༄༅།།བླ་མ་ཡིད་བཞིན་ནོར་བུའི་འོད་ཟེར་འབུམ། ། སྙིང་གི་པད་མོར་འཕྲོས་པའི་དགའ་སྟོན་དཔལ། ། དུས་བཞིར་འགྱུར་བ་མེད་པའི་དགེ་མཚན་གྱིས། ། གཉེན་ཉེ་འགྲོ་བ་ཀུན་ལ་བཀྲ་ཤིས་ཤོག།
དྲིན་ཆེན་མ་ལོས་གཙོས་ཨ་ཞང་རྣམ་པ་དང་གཉེན་ཉེ་རྒན་རབས་པ་དང་དར་མ། གཞོན་རབས་པ་བཅས་འདི་ལྟར་མཉམ་འཛོམས་གནང་བར་ང་ཧ་ཅང་དགའ་སྤྲོ་སྐྱེས། ངས་རྒྱང་རིང་གི་ས་མཐའ་ཞིག་ནས་ཁྱེད་ཚོ་ལ་སྙིང་ཉེ་བས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
དེ་རིང་ངའི་སེམས་པ་ཐང་དཀར་རྒོད་པོ་བཞིན་ཁྱོད་ཅག་གི་མཁའ་དབྱིངས་ན་འཁོར་བཞིན་ཡོད། དེ་རིང་ཁྱེད་ཅག་གི་རྒྱང་ཐག་རིང་བའི་སྐུ་མགྲོན་དེ་ཡང་ང་ལོས་ཡིན། ཡིན་ན་ཡང་ཁ་པར་ཞིག་རྣ་རྩ་ལ་སྦྱར་དུས་ང་ཚོ་ལྷན་ཅིག་ཏུ་ཡོད་པའི་ཚོར་སྣང་ཞིག་ཀྱང་སྟེར་བར་མ་ཟད། འདས་པའི་ལོ་ཟླ་དེ་དག་ཀྱང་སྐད་ཅིག་ལ་ཕྱིར་ལྡོག་པ་ལྟ་བའི་སྣང་བ་སྐྱེ།
འདི་ལྟ་བུའི་གཉེན་ཉེ་ལྷན་འཛོམས་དོན་སྙིང་དང་ལྡན་པ་རེ་ལོ་གཉིས་གསུམ་རེ་ནས་རེ་རེ་འཛོམས་ཐུབ་ན་ཧ་ཅང་བཟང་ལ། རྒྱུན་དུ་ཡང་ཕན་ཚུན་ལ་འབྲེལ་བ་དང་རོགས་ཕན་གང་ལེགས་གནང་ཐུབ་པའི་རེ་བ་ཡོད། མ་འོངས་པར་ང་ཡང་མ་ཡུམ་རྩྭ་ཐང་གི་མེ་ཏོག་ཚལ་ནས་ཁྱེད་ཚོ་དང་ལྷན་དུ་མཇལ་བར་སྨོན། །
Write a comment