ཁ་བཏགས་ཤིག

 

 

རྒན་ཆབ་བྲག་ཕོ་ཉའི་སྐྱེས་སྐར་ལ།

 

 

ཤེད་བུ།

 

 

 

 

 

 

 

 

ཇི་ལྟར་འདྲིས་ཤིང་གཤིབས་ན་དེ་ལྟར་སྙིང་ལ་ཉེ་བའི།

ཁྱོད་ཀྱི་སྙིང་ཁར་གྲི་རིང་འདོམ་པ་གང་བརྡབས་ན་ཡང་།

འོ་མ་ཟེའུ་ཏོ་གང་འཕྱོ་བར་ང་ལ་ཡིད་ཆེས་ཡོད།

ཀྱེ་ངས་བཀུར་བར་འོས་པའི་མི་ཁྱེད་དེ་རིང་སྐྱེས་སམ།

 

སྙན་ངག་གི་ཐད་ནས་ཀྱང་མཐུན་སྣང་བ་མེད་པའི་ཁྱེད།  

གྱེན་ལ་གཤགས་ཤིང་ཐད་ཀར་འཐགས་ཀྱང་ཀ་ཡི་རུས་པ།  

ཀ་ཡི་ཤ་ཀ་ཡི་ཁྲག་ལ་ཐུག་པའི་ཡིད་ཆེས་ཡོད།

ཁྱེད་ཀྱི་སྐྱེས་སྐར་མི་བསུ་སུ་ཡི་སྐྱེས་སྐར་བསུ་ཨང་།

 

ཁྱེད་དང་ལྷན་དུ་ཆང་འཐུང་བ་ནི་སྙན་ངག་དང་བོད།  

གངས་རིའི་ཁོང་གསེང་ནས་སྔོག་པ་དང་ཀུན་ནས་འདྲ་བར།

ཁུ་ཚུར་གཡུགས་ཀྱང་གངས་རི་ལ་སྙིང་ཁ་སྦྱར་བ་འདྲ།

ཀྱེ་ས་མཐའི་གངས་རི་ཀ་ཁ་ག་ངའི་ནང་ཁྲོལ་ཅན།

 

ལྷག་བསམ་གྱི་གོ་དོན་མི་ཤེས་པའི་ལྷག་བསམ་ཅན་ཁྱོད།

དོན་ཆེན་གནད་ལ་དཔྱད་དུས་ཤེས་རབ་ཀྱི་རྣོ་ཡོད་ལ།

རིགས་ཀྱི་ཞེན་པ་སྔོག་ན་གཞན་ཕན་གྱི་རྐང་ཡང་ཡོད།

ཕྱོགས་སྣེ་གང་ནས་བསམ་ཡང་གྲོགས་རྒན་ཁྱོད་རྩིས་ཆེན་ཡིན།

 

ཁ་བཤད་ཀྱིས་གངས་རི་བཞེངས་པའི་ལབ་རྐྱལ་ཚོའི་ཁྲོད་དུ།

ཁྱི་འུར་གྱིས་གནམ་ས་བཀད་པའི་སྐྱ་བྷ་ཚོའི་ནང་ན།

འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་པད་མ་བཞིན།

ཁྱོད་ནི་ངའི་ནང་སེམས་ནས་ཁས་ལེན་ཐོབ་པ་དེ་ཡིན།

 

དེ་རིང་དབྱངས་ཅན་སྤྲུལ་བའི་མི་ཞིག་འཁྲུངས་སོང་མི་ཟེར།

དེ་རིང་དབྱུག་པ་ཅན་གྱི་བརྡ་སྤྲོད་རྒས་སོང་མི་ཟེར།

དེ་རིང་རང་སེམས་ཀྱི་རྩིས་ཐང་དཔང་པོ་ལ་བཞག་ནས།

དེ་རིང་ཁ་བཏགས་ཤིག་གྲོགས་ཁྱོད་སྐྱེས་སྐར་ལ་མངགས་ཡོད།  

 

 

༢༠༢༠ ༡༠ ༡༠ ཉིན།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php