆགས་པོ། ལྷག་པར་དུ་བོད་དང་གྲངས་ཉུང་མི་རིགས་ཐད་གཏན་འབེབ་བྱས་པའི་ཁྲིམས་སྒྲིག་དག་ཕྱི་ཕྱོགས་ལ་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་དམངས་ཁེ་ཕན་ཆེད་ཡིན་པར་བསྒྲགས་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ རྒྱ་ནག་གི་ཁྲིམས་མང་པོ་ཞིག་ཁྲིམས་འགལ་ཆགས་འདུག ཅེས་དང་། ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་ཁྲིམས་སྒྲིག་གི་ཐོབ་ཐང་དང་ལག་ལེན་གྱི་གནས་སྟངས། དེ་དག་རྒྱལ་སྤྱིའི་ཁྲིམས་དང་ཇི་ལྟར་འགལ་གྱི་ཡོད་པ་གཤིབ་བསྡུར་ཁ་གསལ་བཟོས་ཡོད་པར་བརྗོད་སོང་།

ཡང་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཚོ་འཇིགས་སྐུལ་བ་ཡིན་པར་བརྗོད་བསྡད་ན་དུས་ནམ་ཡང་དཀའ་རྙོག་སེལ་ཐབས་མེད་པས། དེ་ལས་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་དངོས་ལ་རྒྱ་གཞུང་གིས་ཞིབ་འཇུག་ཡག་པོ་བྱས་ཏེ། དཀའ་རྙོག་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས་སོང་།

གསར་འགོད་གསལ་བསྒྲགས་སྐབས། ༢༠༡༢ ལོར་བོད་ནས་བཙན་བྱོལ་དུ་ཡོང་མཁན་བོད་མི་ ༣༧༤ ལས་བྱུང་མེད་པ་དང་། དེ་ནི་ལོ་སྔོན་མ་དང་བསྡུར་ན་ལྡབ་གཅིག་ལྷག་ཉུང་དུ་ཕྱིན་ཡོད་ཅིང་། དེ་ཡི་རྒྱུ་མཚན་གཙོ་བོ་ལོ་རེ་བཞིན་བོད་ནང་དམ་དྲག་ཆེ་རུ་འགྲོ་པར་བརྟེན་བལ་བོད་ས་མཚམས་སོགས་ལའང་དམ་དྲག་ཆེ་རུ་བཏང་རྐྱེན། བོད་མི་བྲོས་བྱོལ་དུ་ཡོང་མཁན་ཚོར་སྔར་བས་དཀའ་ངལ་ཆེན་པོ་ཆགས་ཀྱི་ཡོད་པ། བྲོས་བྱོ

ལ་དུ་ཡོང་མཁན་མང་པོ་ཞིག་ས་མཚམས་ཁག་ནས་འཇུ་བཟུང་དང་བཙོན་འཇུག་བཀག་ཉར་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན་བོད་མི་བཙན་བྱོལ་དུ་འབྱོར་མཁན་ཧ་ཅང་ཉུང་ཉུང་ལས་ཐར་ཐུབ་ཀྱི་མེད་སྐོར་བསྒྲགས་སོང་།


ལྟེ་གནས་ཁང་གིས་སྤེལ་པའི་སྙན་ཐོའི་ནང་། ད་སྔ་བོད་མི་ཆབ་སྲིད་བཙོན་པ་ ༩༨༨ བཙོན་འོག་ཏུ་ཡོད་པ་དང་། ༢༠༡༢ ལོ་གཅིག་པུའི་ནང་བོད་མི་ ༢༧༩ འཇུ་བཟུང་འོག་ཚུད་པ་ལས་བོད་མི་ ༢༩ ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ཐུབ་ཡོད་པར་གསལ

ཕྱི་ལོ་༢༠༡༣  ཟླ༡  ཚེས་༡༢  ཉིན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་ཁོངས་སྐྱིད་སྡེ་བའི་སྡེ་དཔོན་ཟུར་བ་གང་སེང་ཚང་གདུགས་དཀར་སྐྱབས་དང་།   བཟའ་ཟླ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ། ད་ལོ་རང་ལོ་༢༢ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་སམ་གཅེས་མིང་ལ་ཚེ་བྷེར་འབོད་པ་ཁོང་གིས། རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཤིང་། རང་ལུས་ལ་ས་སྣུམ་བཤོས་ཏེ།  ཀཱི་ཧོ་ཧོ། "༸རྒྱལ་བ་བསྟན་འཛིན་རྒྱ་མཚོ"་ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེ་ཁྲོད་ནས་ཁྲོམ་སྐོར་གྱིས་རྒྱུགས་ཡོད་པ་དང་།  དེའི་རྗེས་སར་འགྱེལ་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ།  ཉེན་རྟོག་པ་ཚོར་རྡོ་བས་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་ནའང་།  དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་འདུན་པ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱས་ཡོད་འདུག དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། ཁོང་གི་སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག   མེར་བསྲེགས་གཏོང་མཁན་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་མི་ཚོས།   བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་། ལྷག་པར་དུ་རི་སྡེ་ཚོ་བར་འདས་མཆོད་མ་གྲུབ་གོང་དུ་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་ད་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་རྒྱ་གཞུང་གིས་བཙན་སྐུལ་དེར་ངོས་ལེན་བྱས་ཡོད་མི་འདུག ཡིན་ན་ཡང་དེའི་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལགས་དབང་མ་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་འཇིགས་སྣང་སྐུལ་བ་དང་། ལྷག་པར་དུ་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་གིས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས་རང་དགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གྱིས་གཞུས་པ་སོགས་ཀྱིས་ཚོ་དཔོན་ཚོར་འཇིགས་སྐུལ་ཚད་མེད་བཟོས་ཏེ། རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་བ་ཚོ་བར་དཀའ་ངལ་བཟོ་བར་བསམ་ནས།  ཨ་ལགས་དབང་མ་ཚང་གི་བཀའ་བཀོད་ལྟར།   ཕྱི་ཚེས་༡༣  ཉིན་གྱི་མཚན་མོར་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱས་ཡོད་འདུག    སྐུ་ཕུང་ཞུགས་འབུལ་བྱེད་སྐབས་།   མཚན་མོ་མི་རྣམས་གཉིད་ལ་ཤོར་བའི་སྐབས་དང་བསྟུན་ནས་མི་ཁ་ཤས་ཤིག་ལས་བཏང་ཡོད་མི་འདུག   སྐབས་དེར་རྒྱལ་གཅེས་དཔའ་བོ་ཁོང་གི་ཨ་མས་སྐུ་ཕུང་ཞུགས་འབུལ་གྱི་བཙན་དབང་གི་བཀའ་དེ་གོ་ནས་དྲན་པ་བརྒྱལ་བ་དང་སྐར་མ་ཁ་ཤས་ལ་དབུགས་ཆད་པ་སོགས་ཀྱིས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པ་སོགས་ཐབས་སྡུག་གི་གནས་ཚུལ་བྱུང་ཡོད་པ་རེད་འདུག

རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནི།   མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐྱིད་སྡེ་བའི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་དང་།  མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ལ། ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་བ་དང།  དམ་པ་ཁོང་ནི།   མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པར་མ་ཟད། ཆུང་དུས་ནས་རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་དང་ཡང་དུ་ཨང་དང་པོ་བླངས་མྱོང་མཁན་ཞིག་ཀྱང་ཡིན། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པ་དེར་སྔ་ཕྱིར་ཁུལ་དང་རྫོང་རིམ་པའི་ཨང་དང་པོའི་བྱ་དགའ་བླངས་མྱོང་ཡོད་འདུག ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་ནའང་།   ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པར་མ་ཟད། ཁོང་གི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་ནི།  ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན།

ཕྱི་ལོ་༢༠༡༢ ལོའི་ཟླ་༡༠ ཚེས་ ༢༦ ཉིན།  རྒྱལ་གཅེས་དཔའ་བོ་ཨ་མཆོག་ལྷ་མོ་ཚེ་བརྟན་ལགས་ཀྱིས་ཨ་མཆོག་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་ཤོར་ཡོད་པ་དང།  ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ ཉིན།  ཨ་མཆོག་ཁྱི་ངན་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་སྲོག་ཤོར་བ་དང་།   ཡང་ཟླ་བ་དེའི་ཚེས་༢༦  ཉིན།  ཨ་མཆོག་གི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་ཤོར་ཡོད་པ་དང་། ཕྱི་ལོ་༢༠༡༣  ལོར་ཡང་བསྐྱར་རྒྱལ་གཅེས་དཔའ་བོ་ཨ་མཆོག་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་རིམ་པར་བྱུང་བ་ལྟར། བོད་མདོ་སྨད་ཨ་མཆོག་ས་ཆ་གཅིག་པུ་ནས་ད་ལྟའི་བར་དུ་བོད་མི་ན་གཞོན་བཞི་ཡིས་རང་ལུས་མེར་བསྲེགས་ཀྱིས། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་།  གཏེར་ཁ་སྔོགས་འདོན་ལ་སོགས་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།     དེ་ལྟར་ན་ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༣  ཟླ༡ ཚེས༡༢  བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས༩༧  བྱུང་ཡོད་པ་དང་།   རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནི།   རང་ལུས་མེར་བསྲེགས་ཀྱིས་སྐུ་གཤེགས་པ་མི་གྲངས་༨༡  པ་དེ་ཆགས་ཡོད་པ་རེད།

བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་རིམ་བཞིན།  རྒྱ་གཞུང་གིས། རང་ལུས་མེར་སྲེག་བྱ་དགོས་པའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་འཚོལ་ཞིབ་ཀྱིས་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་མ་བཙལ་བར། དེ་ལས་ལྡོག་སྟེ་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོ་རིག་འཚོ་མ་ཟིན་པ་དང་། ནང་མིར་དཀའ་ངལ་ཡོད་མཁན། འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། ཆོས་ལུགས་ལ་རྒོལ་མཁན། རྒྱལ་ཁབ་ཁ་བྲལ་གཏོང་མཁན། ཏཱ་ལའི་ཁ་བྲལ་རིང་ལུགས་པའི་བརྒྱུད་སྐུལ་འོག་ཏུ་འགྲོ་མཁན། ཁ་བྲལ་བའི་ཕྱོགས་གཏོགས་ཟེར་བ་སོགས་ངན་ཁག་སྣ་ཚོགས་གཡོག་བཞིན་པ་མ་ཚད། ཕྱི་ལོ་ ༢༠༡༢ ཟླ་༡༡ ཚེས་༡༤ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས། རང་ལུས་མེར་སྲེག་གི་གནད་དོན་ལ་དམིགས་ནས་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་དོན་ཚན་ལྔ་ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད

ཡང་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་སྲེག་དང་འབྲེལ་བའི་དོན་ཚན་བདུན་ཅན་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། རང་སྲེག་རྒྱག་རྩིས་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི་ལྔ། རང་སྲེག་ལ་སྐུལ་སློང་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་སྒོར་ཁྲི་བཅུ། རང་སྲེག་བཀག་མཁན་ལ་སྒོར་ཁྲི་ཉི་ཤུ། རང་སྲེག་རྒྱག་མཁན་གྱི་ཁྱིམ་མིར་ཞལ་འདེབས་རྩ་འཛུགས་ཉེས་འདོན་བྱེད་མཁན་ལ་སྒོར་སྟོང་གཅིག་སོགས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཡང་ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་༣ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འོག་རིམ་ལ་ཁྱབ་བསྒྲགས་བྱས་ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཡོད།

བསམ་འཆར་དེའི་དོན་བསྡུས་ན། རང་སྲེག་གི་གནས་ཚུལ་བྱུང་ཡུལ་དུ་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་བཀག་འགོག་བྱས་པ་དང་། དེ་བཞིན་རང་ལུས་མེར་སྲེག་གི་ཆེད་དུ་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན་རྣམས་ལ་ཉེས་ཁྲིམས་གཅོད་རྒྱུ་ཞེས་དང་། ཡང་དེའི་ནང་། རང་ལུས་མེར་སྲེག་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློང་བ། རང་སྲེག་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་སློང་སྟེ་མི་མང་འདུ་འཛོམ་བྱ་ཡུལ་གྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པ། མི་མང་འདུ་འཛོམས་བྱ་ཡུལ་དུ་རང་སྲེག་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤྱི་པའི་བདེ་དོན་ལ་གནོད་སྐྱེལ་བ། སྤྱི་བདེའི་མི་སྣ་དང་། ཉེན་རྟོག་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་བཅས་ཀྱིས་གཞུང་དོན་བྱེད་སྐབས་འགོག་རྐྱེན་བཟོ་བ་སོགས་ཉེས་ཁྲིམས་གཅོད་རྒྱུ།  མེར་སྲེག་བརྒྱུད་སྐུལ་བྱེད་མཁན་མི་གསོད་ནག་ཉེས་ཀྱི་ཁྲིམས་ཐོག་སྦྱར་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དེ་ནི། རྒྱ་གཞུང་གི་དཔོན་རིགས་དབང་ཆ་གཅིག་བསྡུས་རིང་ལུགས་པ་ཚོས། གང་འདོད་ལྟར་བསམ་འཆར་འདི་ཁ་གཡར་ཆེད་དུ་བཀྲམ་པ་ཞིག་ཡིན།

གང་ཡིན་ཞེ་ན། ད་ལྟའི་སྐབས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་འབྲེལ་ཡོད་མི་སྣ། ནང་མི། ཁྱིམ་མཚེས། གྲོང་མི་སོགས་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བྱེད་མཁན་གྱི་སྐུ་ཕུང་རྒྱ་ལག་ཏུ་མི་ཤོར་བ་དང་། བོད་ལུགས་ལྟར་ཞལ་འདོན་སྨོན་ལམ་སོགས་ཀྱིས་རྗེས་འཇུག་སྒྲུབ་སྲོལ་ཡོད་པ་ལྟར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ད་དུང་ས་གནས་མང་པོའི་ནང་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་སྨོན་ལམ་འཚོགས་པ་དང་མི་རྒན་པ་ཚོས་གཏམ་བཤད་སྤེལ་བ་སོགས། ཚང་མས་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ཚོར་མནར་གཅོད་གཏོང་ཆེད་དུ་ཡིན་པ་དང་། ད་ལྟའི་སྐབས་བསམ་འཆར་ལ་ཁག་དཀྲིས་ནས་བོད་མི་མང་པོ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་འགོ་བཙུགས་ཡོད་ཅིང་། ཐ་ན་རང་ལུས་མེར་སྲེག་བྱེད་མཁན་ལ་བལྟས་པ་ཙམ་གྱིས་ཉེས་ཁྲིམས་གཅོད་རྒྱུ་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི། མི་སྤྱོད་ལས་འདས་པ་དང་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་བརྗོད་ཆོག

ད་ཐེངས་རང་ལུས་མེར་སྲེག་གནང་མཁན་ཚེ་རིང་བཀྲིས་ལགས་ནི། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་དྲིལ་བསྒྲྲགས་སྣ་ཚོགས་དང་བཙོན་འཇུག་བཀག་ཉར་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས་རང་སྲེག་གནང་བ་ཞིག་ཡིན་པས། རྒྱ་གཞུང་གི་འཁྱོག་བཤད་དང་ལྐོག་རྔན་སྤྲོད་ཐབས། མི་མང་བསླུ་ཐབས། དྲིལ་བསྒྲགས་སྣ་མང་ཅན་དེས་དུས་ནམ་ཡང་བོད་མི་ཚོ་བསླུ་མི་ཐུབ་པའི་རྟགས་མཚན་གསལ་པོ་ཆགས་ཡོད་པས། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལོ་གསར་པ་འདིའི་ནང་རྣམ་དཔྱོད་གསར་པ་ཞིག་བཏོན་ནས། བོད་མི་ཚོས་རང་ལུས་མེར་སྲེག་བྱས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ཁོང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐབས། ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། དེ་ལས་ལྡོག་སྟེ་རྒྱུན་ལྡན་བཞིན་ངན་ཁག་ཡོངས་རྫོགས་གཞན་དཀྲིས་བྱས་ཏེ་བསྡད་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མེ་ཡིས་འཚིགས་སྲིད་པས་དེ་དུས་རི་ལུག་ཀྱང་ཐག་པས་མི་འདུམ་ཟེར་བའི་དཔེ་དེ་རྒྱ་གཞུང་ལ་མངོན་དུ་གྱུར་ངེས་ཡིན། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རང་ལུས་མེར་སྲེག་ཐད་རྒྱབ་སྐྱོར་ངེས་གནང་ཡོང་བར་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༤ ཉིན།།

 

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་། བོད་ནང་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ད་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཏེ། ཡུ་རོབ་མནའ་འབྲེལ་སྒྲིག་འཛུགས་དང་ཨ་རི། ཁེ་ཎ་ཌའི་སྲིད་གཞུང་བཅས་ཀྱིས། སྔ་རྗེས་སུ་རྒྱ་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་དགོས་པའི་ནན་སྐུལ་ཞུས་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་བོད་དོན་ཐོག་གསལ་བསྒྲཊ་ཤིག་སྤེལ་ཏེ། ཧྥ་རན་སིའི་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་བརྩི་བཀུར་ཞུ་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་རྒྱུར་མགོ་འཛུགས་དགོས་ཚུལ་དང་། དེའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོར་༸གོང་ས་མཆོག་དང་ལྷན་དུ་འབྲེལ་མོལ་གནང་སྟེ། བོད་རྒྱའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་འཚོལ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། མ་འོངས་པར་ཧྥ་རན་སི་དང་རྒྱ་གཞུང་གཞུང་བར་ཆབ་སྲིད་འབྲེལ་ལམ་བརྒྱུད་བོད་ཀྱི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་པར་མ་ཟད། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྲོས་མོལ་གནང་སྐབས་ཀྱང་བོད་ཀྱི་གནད་དོན་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན་ཚུལ་འཁོད་འདུག དེ་བཞིན། ཕྱི་ཚེས་ ༡༨ ཉིན་པེ་ཅིང་དུ་རྟེན་གཞི་བྱས་པའི་དབྱིན་ཡུལ་གཞུང་ཚབ་ཀྱིས། དབྱིན་ཡུལ་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཧོ་གྷོ་སུ་ཝ་ཡེར་མཆོག་ (Hugo Swire) གི་མཚན་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། གསལ་བསྒྲགས་དེར་འཁོད་དོན། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བའི་གནས་སྟངས་དེར་དབྱིན་ཡུལ་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ནང་དམ་དྲག་མཚམས་འཇོག་གིས་བོད་ཀྱི་གནད་དོན་སེལ་ཆེད་དོན་སྙིང་ལྡན་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་རྒྱུུ་དང་། ཉེ་ལམ་ཡུ་རོབ་སྤྱི་མཐུན་ཚོགས་པའི་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་ཚན་པའི་ཆེས་མཐོའི་སྐུ་ཚབ་ཀྱིས། བོད་ནང་གི་གནས་སྟངས་ཐོག་བསྒྲགས་གཏམ་སྤེལ་བ་དེར་དབྱིན་གཞུང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་སྦྲགས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་གཏོང་བའི་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་བའི་འབོད་སྐུལ། གནད་དོན་དེའི་ཐོག་བོད་མིའི་ཆོས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་མགོ་ཁྲིད་ཚོས་རང་ནུས་གང་ཡོད་བཏོན་ཏེ། རང་བསྲེགས་ལས་འགུལ་དེའི་རིགས་མཚམས་འཇོག་ཡོང་ཐབས་གནང་དགོས་རྒྱུ། དབྱིན་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་བར་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། བོད་མིའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ནི། རྒྱ་ནག་རྩ་ཁྲིམས་ནང་འཁོད་པའི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་གནས་བབ་ཚད་ལྡན་སྤྲོད་རྒྱུ་དེ་ཡིན་ཞེས་འཁོད་འདུག

      དེ་རིང་དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ལ། མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས། མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་འདུ་ཁང་མདུན་ཐང་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིས་བདག་པོ་རྒྱག་དགོས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག 

དེའི་རྗེས་ཕ་ཡུལ་ཀླུ་ཆུ་བ་ཁག་ཅིག་གིས་ཞིབ་ཕྲའི་གནས་ཚུལ་བཏང་འབྱོར་ལ། ཕྱི་ཚེས་ ༨ ཉིན་པདྨ་རྡོ་རྗེ་ལགས་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བ་ནས་སྤྱི་ལེ་༣༠ ལྷག་གི་སར་ཡོད་པའི་ཤིས་ཚང་དགོན་པར་ཡོང་སྟེ དགོན་པའི་མདུན་ཐད་ཀྱི་རྩྭ་རའི་ནང་ནས་མེར་བསྲེགས་གྲ་སྒྲིག་གིས་ཁོ་རང་ངོ་རྟགས་ཆོད་སླད། ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་ཡོད་འདུག

དེ་ནས་འདུ་ཁང་གི་མདུན་ཐང་དུ་ཡོང་སྟེ་སྐད་ཤུགས་ཆེན་པོས་ ལྷ་རྒྱལ་ལོ། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་མྱུར་དུ་ཕེབས་དགོས ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་བསྲེག་བཏང་འདུག 

སྐབས་དེར་ཤིས་ཚང་དགོན་པའི་འདུ་ཁང་དུ་གྲྭ་མང་ཚོགས་འཚོགས་བཞིན་པའི་སྐབས་སུ་འཁེལ་ཡོད་ཅིང་། ཚོགས་གྲོལ་དུས་ཁོང་ཐང་ལ་འགྱེལ་ཡོད་ཀྱང་། ད་དུང་ལུས་སྟེང་དུ་མེ་དམར་ལམ་ལམ་འབར་བཞིན་ཡོད་འདུག དེ་མ་ཐག་གྲྭ་མང་གིས་སྨོན་ལམ་གསུངས་ཏེ ཁོང་གི་སྐུ་ཕུང་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་ས་གནས་དེར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་ཕའི་མིང་ལ་ཨོ་རྒྱན་སྐྱབས་དང་། མའི་མིང་ལ་ཚེ་གཟུངས་མཚོ་ཟེར་གྱི་ཡོད་འདུག ཁོང་ཅག་གི་འཚོ་ཐབས་ཞིང་་ཡིན་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ནི་མདོ་སྨད་ཀླུ་ཆུའི་ཤིས་ཚང་དུ་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཆགས་ཡོད་ཅིང་། དང་པོ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ཆགས་ཡོད།

 

     ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ །༢༠ ཐོག་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་རང་ལོ་༢༤ ཡིན་པའི་གྲྭ་དཀོན་མཆོག་འཕེལ་རྒྱསསྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་ “༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས ཞེས་པའི་འབོད་ཚིག་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་རང་ལུས་མེར་སྲེག་བཏང་སྟེ རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་མཐའ་འཁོར་དུ་གྲྭ་མང་གིས་བསྐོར་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་མིང་ནས་བཟུང་སྟེ་སྐད་ཤུགས་ཆེན་པོས་འབོད་བརྡ་བཏང་ཞིང་། དེ་བཞིན་གྲྭ་མང་གིས་ བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར། གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན། འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།། བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།། གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག ཅེས་པ་སྐད་ཤུགས་ཆེན་པོས་འུར་འདོན་གནང་ཡོད་འདུག དེ་རྗེས་ཁོང་གི་སྐུ་ཕུང་ཁོ་རང་གི་གྲྭ་ཤག་ཏུ་གདན་དྲངས་ཏེ་གྲྭ་མང་བརྒྱ་ཕྲག་མང་པོས་སྨོན་ལམ་གསུངས་དང་གསུང་མུས་ཡིན་འདུག

ཁོང་ནི་མཛོད་དགེ་རྫོང་འབྲིང་བ་ཞང་གོས་བརྡ་སྡེ་བའི་ཕ་དཀོན་མཆོག་སྐྱབས་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་འབྲིང་བའི་སུམ་མདོ་དགོན་དུ་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དཔེ་ཆ་ལྟ་རུ་ཡོང་ནས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་གོང་མའི་ནང་དུ་སྒྲིག་ཞུགས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་གནང་མུས་ཡིན་འདུག ཁོང་ལ་ཕ་མ་གཉིས་དང་སྤུན་སྲིང་སོགས་ནང་མི་དགུ་ཡོད་འདུག

 

འདི་ཡང་བདེན་པའི་རྒྱལ་ཁ་ཞིག སྙུག་ཐོགས་པ་ཡི་གཟི་བརྗིད་ཅིག ཚེ་སྲོག་གཏའ་མར་བཞག་པའི་རྩོམ་པ་པོ་རྣམ་པ་རྒྱལ་གྱུར་ཅིག

ཟླ་སྔོན་མའི་ཕྱི་ ཚེས་ ༡༥ ཉིན་ཏེ་བཙོན་འོག་རྩོམ་པ་པོའི་དུས་དྲན་ཉིན་མོར། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་ དབང་སྨྱུག་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་དེ། ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་རྒྱ་རིགས་རྩོམ་པ་པོ་ཝུ་ཡིས་ལཱོང་གཉིས་ལ་ཕུལ་ཡོད་ལ། དེ་ནི་རྩོམ་པ་པོ་ཁོང་རྣམ་གཉིས་ཀྱི་རང་དབང་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་གཟེངས་བསྟོད་བྱས་པ་ཞིག་ཡིན་འདུག
      རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་ཁོང་གི་དེབ་ནང་དུ། “ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ” ཞེས་བརྗོད་ཡོད་པ་རེད། ཡང་༼བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག༽ཞེས་པའི་ནང་དུ། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་གདམས་ཡོད་པ་རེད།
 རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་སྟེ། ད་ལྟའི་རྒྱ་གཞུང་གིས་ས་ཁོངས་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ཨ་རིག་སྡེ་བའི་སློབ་ཆུང་དང་། རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར་པ་དང་། རྗེས་སུ་པེ་ཅིན་སློབ་ཆེན་དུ་ཞུགས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་མུ་མཐུད་ སློབ་གཉེར་གནང་ཡོད་པ་རེད།
རྩོམ་པ་པོ་ཁོང་ ༢༠༠༣ ལོར་རྒྱ་གར་ཏུ་བཙོན་བྱོལ་ཏུ་ཕེབས་ཏེ་སོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་རྩོམ་འབྲི་གནང་ཡོད་ལ། ༢༠༠༤ ལོར་ཕྱིར་བོད་ནང་དུ་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་ གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་ བརྩམས་ཡོད་ཀྱང་། ༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱི་སྒོ་ནས། རྩོམ་པ་པོ་ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཏང་བའི་ཉེས་མིང་འོག ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ དང་། ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་ བཙོན་ཁང་དུ་གནས་སྤོར་བྱས་ཏེ། ད་ལྟ་དེ་གར་མུ་མཐུད་བཙོན་འཇུག་མནར་གཅོད་མྱོངས་བཞིན་ཡོད།
གཞན་ཡང་། རྒྱའི་རང་དབང་སྨྱུག་ཚོགས་ཀྱི་རྒྱུན་ལས་མཐུན་ཚོགས་ཀྱིས་འདི་ལོར་བོད་རིགས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་དང་། དཀོན་མཆོག་ཚེ་བྷེ། གངས་སྐྱེས་སྒྲུབ་པ་སྐྱབས། དེ་བཞིན། རྒྱ་རིགས་རྩོམ་པ་པོ་ཁྲིན་ཞི་དང་ཀོ་ཀྲི་ཧྲིན། རའོ་ཝུན་ཝེ། ལིས་པིས་ཧྥིན་བཅས་ནི་བཙོན་གྲོལ་ཡོང་ཐབས་བྱ་དགོས་པའི་རྩོམ་པ་པོ་གཙོ་བོའི་གྲས་སུ་དམིགས་སུ་བཏོན་ཏེ་རྒྱལ་སྤྱིའི་སྨྱུག་ཚོགས་ལ་སྙན་གསེང་ཞུས་ཡོད་འདུག
ཕྱི་ལོ་ ༢༠༠༩ ལོར་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་ (Hellman/Hammett) ཀྱང་ཕུལ་ཡོད་པ་རེད། www.tibettimes.net

ཉེ་སྔོན་རྒྱ་དམར་ཚོགས་ཆེན་ ༡༨ སྐབས་དང་བསྟུན་ནས། རང་ལོ་ ༣༠ ཡིན་པའི་འཇིགས་མེད་ཚེ་བརྟན་ལགས་ཀྱིས་སོ་སོའི་བྲང་ཁ་གྲིས་གཤགས་ཏེ། ཁ་གྱ་སྟོད་ཞང་གི་སློབ་གྲྭའི་རྩིག་གྱང་ངོས་སུ་རང་ཉིད་ཀྱི་ཟུངས་ཁྲག་དམར་པོས་བོད་རང་བཙན་ཞེས་བྲིས་རྗེས། བསྐྱར་དུ་རང་ཉིད་ལ་གྲི་བཙུགས་ཏེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ནི་ད་ལྟའི་རྒྱ་གཞུང་གི་ས་ཁུལ་ཆ་བགོས་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཞང་ཆུ་ནག་སྡེ་བའི་ཡིན་པ་དང་། ཁོང་གི་ཨ་ཕ་སྔོན་མ་ནས་འདས་གྲོངས་ཕྱིན་ཡོད་པ་དང་། ད་ལྟ་ཁོང་གི་ཁྱིམ་དུ་ཨ་མ་དང་ཆུང་མ། བྱིས་པ་གཉིས་བཅས་ཡོད་འདུག ཁོང་གིས་རང་ཉིད་ལ་གྲི་བཙུགས་ཏེ་ངོ་རྒོལ་བྱས་པའི་དུས་ཚེས་དང་ད་ལྟའི་ཆར་ཁོང་སྐུ་གྲོངས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་མེད་པ་རེད།

བོད་ནས་གནས་ཚུལ་མཁོ་གཏོང་པས་ཨེ་ཤ་ཡ་རླུང་འཕྲིན་ཁང་ལ། “ཚེས་གྲངས་གསལ་པོ་ཤེས་མ་སོང་། སྐབས་དེར་དྲ་ལམ་ཚང་མ་བཀག་ཡོད་པས་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱེད་ཐུབ་མེད” ཅེས་བརྗོད་དེ། རྒྱལ་གཅེས་དཔའ་བོ་འཇིགས་མེད་ཚེ་བརྟན་ལགས་ཀྱིས་རང་ཉིད་ལ་གྲི་བཙུགས་ཏེ་ངོ་རྒོལ་བྱས་པའི་དུས་ཚེས་ནི།  རྒྱ་གཞུང་གིས་རྒྱ་ནག་ཚོགས་ཆེན་བཅོ་བརྒྱད་སྐབས་སྡེ་བ་སོ་སོར་ལྟ་རྟོག་བྱེད་མཁན་ལས་བྱེད་མངག་ནས་སྐོར་གཡེང་བྱེད་ཅུག་ཡོད་པའི་སྐབས་ཡིན་སྟབས།  རྒྱལ་གཅེས་དཔའ་བོ་ཁོང་གིས་ཁ་གྱ་སྟོད་ཞང་སློབ་གྲྭའི་རྩིག་གྱང་ངོས་སུ་སོ་སོའི་ཟུངས་ཁྲག་གིས་བོད་རང་བཙན་ཞེས་པའི་ཡེ་གེ་བྲིས་པ་དང་། རང་ཉིད་ལ་བསྐྱར་དུ་གྲི་བཙུགས་ཏེ་རང་སྲོག་གཅོད་པའི་ངོ་རྒོལ་དེ་གནང་རྗེས། ཆུ་ནག་ཡུལ་ཚོར་བལྟ་རྟོག་བྱེད་མཁན་སྡེ་བའི་མགོ་བ་དང་ལྟ་རྟོག་བྱེད་མཁན་མི་སྣ་སླེབས་ཏེ་ལམ་སང་ཡི་གེ་བསུབ་པ་དང་།  ཁོང་གིས་ཨ་རག་འཐུང་རྗེས་ར་བཟི་སྟེ་རང་ཤི་བརྒྱབ་པ་ཡིན་ཚུལ་བསྒྲགས་ཏེ་ནས་གནས་ཚུལ་ངོ་མ་གསང་འགེབས་བྱས་ཡོད་འདུག 

གནས་ཚུལ་མཁོ་གཏོང་བས་བརྗོད་པ་ལྟར་ན།  སྐབས་དེར་དྲ་ལམ་ཐམས་ཅད་བཀག་ཡོད་སྟབས།  གནས་ཚུལ་དེ་ད་ལྟའི་བར་དུ་ཕྱི་ལ་བཤད་པའི་གོ་སྐབས་བྱུང་ཐུབ་མེད་པ་རེད།  དེ་བཞིན།  ད་སྐབས་ཀན་ལྷོ་ཁུལ་དུ་དམ་དྲག་ཞིབ་བཤེར་ནན་མོ་བྱས་ཏེ།  བོད་མི་ཕན་ཚུན་བར་ཁ་པར་ཐོག་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་པར་རིས་སོགས་བཏང་པར་རྐྱེན་བྱས་ནས  བོད་མི་མང་པོ་ད་ལྟ་འཇུ་བཟུང་བཀག་ཉར་བྱེད་བཞིན་པའི་གནས་སྟངས་ཆགས་ཡོད་འདུག

རྒྱལ་གཅེས་དཔའ་བོ་འཇིགས་མེད་ཚེ་བརྟན་ལགས་ཀྱི་ཕ་ཡུལ་ཆུ་ནག་སྡེ་བ་དང་ཁ་གྱ་སྟོད་ཞང་སྲིད་གཞུང་བར་སྤྱི་ལེ་ཕྱེད་ཀ་ཙམ་ལས་མེད་པར་འདབས་འབྲེལ་ལྟ་བུར་གནས་ཡོད་པ་ཞིག་ཡིན་འདུག

 

སློབ་མ་འཛིན་བཟུང། 

ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆ་རུ་བྱུང་བའི་ཁུལ་གསོ་རིག་སློབ་གྲྭའམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་ལ།  རྒྱ་གཞུང་དྲག་ཆས་དམག་མི་ཆེད་གཏོང་གིས་དྲག་གནོན་བཀག་སྡོམ་བྱས་རྗེས། ཕྱི་ཚེས་ ༢༨ ཉིན་ཆབ་ཆ་གྲོང་ཁྱེར་ཁུལ་གྱི་སློབ་གྲྭ་ཁག་དང་རྫོང་ཁག་སོ་སོའི་སློབ་གྲྭ་བཅས་སུ་༼ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཁ་ཤས་ཀྱིས་ཟླ་ ༡༡ པའི་ཚེས་ ༢༦ ཉིན་ཁྲིམས་འགལ་གྱི་ཁྲོམ་སྐོར་བྱས་པའི་དོན་རྐྱེན་གནས་ཚུལ་སྐོར་གྱི་བརྡ་ཁྱབ༽ཞེས་པ་ཞིག་འགྲེམས་བསྒྲགས་བྱས་ཏེ། སྤྱི་ཚོགས་ནང་བརྒྱུད་སྒྲོག་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག 

འདི་གར་༼མཚོ་ལྷོ་ཁུལ་གྱི་མིག་སྔའི་ལྟ་ཚུལ་འཛིན་སྟངས་བཅུ༽ཞེས་པའི་དྲིལ་བསྒྲགས་དེབ་དེའི་ཤོག་ངོས་འགའ་དང་། སློབ་མའི་ཁྲོམ་སྐོར་བྱུང་རྗེས་སློབ་གྲྭ་ཁག་ནང་འགྲེམས་སྤེལ་བྱས་པའི་བརྡ་ཁྱབ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་འཁོད་པ་ལྟར་ན།  ས་གནས་ཉེན་རྟོག་པས་ངོ་རྒོལ་ཁྲོམ་སྐོར་སྐབས་འཕྲེད་དར་འཕྱར་མཁན་གྱི་སློབ་ཕྲུག་ ༤  ལ་འཇུ་བཟུང་འདྲི་གཅོད་བྱས་རྗེས་སློབ་གྲྭས་ཕྱིར་ཁྲིད་ཡོད་པ་དང་།  དེ་མིན་ཞི་རྒོལ་ཁྲོམ་སྐོར་རྩ་འཛུགས་དང་སྣེ་ཁྲིད་བྱེད་མཁན་གྱི་དོགས་ཡོད་སློབ་ཕྲུག་ ༧ འཛིན་བཟུང་བཙན་འཁྲིད་ཀྱིས་འདྲི་གཅོད་གཅར་རྡུང་བྱེད་བཞིན་ཡོད་པ་དང་། ཁོ་ཚོའི་ཁྲོད་ནས་སློབ་ཕྲུག་ ༡ ལ་ཁྲོམ་སྐོར་སྐབས་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱ་དགོས་བྱུང་ཡོད་ཀྱང་། ཕྱི་ཚེས་ ༢ ཉིན་ཉེན་རྟོག་པས་སྨན་ཁང་ནས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  སློབ་ཕྲུག་དེ་དག་སོ་སོའི་ཕ་མ་དང་དགེ་རྒན། སློབ་གྲོགས་སུ་གང་ལའང་ཐུག་འཕྲད་བྱེད་འཇུག་གི་མེད་པ་མ་ཟད། ད་ལྟའི་ཆར་ཁོ་ཚོ་གང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་མེད་དང་གནས་སྟངས་ཅི་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་འདུག

གཞན་ཡང་། མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན།  ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ཀྱང་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱ་འཆར་བྱས་ཡོད་ཀྱང་། སློབ་གྲྭའི་སྒོ་ཆེན་ཁར་དྲག་ཆས་ཉེན་རྟོག་པ་དང་འབྲེལ་ཡོད་སྡེ་ཁག་གི་མི་སྣས་བཀག་འགོག་བྱས་ཏེ། སློབ་མ་རྣམས་བཙན་ཤུགས་ཀྱིས་ཕྱིར་སློབ་གྲྭའི་ནང་བཅུག་ཡོད་པ་མ་ཟད།  ཕྱི་ཚེས་ ༣༠ ཉིན་སློབ་གྲྭར་གུང་གསེང་བཏང་སྟེ་སློབ་མ་རྣམས་སོ་སོའི་ཁྱིམ་དུ་བཏང་ཡོད་པ་དང་། སློབ་ཕྲུག་ཚོར་ཡར་ལངས་ཁྲོམ་སྐོར་གྱི་གནས་ཚུལ་རིགས་སྤྱི་ཚོགས་ཁྲོད་བརྒྱུད་སྒྲོག་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

ས་གནས་རྒྱ་གཞུང་གིས་ཁུལ་དང་རྫོང་གི་སློབ་གྲྭ་ཁག་ནང་འགྲེམས་བསྒྲགས་བྱས་པའི་བརྡ་ཁྱབ་ཡིག་ཆ་དེའི་ནང་། “ ཟླ་ ༡༡ པའི་ཚེས་ ༢༦ ཉིན་གྱི་ཞོགས་པའི་དུས་ཚོད་ ༦ ཡས་མས་སྟེང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཁྲིམས་དང་འགལ་ནས་ངོ་རྒོལ་ཁྲོམ་སྐོར་བྱས་རྗེས། སློབ་གྲྭའི་སྒོ་ཁར་འཛོམས་ཏེ་ད་དུང་འཕྲེད་འགེལ་ཡི་གེ་བཟུང་སྟེ་འབོད་ཚིག་བསྒྲོགས་མཚམས་མ་བཞག  དོན་རྐྱེན་ཚོད་འཛིན་དང་རྒྱ་ཇེ་ཆེར་མི་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ལ་གནོད་རྐྱེན་མི་ཐེབས་པའི་ཆེད་དུ། དུས་ཚོད་ ༩ དང་སྐར་མ་ ༢༠ ཙམ་གྱི་སྐབས་སུ་ཁུལ་སྤྱི་བདེ་དམིགས་བསལ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་ཁྲིམས་ལྟར་འདུས་འཛོམས་སློབ་མ་བཙན་ཤེད་ཀྱིས་སློབ་གྲྭར་ཕྱིར་སྐྲོད་བྱས། ཡུལ་དངོས་ནས་འཕྲད་འགེལ་ཡི་གེ་བཟུང་པའི་སློབ་མ་ ༤ ཚོད་འཛིན་བྱས་པ་དང་། ལག་ནས་འཕྲེད་འགེལ་ཡི་གེ་ ༢ བླངས།” ཞེས་དང་།   

 “རྗེས་སུ་སློབ་གྲྭར་ལོག་པའི་སློབ་མ་ཉུང་ཤས་ཀྱིས་སྒྲིག་ལམ་སྲུང་བའི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པར་རྡོ་དང་རྡོ་སོལ་གྱིས་བརྒྱབ་སྟེ་བཙན་གྱིས་སློབ་གྲྭའི་ཕྱི་ལ་འབུད་རྩིས་བྱས། ཡུལ་དངོས་ཀྱི་དྲག་ཆས་ཉེན་རྟོག་པས་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་བཙན་གྱིས་མི་ཚོགས་ཕྱིར་སྐྲོད་བྱས་པ་དང་སློབ་གྲྭའི་སྒོ་ཆེན་བརྒྱབ། དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་གྲྭའི་སྒོ་དོག་པས་རྐྱེན་གྱིས་འཚང་ཁ་བརྒྱབ་པ་དང་། འཐེན་རེས་བརྒྱབ་པ། བཅག་བཅག་བྱས་པ་སོགས་ཀྱི་སྣང་ཚུལ་བྱུང་བས། སློབ་མ་ ༡༥ ལ་ཚད་མི་འདྲ་བའི་རྨས་སྐྱོན་བྱུང་ལ། དུས་ཐོག་ཏུ་མཚོ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས། བརྟག་དཔྱད་སྨན་བཅོས་བྱས་རྗེས། དེའི་ནང་གི་སློབ་མ་ ༡༣ སྨན་ཁང་ནས་བུད་དེ་ཚེས་ ༢༧ ཉིན་ཕྱིར་སློབ་གྲྭར་ལོག་པ་དང་། གཞན་སློབ་མ་ ༢ ལ་ཁུལ་སྨན་ཁང་གིས་བརྟག་དཔྱད་སྨན་བཅོས་བྱེད་བཞིན་ཡོད། ཞིང་ཆེན་སྨན་ཁང་གི་ཆེད་མཁས་སྨན་པས་བརྟག་དཔྱད་བྱས་རྗེས་དམིགས་བསལ་གྱི་ནད་བཅོས་བྱེད་མི་དགོས་ལ། མིག་སྔར་ནད་གྱི་གནས་ཚུལ་རྒྱུན་ལྡན་ཡིན་པ་རེད།” ཅེས་བཀོད་འདུག  

ད་དུང་། དྲིལ་བསྒྲགས་ཡིག་ཆ་དེའི་ནང་མུ་མཐུད་དུ། “ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཁྲིམས་དང་འགལ་ནས་ཁྲོམ་སྐོར་བྱེད་པའི་དོན་རྐྱེན་བྱུང་རྗེས། སྤྱི་ཚོགས་བདེ་འཇགས་དང་ཁྲིམས་ལུགས་ཀྱི་ཟིལ་ཤུགས་སྲུང་སྐྱོང་བྱེད་ཆེད། སྤྱི་བདེ་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཁུངས་སྣེ་གཞིར་བཟུང་སྟེ། ཁྲིམས་ལྟར་དུས་ཐོག་ཏུ་ཐེངས་འདིའི་དོན་རྐྱེན་རྩ་འཛུགས་དང་ཇུས་འགོད་བྱས་པའི་ཁོངས་མི་གཙོ་བོ་ ༧ པོར་འབོད་འགུགས་དང་འདྲི་གཅོད་བྱས་ལ།  ཁོངས་མི་གཙོ་བོ་བདུན་པོས་དོན་རྐྱེན་རྩ་འཛུགས་དང་ཇུས་འགོད་ལག་བསྟར་བྱས་པའི་བརྒྱུད་རིམ་གསལ་བཤད་བྱས། མིག་སྔར་ཁྲིམས་དང་འགལ་ནས་ཁྲོམ་སྐོར་དོན་རྐྱེན་རྩ་འཛུགས་དང་ཇུས་འགོད་བྱས་པའི་དོགས་ཡོད་ཉེས་ཅན་ ༦ པོར་ཁྲིམས་ལྟར་ཉེས་དོན་བཀག་སྐྱིལ་བྱེད་པའི་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། མི་གཅིག་ལ་རྨས་ཕོག་ནས་ནད་བཅོས་བྱེད་བཞིན་པས་ཁག་འཁུར་འདྲིར་སྒུག་བྱས་ཡོད། ལུས་དངོས་ནས་ཚོད་འཛིན་བྱས་པའི་འཕྲེད་འགེལ་ཡི་གེ་བཟུང་བའི་སློབ་མ་བཞི་བོ་སློབ་གྲྭས་ཕྱིར་ཁྲིད་སོང་། དོན་རྐྱེན་གྱི་གནས་ཚུལ་གསལ་བོ་ད་དུང་རྟོག་དཔྱད་བྱེད་བཞིན་ཡོད།”  ཅེས་བཀོད་འདུག   

གཞན་ཡང་ཡིག་ཆ་དེའི་མཇུག་ཏུ་རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་དང་ལས་བྱེད་པ། མང་ཚོགས། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་ཚང་མས་ཁྲིམས་སྒྲིག་བརྩི་སྲུང་དང་། དཀྲོག་གཏམ་ལ་ཡིད་ཆེས་དང་དཀྲོག་གཏམ་བརྒྱུད་སྒྲོག དཀྲོག་གཏམ་གསར་བཟོ་བྱེད་མི་ཆོག་པའི་སྐོར་གྱི་བཙན་བཀའ་བཏང་འདུག

 

༡༢།༡༢།༠༣ དོ་དགོང་བོད་ནང་གི་ཆུ་ཚོད་  ༧།༤༠ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དམ་སྤྲོས་བྲལ་གླིང་གི་གྲྭ་པ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཀྱི་འཇིམ་བརྙན་ཞིག་ཡོད་པ་དེའི་ཡར་འདབས་ཡིན་པ་དང་། ཁོང་གིས་རང་ལུས་མེ་རུ་བསྒྲོན་རྗེས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་འབོད་བྱེད་བཞིན་མདུན་དུ་གོམས་པ་ ༣༠༠ ཙམ་རྒྱུགས་ཏེ་སར་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་དམག་མི་བསླེབས་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་དམག་ལ་འཁྱེར་མ་བཅུག་པར་རང་དགོན་དུ་གདན་འདྲེན་ཞུ་བཞིན་ཡོད་འདུག  

རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། ཁོང་གི་སྤུན་མཆེད་ཀྱི་མིང་ལ་ཚེ་ཆུང་ཟེར་བ་དང་། རྒྱལ་གཅེས་དཔའ་བོ་ཁོང་ཚང་ལ་ནང་མི་བཅུ་གཅིག་ཡོད་འདུག

ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལྟའི་ཆར་པདྨ་རྫོང་ཡོངས་སུ་ཉེན་རྟོག་པ་དང་དམག་མི་སྐོར་ཏེ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག

 

 

༡༢།༡༢།༠༣ དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༤༠ ཙམ་ལ། བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། བརྡར་མདོ་སྡེ་བའི་སྟག་མགོ་ཚང་གི་བུ་གཟུངས་འདུས་སྐྱབས་ཞུ་བ་ཞིག་གིས་འབོ་རའི་དགོན་པའི་ཉེ་འཁྲིས་གཞུང་ལམ་སྟེང་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་འདུག

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བ་དང་མཉམ་དུ། རང་ཉིད་ཀྱིས་མགོ་བོས་རྩིག་ངོས་ལ་བརྡབས་ཏེ་ཁྲག་མང་པོ་འཐོན་བཞིན་ཡོད་འདུག་ལ། དེ་མ་ཐག་དུས་རྒྱུན་དགོན་པར་སྐོར་སྲུང་བྱེད་མཁན་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་བསླེབས་ཏེ་ཁོང་ཀན་ལྷོ་ཁུལ་ཐོག་གི་མི་དམངས་སྨན་ཁང་དུ་འཁྱེར་ཡོད་པ་དང་། ད་ཆར་སྨན་ཁང་དེའི་ཕྱི་ནང་གང་སར་ཉེན་རྟོག་པ་དང་དམག་མིས་སྐོར་ཡོད་འདུག  
ཁོང་གི་ནང་མི་སོགས་སུ་གང་གིས་ཀྱང་ཐུག་འཕྲད་བྱེད་མ་ཐུབ་སྟབས། ད་སྔ་ཁང་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་དང་། གཟུངས་འདུས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་བྷ་དང་མ་མིང་ལ་བནྟེ་འཚོ་ཟེར་གྱི་ཡོད་པ་དང་། ཁོང་ལ་གཟའ་ཟླ་དང་བྱིས་པ་ལོ་གཉིས་མ་ཟིན་ཅན་ཞིག་བཅས་ཡོད་འདུག

ད་ཆར་འབོ་ར་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ལགས་སུ་བདག་སྐྱོང་བྱེད་པར་འགྲོ་རྩིས་བྱས་པར་རྒྱ་ནག་གི་ཉེན་རྟོག་པས་བཀག་འགོག་བྱས་ཏེ་གནས་ཚུལ་ཛ་དྲག་ཆགས་བཞིན་ཡོད་འདུག

ཉེ་བའི་དུས་ནས་བཟུང་མཛོད་དགེ་ཕྱོགས་གཙོ་བོར་གྱུར་པའི་བོད་མི་སྐྱ་སེར་དང་རྒན་གཞོན་མང་པོ་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་ནང་མིར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་འཚམས་འདྲི་ཆེད་ཕེབས་ཀྱི་ཡོད་འདུག རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ་འབོད་ཀྱི་ཡོད་པ་དང་། ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་པདྨ་སྐྱིད་ཡོད་ཅིང་། ད་ལྟ་རང་ལོ་ ༢༦ ཡིན་འདུག  ཁོང་བཟའ་ཟླ་གཉིས་ལ་རང་ལོ་ ༩  ཡིན་བྱིས་པ་གཅིག་དང་རང་ལོ་ ༦ ཡིན་བྱིས་པ་གཅིག་བཅས་ཡོད་འདུག

ཁ་སང་དགོང་མོ་བོད་ནང་ཆུ་ཚོད་ ༧ ཡས་མས་སུ། བོད་མདོ་སྨད་མཛོད་དགེ་ཡར་ཀི་སོག་སྡེ་ཡི་རང་ལོ་ ༢༡ ཡིན་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ལགས་ཀྱིས། གཙོས་གྲོང་ཁྱེར་དུ་རང་ལུས་མེར་བསྲེགས་ཀྱིས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་འདུག

བྱམས་པ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་ཕ་ཡུལ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་གཙོས་གྲོང་ཁྱེར་དུ་སོང་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་ལ་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཁོང་ནི་རྒྱ་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་ཆ་བགྲོས་བྱས་ཡོད་པའི། མདོ་སྨད་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་རིང་ཐར་དང་མའི་མིང་ལ་ཀུན་བཟང་སྒྲོལ་མ། ཁོང་ལ་སྤུན་མཆེད་གཉིས་ཡོད་པའི་ཆེ་བའི་མིང་ལ་བྱམས་པ་དང་ཆུང་བའི་མིང་སངས་སྒྱས་དོན་འགྲུབ་ཟེར་གྱི་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་གཅེས་དཔའ་བོ་ཁོང་གི་རང་ཁྱིམ་དུ་ཡུལ་ལུང་དགོན་སྡེ་ཁག་ནས་འདས་མཆོད་བསྔོ་སྨོན་བྱེད་བཞིན་པ་ཡོད་པ་དང་། ད་ལྟའི་ཆར་རྒྱ་དམག་གིས་དམ་དྲག་གི་དབང་གིས་ཞིབ་ཕྲའི་གནས་ཚུལ་ཤེས་ཁག་པོ་ཆགས་ཡོད་འདུག

དེ་རིང་བོད་མདོ་སྨད་ཀླུ་ཆུ་ཟམ་ཚ་ལོ་ཚོ་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་བོད་ནང་ཆུ་ཚོད་ ༢ ཡས་མས་ཙམ་ལ། བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཚོ་སྡེ་བའི་རང་ལོ་ ༣༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ས་གནས་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་འདུག

གྲྭ་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་ཆོས་རོ་དང་མའི་མིང་ལ་རྟ་མགྲིན་འཚོ། ཁོང་གི་བཟའ་ཟླའི་མིང་ལ་ཆོས་སྐྱོང་འཚོ་འབོད་ཀྱི་ཡོད་འདུག ཁོང་ལ་བྱིས་པ་བུ་མོ་གཉིས་ཡོད་པའི་ནང་ནས་ཆེ་བ་རྡོ་རྗེ་སྐྱིད་ལོ་ ༧ ཡིན་པ་དང་། ཆུང་བ་སྐལ་བཟང་སྒྲོལ་མ་ལོ་ ༣ ཡིན་འདུག

ད་ལྟའི་ཆར་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་གནང་སྟེ། གདོང་གཟིགས་དགོན་ཕུན་ཚོགས་རབ་རྒྱས་གླིང་དང་རྨོག་རུ་དགོན་གཉིས་ཀྱི་དགེ་འདུན་པའི་གཙོས། ས་གནས་མང་ཚོགས་འདུ་འཛོམས་ཀྱིས་བསྔོ་བ་སྨོན་ལམ་གསུངས་བཞིན་ཡོད་འདུག

 

 

 

/༡༡/༢༨

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ། རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་ཞོན་ནས་བསང་ཁོག་ཞང་ཐོག་ཏུ་བསླེབས་ཡོད་པ་དང་། མེར་བསྲེག་མ་བཏང་བའི་སྔོན་ཏག་ཏག་་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཟེར་བར་ཁ་པར་འབྱོར་ཏེ། “ ཨ་རོགས། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་ལན་བསྐྱེལ་ཡོད་འདུག སྐབས་དེར་ཚེ་བྷེས་ཨ་རོགས། ཨ་རོགས། དེ་ལྟར་མ་བྱེད། ཅུང་བསྒུག་དང” ཅེས་པ་ཙམ་ལས་བཤད་ཁོམ་མ་བྱུང་བར་ཁ་པར་སྒོ་བརྒྱབ་ཡོད་འདུག དེའི་རྗེས་ཁ་པར་ཅི་ཙམ་བཏང་ཡང་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་འདུག

ནང་མི་སྐོར་ཞིག་གང་མགྱོགས་བསང་ཁག་ཞང་ཐོག་ཏུ་ཕྱིན་སྐབས། སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ཚར་ཡོད་འདུག་ལ། ཉེ་འཁོར་གྱི་མི་ཚོས་བརྗོད་ན། མེར་བསྲེགས་སྐབས་ཁོང་གིས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་་རྣམས་ཀློད་གྲོལ་གཏོང་དགོསཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུ་གནང་ཡོད་འདུག

ཐེངས་འདིར་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་དེ་ནི། དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེག་གནང་ཡུལ་གྱི་ཉེ་འཁྲིས་ཡིན་འདུག་ལ། སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་ནམ་ཁོ་ཟེར་གྱི་ཡོད་པ་དང་། ཁོང་ལ་སྤུན་མཆེད་ཡོད་འདུག དེ་སྔོན་ཁོང་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་ཡོད་འདུག ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ཞིག་ཡིན་འདུག

 

རིང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཞང་སྒོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་བཀྲ་པོ་ཚང་གི་ཕ་ཁྲོ་རྒྱལ་དང་མ་ཨ་ཆོས་གཉིས་ཀྱི་བུ་སྐལ་བཟང་སྐྱབས། རང་ལོ་༢༤ ཡིན་པ་ཁོང་གིས་རྐྱང་ཚ་ཞང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་ནས་ ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ༸ཀིརྟི་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོགཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་དེ་མ་ཐགསྐུ་གྲོངས་ཡོད་འདུག

སྐབས་དེར་ཉེ་འཁོར་གྱི་ཆུ་རྒྱུད་གཤོག་ཀ་དང་སྐེ་རྒྱུད་གཤོག་ཀ་སོགས་ཀྱི་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་ལ་གདན་དྲངས་ཏེ་དྲན་པ་དགོན་པ་དང་། རྒྱལ་དགེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག ཁོང་གིས་དང་ཐོག་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་མ་སླེབས་ཙམ་ལ་གཟུགས་པོ་ས་སྣུམ་ལྡུག་བཞིན་གོང་གསལ་གྱི་སྐད་འབོད་བྱས་ཏེ་ཡོང་ཡོད་པ་དང་། ཞང་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་དུས་གཞི་ནས་མེ་བསྒྲོན་ཡོད་ཅིང་། དེ་རྗེས་ཀྱང་སྐད་འབོད་མང་པོ་བྱས་འདུག

ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་དུས་ཚོད་མང་ཆེ་བ་ནོར་ལུག་གི་རྫི་བོ་བྱས་ཏེ་བསྐྱལ་ཡོད་པ་ལས། སློབ་གྲྭར་འགྲོ་མྱོང་མི་འདུག རྒྱུན་དུ་མི་གཤིས་ཧ་ཅང་འཇམ་པོ་ཞིག་དང་། སྐད་ཆ་མང་པོ་མི་བཤད་མཁན་ཞིག་ཡིན་འདུག ཉིན་ཤས་གོང་ནས་མི་རེ་ཟུང་ལ་རང་ལུས་མེར་སྲེག་གཏོང་གི་ཡིན་ཞེས་པའི་སྐད་ཆ་རེ་བཤད་ཡོད་ཀྱང་མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་མེད་པ་དང་། ཁ་སང་འབྲོག་ས་ནས་གྲོང་ལ་ཡོང་སྟེ། དེ་རིང་ཞོགས་པ་སྔ་བོ་ནས་མདོ་བ་མེ་དགེ་སྡེ་བ་ནས་སྤྱི་ལེ་ ༣ ལྷག་ཡོད་པའི་རྐྱང་ཚ་ཞང་ཐོག་ལ་སོང་སྟེ་ཕྱི་དྲོ་རང་ལུས་མེར་སྲེག་བཏང་འདུག གནས་ཚུལ་དེ་བྱུང་རྗེས་བཞག་ལྡོམ་ཞང་ཐོག་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་རྐྱང་ཚ་ཞང་ཐོག་ལ་འབྱོར་ནས་ས་གནས་སུ་དམ་དྲག་བྱེད་མུས་ཡིན་འདུག

 

ཉེ་ལམ་རྒྱལ་གཅེས་པ་ཁོང་གིས་རང་ལུས་མེར་བསྲེཊ་མ་གནང་གོ་ཞལ་ཆེམས་ཡི་གེ་ཅིག་བཞག་ཡོད་པ་ལག་སོན་བྱུང་ཡོད་འདུག་ལ། དེའི་ནང་ “ འཇིག་རྟེན་ཁམས་ཀྱི་དྲིན་ཆེ་བའི་དྲིན་ཅན་གྱི་ཕ་མ་གཉིས་ཀ་གཙོ་བྱས་པའི་སྤུན་དང་སྲིང་མོ་ཚང་མ་བདེ་མོ་གྱིས། ང་རང་ག་བོད་ཁ་བའི་སྐྱིད་སྡུག་གི་ཆེད་དུ་རང་སྲོག་མེ་ལ་སྒྲོན་རྒྱུ་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཞབས་པད་བརྟན་དགོས། བོད་ཁ་བར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་རྒྱུ་ངའི་རེ་བ་ཡིན། ” ཞེས་བཀོད་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་བའི་ཉིན་དེའི་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ ཙམ་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་ ༤༠ ལྷག་ཁོང་གི་ཁྱིམ་དུ་ཕེབས་ཏེ་བསྔོ་སྨོན་གསོལ་འདེབས་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་སྒོས་གཤོག་ཀའི་མི་མང་གཙོས་ཐག་ཉེ་རིང་གི་བོད་མི་སྟོང་ཕྲག་བརྒལ་བ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་ཡོང་སྟེ་སྐུ་ཕུང་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ། གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་བསྔོ་བ་སྨོན་ལམ་བཅས་གནང་ཡོད་འདུག

ཁ་སང་ཞོགས་པ་ནས་བཟུང་རྐྱང་ཚ་ཡུལ་ཚོར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་ ༢༠༠ ལྷག་དང་། སྒོས་གཤོག་ཀའི་རྒྱབ་རི་དང་འབྲིང་བ་ཡུལ་ཚོ་བཅས་སུ་དྲག་ཉེན་རྟོག་པ་རླངས་འཁོར་ཆེ་བ་ ༣ བཅས་བསླེབས་ཏེ་ས་གནས་སུ་དམ་དྲག་བྱེད་བཞིན་པ་མ་ཟད། ས་ཁུལ་དེའི་ཕྱོགས་ཀྱི་དྲ་རྒྱའི་བརྒྱུད་ལམ་བཀག་སྡོམ་བྱས་ཡོད་འདུག

གཞན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་མདོ་སྨད་རྔ་བའི་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རྒྱ་གཅེས་དཔའ་བོ་གྲྭ་རྡོ་རྗེ་དང་བསམ་འགྲུབ། རྡོ་རྗེ་སྐྱབས་བཅས་གསུམ་གྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལགས་སྐབས་དེར་འདས་གྲོངས་སུ་ཕྱིན་པ་དང་། གཞན་གཉིས་ད་ཆར་གར་ཡོད་ཤེས་ཀྱི་མེད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱལ་གཅེས་པ་ཁོང་གསུམ་གྱི་སྐུ་པར་ལག་སོན་བྱུང་ཡོད་འདུག

 

 

འདི་ལོའི་ཕྱི་ཟླ་ ༡༡ ཚེས་༧ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༧།༠༠ ཡས་མས་སུ་ཁམས་ནགས་ཤོད་འབྲི་རུ་རྫོང་པད་དཀར་ཞང་སྟིང་སེར་གྲོང་ཚོའི་རང་ལོ་ ༢༧ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རྒྱས་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཙམ་ལས། རྒྱ་གཞུང་གིས་དམ་དྲག་འོག་སྐབས་དེའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་།

 ཕྱི་ཚེས་ ༧ ནས་ཚེས་ ༡༨བར་ནག་ཆུ་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་སྨན་བཅོས་མ་བྱས་པར་བཀག་ཉར་བྱས་ཏེ། ཕྱི་ཚེས་ ༡༨ ཀྱི་མཚན་མོཁོང་བཙོན་ཁང་དུ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཚེ་རྒྱས་ལགས་ལ་ལོ་ ཡིན་པའི་ཕྲུ་གུ་གཅིག་དང་ཟླ་ ཙམ་ལས་འགོར་མེད་པའི་ཕྲུ་གུ་གཅིག་བཅས་བྱིས་པ་གཉིས་ཡོད་འདུག

 

 ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ །༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་མགོན་ཤུལ་འབྲོགབར་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་ཨ་ནེ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། བར་སྐོར་སྡེ་བའི་ལ་ནག་རུའུ་སྐེད་ཅེས་པའི་ས་ཆར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་ལྟར། ཉེ་ལམ་མགོན་ཤུལ་འབྲོག་ཏུ་ཡོད་པའི་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ (ཡུལ་སྐད་དུ་སྔགས་ཐོག་ཞུ་བ་རེད) ཉེ་འགྲམ་དུ་ཡོད་པའི་བཙུན་དགོན་གྱི་ཨ་ནེ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་བསྲེགས་མ་བཏང་སྔོན་རང་ཁྱིམ་དུ་ཡིག་ལྐོགས་ཤིག་ནང་ཡི་གེ་ཅིག་བཞག་ཡོད་པ་རྙེད་སོན་བྱུང་ཡོད་འདུག

ཁོང་གི་ཡི་གེ་དེའི་ནང་།

“ ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། ཡར་གྱི་དགོང་སྔོན་གནམ་ལ་ལྟོས། བྲག་དཀར་ཐེམ་པའི་གུར་ཁང་དག ང་ཡི་བླ་མ་ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། ཡར་གྱི་གངས་རིའི་རྩེ་ལ་ལྟོས། གངས་སེང་དཀར་མོ་ཕྱིར་ཕེབས་སོང་། ང་ཡི་གངས་སེང་ཕྱིར་ཕེབས་སོང་། བོདཔ་ཚོ་ཡར་ལ་ལྟོས། ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས། ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། གངས་ཅན་སྐལ་བ་ཡར་འགྲོ་རེད། བོད་པ་རང་དབང་རང་བཙན་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོ། རྒྱང་རིང་ཡུལ་ན་ཡོད་དུས། རྒྱལ་ཁམས་བསྐོར་ནས་ཕེབས་དུས། སྡུག་བསྔལ་འོག་གི་གདོང་དམར་བོད་པ། མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ། པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས། ང་ཡི་ཁ་བ་གངས་རིའི་ལྗོངས་ལ། བདེ་སྐྱིད་ཉི་མ་ཤར་བར་སྨོན། ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ། ”ཞེས་བྲིས་ཡོད་འདུག

 ཡང་འདྲ་པར་ཞིག་གི་སྟེང་། “ གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ། གངས་རིའི་བུ་རྒོད་རྣམས་པ་བོད་པ་ཡིན་པ་མ་རྗེད། སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་ཡོད་འདུག་ལ། ཡིག་ལྐོགས་ཀྱི་སྟེང་དུ། “ བོད་རང་བཙན་རྒྱལ་ཁབ། ”ཞེས་བྲིས་ཡོད་འདུག

སངས་རྒྱས་སྒྲོལ་མ་ལགས་ཀྱིས་ཕའི་མིང་ལ་བསོད་ནམས་རྒྱལ་ལོ་ ༤༠ དང་མའི་མིང་ལ་དོན་འགྲུབ་མཚོ་འམ་དོ་བྷ་ལོ་ ༤༣ ཡིན་པ་དང་། ཁོང་གི་སྤུན་མཆེད་གཅེན་མོ་ལྷ་མོ་མཚོ་ལོ་ ༢༢ དང་བཙུན་མ་རིག་བྱེད་དབང་མོ་ལོ་ ༢༠ ། གཅུང་བོ་འཇམ་དབྱངས་ནོར་ལྡན་ལོ་ ༡༥ ། གཅུང་བོ་དབང་ཕྱུག་ཚེ་རིང་ལོ་ ༡༤ བཅས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་ས་གནས་སྐྱ་སེར་མི་མང་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་གདན་འདྲེན་གྱིས་ཞུགས་འབུལ་གནང་ཡོད་འདུག་ལ། སྐབས་དེ་ནས་བཟུང་ཕྱོགས་ཡར་མར་གྱི་བོད་མི་མང་པོ་གདུང་སེམས་མཉམ་སྐྱེད་ཆེད་ཁོང་གི་ཁྱིམ་དུ་འབྱོར་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་རེབ་གོང་རོང་འབྲོག་གང་སར་དྲ་རྒྱའི་བརྒྱུད་ལམ་བཀག་འགོག་དང་། ཁ་པར་དང་དྲ་ལམ་ནས་འབྲེལ་བ་བྱེད་མཁན་ཚོརྒྱ་གཞུང་གི་ཉེན་རྟོག་པ་དང་བདེ་འཇགས་མི་སྣས་བརྩད་གཅོད་བྱེད་ཀྱི་ཡོད་པ་དང་།  ཁུལ་དང་རྫོང་། ཞང་སྲིད་གཞུང་བཅས་ཀྱིས་ལས་དོན་བྱེད་མཁན་མང་པོ་གཞི་རིམ་མང་ཚོགས་ཁྲོད་མངགས་ཏེ།  མེར་བསྲེགས་ལས་འགུལ་མུ་མཐུད་སྤེལ་མི་ཆོག་པ་དང་། སྤེལ་མཁན་དང་དེའི་ནང་མིར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་འཛོམས་བྱེད་མི་ཆོག་པ་སོགས་བཙན་བཀའ་གཏོང་གི་ཡོད་འདུག 

 

 ཁ་སང་ཕྱི་ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བའི་རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཆུ་རྫོང་ཨ་ལ་དེའུ་མགོ་དགོན་པའི་ཚོཊ་ཆེན་འདུ་ཁང་གི་མདུན་དུ་རང་ལུས་མེར་བསྲེཊ་ཀྱིས་  བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས” ཞེས་སྐད་འབོད་བྱེད་ཞོར་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག  

 

རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་མ་ཐག་ས་གནས་བོད་མི་ཚོས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་བྱས་ཡོད་འདུག་ལ། སྐབས་དེར་ཨ་ལ་དང་སྒྱིས་ཚང་། ཟམ་ཚ་བཅས་ཀྱི་བོད་མི་མང་པོ་འདུ་འཛོམས་ཀྱིས་བསྔོ་སྨོན་མཆོད་འབུལ་གནང་ཡོད་པ་དང་། ས་གནས་སུ་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ་གནས་ཚུལ་བརྩད་གཅོད་བྱེད་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས་ཕའི་མིང་ལ་དབང་རྒྱལ་ལོ་ ༤༥ དང་། མའི་མིང་ལ་རྣམ་ལོ་ལོ་ལོ་  ༤༣ ཡིན་འདུག

ཁོང་གི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་འབོད་ཀྱི་ཡོད་ཅིང་། ད་ལྟ་ལོ་ ༢༦ ཡིན་འདུག ཁོང་བཟའ་མི་གཉིས་ལ་རང་ལོ་ ༦ ཡིན་པའི་བུ་ཚེ་རིང་བསམ་འགྲུབ་དང་། རང་ལོ་ ༣ ཡིན་པའི་བུ་མོ་ཚེ་རིང་སྒྲོལ་མ།  རང་ལོ ༢ ཡིན་པའི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་པ་གསུམ་ཡོད་འདུག

 

དེ་རིང་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

ད་ལྟ་ཨ་མཆོག་དགོན་པའི་གྲྭ་བ་མང་པོ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་གི་ཕེབས་ཡོད་པ་དང་། ས་གནས་མི་མང་ཡང་མང་པོ་འབྱོར་བཞིན་ཡོད་འདུག


 

ཆབ་ཆ་གསོ་རིག་སློབ་གླིང་གིས་རྒྱ་གཞུང་ལ་ངོ་རྒོལ།
ཕྱི་ལོ་༢༠༡༢།༡༡།༢༦ རེས་གཟའ་ཟླ་བའི་ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༦་པ་ཙམ་ནས་འགོ་འཛུགས་ཀྱིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་མཚོ་ལྷོ་རྫོང་བསྐོར་ནས་ཁྲོམ་བསྐོར་བྱས་འདུག 
གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན་ངོ་རྒོལ་དུ་ཞུགས་པའི་སློབ་ཕྲུག་གྲངས་གཅིག་སྟོང་ལྷག་ཅིག་གིས་མི་རིགས་འདྲ་མཉམ་དང་། རང་དབང་། སྲིད་གཞུང་བསྐྱར་འཛུགས་སོགས་འབོད་སྒྲ་མང་པོ་ཞིག་བསྒྲགས་ཡོད་པ་དང་ཆུ་ཚོད་གཉིས་ཙམ་གྱིས་རྗེས་སུ་རྒྱ་གཞུང་དྲག་ཆས་དམག་དཔུང་གིས་ངོ་རྒོལ་བ་རྣམས་བཀག་འགོག་བྱས་པ་མ་ཟད། གང་བྱུང་དྲག་བརྡུང་བྱས་ཏེ་ད་ལྟའི་ཆར་སློབ་མ་བཅོ་ལྔ་ཙམ་ལ་རྨས་སྐྱོན་དང་། སློབ་ཕྲུག་བཞིར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁུལ་མི་མང་སྨན་ཁང་དུ་མྱུར་སྐྱོབ་ངང་ཛ་དྲག་གིས་སྨན་བཅོས་བྱེད་བཞིན་ཡོད་འདུག 
ད་ལྟ་སློབ་གྲྭ་ཡོངས་སུ་དྲག་པོའི་དམག་གིས་བསྐོར་དེ་ཕ་མ་དང་། མི་མང་མི་ཚོས་སློབ་གྲྭ་དང་། སློབ་ཕྲུག་ཚོར་འབྲེལ་བ་བྱེད་ཐུབ་ཀྱིན་མེད་པ་མ་ཟད་ཆབ་ཆ་སོགས་སུ་འབྲེལ་བ་བྱེད་པའི་བརྒྱུད་ལམ་ལའང་དཀའ་ངལ་འཕྲལ་བཞིན་ཡོད་འདུག
ས་གནས་ཀྱི་འབྲེལ་ཡོད་ཅིག་གིས་བརྗོད་ན་སློབ་མའི་ངོ་རྒོལ་སྐབས་མེ་མདའ་བརྒྱབ་པའི་གནས་ཚུལ་ཡང་འདུག་མོད་སློབ་ཕྲུག་ཚོར་ཞེད་སྣང་བསྐུལ་བའི་ཆེད་དུ་གནམ་ལ་བརྒྱབ་པའམ། སློབ་ཕྲུག་ཚོར་ཕོག་ཡོད་མེད་ཀྱི་གནས་ཚུལ་གསལ་རྟོགས་ཐུབ་མི་འདུག

དེང་སྐབས་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ངོ་ན་ཡོད་པའི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཁུལ་གྱི་གསེར་རྟ་རྫོང་མི་རིགས་སློབ་འབྲིང་གི་སློབ་ཕྲུག་ཅིག་གིས་རང་ལུས་མེ་བསྲེགས་བཏང་སྟེ། རྒྱ་དམར་སྲིད་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཅུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་ཡོད། གསེར་རྟ་རྫོང་མི་རིགས་སློབ་འབྲིང་ནས་ཡིན་པའི་སློབ་ཕྲུག་རྒྱལ་གཅེས་དཔའ་བོ་དབང་རྒྱལ་ཟེར་བ་ཞིག་གིས་དེ་རིང་ཕྱི་ཚེས་༢༦ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡དང་སྐར་མ་༢༥ཐོག་རང་ལུས་ལ་མེ་སྦར་དེ་ལག་གཉིས་ཐལ་མོ་སྦྱར་ནས་སྐད་ཤུགས་ཆེན་པོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་མི་རིགས་ལ་རང་དབང་དགོས་ཞེས་སོགས་སྐད་འབོད་རྒྱག་ཞོར་གསེར་རྟ་རྫོང་དཀྱིལ་གྱི་ལམ་ཆེན་གཞན་པ་ཞིག་ནས་རྟག་ཏུ་ཉེན་རྟོག་པ་དང་དམག་མི་གང་མང་ཡོད་སའི་གསེར་རྟ་རྫོང་གི་གྲོང་ཁྱེར་དཀྱིལ་གྱི་གསེར་གྱི་རྟ་ཡོད་ས་དེ་བར་བརྒྱུགས་ཏེ། ངོ་རྒོལ་བྱས་རྗེས་ཁོང་ས་ལ་འགྱེར་ཡོད་པ་དང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་གང་མང་འབྱོར་ནས་ཁོང་གི་ལུས་ཀྱི་མེ་བསད་དེ། སྨན་ཁང་ནང་ཁྱེར་ཡོད་པ་དང་། དེ་རྗེས་ནས་ཁོང་འདས་གྲོངས་སོང་ཡོད་མེད་སོགས་ད་དུང་ཤེས་རྟོགས་བྱུང་མེད།

རྒྱལ་གཅེས་དཔའ་བོ་དབང་རྒྱལ་ལགས་ནི་གསེར་རྟ་རྫོང་གི་ཁོངས་གཏོགས་མཁན་ལེབ་ཡུལ་ཚོའི་ཁ་ཤུལ་སྡེ་བ་ནས་ཡིན་པ་དང་། ལོ་༢༠ཙམ་ཡིན་པ་དང་། ཁོང་གི་ཕ་མ་གཉིས་སྔོན་མ་ནས་འདས་གྲོངས་ཕྱིན་ཟིན་འདུག ཁོང་ལ་སྤུན་༣དང་སྲིང་མོ་༡བཅས་ཡོད་འདུག དེ་རིང་གསེར་རྟ་རྫོང་དཀྱིལ་གྱི་གསེར་གྱི་རྟ་ཡོད་སའི་ལམ་ཁ་ན་ཡར་མར་འགྲོ་བཞིན་པའི་མི་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་དབང་རྒྱལ་གྱི་གོན་པ་མེས་ཧ་ཅང་ཚིག་འདུག་པར་བལྟས་ན་ཁོང་གི་སྐུ་ལུས་ལ་ཉེས་སྐྱོན་ཚབས་ཆེན་བྱུང་ཡོད་ས་རེད། འོན་ཀྱང་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ལ་ལྟ་བཅུག་མ་སོང་ཞེས་དང་།

ཡང་ཁོང་གིས་མེ་དཔུང་དམར་ཆེམ་ཆེམས་འབར་བའི་དཀྱིལ་ན་ལག་གཉིས་ཐལ་མོ་སྦྱར་ཏེ། སྐད་ཤུགས་ཆེན་པོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། བོད་མི་རིགས་ལ་རང་དབང་དགོས་ཞེས་སྐད་བརྒྱབ་པ་ལམ་འགྲམ་གྱི་མི་ཚོས་དངོས་སུ་གོ་གིན་འདུག ད་དུང་གཞན་ཞིག་ཀྱང་ཤོད་བཞིན་འདུག་ཀྱང་དེ་ཁོང་ཚོས་གསལ་བོ་གོ་ཐུབ་མ་སོང་ཞེས་བཤད་བྱུང་། ཞེས་ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་༡༡ཚེས་༢༦ཉིན་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས།

 

ཁ་སང་ཕྱི་ཚེས་༢༢ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༠།༠༠  ཡས་མས་སུ་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ཀྱིས། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

 

རྒྱལ་གཅེས་པ་ཁོང་ ༢༠༠༦ ལོར་ཤིས་ཚང་དགོན་པ་ཞུགས་ཡོད་འདུག་ལ།  སྐབས་དེར་ཁོང་གི་གྲྭ་མིང་ལ་འཇམ་དབྱངས་དགེ་འདུན་འབོད་ཀྱི་ཡོད་འདུག  ༢༠༠༧ ལོར་སྐྱ་སར་བབ་ཏེ་ད་ལྟའི་བར་འབྲོག་སར་བསྡད་ཡོད་པ་དང་། ཁོང་གིས་ནམ་རྒྱུན་བོད་ཁུལ་དུ་རང་ལུས་མེར་བསྲེཊ་གཏོང་ཐེངས་རེར་། ཁོང་རང་ཉིད་ཀྱིས་དེ་འདྲ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་དང་། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ཡུལ་དུ་མ་ཕེབས་ཚེ་འཇིག་རྟེན་འདིར་བསྡད་མ་བསྡད་མི་འདུག་ཅེས་བཤད་ཡོད་སྐོར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་པར་བརྗོད་འདུག

༈ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ།

བཞུགས་སྒར་དྷརྨ་སཱ་ལཱ།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར།

མཐའ་མའི་བསྒྲགས་གཏམ།

༄ ༅། །བོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་དབང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་བཞུགས་སྒར་དྷརྨ་སཱ་ལཱར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ བསལ་ཚོགས་འདུ་བསྐོང་ཚོགས་ཞུས་ཤིང༌། ཁྱོན་རྒྱལ་ཁབ་ཁག་ ༤༣ ནས་ཚོགས་བཅར་བ་ཉིས་བརྒྱར་ཉེ་བ་ཆེད་ཕེབས་གནང་ཡོད། ཚོགས་འདུ་འདི་བཞིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་ཚོགས་ཆུང་གིས་བསྐོང་ཚོགས་གནང་བ་ དང༌། ཚོགས་འདུའི་དམིགས་ཡུལ་ནི་བོད་ནང་ད་བར་བོད་མི་ ༧༥ ཡིས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གི་གནས་སྟངས་གདོང་ལེན་བྱེད་ཕྱོགས་འཐབ་ བྱུས་བཟོ་བཀོད་ཆེད་བསྐོང་ཚོགས་ཞུས་པ་རེད།

       མིག་སྔའི་གནས་སྟངས་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་ཆེས་གལ་ འགངས་ཆེ་བའི་དུས་སྐབས་ཤིག་ཡིན། ཚབས་ཆེའི་དྲག་གནོན་ཡོད་མུས་ལ་མ་ལྟོས་པར་བོད་མི་ཚོས་རྒྱ་ནག་གི་བཙན་བཟུང་ལ་ འགོག་རྒོལ་གྱི་ཚ་རླབས་གོང་མཐོར་འཕྱུར་བཞིན་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ལོ་རྒྱུས་རང་བཞིན་ ལྡན་པའི་འཕོ་འགྱུར་གྱི་དབང་གིས་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གལ་ཆེན་ཞིག་ ཕྱིན་ཡོད། ཕྱོགས་གཞན་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་མི་ཐོགས་གསར་པའི་འགོ་ཁྲིད་བསྐོ་ གཞག་བྱས་ཡོད། དེར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ནུས་ཤུགས་བསྐྱར་འདོན་བྱེད་ དགོས་པའི་གནས་སྐབས་ཤིག་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་གནང་བ་ལྟར་བོད་མིར་རང་ཐག་རང་གཅོད་བྱེད་ རྒྱུའི་འགྲོ་བ་མིའི་ཐོབ་ཐང་ཐོབ་ཆེད་འབད་རྩོལ་གོང་མཐོར་སྤེལ་རྒྱུ་ཡིན།

       བོད་ མི་ཚོས་འགྱུར་བ་མེད་པར་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང༌། རིག་གཞུང་སྲུང་སྐྱོབ་དང་ལྷག་དཀར་གྱི་ལས་འགུལ་ལྟ་བུས་མཚོན་པའི་ཐབས་ལམ་སྣ་ ཚོགས་བརྒྱུད་འགོག་རྒོལ་བྱེད་བཞིན་པར་ཚོགས་བཅར་བ་ཡོངས་ནས་ཡི་རངས་བསྔགས་ བརྗོད་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། མི་མང་པོ་སྡེབ་ལ་འཛིན་བཟུང་བྱས་པ་དང༌། ཞི་བའི་སྐད་འབོད་བྱེད་པ་ཙམ་ལའང་དྲག་པོའི་བཙན་གནོན་བྱེད་རྐྱང་བྱས་པ། དེ་མཚུངས་"རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ"ཟེར་བའི་ལས་འགུལ་ཤུགས་ཆེ་སྤེལ་ བཞིན་པར་ལྟོས་མེད་ཀྱིས་བོད་མི་ཚོས་མུ་མཐུད་འགོག་རྒོལ་བྱེད་བཞིན་ཡོད།

       བོད་ མི་རྣམས་འུ་ཐུག་ཐབས་བཟད་ཀྱིས་རང་ལུས་མེར་བསྲེགས་མ་བཏང་མཐུ་མེད་བྱུང་བར་བློ་ འཚབ་ཆེན་པོ་བྱུང༌། ང་ཚོས་བློ་ཐག་གཙང་བཅད་ཀྱིས་ཁོང་ཚོའི་མངོན་འདོད་ྋགོང་ས་མཆོག་བོད་ལ་གདན་ འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་བསྐྱར་གསོ་ཡོང་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གནས་ཚུལ་འདི་དག་བྱུང་དགོས་པའི་རྒྱུ་མཚན་དང་དེའི་འགན་ཁུར་རྒྱ་ནག་གི་འགོ་ ཁྲིད་དང༌། འདས་པའི་ལོ་དྲུག་ཅུ་ལྷག་རིང་ལག་བསྟར་བྱས་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཁག་ལ་ ཐུག་ཡོད་སྟབས། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་རྒྱུ་རྐྱེན་དེ་དག་སེལ་ཐབས་བྱེད་དགོས་པའི་ སྐུལ་མ་ཞུ་རྒྱུ་ཡིན།

       འབྲོག་སྡེ་མང་པོ་བཙན་དབང་གིས་མེད་པ་བཟོ་བཞིན་པར་བློ་འཚབ་ཆེན་པོ་ཡོང་གི་འདུག དེའི་རྐྱེན་གྱིས་ཕ་མེས་ཀྱི་གོམས་སྲོལ་རྩ་བརླག་དང༌། འཚོ་རྟེན་གཏོར་བཤིག་ཕྱིན་པའི་དབང་གིས་བོད་མི་མང་པོ་སྤྱི་ཚོགས་ནས་མཐའ་འབུད་ འགྲོ་གི་ཡོད། སྤྱི་ཚོགས་དང་དཔལ་འབྱོར་ཀྱི་ཆ་ནས་མཐའ་འབུད་ཕྱིན་པའི་དབང་གིས་ཀྱང་རང་ལུས་ མེར་བསྲེགས་ཀྱི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པར་སེམས། དེར་བརྟེན་དཀའ་ངལ་དེ་དག་གང་མགྱོགས་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱེད་ ཀྱི་ཡོད།

      ཞི་ མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་བྱེད་རྒྱུ་དེ་ཉིད་བོད་རྒྱ་མི་རིགས་གཉིས་ཀའི་ ཁེ་ཕན་བཟང་ཤོས་ཡིན་པ་ངོས་འཛིན་དང་སྦྲགས། ང་ཚོས་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་དང་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་གསར་པ་ ཚོར་དཀའ་རྙོག་དེ་དག་སེལ་ཐབས་དང༌། བོད་མིའི་དངོས་ཡོད་དཀའ་སྡུག་ཁག་བསལ་ཐབས་ཆེད་གང་མྱུར་ལས་དོན་ལག་བསྟར་དགོས་ པའི་དམིགས་བསལ་ཞུ་སྐུལ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཡོང་སླད་མཉམ་འབྲེལ་ རྒྱལ་ཚོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང༌། གླིང་ཆེན་ནང་ཁུལ་གྱི་ས་གནས་སྒྲིག་འཛུགས་ཁག་བཅས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་ སྤྲད་ཆེད་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་ཕན་ཚུན་འབྲེལ་ལམ་ཐོག་ཛ་ དྲག་གི་ལས་དོན་སྤེལ་དགོས་པའི་རེ་འདུན་བཏོན་གྱི་ཡོད།

      ད་ ལན་གྱི་ཚོགས་འདུའི་རིང་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཐུན་ ཚོགས་ཤིག་གསར་འཛུགས་ཐུབ་པ་མ་ཟད། མཉམ་འབྲེལ་ཐོག་སྤེལ་རྒྱུའི་ལས་འཆར་ཞིག་ཀྱང་གཏན་འབེབས་བྱུང་བར་ཚོགས་བཅར་བ་ ཡོངས་ནས་དགའ་བསུ་ཞུ་རྒྱུ་ཡིན། དེ་མཚུངས་ང་ཚོ་ཚོགས་བཅར་བ་ཡོངས་ནས་བོད་པའི་ཚོགས་པ་ཁག་དང༌། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུབ་སྐྱོབ་བྱེད་མཁན་གྱི་ཚོགས་པ་ཁག གཞན་ཡང་འཛམ་གླིང་གང་སར་གནས་པའི་འབྲེལ་ཡོད་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་རྒྱལ་ སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཞིར་བཟུང་བོད་དོན་དཀའ་རྙོག་སེལ་ ཐབས་ཀྱི་ལས་དོན་སྤེལ་རྒྱུའི་ཆོད་སེམས་བསྐྱར་ནན་བྱ་རྒྱུ་ཡིན།

སྤྱི་མོས་ཀྱིས་གཏན་ལ་ཕབ།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༨
བཞུགས་སྒར་དྷརྨ་སཱ་

ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་རྒྱལ་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་ས་གནས་བོད་མི་ཚོས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་འདུག

རྒྱ་གཅེས་དཔའ་བོ་ཀླུ་འབུམ་རྒྱལ་ལགས་ཀྱི་ཕ་མིང་ལ་ཚེ་གོ་འམ་(དམག་ཚེ་གོ) འབོད་ཀྱི་ཡོད་པ་དང་། ད་ལྟ་རང་ལོ་ ༦༠ ཡས་མས་ཡིན་འདུག་ལ།  ཁོང་གི་ཨ་མ་ཚེ་ལས་འདས་ཟིན་པ་དང་། ཁོང་ལ་མིང་སྲིང་ ༧ ཡས་མས་ཤིག་ཡོད་འདུག

བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་བའི་ཆར་རེབ་གོང་མདོ་བ་ཞང་ཐོག་ཏུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ། ལག་ཏུ་དེང་རབས་ཀྱི་གོ་མཚོན་ཐོགས་པའི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་བཀྲམས་ཏེ། ས་གནས་མི་མང་ལ་འཇིགས་སྐུལ་བྱས་པ་དང་། རེབ་གོང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ལས་བྱེད་དང་རེབ་གོང་རྫོང་གི་ལས་བྱེད་མང་པོ་མདོ་བར་ཡོང་སྟེ། ས་གནས་སུ་རང་ལུས་མེར་བསྲེགས་གནས་ཚུལ་གྱི་བྱུང་རྐྱེན་དང་སླད་ཕྱིན་གནས་ཚུལ་དེ་རིགས་མི་འབྱུང་ཆེད་རྨ་ལྷོ་ཁུལ་གྱིས་རྫོང་ཁག་བཞི་ལ་བསྒྲགས་པའི་༼ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོཊ་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར༽སོགས་མི་ནང་ཁྱབ་བསྒྲགས་སོགས་བྱས་ཏེ་དམ་དྲག་ཆེན་པོ་བྱས་སྟབས། ཁ་སང་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོ་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་རྒྱལ་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག

 

 

 

 

 

 

 

 

 

 

 

 

 

 

ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་བའི་རང་ལོ་ ༣༥ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་དོན་གྲུབ་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་ཀླུ་འབུམ་རྒྱལ་དགུང་ལོ་ ༦༡ དང་། མ་འབྲུག་མོ་མཚོ་དགུང་ལོ་ ༥༧ ཡིན་འདུག་ལ།  ཁོང་ལ་སྤུན་མཆེད་བཀྲ་ཤིས་རྒྱ་མཚོ་དང་སྒྲོལ་མ་སྐྱིད་བཅས་ཡོད་འདུག  ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་། ད་ལྟ་ལོ་ ༣༥ ཡིན་པ་དང་། ཁོང་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཡོད་པ་ལས་ཆེ་བ་རང་ལོ་ ༡༦ ཡིན་པའི་བུ་མོ་ལྷ་མོ་སྐྱིད་ད་ལྟ་སློབ་འབྲིང་འགྲིམས་ཀྱི་ཡོད་འདུག་ལ། བར་མ་ལྷ་ཕྲུག་ལོ་ ༡༥ དང་། ཆུང་བ་བུ་ལྷ་མོ་སྐྱབས་ལོ་ ༨ བཅས་ཡིན་འདུག

དཔའ་བོ་ཁོང་ནི་མི་གཤིས་ཧ་ཅང་བཟང་བས་དུས་རྒྱུན་དུ་འཛུམ་ཤིག་ཤིག་ཏུ་སྡོད་པ་ཞིག་ཡིན་པས། སྡེ་མི་ཀུན་ཀྱང་ཧ་ཅང་དགའ་སའི་མི་སྣ་ཞིག་ཡིན་ལ། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེ་ཞིང་བོད་དོན་སྐོར་གླེང་སྐབས་ཚོར་ཤུགས་རྣོ་ལ་སེམས་ཁུར་ཆེས་ཆེར་ཡོད་མཁན་ཞིག་ཡིན་ཚུལ་འདུག

ད་ལྟ་ཨ་མཆོག་དགོན་པའི་གྲྭ་བ་ཚོས་སྨོན་ལམ་གསུང་བཞིན་པ་དང་མི་མང་ཡང་མང་པོ་འབྱོར་བཞིན་ཡོད་འདུག་ལ།  ཉེ་ཆར་སྤྱི་ཟླ  ༡༠ ཚེས ༢༦ ཉིན་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལཊ་ཀྱིས་ས་གནས་དེར་མེ་རྒོལ་གནང་ཡོད་སྟབས། ས་གནས་སུ་དམག་མི་དང་ཉེན་རྟོག་པ་མང་པོ་བཏང་ཡོད་འདུག་ཀྱང་། ད་ཆར་དམིགས་བསལ་དམ་དྲག་བྱེད་པའི་གནས་ཚུལ་གང་ཡང་བྱུང་མི་འདུག

 

      ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༨ ཙམ་གྱི་སྟེང་། བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་རུ།  རང་ལོ་ ༢༥ ཡིན་པའི་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱིས།  རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་ནས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་བཙན་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་།  ཁོང་གི་སྐུ་ཕུང་དགོན་པར་གདན་ཞུ་བྱས་ཏེ་དགོན་གྲོང་གཉིས་ཀྱི་མི་མང་ཡོངས་འདུ་འཛོམས་ཐོག་ཁ་བཏགས་བསྒྲོན་པ་དང་བསྔོ་སྨོན་གསུངས་ཡོད་འདུག   

ཨ་འཇམ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་སྐབས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས་པ་དང་། ༸པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས་པ། བོད་མི་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་འདུག 

དོ་དགོང་བོད་ནང་གི་ཆུ་ཚོད་ ༡༠། ༣༠ ཙམ་ལ།  དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་འདུ་འཛོམས་ཐོག  དཔའ་བོ་ཁོང་གི་སྐུ་གདུང་རྐང་ཚ་དགོན་པའི་མདུན་ཐད་ཀྱི་དུར་ཁྲོད་དུ་གདན་འདྲེན་གྱིས་ཞུགས་འབུལ་གནང་བཞིན་ཡོད་པ་དང་།  མི་མང་གིས་སྐད་ཤུགས་ཆེན་པོས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་སྐད་གསེང་མཐོན་པའི་གདུང་འབོད་དང་བསྔོ་སྨོན་གསོལ་འདེབས་གྱེར་བཞིན་པ་མ་ཟད།  སེམས་ཀྱིས་མ་བཟོད་པར་ཀི་འབོད་སོགས་ཀྱང་བྱེད་ཀྱིན་ཡོད་འདུག 

རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ནི་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོ་ནས་ཡིན་པ་དང་། ཁོང་ནི་མ་མཁའ་འགྲོ་འཚོ་དང་ཕ་འདས་པོ་བསྟན་འཛིན་གཉིས་ཀྱི་བུ་ཡིན་འདུག    

ད་ལྟའི་ཆར་རྒྱ་གཞུང་གི་དམག་མི་མང་པོ་གཅིག་འཕྲོར་གཅིག་བྱས་ཏེ་སྐུ་གདུང་ཞུགས་འབུལ་གནང་སར་འབྱོར་བཞིན་ཡོད་འདུག 

 

      ཚེས་ ༡༧ ཉིན་ཨ་མདོ་རེབ་གོང་ནས་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས།


 ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ པ་ཡས་མས་ལ་རེབ་གོང་རྩེ་ཁོག་མགོན་ཤུལ་ནས་ཡིན་པ་གསང་བདག་ཚེ་རིང་ཞུ་བ་ཞིག་གིས། རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ ཕྱིན་འདུག རྡོ་དཀར་མོ་ཞང་ནི་དེང་གི་རེབ་གོང་རྩེ་ཁོག་རྫོང་ཁོངས་མགོན་ཤུལ་ཚོ་སྟེང་བཅུར་ སྟངས་འཛིན་བྱེད་པའི་ས་གནས་ཀྱི་སྲིད་གཞུང་ཡིན། 

 གསང་བདག་ཚེ་རིང་ལགས་ ནི་ལོ་ ༢༤ དང་། རེབ་གོང་ཆུ་ཁོག་ཤོག་བཞི་ལས་མགོན་ཤུལ་སྒར་བ་རུ་ཁག་བརྒྱད་པ་ནས་རེད་འདུག ཁོང་གི་བཟའ་ཟླའི་མིང་དངོས་ལ་རྟ་མགྲིན་མཚོ་ཟེར་ནའང་སྡེ་བའི་ནང་འཕགས་མོ་འཚོ་ ཞེས་འབོད་ཀྱིན་ཡོད་འདུག ལོ་༢༤ དང་། ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་འདན་སྐྱབས་དང་ལོ་༣ ཡིན་འདུག ཁོང་ལ་སྲིང་མོ་གཅིག་ཡོད་པའི་མིང་ལ་ཚེ་དབྱིངས་སྐྱིད་དང་། ལོ་༢༩ དང་། ཕའི་མིང་ལ་ཆོས་དབྱིངས། ལོ་༥༡དང་། ཨ་མའི་མིང་ལ་སྨན་བླ་འཚོ། ༤༩ ཡིན་བཅས་འདུག

ད་དུང་འབྲེལ་ཡོད་ བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཁོང་གིས་རྟག་པར་བོད་ལ་རང་དབང་མེད་པ་དང་། རྒྱལ་བོ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀི་མེད་པ་དང་གསེར་ཞལ་མཇལ་ཐུབ་ཀི་མེད་པ། པཎ་ཆེན་རིན་པོ་ཆེ་བཙོན་ཁང་དུ་ལྷག་ཡོད་པ། བོད་ཀྱི་དཔའ་བོ་རྣམས་གཅིག་འཕྲོར་གཅིག་མཐུད་ཀྱིས་སྐུ་ལུས་མེར་བསྲེགས་ནས་ ཕེབས་སོང་ན་ད་འཇིག་རྟེན་འདིར་སྡོད་འདོད་མི་འདུག་ལ།  བསྡད་ཀྱང་སྙིང་བོ་མི་འདུག་ཅེས་རང་གི་བཟའ་ཟླ་ལ་ཡང་ཡང་བཤད་ཡོད་འདུག་ལ། བཟའ་ཟླས་དེ་རུ་ཇུས་གཏོགས་བྱེད་དགོས་པ་མ་རེད་ཅེས་ཇི་ལྟར་བཤད་ཀྱང་ཁོང་གིས་ དེའི་སྐོར་ཤ་སྟག་གླེང་ནས་སེམས་སྐྱིད་པོ་མེད་པར་བསྡད་ཡོད་པ་དང་། ཉིན་བདུན་བརྒྱད་ཙམ་གྱི་སྔོན་ལ་ཁོང་གིས་རང་ཉིད་ཀྱི་འདྲ་པར་ཞིག་གི་སྟེང་ གྲོགས་པོ་གློག་ཀླད་བེད་སྤྱོད་ཤེས་མཁན་ཞིག་ལ་ཡི་གེ་ཞིག་ཕབ་འགོད་བྱེད་བཅུག་ འདུག་པ་ནི། །

གདུང་དམར་བོད་ཀྱི་རྒྱུད་པ། །

གངས་སེང་དཀར་མོའི་ཚ་བོ། །

གངས་རིའི་ཕོ་རྒོད་རྣམ་པ། །

གངས་དཀར་ལ་རྒྱ་མ་བརྗེད། ། ༢༠༡༢ ་ལོར་ཞེས་འཁོད་ཡོད་འདུག

ཉིན་གསུམ་གྱི་སྔོན་སྡེ་བ་དེའི་ནང་གི་XXXཟེར་ བའི་ཕོ་གསར་ཞིག་ལའང་བོད་ལ་རང་དབང་མེད་པ་དང་། རྒྱལ་བ་རིན་པོ་ཆེའང་བོད་ལ་ཕེབས་མ་ཐུབ། པཎ་ཆེན་རིན་པོ་ཆེའང་བཙོན་ལ་བཅུག་ནས་བཞག་ན་འཇིག་རྟེན་འདིར་བསྡད་ཀྱང་སྙིང་བོ་ མི་འདུག་ཅེས་ཁ་བརྡ་བྱས་ཡོད་འདུག

དེ་རིང་སྔ་དྲོ་རྡོ་ དཀར་མོ་སྲིད་གཞུང་ནས་འཚོགས་འདུ་ཆེན་པོ་ཞིག་བསྡུས་ཏེ་མེར་བསྲེགས་བཏང་བ་རྣམས་ ཀྱི་ནང་མིར་ཐུགས་གསོ་དང་འཚམས་འདྲི་ཞུ་རུ་འགྲོ་མི་ཆོག་པ་མ་ཟད། དགོན་པ་སུ་སོང་ན་དེ་སྒོ་རྒྱག་གི་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཕྱི་དྲོ་དེ་ག་རང་ཁོང་གིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་ཞིབ་ཉུལ་སོ་སྲུང་མི་སྣ་དག་གིས་མེ་གསོད་ཐབས་སུ་སྐུ་ ཕུང་སྟེང་ལ་ཆུ་བཤོ་བ་སོགས་བྱས་ཡོད་ནའང་། མེ་འབར་ཤུགས་ཆེ་བས་ས་གནས་དེ་ག་རང་དུ་སྐུ་གྲོངས་ཡོད་འདུག

སྐུ་གྲོངས་བ་དང་མགོན་ ཤུལ་རྡོ་རྗེ་རྫོང་དགོན་པའི་དགེ་འདུན་པ་རྣམས་དང་། གསང་སྔགས་སྨིན་གྲོལ་གླིང་གི་སྔགས་པ་རྣམ་པ་བཅས་རེབ་གོང་མགོན་ཤུལ་གྱི་བླ་ སྔགས་ཚང་མ་དང་། མགོན་ཤུལ་ཚོ་སྟེང་བཅུའི་མི་མང་། འདབས་འབྲེལ་དཔྱི་ས་དང་མགར་རྩེ་འབྲོག་སྡེ་སོགས་ཀྱི་མི་མང་ཡང་འཛོམས་ཤུགས་ཆེན་ པོ་བྱས་ཏེ་སྐྱ་སེར་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་མགོན་ཤུལ་གསང་སྔགས་སྨིན་ གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་གྱི་དུར་ཁྲོད་ནང་སྐུ་ཕུང་ཞུགས་འབུལ་བྱས་ཡོད་ འདུག ད་ལྟ་བརྒྱུད་ལམ་ཁག་བཀག་འགོག་བྱས་ཡོད་རྐྱེན་འདྲ་པར་སོགས་ལེན་ཐུབ་ཀྱི་མི་ འདུག་པས།  སླད་ན་འདི་གར་འབྱོར་མཚམས་ཁ་བརྡ་དྲ་ངོས་སུ་ཁ་གསབ་ཞུ་རྒྱུ་ཡིན།

 

     ཕྱི་ཟླ་༡༡་ཚེས་༡༧ ཉིན་གྱི་ཆུ་ཚོད་བཞི་པ་མ་ཟིན་ཙམ་ལ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་བུ་མོ་ལྕགས་ མོ་སྐྱིད་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་༼ཐུན་རིན་༽རྫོང་ གཉིས་ཀྱི་སྲིད་འཛིན་ལས་ཁུངས་ཁག་གི་བསྟི་གནས་ཆགས་ཡུལ་རོང་བོ་རྒྱལ་ཐང་གི་དགའ་ བདེ་ཁྲོམ་རའི་བྱང་སྒོའི་ལམ་ཆེན་སྟེང་ནས་རང་ལུས་མེར་བསྲེགས་ཀྱིས་ས་གནས་དེ་ གར་སྐུ་གྲོངས་ཡོད་པ་དང་།  ས་གནས་མི་མང་གིས་སྐུ་ཕུང་རྒྱ་ལག་ལ་ཤོར་མ་བཅུག་པར་རེབ་གོང་རོང་པོ་དགོན་པའི་ སྒྲོལ་མ་ཐང་ཆེན་དུ་གདན་ཞུས་ཀྱིས་ཕ་མ་གཉིས་ཕེབས་རག་བར་སེར་སྐྱ་མི་མང་གིས་ སྨོན་ལམ་གསུང་འདོན་གྱིས་ཉར་ཡོད་པ་དང་། ཕ་མ་གཉིས་ཕེབས་ནས་ངོ་ཐག་ཆོད་ཟིན་མཚམས་རེབ་གོང་རོང་བོ་དགོན་ཆེན་གྱི་རྒྱབ་རི་ ངོས་ཀྱི་གདོང་རྒྱལ་ཀླད་དུ་གདན་ཞུས་ཀྱིས་སྐུ་ཕུང་ཞུགས་འབུལ་ཞུས་འདུག གདོང་རྒྱལ་ཀླད་ནི་རེབ་གོང་རོང་བོ་དགོན་ཆེན་གྱི་བླ་མ་དང་དགེ་འདུན་པའི་སྐུ་ ཕུང་སྦྱིན་བསྲེག་གནང་ས་ལས་མི་སྐྱ་ཁག་གི་ཕུང་བོ་ཞུགས་འབུལ་ཞུ་སྲོལ་མེད་ནའང་། རེབ་གོང་ཁུལ་ཐོག་ནས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ དང་སྐལ་བཟང་སྦྱིན་པ་གཉིས་ཀྱི་སྐུ་ཕུང་གནས་དེར་སྦྱིན་བསྲེག་གནང་བ་མ་ཟད། མི་མང་གིས་ཕྱག་འཚལ་ཏེ་ཁ་བཏགས་བཏང་ནས་སྐུ་ཕུང་སྦྱིན་བསྲེག་གནང་ཡོད་པ་དང་། དེ་རིང་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ཀྱི་སྐུ་ཕུང་ཡང་ལའང་མི་མང་གིས་ཕྱག་ འཚལ་ཞིང་ཁ་བཏགས་འཐེན་ཏེ་ས་གནས་དེར་ཞུགས་འབུལ་བྱས་ཡོད་འདུག་ལ། དེ་ནི་ལོ་རྒྱུས་སྟེང་བུད་མེད་ཅིག་གི་སྐུ་ཕུང་རེབ་གོང་གདོང་རྒྱལ་ཀླད་དུ་ ཞུགས་འབུལ་བྱས་པ་ཐོག་མ་ཆགས་ཡོད་འདུག

 

བུ་མོ་ལྕགས་མོ་སྐྱིད་ནི་རེབ་གོང་སྨད་པ་ཁ་རྒྱ་སྡེ་བ་ནས་ཡིན་པ་དང་། ཕ་འབྲུག་བྱམས་འབུམ་དང་མ་སྒྲོལ་འཚོ་གཉིས་ཀྱི་བུ་མོ་ཡིན་པ་དང་། བརྒྱུད་ལམ་གཞན་ཞིག་ནས་ཐོས་ཚོད་ལྟར་ན་ཁོ་མོར་བྱིས་པ་གཉིས་ཡོད་འདུག་སྐད།

 

དེ་རིང་དགོང་དྲོར་སེར་ སྐྱ་མི་མང་སྟོང་ཕྲག་མང་པོ་སྐུ་གདུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ཀླད་དུ་མཉམ་ འཛོམས་ཀྱིས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་དབྱངས་འདོན། སྨོན་ལམ་གསུང་འདོན་བཅས་ཀྱི་ལམ་ནས་སྐུ་གདུང་ཞུགས་འབུལ་ཞུས་འདུག་པ་དང་།

 

ད་ལྟ་རེབ་གོང་ཁུལ་ཐོག་ ཏུ་དེང་རབས་གོ་མཚོན་ཐོགས་པའི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོ་འབྱོར་ནས་ འགྲུལ་བསྐྱོད་དང་བཅས་པར་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་གནས་འདུག

 

གནས་ཚུལ་གསལ་འབྱོར་བྱུང་བ་དང་ཁ་བརྡ་དྲ་ངོས་ལ་ཁ་སྣོན་ཞུ་རྒྱུ་ཡིན།

 

གནས་ཚུལ་ཕྱོགས་སྒྲིག་པ།  རྡོ་རྗེ་དབང་ཕྱུག་དང་བོན་རྒྱ་བསྟན་འཛིན་རབ་རྒྱས།

ངེད་ཟུང་ལ་འབྲེལ་གཏུགས།

རྡོར་དབང་། ༩༥༡༨༡༡༡༥༦༣  བསྟན་རབ།  ༨༨༩༤༥༠༣༥༥༨

 

       ༢༠༡༢།༡༡།༡༥། ད་ནང་སྔ་དྲོའི་ཆུ་ཚོད་༡༡།༠༠ ཡས་མས་སུ་བོད་མདོ་སྨད་རེབ་གོང་རྒྱལ་བོ་ཀླུ་ཆུ་ཐང་ནས་རོང་བོ་གྲོང་རྡལ་དུ་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ས་གནས་སུ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་ལ། གནས་ཚུལ་བྱུང་རྗེས་རེབ་གོང་ཚ་རྒྱ་དགོན་པའི་དགེ་འདུན་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཞུགས་འབུལ་བྱས་ཡོད་འདུག 

རྒྱལ་གཅེས་དཔའ་བོ་མཁའ་འབུལ་རྒྱལ་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་མ་མིང་ལ་སྒྲོལ་དཀར་མཚོ་འབོད་ཀྱི་ཡོད་པ་དང་། ཁོང་ལ་ཁྱོན་མིང་སྲིང་ ༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་འབོད་ཀྱི་ཡོད་འདུག་ལ།  དཔའ་བོ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་དེ་ཡིན་འདུག

 

 

     ཡང་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ཙམ་ལ། མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས།  སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག 

འདི་གར་གནས་ཚུལ་བཏང་འབྱོར་བྱུང་དོན།  རྒྱལ་གཅེས་དཔའ་མོ་ཏང་འཛིན་སྒྲོལ་མ་ལགས་ཀྱི་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ ཡིན་པ་དང་། མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ལོ་ ༤༡ ཡིན་འདུག  རྒྱལ་གཅེས་དཔའ་མོ་ཁོང་གིས་རང་ལུས་མེར་བསྲེགས་བཏང་པ་དུས་ཐོག་ས་གནས་མི་མང་གིས་ཤེས་རྟོགས་བྱུང་ཐུབ་མེད་འདུག 

གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་མོ་ཏང་འཛིན་སྒྲོལ་མ་ལགས་ཀྱིས། རང་བསྲེགས་མ་བཏང་སྔོན་ལ་ཁོང་མོའི་ལག་ཁྱེར་ཁ་པར་དང་། མཛུབ་དཀྲིས། སྲུང་འཁོར་སོགས་རང་ཁྱིམ་དུ་བཞག་སྟེ།  སྡེ་བའི་འདུ་ཁང་ནང་དུ་སོང་ནས་དུང་བུད་པ་དང་བསང་མཆོད་སོགས་བྱས་རྗེས།  རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག 

དོ་དགོང་ཆུ་ཚོད་ ༡༠ ཐོག་ལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་འཆར་གནང་བཞིན་ཡོད་ཀྱང་། རོང་བོ་དགོན་པའི་དགེ་འདུན་པ་རྣམས་བཙན་མོར་བསླེབ་མེད་སྟབས། ད་ལྟའི་ཆར་སྡེ་བའི་ཉེ་འཁྲིས་ཀྱི་སྒྲུབ་སྡེ་གསུམ་གྱི་གཙོས་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཐོག་སྒུག་སྡོད་བྱས་ཡོད་འདུག


 

རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་ཚོགས་ཆེན་འཚོག་ལ་ཉེ་སྐབས་དང་བསྟུན་ཏེ། བོད་ནང་གི་སློབ་ཆེན་ཁག་གི་དགེ་སློབ་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་གིས་བོད་ཀྱི་གནད་དོན་སྐོར་གྱི་རེ་འདུན་ཞུ་ཡིག་ཅིག་རྒྱ་ནག་དབུས་གཞུང་ལ་ཕུལ་འདུག

བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་  ནས་༡༤  བར་རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་ཚོགས་ཆེན་རྒྱ་ནག་པེ་ཅིན་དུ་སྐོང་འཚོགས་བྱེད་བཞིན་པ་ལྟར། ཕྱི་ཟླ་ ༡༠ཚེས་  ཉིན་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ལས་ཁུངས་ཁག་ལ།   བོད་ནང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སློབ་གསོ་སློབ་ཆེན་བཅས་སློབ་ཆེན་ཁག་དང་། མཚོ་ལྷོ་དགེ་ཐོན་སློབ་གྲྭ  དེ་བཞིན། བོད་ཁུལ་གྱི་མཐོ་འབྲིང་སློབ་གྲྭ་ཁག་གི་དགེ་སློབ་ཁག་ཅིག་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་བཅས་མཉམ་རུབ་ཐོག མཚན་རྟགས་བཀོད་པའི་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་འདུག    

རེ་འདུན་ཞུ་ཡིག་དེར་གཙོ་བོ་དོན་ཚན་བརྒྱད་ཀྱི་སྟེང་ནས་བྲིས་ཏེ་ཁོང་ཚོའི་མཚན་རྟགས་དང་མཉམ་དུ་ཕུལ་ཡོད་འདུག་ལ།  དོན་ཚན་དང་པོ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྩ་བ་ནི། མི་རིགས་འདྲ་མཉམ་དང་མི་རིགས་ཕན་ཚུན་བར་བརྩི་མཐོང་། སྲིད་འབྱོར་རང་དབང་དང་བཙན་གནོན་མེད་པའི་ཁོར་ཡུག་བཅས་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་མི་རིཊ་ལ་བརྩི་མཐོང་དང་བཙན་གནོན་མེད་པའི་ཁོར་ཡུག་བསྐྲུན་པར་བསམ་བློ་གཏོང་རྒྱུ།  གཉིས་པ། བོད་རིགས་ཀྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སུ་ཡོད་པའི་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་རྒྱའི་སྐད་ཡིག་དང་འདྲ་མཉམ་ཐོག  བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་འདྲ་མཉམ་ཐོབ་ཐང་སྤྲོད་རྒྱུ་དེ་མི་རིགས་འདྲ་མཉམ་གྱི་རྨང་གཞི་ཡིན་སྟབས་གཞུང་ཕྱོགས་ནས་དེའི་ཐད་བསམ་བློ་གཏོང་རྒྱུ། 

གསུམ་པ། བོད་མི་རིགས་གཞི་རྩའི་གོང་འཕེལ་གཏོང་བར་སྡོད་ཁང་གསར་རྒྱག་སོགས་ཕྱིའི་འཛུགས་སྐྲུན་གཅིག་པུ་མིན་པར། བོད་ཀྱི་སྐད་ཡིག་སྡེ་ཁག་ཡོད་པའི་མི་རིོགས་སློབ་ཆེན་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར། ཚན་རིག  སྤྱི་ཚོགས་རིག་པ་བཅས་ཆེད་ལས་མཁས་པ་སྐྱེད་སྲིང་བྱེད་སའི་སྡེ་ཁག་གསར་འཛུགས་ཀྱིས་བོད་རིགས་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱ་དགོས་པ་དང་། དེ་ནི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ལམ་སྲོལ་དང་། ཤེས་རིག་གསར་པ་དར་སྤེལ་གྱིས་མིོ་རིགས་གོང་འཕེལ་འགྲོ་བའི་གཞི་རྩ་ཡིན་སྟབས། དེའི་ཐད་བསམ་བློ་གཏོང་རྒྱུ།  བཞི་པ། བོད་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་དེབ་ཆ་ཚང་རྒྱ་ཡིག་ཏུ་སྒྱུར་བ་དེ་མི་རིགས་མཐོང་ཆུང་གི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་ངེས་པར་དུ་བསྒྱུར་བཅོས་བྱ་རྒྱུ།

ལྔ་བ། བོད་མི་རིགས་ནི་ཕྱིའི་དཔལ་ཡོན་ཁོ་ནར་རྩོད་ལེན་དང་གདེང་འཇོག་བྱེད་མཁན་གྱི་མི་རིགས་ཤིག་མིན་པར། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འདྲ་མཉམ་ཐོག་མཐོང་ཆེན་དང་གདེང་འཇོག་བྱེད་མཁན་ཞིག་དང་། བསམ་པའི་དཔལ་ཡོན་དེ་དངོས་པའི་དཔལ་ཡོན་ལས་གཙོ་ཆེར་མཐོང་ཆེན་བརྩི་འཇོག་བྱེད་པའི་མི་རིཊ་ཤིག་ཡིན་སྟབས། བོད་ཁུལ་དུ་ཆོས་ལུགས་དད་མོས་དང་གནས་སྟངས་ལ་བསྟུན་ཏེ་རང་དབང་དང་ཐོབ་ཐང་སྤྲོད་རྒྱུ། དྲུག་པ། བོད་ཀྱི་ས་ཆར་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་བར། གུང་ཁྲན་ཏང་གི་མངོན་འདོད་དང་དགོས་འདུན་ཁོ་ནར་དམིགས་ཏེ་དགོན་སྡེ་ཁག་ཏུ་དོ་དམ་ཞབས་ཞུ་བསྒྲུབ་རྒྱུ་མིན་པར། ཆབ་སྲིད་ཀྱི་དབང་ཆ་ངོ་མ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་རྒྱུ། 

བདུན་པ། བོད་ཁུལ་དུ་རྒྱ་རིགས་དང་ཁ་ཆེ་བཅས་མི་རིགས་མང་པོ་གནས་སྤོར་བྱས་ཏེ། བོད་ཀྱི་ས་ཆའི་བདག་པོ་ངོ་མ་གྲངས་ཉུང་མི་རིགས་དུ་འགྱུར་བཞིན་པའི་གནས་སྟངས་དེས། བོད་རིགས་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་འགྲོ་བཞིན་པ་དང་བློ་འཚབ་སྐྱེ་གཞི་ཞིག་ཡིན་པས་དེ་ལ་བསམ་བློ་གཏོང་རྒྱུ། བརྒྱད་པ། དབུས་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་སྲོལ་མི་རིགས་རང་སྐྱོང་གི་སྲིད་ཇུས་ངོ་མ་ལག་བསྟར་གཙང་མ་བྱ་རྒྱུ་དང་།  བོད་ཀྱི་ས་ཁུལ་དུ་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་། འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་དེ་བསྒྱུར་བཅོས་བྱ་རྒྱུ། བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལྷ་ཀླུ་བསྙེན་བཀུར་དང་། ནང་ཆོས་ཀྱི་རིག་གཞུང་ལྟར་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་འཚོ་བ་རོལ་གྱིན་པའི་མི་རིགས་ཤིག་ཡིན་སྟབས། བོད་པའི་རིག་གནས་དང་གོམས་གཤིས་སོགས་ལ་ཚད་ལས་བརྒལ་བའི་རྡོག་བརྫིས་གཏོང་བཞིན་པ་དེས། བོད་མིའི་སེམས་ཁམས་ལ་བཟོད་ཐབས་བྲལ་བའི་ན་ཟུག་ཡོད་སྟབས། གནད་དོན་དེའི་ཐད་བསམ་བློ་གཏོང་རྒྱུ་བཅས་དོན་ཚན་ཆེན་པོ་བརྒྱད་ཀྱི་ཐོག་ནས་རྒྱ་ནག་དབུས་གཞུང་ལ་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་འདུག

གཞན་ཡང་།  ༢༠༡༠ ལོར་ མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་དོན ༢༠༡༠ ལོ་ནས་ ༢༠༢༠ ལོར༽ ཞེས་པའི་སྲིད་ཇུས་འོག  མཚོ་སྔོན་གྱི་བོད་རྒྱ་སྐད་ཡིག་ལ་གཙོ་ཕལ་དབྱེ་རྒྱུ་དང་། སློབ་ཁྲིད་སྐད་ཡིག་གཅིག་གྱུར་བཅོས་སྒྱུར་སོགས་གལ་ཆེའི་གནད་དོན་དང་འབྲེལ་ཞིང་།  དེའི་ཐོག་སློབ་གསོ་སྲིད་འཛིན་སྡེ་ཁག་དང་ས་གནས་རེ་ཟུང་གིས་བྲེལ་འཚུབ་དང་།  མགྱོགས་མྱུར། བཙན་ཤུགས་ཀྱིས་ཁྱབ་སྤེལ་གཏོང་རྒྱུ་ཐག་གཅོད་བྱས་པའི་དབང་གིས  ས་ཁུལ་ཁག་གི་སློབ་ཕྲུག་དང་ཁྱིམ་བདག་གི་ཐུགས་བློ་མ་ཚིམས་པར། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༩ ནས་བཟུང་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག མཚོ་ནུབ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སྲང་ལམ་དུ་ཁྲོམ་སྐོར་དང་  སློབ་གྲྭའི་ནང་འདུ་འཛོམས་ཀྱི་རྣམ་པའི་ཐོག་ནས་ངོ་རྒོལ་བྱུང་ཡོད་པ་རེད། 

དེར་བརྟེན། ༢༠༡༠ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤  ཉིན་མཚོ་སྔོན་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་འཁྱུར་རྒན་ཡོད་ལས་བྱེད་དང་སློབ་གསོའི་ལས་དོན་སྒྲུབ་མཁན་ཁག་གིས། ༼མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་ཀྱི་དུས་ཡུན་འབྲིང་རིང་གི་བཅོས་སྒྱུར་གནད་དོན་ཐད་ཀྱི་མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་ཀྱི་དུས་ཡུན་འབྲིང་རིང་གི་བཅོས་སྒྱུར་གནད་དོན་ཐད་ཀྱི་བསམ་འཆརཞེས་པའི་སྙན་ཞུ་ཞིག་ཀྱང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ལྷན་ཁང་། རྒྱལ་ཁབ་དམངས་འཐུས། རྒྱལ་ཁབ་སློབ་གསོ་པུའུ། རྒྱལ་ཡོངས་སྲིད་གྲོས་དམངས་འཐུས། ཞིང་ཆེན་གྱི་རྒྱུན་ལས་ལྷན་ཁང་ཁག་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་སྡེ་ཁག   ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་དོན་ལྷན་ཁང་། ཁུལ་དྲུག་གི་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སློབ་གསོ་ཅུའུ་བཅས་ལ་ཕུལ་ཡོད་པ་རེད།

 

དེ་རིང་དགོང་དྲོ་རེབ་གོང་མདོ་བ་རུ་ཡང་བསྐྱར་རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་རིང་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ དང་སྐར་མ་ ༡༨ སྟེང་།རེབ་གོང་མདོ་བ་ཞང་སྲིད་གཞུང་གི་སྒོ་ཁ་ནས། རང་ལོ་ ༡༨ ཡིན་པ་རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག 

འདི་གར་བསྟན་རབ་དང་རྡོར་དབང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།  དེ་རིང་མདོ་བ་ཞང་ཐོག་ཏུ་བོད་མི་མང་པོ་འཛོམས་ཡོད་སྟབས། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་མདོ་བ་དགོན་པའི་ནང་གདན་ཞུས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས།  གྲྭ་པ་རྣམས་སྦྱིན་སྲེག་བྱེད་ས་ཞིག་ཡོད་པ་དེར་གདན་ཞུས་ཀྱིས་སྦྱིན་སྲེག་བྱེད་ཀྱི་ཡོད་པ་དང་། ཁྱོན་མི་མང་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་འདུ་འཛོམས་ཐོག ༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་ གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་པ་དབྱངས་སུ་གྱེར་པ་དང་མ་ཎི་འདོན་པ་སོགས་བྱེད་བཞིན་ཡོད་འདུག 

རྒྱལ་གཅེས་དཔའ་བོ་སྙིང་ལྕགས་འབུམ་ལགས་ནི་རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་དང་།  ཁོང་གི་ཕའི་མིང་ལ་ལྷ་ཕྱུག་ལོ་ ༤༤ དང་།  མའི་མིང་ལ་ཚེ་རིང་འཚོ་ལོ་ ༣༨ ཡིན་འདུག  ཁོང་བཟའ་མི་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆེ་བ་སྙིང་ལྕགས་འབུམ་དང་།  འབྲིང་བ་བུ་མོ་འབྲུག་མོ་མཚོ། ཆུང་བ་བུ་མོ་ཚེ་འབྲུག་སྐྱིད་བཅས་ཡིན་འདུག  

ད་ལྟའི་ཆར་རེབ་གོང་༼ཐུན་རིན༽རྫོང་དུ་དྲ་རྒྱའི་སྐུད་ལམ་བཅད་ཡོད་པ་མ་ཟད།  དེ་རིང་དགོང་མོར་མདོ་བ་ས་ཁུལ་དུ་ཁ་པར་བརྒྱུད་ལམ་དང་གློག་བཅད་ཡོད་སྟབས། ས་གནས་ཀྱི་མི་མང་གིས་ད་ནི་རྒྱ་གཞུང་གིས་དྲག་གནོན་བྱས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་བཞིན་ཡོད་འདུག

 

དེ་རིང་ཡང་བོད་མདོ་སྨད་རེབ་གོང་མདོ་བ་རུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་རིང་ཕྱི་ཚེས་ ༡ཉིན་གྱི་བོད་ནང་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༡༥ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་གད་དམར་ཐང་གི་སློབ་གྲྭའི་ནང་དུ།  རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་སྐད་འབོད་བྱེད་བཞིན།  རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག  དེ་རིང་ཁུལ་དེར་རྒྱལ་གཅེས་དཔའ་མོ་རྟ་མགྲིན་ཚོ་དང་དཔའ་བོ་སྐལ་བཟང་སྦྱིན་པ་གཉིས་ཀྱི་ཁྱིམ་དུ་མྱ་ངན་འཚམས་འདྲིར་ཕེབས་མཁན་ཧ་ཅང་མང་པོ་འབྱོར་ཡོད་པར་བརྟེན།   རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་འདུག ད་ལྟའི་ཆར་རེབ་གོང་ནས་སྤྱི་ལེ་ ༡༠༠ ཙམ་གྱི་སར་ཡོད་པའི་མདོ་བ་ཞང་ཐོག་ཏུ་དམག་མིའི་རླངས་འཁོར་ཕོན་ཆེན་བཏང་ཡོད་འདུག 

འདི་གར་གནས་ཚུལ་མཁོ་གཏོང་བ་བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན།  རྒྱལ་གཅེས་དཔའ་བོ་ཁོང་ནི།  མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བའི་ཡིན་ལ།  ཁོང་གི་ཕའི་མིང་ལ་བཀྲ་ཤིས་རྣམ་རྒྱལ་ལོ་ ༤༧ ཡིན་པ་དང་། མའི་མིང་ལ་མཁའ་འགྲོ་འཚོ་ལོ་ ༤༧ ཡིན།  ཁོང་གི་མ་ཚེ་ལས་འདས་ནས་ལོ་ ༤ ཕྱིན་འདུག རྒྱལ་གཅེས་དཔའ་བོ་ཁོང་གི་ཆུང་མའི་མིང་ལ་འབྲུག་མོ་ཚེ་རིང་ལོ་ ༢༣ ཡིན་པ་རེད།

རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི།  ་སང་ཕྱི་ཚེས་ ༡༡ ཉིན་རེབ་གོང་ཁུལ་དང་རྫོང་གི་ལས་བྱེད་མི་སྣ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ  ཕྱི་ཚེས་ ༧ ཉིན་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་ཕྱི་ཚེས༨ ཉིན་དཔའ་བོ་སྐལ་བཟང་སྦྱིན་པ་རྣམ་གཉིས་ཀྱིས་མེར་བསྲེག་བཏང་དགོས་པའི་རྒྱུ་མཚན་དང་ཕྱི་ཕྱོགས་ཀྱི་ངན་སྐུལ་ཡོད་མེདརྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་ཚུལ་སོགས་དྲིལ་སྒྲོག་བྱས་པ་དང་། དེ་རིང་ཕྱི་ཚེས་ ༡༢ ཉིན་ལའང་རྒྱ་དམར་དབུས་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་བྱེད་རླངས་འཁོར་ ༧ ཡོང་སྟེ།  ས་གནས་སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་ཡོད་སྟབས།  རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་ཀྱིས་སྐབས་དེ་དང་བསྟུན་ནས་རང་ལུས་མེར་བསྲེགས་བཏང་ཡོད་འདུག 

ཁ་སང་ཕྱི་ཚེས་ ༡༡ ཉིན་རེབ་གོང་ཁུལ་དང་རྫོང་གི་ལས་བྱེད་ཀྱིས་དྲིལ་སྒྲོག་གཏམ་བཤད་སྤེལ་ཏེ།  ད་དུང་མི་མཐུད་འདི་འདྲ་ཡོང་གི་ཡོད་མེད་དང་། མང་ཚོགས་ནང་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད  ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་མེན་སོགས་བྲིས་སྐབས།  རྒྱ་གཞུང་གི་ལས་ཀ་བྱས་ཏེ་ལོ་ ༡༥ ཕྱིན་ཞིང་། ད་ལྟའི་མདོ་བ་སྒྲོ་རོང་བོ་སྡེ་བའི་ཧྲུའུ་ཅུ་(དམར་ཤོག་དྲུང་ཆེ་)ཡིན་པའི་སྟག་ལྷ་ཟེར་པ་ཁོང་གིས།  མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཤེས་མ་སོང་། ངའི་བསམ་ན་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་གསོལ་བ་སྨོན་ལམ་རྒྱབ་མི་ཆོག་པ།གོང་ས་མཆོག་ཕྱི་ལོག་ཏུ་ཕུད་དེ་ཕྱིར་བོད་ནང་ཕེབས་བཅུག་གི་མེད་པ། ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་ཁང་དུ་བཀག་པ  བོད་ལ་རང་དབང་མེད་པ་བཅས་ལ་བརྟེན་ནས་རང་ལུས་མེ་བསྲེགས་བཏང་དགོས་པ་འདི་ལ་ཐུག་པ་རེད་ཅེས་བཤད་ཡོད་འདུག་ལ།  ས་གནས་བོད་རིགས་མི་མང་གིས་ཁོང་གིས་བརྗོད་པའི་བསམ་ཚུལ་ལ་ཧ་ལས་ཏེ།  ལས་བྱེད་ཅིག་གིས་དེ་ལྟར་བཤད་ཐུབ་པའི་ཁོང་གི་བློ་ཁོག་ལ་བསྟོད་བསྔགས་བྱས་ཡོད་འདུག 

གཞན་ཡང་། ས་གནས་བོད་མི་ཞིག་ལ་སྐད་ཆ་དྲིས་པར།  ཁོང་གིས “མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ནི་རེབ་གོང་(ཐུན་རིན་)རྫོང་གི་དམར་ཕྱོགས་དྲུང་ཆེ་ཅཱང་ཧྲུའུ་ཁྲིན་གྱིས།  ཉེ་ལམ་མདོ་བ་ཤང་ཐོག་ཏུ་ཡོང་སྟེ་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་གནས་ཚུལ་འདི་བྱུང་བ་རེད།” ཅེས་བརྗོད་ཡོད།

ཅཱང་ཧྲུའི་ཁྲིན་ནི་དེ་སྔོན་མཚོ་ལྷོ་ཁུལ་མང་ར་(ཀོས་ནན) རྫོང་གི་དམར་ཤོག་དྲུང་ཆེ་ཡིན་པ་དང་། སྐབས་དེ་དུས་ཀྱང་ཁོས་ས་ཁུལ་དེར་དམ་དྲགས་ཤུགས་ཆེན་བྱས་ཡོད་འདུག

 

ཕྱི་ཚེས་ ༡༠ ཉིན་མདོ་སྨད་ཨ་མཆོག་ཀླུ་ཤོད་སྐེད་སྡེ་བའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་ནང་ཆུ་ཚོད་ ༢ དང་སྐར་མ་ ༢༠ ཙམ་གྱི་སྟེང་། མདོ་སྨད་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བའི་རང་ལོ་ ༡༩ ཡིན་མགོན་པོ་ཚེ་རིང་ལགས་ཀྱིས། ཀླུ་ཤོད་ཁུང་རུ་ཐང་ངམ་བཤད་སྒྲུབ་བསྟན་དར་གླིང་དགོན་པ་ནས་རང་ལུས་མེར་བསྲེགས་བཏང་སྟེ། མེ་ཕུང་ཁྲོད་ “མི་རིགས་ལ་རང་དབང་དགོས། སྐད་ཡིག་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་དགོས” ཞེས་སྐད་འབོད་བྱེད་བཞིན།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་ཕྱོགས་སོ་སོ་ནས་དགེ་འདུན་པ་མང་པོ་བསླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་ལྕེ་ཆེ་དྲགས་སྟབས་ནུས་པ་ཆེས་ཆེར་མ་བྱུང་པར། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༤༠ ཙམ་ལ་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཕུང་དགོན་པ་ནས་སྐེད་སྡེ་བར་གདན་འདྲེན་ཞུས་ཏེ་དགེ་འདུན་པས་བསྔོ་སྨོན་གསུང་བཞིན་ཡོད་འདུག 

ཨ་འཇམ་ལགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན།   རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱི་ཕའི་མིང་ལ་བཀྲ་ཤིས་བསོད་ནམས་དང་ལོ་ ༤༢ ཡིན་འདུག  མའི་མིང་ལ་སྙིང་ལོ་ཟེར་ཞིང་རྒྱལ་གཅེས་དཔའ་བོ་ཁོང་ལོ་ ༣ ཡིན་དུས་མ་ཚེ་ལས་འདས་ཡོད་པ་དང་། དེ་རྗེས་ད་ལྟ་རང་ལོ་ ༤༠ སོན་པའི་མ་གཡར་མགོན་པོ་སྐྱིད་ཀྱིས་གཉོར་སྐྱོང་འོག་ནར་སོན་པ་ཞིག་ཡིན་འདུག  རྒྱལ་གཅེས་དཔའ་བོ་ཁོང་གིས་  ༢༠༡༡ ལོའི་ལོ་མཇུག་ཏུ་ཁྱིམ་ཐབ་བཟུང་སྟེ་ཆུང་མ་འབྲུག་མོ་ཕྱུག་དང་གཉེན་སྒྲིག་ཡོད་འདུག 

རྒྱལ་གཅེས་དཔའ་བོ་ཁོང་ཕྱི་ཚེས་ ༩ ཉིན་གྱི་དགོང་མོ་ཕ་མ་དང་གཉེན་ཉེ་བཅས་མཉམ་དུ་བསྡད་ཡོད་པ་དང་། སྐབས་དེར་ཁོང་ཧ་ཅང་ཁུ་སིམ་པོ་དང་བག་ལྷོད་དུ་སྡོད་པ་ཙམ་ལས་དམིགས་བསལ་གྱི་རྣམ་འགྱུར་གང་ཡང་མངོན་མི་འདུག  ཕྱི་ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ དང་སྐར་མ་ ༣༠ ཙམ་ལ་དགོན་པར་མཇལ་བར་འགྲོ་རྒྱུ་ཡིན་ཚུལ་བརྗོད་དེ།  སྦག་སྦག་ཞོན་ནས་སྐེད་སྡེ་བའི་རང་ཁྱིམ་དང་ཁ་བྲལ་ཏེ། སྤྱི་ལེ་ ༡༥ མཚམས་སུ་ཡོད་པའི་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་དུ་ཕྱིན་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༢ སྐར་མ་ ༢༠ ཙམ་ལ་དེ་གར་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག 

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ནི།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་སྨད་དམ་ཀླུ་ཤོད་སྐེད་སྡེ་བ་ནས་ཡིན་ལ།   རང་ལོ་ ༡༡ ནས་ཀླུ་ཤོད་སློབ་ཆུང་དུ་ཞུགས་ཏེ་མདོ་ལྷོ་གཙོད་བོད་རིགས་སློབ་འབྲིང་གི་འབྲིང་རིམ་འཛིན་གྲྭ་གཉིས་པ་བར་དུ་སློབ་གཉེར་བྱས་ཤིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་སློབ་མ་དཔེ་ལེགས་དང་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐེངས་དུ་མར་ཐོབ་ཡོད། ཁོང་ནི་དུས་རྒྱུན་དུ་རྩེ་དགའ་ཆེ་ཞིང་ཡ་རབས་ཀྱི་གཤིས་ཀ་ལྡན་པ་ཞིག་ཡིན་པར་མ་ཟད། སློབ་གྲྭའི་རྩེད་རིགས་སོགས་རིག་རྩལ་གྱི་ཁྲོད་དུའང་ཐེངས་དུ་མར་ཞུགས་མྱོང་ཡོད་འདུག རྗེས་སུ་སློབ་གྲྭར་མུ་མཐུད་དུ་འགྲོ་ཐུབ་མེད་ཀྱང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རང་སྡེ་བའི་ནང་ནས་སློབ་གསོ་དང་འབྲེལ་བའི་ཁ་ཤགས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱས་ཏེ་མི་མང་སེམས་འགུལ་ཐེབས་བཅུག་ཡོད་འདུག

 

མདོ་སྨད་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོོས། དེ་རིང་དགོང་དྲོ་བོད་ནང་གི་ཆུ་ཚོད་༦པ་ནས་༧པ་བར་དུ་སློབ་མ་ཆིག་སྟོང་ལྷག་ལྷན་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེལ་མཉམ་བསྐྱེད་ཀྱི་མར་མེ་ཕུལ་བ་དང་། མ་ཎི་འདོན་བཞིན་གསོལ་བ་སྨོན་ལམ་བཏབས་ཏེ་སློབ་གྲྭའི་ར་བསྐོར་ནང་དུ་ལས་འགུལ་ཞིག་སྤེལ་འདུག

དཔའ་རྩལ་གཡུ་རལ་གསིག་པའི་གངས་ཀྱི་སེང། མེད་པར་སྨྲ་བའི་གཏམ་དེ་རྫུན་དུ་ཐལ། འདི་ན་ཁུ་ཚུར་ཕྱར་བའི་སེང་ཕྲུག་ཁྱུས། གངས་སེང་གད་རྒྱངས་སྒྲོག་པ་མི་ཐོས་སམ། མ་ཚར་མ་ཚར་དཔའ་བོ་མ་ཚར་ཟིག གདོང་དམར་དམག་གི་གདུང་རྒྱུད་མ་ཚར་ཟིག མི་ཐུབ་མི་ཐུབ་བཙན་གནོན་མི་ཐུབ་གི བདེན་པའི་འཐབ་རྩོད་དམག་གིས་མི་ཐུབ་གི

མདོ་སྨད་རེབ་གོང་དུ་སློབ་མ་ལྔ་སྟོང་ལྷག་གིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་འདུག

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༥ སྟེང་། རེབ་གོང་དུ་སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུག  སློབ་མའི་ལས་འགུལ་དེར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ ༥༠༠༠ ལྷགའདུ་འཛོམས་བྱུང་ཡོད་འདུག

འདི་གར་བསྟན་རབ་དང་རྡོར་དབང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ལས་འགུལ་སྐབས་སློབ་ཕྲུག་རྣམས་ཀྱིས། ༸གོང་ས་སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ཅེས་པ་དབྱངས་སུ་གྱེར་བ་དང་། དེ་བཞིན མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས ཞེས་སྐད་འབོད་བྱེད་བཞིན  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གཉིས་ཀྱི་སྲིད་འཛིན་ལྟེ་གནས་ཡིན་པའི་རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་རྗེས། ད་ཆ་རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ་འཛོམས་ཀྱིས་སྐད་འབོད་དང་རྒྱལ་བའི་ཞབས་བརྟན་དབྱངས་སུ་གྱེར་བཞིན་བསྡད་ཡོད་འདུག

ད་ལྟའི་ཆར་སྒྲོལ་མ་ཐང་ཆེན་དུ་ཐག་ཉེ་རིང་གི་མི་མང་འདུ་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ད་ནངས་སྐད་འབོད་སྐབས་ལམ་གཞུང་ཡོངས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་གནས་སྟངས་ཆགས་ཡོད་འདུག དེ་རིང་གི་སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་ད་ལྟ་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་འདུག ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གི་གནས་ཚུལ་རིགས་བྱུང་ཡོད་མི་འདུག

གོང་གསལ་སློབ་གྲྭ་ཁག་ནིརྨ་ལྷོ་ཁུལ་རིམ་པའི་སློབ་གྲྭ་དང་རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། སློབ་མའི་ལས་འགུལ་འདིའི་ནང་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ། རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད།

ལྔ་བཞིའི་གཞོན་ནུའི་ཁྲོམ་སྐོར་ཟིལ་ཤུགས་ཅན། དྲུག་བཞིའི་སློབ་ཆེན་རྔམ་སྟོན་ཡ་ང་བ།

བཅུ་གཅིག་དགུ་བའི་སློབ་མའི་ཞི་རྒོལ་ཆེ། གཅིག་ལས་གཅིག་ལ་བདེན་སྟོབས་གཟི་བརྗིད་ཆེ།

ཞི་རྒོལ་རླབས་ཕྲེང་འདི་ལྟར་འཕྱུར་བར་ཤོག བདེན་པའི་འཐབ་རྩོད་རྣམ་པར་རྒྱལ་བར་ཤོག

རང་དབང་དམངས་གཙོ་ཀུན་ལ་ཐོབ་པར་ཤོག།

དེ་རིང་གི་སྐུ་སྲོག་མེར་མཆོད་དཔའ་རྒོད་ཅིག

སུད་སུ་གནས་སྡོད་རེབ་གོང་ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༤།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་རེབ་གོང་མདོ་བ་འབྲོག་སྡེའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྤྱིན་པ་རྒྱལ་མཚོ་ལགས་ཀྱིས། རེབ་གོང་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་རང་ལུས་མེར་བསྲེཊ་ཀྱིས། “ ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ” ཞེས་སྐད་འབོད་བྱེད་བཞིན་རྒྱ་གཞུང་གིས་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

གནས་ཚུལ་བྱུང་རྗེས་རོང་བོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་སྐུ་ཕུང་གདོང་རྒྱལ་ཀླད་དུ་གདན་འདྲེན་ཞུས་ཡོད་འདུག་ལ། སྐབས་དེར་བོད་མི་སེར་སྐྱ་ ༦༠༠༠ ཡས་མས་འདུ་འཛོམས་ཀྱིས་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་སྤྱིན་པ་རྒྱ་མཚོ་ལགས་ཨ་མའི་ཕ་མ་གཉིས་ཀྱི་གམ་དུ་བསྡད་ཡོད་འདུག་ལ། ཁོང་གི་ཨ་མའི་ཕ་མིང་ལ་གཅོད་པ་དང་། མ་མིང་ལ་བདེ་མཆོག་སྐྱིད་འབོད་ཀྱི་ཡོད་འདུག  ཁོང་ལ་སྤུན་མཆེད་བུ་གསུམ་དང་བུ་མོ་གཅིག་བཅས་སྤུན་བཞི་ཡོད་འདུག

 

དེ་རིང་ཞོགས་པ་མདོ་བ་གྲོང་བརྡལ་གྱི་སློབ་མ་རྣམས་ཀྱིས་ (སློབ་ཕྲུག་༧༠༠ མ་ཟིན་ཙམ་ཡོད།) རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སློབ་རྭའི་ནང་ཡོད་པའི་རྒྱ་དམར་གྱི་དར་ ཆ་མར་ཕབ་སྟེ་རལ་བ་མ་ཟད། སློབ་ཕྲུག་རྣམས་ཐད་ཀར་གྲོང་བརྡལ་ལས་ཁུངས་སུ་བསྐྱོད་དེ། ལས་ཁུངས་མདུན་གྱི་རྒྱ་དམར་གྱི་དར་ཆ་མར་ཕབ་ནས་རལ་བ་སོགས་ངོ་རྒོལ་སྐད་འབོད་ བྱས་འདུག ཡིན་ན་ཡང་དགེ་རྒན་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཡོང་ཆེད་གང་མགྱོགས་སློབ་མ་ རྣམས་ཀྱི་ཕ་མ་ཚོར་བུ་ཕྲུག་རྣམས་ལེན་ཏུ་ཡོང་དགོས་པའི་བརྡ་ལན་བཏང་འདུག་པ་ སོགས་ཀྱིས་དེ་རིང་སློབ་གྲྭ་འཚོགས་ཐུབ་མི་འདུག ཕྱེད་ཡོལ་རེབ་གོང་གི་ལྟེ་བ་རྨ་ལྷོ་ཁུལ་ཐོག་ནས་མདོ་བ་བར་དམག་མིའི་རླངས་འཁོར་ བདུན་ཕྱིན་འདུག་ཀྱང་། མདོ་བ་སྡེ་བའི་འདབས་སུ་སློབ་ཕྲུག་རྣམས་དང་བུད་མེད་ཚོས་ངུ་འབོད་དང་བཅས་ལམ་ཁ་ བཀག་རྐྱེན་དམག་མི་རྣམས་ཕྱིར་ལོག་འདུག་པ་ལས་གནས་ཚུལ་གཞན་ཅི་ཡང་ལྷག་མི་འདུག

ཚེས་༧ཉིན་གྱི་སྐུ་སྲོག་མེར་མཆོད་དཔའ་རྒོད་ལྔ།

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁོངས། འབྲི་རུ་རྫོང་པད་དཀར་ཞང་གི་ལས་ཁུངས་ཡོད་སར་བོད་མི་ཞིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག རང་སྲེག་གཏོང་སྐབས་མཚན་མོ་ཆགས་ཡོད་ནའང་མི་མང་མང་པོ་འདུ་འཛོམས་བྱུང་ཐུབ་འདུག རྗེས་སུ་ཁ་པར་སོགས་ཀྱི་བརྒྱུད་ལམ་བཀག་འགོག་བྱས་རྐྱེན་རང་སྲེག་གཏོང་མཁན་གྱི་མཚན་དང་ཤི་གསོན་གྱི་གནས་ཚུལ་སོགས་ཞིབ་རྒྱས་རེག་མ་སོང་ཟེར།   གཞན་ཡང་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ། རང་ལོ་༡༥ ། སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བསམ་འགྲུབ། རང་ལོ་༡༦ ། སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ་སྐྱབས། རང་ལོ་༡༦ ། རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་རང་སྲེག་བཏང་སྟེ་གྲྭ་རྡོ་རྗེ་དེ་མ་ཐག་གཤེགས་འདུག་པ་དང། གཞན་གཉིས་སྨན་ཁང་དུ་བསྐྱལ་ཡང་ད་ལྟ་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད། 

        བོད་ནང་གི་ཆུ་ཚོད་ ༥ དང་ཕྱེ་ཀ་ཙམ་གྱི་སྟེང་། བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་།  ཁོ་མོས་མེར་བསྲེགས་སྐབས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་ཡོད་འདུག

འདི་གར་གནས་ཚུལ་མཁོ་གཏོང་པས་བརྗོད་དོན།  རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱི་ཕའི་མིང་ལ་རྟ་མགྲིན་སྐྱབས་ཟེར་ཞིང་ལོ་ ༥༠ ཡིན་པ་དང་།  མའི་མིང་ལ་དཀོན་མཆོག་འཚོ་ཟེར་ཞིང་ལོ་ ༤༤ ཡིན་འདུག  དཔའ་མོ་ཁོང་ལ་བྱིས་པ་ལོ་ ༦ ཅན་ཞིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་འབོད་པ་དང་། དེ་མིན། ཁོ་མོར་མིང་སྲིང་གཉིས་ཡོད་པ་ལས་ནུ་བོ་ལྷ་མོ་སྐྱབས་ལོ་༢༠ དང་། ནུ་མོ་རི་ལངས་མཚོ་ལོ་ ༡༡ ཡིན་འདུག 

དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱིས་མེར་བསྲེགས་བཏང་བའི་གནས་ཚུལ་ཁྱབ་མ་ཐག   དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སུམ་སྟོང་བརྒལ་བ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང་།  དེ་རིང་གཅིག་པུར་ས་ཐག་ཉེ་རིང་གང་སའི་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་སུམ་བརྒྱ་བརྒལ་བ་གད་དམར་ཐང་དུ་འཛོམས་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཟླ་ཤས་གོང་ནས་ཁོ་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང་། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་འདུག

རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོའི་སྐྱེས་ཡུལ་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བ་ནི་མདོ་བ་ཞང་ནས་ཀེ་ལོ་མི་ཌིར་   ༡༥ མཚམས་ཀྱི་གད་དམར་ཐང་ཞེས་པའི་འབྲོག་ཁུལ་དེ་ཡིན་སྟབས།  ཁོང་མོས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་པའི་རྗེས། ད་ལྟའི་ཆར་དམ་དྲག་སོགས་ཀྱི་གནས་ཚུལ་རིགས་བྱུང་མི་འདུག ཡིན་ནའང་། གད་དམར་ཐང་ནི་རེབ་གོང་མདོ་བ་སྒྲོ་རོང་པོའི་ས་དཀྱིལ་ཡིན་ལ། དེར་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་སྟབས། འབྲོག་ཁུལ་དེའི་མི་རྣམས་འདུ་ཡུལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད་འདུག

 

      དེ་རིང་རེབ་གོང་ནས་རང་ལུས་མེར་བསྲེགས་བཏང་སྐོར་གྱི་གནས་ཚུས།

དེ་ རིང་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་། རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ སྤེལ་བའི་མཇུག་ཐོག་ཏུ་འདས་གྲོསས་སུ་ཕྱིན་འདུག

ད་ནངས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེག་གཏོང་ས་ནི་རྨ་ལྷོ་བོད་རིགས་རང་ སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་ འགག་མདོ་ཁ་ཤས་ཡོད་པ་ལས། ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོ་ནས་མེར་བསྲེག་བཏང་འདུག་ལ། མེར་བསྲེག་གི་ལས་འགུལ་སྤེལ་བ་ལམ་འགྲོ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འབྲེལ། སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བར་བདག་གཅེས་དང་འབྲེལ། གཅིག་ལ་གཉིས་བརྒྱུད་ཀྱིས་ཐག་ཉེ་རིང་གི་མང་ཚོགས་ནས་ཤེས་རྟོགས་ཁྱབ་བརྡལ་བྱུང་ སྟེ། དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་མཉམ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་ བཏགས་འཐེན་པ་དང་། སྨོན་ལམ་གསུང་འདོན་བཅས་ཀྱི་མགོ་བཙུགས་ནས། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་པང་གི་གདོང་རྒྱལ་ལ་ཁ་ཟེར་ བ་དེར་གདན་ཞུས་ཀྱི་སྐབས་ཙམ་ལ། གཞི་ནས་དཔའ་བོ་ཁོང་གང་ནས་ཡིན་པ་སོགས་ཀྱི་ངོ་འཕྲོད་བྱུང་བ་ཞིག་ཡིན་འདུག
དེ་རིང་བོད་ནང་གི་ཆུ་ཚོད་ ༢ ་དང་ཕྱེད་ཀའི་སྟེང་དགེ་འདུན་པའི་སྨོན་ལམ་ཆོ་ག་གསུང་འདོན་དང་མང་ཚོགས་ཀྱིས་མ་ ཎི་འདོན་དབྱངས་དང་ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་ལྡིར་བའི་ཁྲོད་ནས་ སྦྱིན་སྲེག་ཞུས་འདུག ས་གནས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། སྐུ་ཕུང་ཞུ་འབུལ་ཞུ་ཡུལ་དུ་མི་མང་ཁྲི་ཁ་ཤས་འཛོམས་ནས་དཔའ་བོ་ཁོང་ལ་མྱ་ངན་ གུས་འདུད་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག
ད་ནངས་མེར་བསྲེག་ལས་འགུལ་ སྤེལ་བའི་རྗེས་ཙམ་ནས་ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་གི་བྱེད་མགོ་ཚུགས་ཡོད་ནའང་། མང་ཚོགས་ཀྱིས་དེ་རིང་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུ་འབུགས་ཞུ་ཡུལ་དུ་གདན་ཞུའི་སྐབས། ཞུགས་འབུལ་དངོས་གཞིའི་སྐབས་བཅས་ལ་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ནའང་། གནས་ཚུལ་འདི་སྐོར་ཕྱིར་བསྒྲགས་མི་ཆོག་པའི་སྐོར་མང་ཚོགས་ནང་ཀྱབ་སྤེལ་ཤུགས་ ཆེ་བྱེད་ཀྱིན་ཡོད་འདུག
དཔའ་བོ་ཁོང་གི་སྐུ་ཕུང་ ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི་རེབ་གོང་གི་ལོ་རྒྱུས་ནང་གི་དམིགས་བསལ་ས་ ཆ་ཞིག་སྟེ། དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་ན་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་དང་། དེ་ཡང་སྤྱི་བཏང་གི་བླ་མ་དང་གྲྭ་པ། དེ་ལས་ཀྱང་མང་ཚོགས་དཀྱུས་མའི་རིགས་ཀྱི་སྐུ་ཕུང་ཞུ་འབུལ་ཞུ་ཡུལ་ཞིག་མིན་ ནའང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་ རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་པ་དེ་ཉིད་ ཀྱི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་པ་ནི། རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་ནག་སྐྱ་བོ་ཞིག་གི་སྐུ་ཕུང་ཞུགས་འབུལ་ ཞུས་པ་ཐོག་མ་ཡིན་པ་དང་། དེ་རིང་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་སྐུ་ཕུང་གནས་འདི་ནས་ཞུགས་འབུལ་ ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་ བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག
ས་གནས་ནས་འབྲེལ་ཡོད་ཁག་ ཅིག་ནས་བརྗོད་གསལ་ལ། ཉེ་སྔོན་ནས་གཞུང་གི་ལས་ཁུངས་ཁག་གི་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ ཀར་མཐུད་སྦྱོར་མི་ཆོག་པ་དང་། དེ་བཞིན་དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་ཡོད་མུས་ཡིན་པ་དང་། དེ་རིང་ཉིན་རྒྱབ་ནས་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ། ད་ལྟའི་ཆར་གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་ སྡོམ་ཤུགས་ཆེ་བྱེད་ཀྱིན་པའི་གནས་སྟངས་ཆགས་འདུག་པ་བཅས་ཀྱི་གནས་བསྡུས་སུ།

 དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་ཕ་འབྲུག་ཐར་རྒྱལ་ནས། ༼ ངའི་བུ་འདི་ལྟར་གཞན་དོན་དུ་ཤི་སོང་བ་ཡིན་པས་་སྡུག་བསྔལ་བྱེད་ཀྱི་མེད། ཞི་ལིའི་ཡིད་ཚིམ་སོང་ནི་རེད། རེབ་གོང་གི་སེར་སྐྱ་ཡོངས་ཀྱིས་དེ་རིང་རྙོག་དྲ་གཞན་མི་བཟོ་རྒྱུ་རེ་བ་ཡིན་༽ ཅེས་དེ་རིང་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ནས་མང་ཚོགས་ལ་སེམས་གསོ་བྱས་ཏེ། སེར་སྐྱ་མང་ཚོགས་མིག་ཆུ་ཁྲོམ་ཁྲོམ་བཞུར་དགོས་པ་ཞིག་བཟོས་ཡོད་འདུག་ལ། དེ་བཞིན། ཆུ་མའི་རྒད་པོ་གསུམ་གྱིས་མང་ཚོགས་ལ་སེམས་གསོ་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་ འདུག་ལ དེ་ཚོས་ཀྱང་འབྲུག་ཐར་རྒྱལ་གྱིས་བཤད་པའི་སྐད་ཆའི་ནང་དོན་དེ་བཤད་ཡོད་འདུག་པ་ དང་། དེའི་ནང་གི་རྒད་པོ་གཅིག་གིས། ༼ང་ལོ་བརྒྱད་ཅུར་འབུད་ལ་ཁད་ཡོད། ཚང་མས་ངའི་ཁ་ལེན་རྒྱུ་འདི་རེ་བ་ཡིན་༽ ཞེས་བཤད་རྗེས། ༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་མགྱོགས་པོར་ཕེབས་པར་སྨོན༽་ཞེས་ཀྱང་བཤད་ འདུག་པ་བཅས།

རྒྱལ་གཅེས་དཔའ་བོ་ཁོང་ནི་ ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཕ་མིང་ལ་ཕ་མིང་ལ་འབྲུག་ཐར་རྒྱལ་ལོ ༥༠ ཡིན་པ་དང།་ ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ ཡིན་འདུག་ལ། འཚོ་ཐབས་ཞིང་པ་ཡིན་འདུག་ལ་འབྱོར་བ་འབྲིང་ཙམ་ཡོད་པ་ཞིག་ཡིན་འདུག རྡོ་རྗེ་ལྷུན་འགྲུབ་ལགས་ནི་སློབ་ཆུང་གི་ཤེས་ཡོན་གནས་ཚད་འབྲིང་ཙམ་ཡོད་མཁན་ ཞིག་དང་། ད་ཆ་ལྷ་བྲིས་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་ཞིག་ཡིན་པ་ཁོང་གི་བཟའ་ཟླའི་མིང་ ལ་གཡང་མོ་མཚོ་དང་ལོ་ ༢༦ ཡིན་འདུག ཁོང་གཉིས་ལ་བུ་དང་བུ་མོ་གཉིས་འདུག་པ་ལས་རྒན་པ་བུ་ཀུན་བཟང་རྡོ་རྗེ་ད་ལྟ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ད་ལྟ་ལོ་ ༢ ཡིན་འདུག


ཁ་བརྡ་དྲ་བ་ལས་དྲངས།

བོད་དོན་ཐད་རྒྱ་གཞུང་ལ་འབོད་སྐུལ་གནང་།

དེ་རིང་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་ཆེས་མཐོའི་མི་སྣ་ཕའེ་ལའེ་ (Pillay) ལགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ།  རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱད་དེ་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེས། ནམ་ཡང་བོད་མིའི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་བཟོ་ཐབས་བྲལ་བ་གསལ་བཤད་དང་སྦྲགས།   ཁོ་མོས་ “ བོད་མི་ཚོས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ།  འདི་ལྟ་བུའི་བཟོད་དཀའི་བྱེད་ཐབས་སྤྱོད་བཞིན་པ་ངས་ཤེས་ཚོར་ཐུབ་ཀྱི་འདུག” ཅེས་བརྗོད་དེ།  རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་གནས་སྟངས་ཐད་ལྟ་སྟངས་རྣལ་མ་ཞིག་འཛིན་དགོས་སྐོར་ནན་སྐུལ་བྱས་འདུག 

བསྒྲགས་གཏམ་སྤེལ་སྐབས།  ལྕམ་ཕའེ་ལའེ་ལགས་ཀྱིས་རང་ལོ་ ༡༧ ཅན་གྱི་བོད་པའི་བུ་མོ་ཞིག་གིས་བོད་རང་དབང་སྐོར་གྱི་སྦྱར་ཡིག་བཀྲམས་པ་ལ་བརྟེན་ནས། ཁོ་མོར་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བྱས་པ་མ་ཟད། ལོ་ ༣ གྱི་དུས་བཀག་བཙོན་འཇུག་བྱས་ཡོད་པ་དམིགས་བསལ་གྱིས་གླེང་སློང་བྱས་པའི་ཐོག་ནས།  ཞི་བའི་ཐོག་ངོ་རྒོལ་བྱེད་མཁན་བོད་མི་རྣམས་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ། ཚད་ལས་བརྒལ་བའི་དྲག་གནོན་བྱས་པ།  བོད་མི་རིགས་ཀྱི་རིག་གཞུང་བདག་དབང་ལ་ཚད་བཀག་བྱེད་བཞིན་པ་བཅས་ཐེར་འདོན་བྱས་ཏེ། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་སྐོར་བསྒྲགས་འདུག   

དེ་བཞིན།  ལྕམ་ཕའེ་ལའེ་ལགས་ཀྱིས་ “རྒྱ་ནག་གཞུང་གིས་ཞི་བའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱས་པའི་ཐོག་ནས།  ཉེས་མེད་འཇུ་བཟུང་འོག་བཙོན་དུ་ཚུད་ཡོད་པའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་བརྗོད་འདུག

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་ཆེན་རྒྱ་གར་ངྷ་རམ་ས་ལར་འཚོགས་འཆར།

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་དམིགས་བསལ་ཚོགས་ཆེན་དེ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊ་པ་དང་དབུས་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ནས་ ༡༨ ཉིན་བར་དུས་ཡུན་ཉིན་གསུམ་རིང་བཞུཊ་སྒར་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོཊ་ཁང་དུ་སྐོང་འཚོཊ་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདོང་ལེན་གནང་ཕྱོཊ་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོཊ་སྐོར་ཡིན་འདུག

དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་བརྗོད་པ་ལྟར་ན། ད་ལོའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་གྱི་བརྗོད་གཞི་གཙོ་བོ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདོང་ལེན་གནང་ཕྱོཊ་དང་རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་ཕྱོཊ། ཚོཊ་ཆེན་སྔོན་མའི་གྲོས་ཆོད་ཁག་ལག་ལེན་བསྟར་ཡོད་མེད་ཐོག་བསྐྱར་ཞིབ་གནང་རྒྱུ་བཅས་ཡིན་འདུག ད་སྔ་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་དེར་ཚོཊ་མི་ ༡༤༠ ཙམ་གྱིས་ཐོ་འགོད་བྱས་ཡོད་ཅིང་། དངོས་གཞིའི་ཚོཊ་ཆེན་སྐབས་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་ནས་ཚོཊ་ཞུཊ་པ་ ༢༥༠ འཛོམས་འཆར་ཡོད་པའི་ཁྲོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པ་ ༡༦༠ ཙམ་ནས་ཚོཊ་མིའི་སྐུ་ཚབ་རེ་དང་། ཕྱི་རྒྱལ་བོད་རིཊ་སྤྱི་མཐུན་ཚོཊ་པ་ཁག་གི་སྐུ་ཚབ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། དེ་བཞིན། རྒྱ་རིཊ་བོད་དོན་རྒྱབ་སྐྱོར་ཚོཊ་པའི་སྐུ་ཚབ་བཅས་ཚོཊ་ཞུཊ་གནང་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་དེ་ནི། ཆ་སྙོམས་ལོ་གསུམ་རེའི་ནང་ཐེངས་གཅིག་རེར་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། འདས་པའི་ཚོཊ་ཆེན་ཁག་གི་ནང་ཚོཊ་མི་འཕར་ཆག་འགྲོ་བཞིན་ཡོད་ཀྱང་། དབུས་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་མི་རྙིང་པ་ཚོར་འབྲེལ་བ་རྒྱུན་འཁྱོངས་དང་། སྔར་འབྲེལ་བ་མེད་བསྡད་པ་ཚོར་འབྲེལ་བ་གསར་འཛུཊ་ཀྱི་འབད་བརྩོན་གནང་བཞིན་ཡོད་འདུག

དྲུང་ཆེ་བཀྲ་ཤིས་ལཊ་སུ་ད་ལོའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་བརྒྱུད། བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཕན་ཐོཊ་ག་རེ་ཡོང་མིན་དྲིས་པར། ཁོང་གིས་ ཚོཊ་ཆེན་འདི་འཚོཊ་པར་དོ་སྣང་བྱ་དགོས་པ་གཉིས་འདུག གཅིག ད་ལོའི་ཕྱི་ཟླ་ ༥ པའི་ནང་ཨི་སི་ཊི་རི་ཡའི་ཝེ་ཡཱ་ཎར་མི་ ༡༠༠༠༠ ལྷག་འཛོམས་ཏེ་བོད་དོན་དྲིལ་བསྒྲཊ་བྱས་ཡོད་པ་ལྟར། མ་འོངས་པར་ས་གནས་གཞན་དུའང་གང་ཐུབ་ཀྱིས་མི་མང་འདུ་འཛོམས་གནང་རྒྱུ་གལ་ཆེན་པོ་རེད། གཉིས། བཀའ་ཤག་གི་ངོས་ནས་ད་ལོའི་ལོ་འདི་ཞུ་གཏུག་གི་ལོ་ཞིག་ལ་གསལ་བསྒྲཊ་གནང་ཡོད་སྟབས། དེའི་ཐོག་ནས་ས་གནས་བོད་དོན་རྒྱབ་སྐྱོར་ཚོཊ་པ་ཁག་གིས་རྒྱལ་ཁབ་སོ་སོའི་གྲོས་ཚོཊ་འཐུས་མི་དང་། གཞུང་འབྲེལ་མི་སྣ་ཚོར་བོད་དོན་ཞུ་སྐུལ་གནང་རྒྱུ་གལ་ཆེན་པོ་རེད། མ་གཞི་ཁྲིམས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་ཡིན་ན་མི་དམངས་ལ་སོ་སོའི་བདེ་སྡུག་ཞུ་ས་ཡོད་ཀྱང་། བོད་ནང་གི་བོད་མི་ཚོར་ཞུ་གཏུག་བྱེད་སའི་ལམ་ཁ་དེ་རྩ་བ་ནས་ཡོད་པ་མ་རེད། ཞུ་འབོད་བྱས་ན་ལམ་སེང་དྲག་གནོན་བྱེད་ཀྱི་ཡོད་སྟབས། ད་བར་བོད་ནང་བོད་མི་ ༥༤ ཡིས་རང་ལུས་མེར་བསྲེཊ་བཏང་ཡོད། དེ་ལས་ཚད་མཐོ་བའི་ཛ་དྲག་གི་གནས་ཚུལ་ཡོད་པ་མ་རེད། དེའི་ཐོག་ང་ཚོས་རྒྱལ་སྤྱིའི་སྟེང་རེ་བ་བརྒྱབ་པ་བཞིན་དོ་སྣང་དང་རྒྱབ་སྐྱོར་རག་གི་མེད་སྟབས། དེ་ཡོང་བར་ཐབས་ཤེས་དང་རྒྱབ་སྐྱོར་རག་ཐབས་བྱ་དགོས་པ་རེད། ཅེས་བརྗོད་བྱུང་།

དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་གཞོན་ཀླུ་མཁར་བྱམས་ལཊ་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་ཆེན་ལ་རེ་བ་ཅི་ཙམ་རྒྱག་གི་ཡོད་མེད་དྲིས་པར། ཁོང་གིས་ ང་རང་ཚོཊ་ཆེན་ལ་ཞུཊ་པའི་ཉམས་མྱོང་ཡིན་ན། ཚོཊ་ཆེན་ཐོག་བརྗོད་གཞི་འདྲ་མིན་ཁག་བགོས་ཀྱིས་ཞུ་གཏུག་དང་བཙོན་པ་རྒྱུས་ལོན། ཁོར་ཡུག་སོཊ་ཀྱི་ཐོག་བགྲོ་གླེང་གནང་དགོས་པ་རེད། ཚོཊ་ཐོག་ཏུ་སོ་སོ་གང་ལ་འདོད་པ་ཡོད་དེར་སོང་སྟེ་བགྲོ་གླེང་གནང་དགོས་དུས། ང་ཚོས་གྲ་སྒྲིག་འདི་བྱ་དགོས་ཀྱི་འདུག་ཟེར་ནས་ཐག་གཅོད་ཐུབ་ཀྱི་མི་འདུག དགུ་བཅུ་གསུམ་ལ་མཚོན་ན་ཐད་ཀར་འབྲེལ་བ་ཆཊ་པ་ནི། བོད་ནང་གི་ཆབ་སྲིད་བཙོན་པ་མང་དུ་འགྲོ་བ་དང་། གཅར་རྡུང་གནས་སྟངས་མང་དུ་འགྲོ་བ་བཅས་ཡིན་སྟབས། ང་ཚོས་ཆབ་སྲིད་བཙོན་པ་གློད་གྲོལ་གཏོང་ཐབས་དང་། གློད་མ་ཐུབ་ཀྱང་བཙོན་གྲོལ་ཐོབ་ཡོད་པ་ཚོར་རྒྱབ་སྐྱོར་རག་རྒྱུར་ཤུཊ་རྒྱག་དགོས་པ་རེད། བོད་དོན་རྒྱབ་སྐྱོར་ཚོཊ་པ་ཁག་རྒྱལ་ཁབ་འདྲ་མིན་ནང་ཡོད་སྟབས་བོད་དོན་དྲིལ་བསྒྲཊ་ཐོག་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད། བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་འདུའི་བརྗོད་གཞི་གུ་ཡངས་པོ་དང་ཚོཊ་མི་མང་ཆེ་བ་ཕྱི་རྒྱལ་ཁག་ནས་བཅར་ཡོད་སྟབས། ཚོཊ་ཆེན་དེ་བོད་པ་རང་གི་ཚོཊ་འདུ་ལས་རྦད་དེ་ནུས་པ་ཆེ་བ་ཡོད། ཅེས་བརྗོད།

གཞོན་ནུའི་ཚོཊ་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། "བོད་དོན་རྒྱབ་སྐྱོར་ཚོཊ་པ་ཁག་གི་ཚོཊ་མི་དང་། རྒྱལ་ཁབ་དེ་དག་གི་མི་སེར་ཡིན་པའི་བོད་པ་གང་ཡིན་ཡང་། ཚང་མས་རང་ཉིད་ཀྱི་ཐོབ་ཐང་བེད་སྤྱད་དེ་གྲོས་ཚོཊ་འཐུས་མི་དང་། སྲིད་འཛིན་སྲིད་བློན་བཅས་ལ་འབོད་སྐུལ་ཞུས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་རག་ཐབས་བྱ་དགོས་པ་དང་། སྤྱི་ཡོངས་ནས་ད་བར་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཡོད་བསྡད་པ་ཞིག་ཡིན་ཡང་། ལག་ལེན་གྱི་ཐོག་རྒྱབ་སྐྱོར་དམིཊ་བསལ་ཡོང་གི་མེད་དུས་དེར་ཤུཊ་རྒྱག་དགོས་པར་"བརྗོད། 

བུད་མེད་ཚོཊ་གཙོ་བཀྲ་ཤིས་སྒྲོལ་མ་ལཊ་ཀྱིས། ད་ལོའི་བོད་དོན་རྒྱབ་སྐྱོར་ཚོཊ་ཆེན་གྱི་བརྗོད་གཞི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རེད། ད་བར་བོད་ནང་བོད་མི་ ༥༥ ཡིས་རང་ལུས་མེར་བསྲེཊ་བཏང་ཡོད་སྟབས། བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག བོད་པ་རང་གིས་ཤུཊ་བརྒྱབ་སྟེ་འགན་མང་ཙམ་འཁུར་དགོས་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ང་ཚོས་འགན་འཁུར་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོཊ་པ་ཁག་གིས། སོ་སོའི་རྒྱལ་ཁབ་ནང་ཐོབ་ཐང་དང་དབང་ཚད་ག་ཚོད་ཡོད་པ་བེད་སྤྱོད་བཏང་སྟེ། རྒྱལ་ཁབ་ཁག་གི་ནང་བོད་དོན་གྲོས་ཆོད་འཇོག་རྒྱུ་དང་། གྲོས་ཆོད་བཞག་པ་ཙམ་མིན་པར་རྒྱལ་ཁབ་ཀྱི་གྲོས་ཚོཊ་འཐུས་མི་དང་། རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོར་བོད་དོན་ཞུ་སྐུལ་གནང་སྟེ། བོད་ནང་གི་གནས་སྟངས་ཞི་འཇཊ་ཡོང་རྒྱུ་དང་བོད་ནང་རང་དབང་རྟོག་ཞིབ་ཚོཊ་པ་གཏོང་ཐུབ་པར་འབད་བརྩོད་བྱ་དགོས་ཀྱི་འདུག ཅེས་བརྗོད་སོང་།

བོད་ཀྱི་དུས་བབ་དྲ་བ་ལས།

 

གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཀྱི། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།

གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་ཞབས་བརྟན་བཞེད་དོན་ལྷུན་འགྲུབ་ཤོག།

 

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་བོད་ ནང་གི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་། གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པ་རང་ལོ་ ༢༡ ཡིན་པའི་ཚེ་འཕཊ་སྐྱབས་ལགས་ཀྱིས། བསང་ཁོག་ཞང་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚིགས་སུ་རང་ལུས་མེར་བསྲེཊ་ཀྱིས་ རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག སྐུ་གྲོངས་རྗེས་སྐུ་ཕུང་རྒྱ་ལག་ ཏུ་ཤོར་མ་བཅུག་པར་གསེར་ཁྲི་སྡེ་བའི་ནང་གདན་ཞུ་གནང་འདུག


 “ ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས ” ཞེས་འབོད་ཚིག་བསྒྲགས་ཡོད་འདུག 

 

ཁ་སང་ཕྱི་ཚེས་ ༢༤ ཉིན་བླ་བྲང་དགོན་པའི་དགེ་འདུན་པ་ ༡༠༠༠ སྟོང་ལྷག   རྒྱལ་གཅེས་དཔའ་བོ་དོན་གྲུབ་དང་རྡོ་རྗེ་རིན་ཆེན་རྣམ་གཉིས་ཀྱི་ཁྱིམ་དུ་ཕེབས་ཏེ། སྨོན་ལམ་མཆོད་འབུལ་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་འདུག

 སྐུ་གཤེགས་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་གྱི་ཁྱིམ

"བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།

དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེའི་ཞིང་དུ་སྐྱེ་བར་ཤོག །"

ཡིད་བཞིན་ནོར་བུའི་སྨོན་ཚིག་ཆིག་ཐུབ་མ།



 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php