འཁྲབ་ཚན་གཉིས་པ། གཡོ་སྒྱུའི་ཟློས་གར།

ས་ཆ། ཝཱ་རཱ་ཎ་སིའ།

ཁོར་ཡུགལྷ་སྣང་སྟོབས་ལྡན་གྱི་ཕོ་བྲང།

ནམ་དུས།སྟོན་ཁ།

འཁྲབ་མཁན་གཙོ་གྲས།

ལྷ་སྣང་སྟོབས་ལྡན།དགུང་ལོ་བཞི་བཅུ་ཙམ།

མ་ཏིམཧཱ། དགུང་ལོ་སོ་ལྔ་ཙམ།

ཆོས་ཀྱི་དགའ་བ། དགུང་ལོ་ལྔ་ཙམ།

ཡེ་ ཤེས་འཛིན། དགུང་ལོ་བཅོ་བརྒྱད། ཆོས་བློན་དབྱར་ཚུལ་གྱི་བུ། མིག་ཟླུམ་ཞིང་མཆེ་བ་རིང་ཙམ་སྐྲ་དམར་སེར་ཅན་གདོང་དར་སྨུག་སྐད་འཛེར་བ་ཅན། སྤྱོད་པ་ངོ་མཚར་བ་སྤྲུལབར་གྲགས་པ་དག་འདུན་འབངས་དང་ཤིན་ཏུ་མཛའ་བ་ཞིག་ཡམ་ཤེ། ལོ་ལྔ་བཅུ་ཙམ། མི་ཚང་སྟོང་ཕྲག་འགའི་བློན་ཆེན་ཤིན་ཏུ་དབང་ཆེ་ལ་གཡོ་སྒྱུ་ཅན་ཞིག

ངྷ་རྨིཏི། ལོ་བཞི་བཅུ་ཙམ། ཆོས་བློན་ཆེན་པོ་ཞིག

རྷ་རྨཏ། ལོ་སུམ་ཅུ་ཙམ། ཆོས་བློན་ཆེན་པོ་ཞིག

ངེས་ལེགས་མ། ལོ་སུམ་ཅུ་ཙམ་ཆོས་ལ་དད་ཅིང་རྒྱལ་པོ་འཁར་དང་བཅས་ལ་ཤིན་ཏུ་བརྩེ་བ་ཞིག་པཱུ་ཛ། ལོ་བཞི་བཅུ་ཙམ རྒྱལ་པོའི་མདུན་ན་འདོན་མངོན་ཤེས་ཅན་ཞིག

འགོ་ འཛུགས། རྒྱལ་པོའི་ཕོ་བྲང་གི་ལྕགས་པའི་སྐྱེད་མོས་ཚལ་གྱི་ནང་དུ་ཆོས་ཀྱི་དགའ་བ་དང་ཡཻ་ ས་འཛིན་གཉིས་གསུང་གླེང་དང་སྐུ་རྩེད་གནང་གིན་ཤིནུ་ མཛའ་བའི་ངང་ཡོད་པ་ཡམ་ཤེས་མཐོང་ནས་བསམ་བློ་ཞིག་བཏངནས་ཆིག་ལབ་འདི་སྐད་དུ། ངས་ཀྱང་རྒྱལ་པོ་སྐུ་ན་གཞོན་དུས་ནས་འདི་ལྟར་རྩད་གྲོགས་དང་བློན་པོ་བྱས་པསད་ད་ ལྟའི་གོ་ས་འདི་རེག ད་ལྟ་ངའི་བུ་ཡང་རྒྱལ་སྲས་དང་ཆུང་གྲགས་སུ་མ་གྱུར་ན་རྗེས་མ་དབྱར་ཚུལ་གྱི་བུ་ འདི་ལ་གོ་ས་འཆོར་ཉེན། འདི་ལ་ངེས་པར་ཐབས་ཤེས་ཤིག་བྱེད་དགོས་ཀྱི་འདུག་ཞེས་གདོང་གི་གཉེར་མ་བསྡུས་ཏེ་ བསམ་བློ་ཡུད་ཙམ་བཏང་ནས། མ་ཏིམཧཱ་ང་ལ་མི་དགྱེས་པས་གེགས་བྱེད་ངེས། ཡིན་ཡང། བློན་པོའི་ཁྲོད་ང་དབང་ཆེ་ཞིང་རྒྱལ་པོ་ཡང་ང་ལ་དགའཞིང་ཡིད་ཆེས་པས་མགོ་བསྐོར་ གཏོང་ཐུབ་ཀྱི་རེད།

སྐབས་དེར་རྒྱལ་པོའང་སྐྱེད་ཚལ་ནང་རྒྱལ་སྲས་ལ་གཟིགས་པར་ཕེབས་བྱུང་བ་མཐོང་བས། གོ་སྐབས་འདི་བཟང་ཞེས་ཐད་ཀར་རྒྱལ་པོའི་སར་ཕྱིན་ནས་གམ་དུ་སླེབས་པ་དང།

གུས་གུས་ཞུམ་ཞུམ་གྱིས་ཕྱག་བྱས་ཏེ་སྨྲས་པ།

ཀྱེ་ལྷ་ཆེན་པ། སྐུ་ཁམས་དྭངས་གསལ།

རྒྱལ་ པོས། ཀྱེ། སྟོང་དཔོན་ཆེན་པོ་འོངས་པ་ལེགས་སོ དོན་དག་རེ་ཡོད་པ་མིན་ནམ། ཡམ་ཤེས། བདག་གིས་ལྷ་དང་སྲས་བཅས་འདིར་བཞུགས་པ་མཐོངནས་མཇལ་དུ་ཡོང་ཞིང་དོཇན་ཡང་ཅུང་ཟད་ ཡོད་ལགས། ཞེས་སྲསདང་ཡེ་ཤེས་འཛིན་ལ་བལྟ་ཙམ་བྱས། རྒྱལ་སྲས་མཆོག་འཚ ལོངས་འདི་འདྲ་མགྱོགས་པ་ལ། ངོ་མ་གཞོན་དུས་ཀྱི་ཡབ་རྒྱལ་པོ་ནང་བཞིན་འདུག

རྒྱལ་པོས། ཁོ་བོ་ལས་ལྡབ་ཀྱིས་ཡོན་ཏན་ལྷག ཨོའོ། སྟོང་དཔོན་ཆེན་པོ། དོན་ག་རེ་ཡོད་གསུངས་དང།

ཡམ་ ཤེས། ཀྱེ་ལྷ། ག་ལེར་ཞུ་ཆོག་ད་ལྟ་བྲེལ་བ་མི་འདག་སླར་ཡང་ཡཻ་ཤེས་འཛིན་ལ་བལྟ་ཙམ་བྱས་པས། རྒྱལ་པོ། ཀྱེ་གཞོན་ནུ། ཁྱེད་རང་གཉིས་ཕར་ཙམ་སྤྲོ་འཆམ་ལ་སོང་དང། ཁོང་གཉིས་ཕ་བཤོལ། སྐབས་དེར་མ་ཏིམཧཱ་ཡང་དེ ཕེབས་པས་རྒྱལ་པོ་དང་ཡམ་ཤེས་གཏམ་གླེང་བར་བྱེད་པ་ཐོང། ཡམ་ཤེས། ལྷ་ཡིས་གནང་བ་སྩོལ། རྒྱལ་སྲས་ཆོས་྄ཡི་དགའ་བ་འདི་ཤིན་ཏུ་ངོ་མཚར་བ། བྱིས་པ་ཕལ་བ་ཞིག་མི པས། ཡབ་ཀྱི་རྒྱལ་སྲིད་སྐྱོང་བ་ལ་ཡབ་དང་གཉིས་ས མེད་པ་ཞིག་འོངས་ངེས་ལགས་ན། འདིའི་ཆུང་གྲོགས་ལའང་བ྄ོན་པོ་གཞོན་ནུ་ཞིག་ངེས་པར་དགོས། དབྱར་ཚུལ་གྱི་བུ་འདི་མཚན་ལྟས་ངན་པ་དང། རྒྱལ་སྲས་ལས་ལོ་ཡང་ཆེས་རྒནཔས་མི་འོས་པར་མཐོང།

རྒྱལ་པོས། དབུ་ལྕོག་ལྕོག་གིས། སྟོང་དཔོན་བདེན། ོ ན་ཁྱེད་རང་གིས་ཟེར་ན་གང་ཞིག་འཚམ་པོ་འདུག

ཡམ་ཤེས། བདདག་ཀྱང་ཆུང་དུས་ནས་ལྷ་ཉིད་ཀྱི་བློན་པོབྱས་པ་བཞདིན་ཁོ་བོའི་བུ་འདི་ངང་ལས་རིག་པ་བཟང་ཞིང། སྨྲ་མཁས་པ། གཟུགས་མཛེས་པ་སྒྱུ་རྩལ་རིགས་ལའང་མཁསཔ་ཞིག་ཡོད་པས། ད་ལྟ་ནས་གཞོན་ནུའི་བློན་པོར་མངའ་གསོ ན་འཚམ་པར་མཐོང།

རྒྱལ་པོས། དེ་འདྲ་ཡིན་ལེགས། ཡིན་ཡང། བདག་གི་བུ་ཡངཁོ་བོ་ལས་ཡོན་ཏན་དདུ་མ་ལྡན་ལ་དཀོན་མཆོག་གིས་གནང་བ་ལས་པས་བྱ་བ་ཚང་མར་གཟབ་དགོས་ན། བཙུན་མོ་དམ་པར་ཡང་འདྲི་དགོས།

ཡམ་ ཤེས། ཅུང་ཟད་བསམས་ཏེ། ཀྱེ་ལྷ། དོན་འདི་ཙམ་ལའང་བུན་མོར་གྲོས་བྱ་དགོས་ན། རྒྱལ་སྲིད་ཆེན་པོའི་བྱབ་ཅི་ལྟར་བསྒྲུབ་རྒྱུ། སྔོན་གྱི་རྒྱལ་པོ་འག ཡང་བུད་མེད་ངག་གིས་འཕུང་བ་ལོས་མཁྱེན། གལ་ཏེ་དོན་འད འདྲ་ཕྱི་ནས་གོ་ན་འཇིག་རྟེན་པས་ཀྱང་འཕྱ་སྨོད་བཡེད་པ་ལགས་སོ།

རྒྱལ་ པོས། ཅུང་ངོ་ཚ་དང་བཅས་ཕར་ཚུར་འཆག་འཆག་འགའ་བྱ ཏེ། སྟོང་དཔོན་བདེན། ངས་ཏག་ག་ཞིག་བཤད་པ་ཡིན། གཟའ་སཀར་བཟང་བ་ཞིག་ལ་སྲས་ཀྱི་བློན་པོར་མངའ་གསོལ་བར་བྱད། དེར་སྟོང་དཔོན་ཕྱིར་བཤོལམ་ཏིམཧཱ་བཞིན་མདངས་ནག་པར་གྱུས་ནས་རྒྱལ་པོའི་ དྲུངདདུ་བྱོན།

རྒྱལ་པོས། ལྷ་མོ། དེ་རིང་གློ་ནབུར་བཞིན་འདི་འདྲགནག་དོན་ཅི་ཉེས།

བཙུན་མོས། དབུ་འཕྲེད་ལ་གཡུག་གཡུག་གིས། ཟླ་བ་གསར་བ་གཞན་མ་ཡིན། ང་གཉིས་སྙིང་གི་ནོར་བུ་ཡིན། གཟའ་ནི་ཕྱི་དགྲ་ནད་ཀྱང་མིན། འཁོར་ངན་ནང་གི་གཡོ་ཅནཡིན།

རྒྱལ་པོས། དབུ་གུག་ལན་གསུམ་མཛད་ཀྱིན། སྟོང་དཔོན་ ཟེར་གྱི་ཡོད་དམ། ཁོང་ང་ཆུང་དུས་ནས་བློན་པོ་གནང་བའི་ངའི་བློན་ཆེན་ཞིག་རེད། ད་སྔ་ང་ལ་གཟའ་ཡིས་གནོདོ་ང་བ་གང་ཡང་མེད།

བཙུན་ མོས། འོན་ལྷ་ཁྱེད་ཇི་ལྟར་དགྱེས་པར་མཛོད། ཡ་ཚན་ལྟད་མོ་ཕྱིས་སུ་མཐོང་ནས་ཡོང། ང་ནི་མགྱོགས་པོ་འི འགྱུར་ལ། མི་བཟོད་འགྱོད་གདུང་ཁྱོད་ལ་འོངས། ཞེས་སྟན་ལ་བཞུགས་ཤིང་བཤུམ་པ་སྲས་དང་ཡེ་ཤེས་འཛིན་གཉིས་ཀྱིས་མཐོང་ནས་ཡུམ་གྱི་ དྲུང་དུ་འོངས་ནས་སྐད་ཆ་དྲིས་པར་དེ་དོན་གསལ་བོར་བཤད་པས་སྲས་ཡབ་ཀཡི་དྲུང་དུ་ སོང་ནས་ཞུས་པ། སྲས་ཀྱིས། ཀྱེ་ཡབ་རྒྱལ་པོ། བདག་ལ་བློན་པོ་མི་དོས། རྩེད་གྲོགས་ཡེ་ཤེས་འཛིན་གྱིས་ཆོག་ངེས་པར་དགོསནའང་ཡེ་ཤེས་འཛིན་གནང་རོགས་གནང།

ཡབ་ཀྱིས། གཞོན་ནུ་ཁྱེད་ལ་དེ་ལས་ལྷག་པ་ལ་གཱ་ཨཱ་ན་ཡོད། ན་ཚོད་ཀྱ ཆུང་ཆུང་ཡིན། སྲས་ཀྱིས། གཞོན་པ་ལས་རྒན་པ་ལ་ཡོན་ཏ མང། ང་ཁོ་ལ་དགའ་བོ་མེད། ཡུམ་དམ་པ་ཡང་མཉེས་པོ་མི་འདུ བཤུམ་གི་འདུག

ཡབ་ཀྱིས། གཞོན་ནུ། རང་ལོ་གཞོན། བུད་མེད་རྣམས་བློུ་ང། ལེགས་ཉེས་བདག་གིས་ཤེས།

མང་ པོ་མ་སྨྲ། ཞེས་མ་གསན་པས་བཙུན་མོ་ངེས་ལེགས་ཀྱང་རྒྱལ་པོ་དང་མ་ཏིམཧཱ་སྲས་བཅས་ལ་ཤིན་ཏུ་ བརྩེ་བས་མ་བཟོད་པར་རྒྱལ་པོ་གསོལ་བ། ཀྱེ་ལྷས་དགོངས། མི་ཁོག་མིས་མི་ལོན། རྡོ་ཁོག་ཆུས་མ ལོན། མ་ཏིམཧཱས་གསུང་པ་ནི་ངེས་པར་ཚད་མ་ཡིན། གལ་ཏེ་རྒྱལ་སྲས་ལ་བར་ཆད་ཞིག་བྱུང་ན་དེ་ལས་ཕངས་པ་ཅི་ཡོད།

རྒྱལ་པོས། ལོག་གྱུར་བདག་གིས་མི་མཐོང་ཡང། ཡུན་རིང་འདྲིས་པའི་གྲོགས་རྒྱུས་ང་ལ་ཆེ། གང་ལྟར་དོན་འདི་ཐག་བཅད་ཚར་བས། ང་རྒྱལ་པོས་སྨྲས་པ་ལན་གཅིག་ཡིན བུད་མེད་ཅོལ་ཆུང་སྨྲ་བ་བསྡོམས།

དེར་ ངེས་ལེགས་ཀྱིས་ཆོས་བློན་ངྷ་རྨ་དང། ངྷ་རྨི། ཡེ་ཤེས་འཛིན་སོགས་བསམ་ཤེས་ཡུམ་སྲས་ལ་ཤིན་ཏུ་དགའ་བ་འགའ་ཡོད་པ་རྣམས་ལ་མ་ ཏིམཧཱས་ལུང་བསྟན་པ་ཇི་བཞིན་བཤདནས་གྲོས་བགྱིས་པ། ཡེ་ཤེས་འཛིན། མ་ཏིམཧཱ་ནི་ཇོ་མོ་སྒྲོལ་མའི་སྤྲུལབར་གྲགས་ཤིང་སྔོན་ཆད་ལུང་བསྟན་པ་རྣམས་ཀྱང་ ཇི་བཞན་བྱུང་ཡོད་པས། ལུང་བསྟན་འདི་ཡང་བདེན་ཐག་ཆོད། རྒ྄ལ་པོས་བཙུན་མོས་ཞུས་པར་བུད་མེད་ཀྱི་ངག་ཅེས་མི་གསན་ན ང་ཚོས་ཞུས་ན་འོས།

ངེས་ལེགས་མས། སྟོང་དཔོན་ཆུང་དུས་ནས་རྒྱལ་པོར་འདྲས་ཆེ་ཞིང་དཔུང་མང་དབང་ཆེ་བས་རྒྱལ་པོས་ཀྱང་ཁོའི་ངོསྲུང་གནང་གི་རེ།

ངྷ་རྨ་ཡིས། བྱ་བ་ཆེན་པོ་སྒྲུབ་ན་གནམ་ལྕགས་ཐོག་བས་པ་འདྲ་ཞིག་དགོས། ཡུམ་སྲས་ཐུགས་རྗེ་ཅན་དང་ཝ་ར་ནསིའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ང་ཚོ་ཤི་ཡང་བླ། ངས་པར་སྟོང་དཔོན་བསད་ནས་རྒྱལ་པོར་ཐབས་ཀྱིས་ཞུས་ཆོ

ངྷ་ རྨིས། འདི་ནི་ཤིན་ཏུ་མ་རུངས་པའི་ཐབས་ཤིག་རེད། ཁོ་བོ་ནི་སངས་རྒྱས་ཀྱིས། ཕ་མའམ། མཛའ་བོ། རྒྱལ་པོར་ཐབས་ཀྱིས་ཞུ་བ་ལེགས་སོ། ཞེས་མ་འཆམ་པར་ཡང་ཡང་གླང་མཐར་འདི་བཞིན་རྒྱལ་པོར་ཞུ་རྒྱུ་བྱས། སྐབས་འདར་སྟོང་དཔོན་གཡོ་ཆེ་བས་གྲོས་བྱེད་པ་ཤེས་ནས་ཉན་རྣ་བ་ཞིག་བཏང་བས་གྲོས་ དོན་ཐོས་སོ། དེར་ཆོས་བློནགཉིས་རྒྱལ་པོར་ཞུ་གི་འགྲོ་བ་ཡམ་ཤེས་མཐོང་ནས་ག་ལེརརྗེས་འདེད་ ཀྱིས་རྒྱལ་པོའི་དྲུང་དུ་མཉམ་དུ་འཛོམས་པས་ཞུ་བའི་སྐབས་མ་རྙེད་པར་རྒྱལ་པོར་ ཕྱག་འཚལ་ཞང་ཁམས་འདྲི་བྱས་ནས་ཕྱིར་ལོགསྟོང་དཔོན་གྱིས་ག་ལེར་ཕྱག་བྱས་ནས་གོ་ སྐབས་བཟུང་ས་ཤིན་ཏུ་སྐྱོ་ཞིང་ཞེད་པའི་ཉམས་ཀྱིས་གསོལ་བ།

ཡམ་ཤེས། ཀྱེ་ལྷ། བློན་པོ་འདི་དག་ག་རེའི་དོན་དུ་འདིར་འོངས་བ་ལགས།

རྒྱལ་པོས། བདག་ལ་ཕྱག་བྱེད་དུ་འོངས་སོ། སྟོང་དཔོ ཆེན་པོར་ག་རེ་བྱུང་སོང། ཁམས་མི་བདེའམ།

ཡམ་ཤེས། ཀྱེ་ལྷ། ཁྱེད་ལ་མ་བདེ་བ་གང་བྱུང་ན་བདག་ཀཡང་མི་བདེའོ།

རྒྱལ་པོས། སྟོང་དཔོན་ག་རེ་ཟེར་གྱི་ཡོད། བདག་མི་བེ ཞེས་སུས་ཟེར།

ཡམ་ཤེས། བདག་གིས་ཞུས་ཀྱང་ཐུགས་ཡིད་ཆེས་དཀའ་འོ།

རྒྱལ་པོས། ག་རེ་ཁྱིས་བཤད་པ་བདེན་པར་མ་བཟུང་བ་གང་བྱུང་ངམ།

ཡམ་ཤེས། མ་མཆིས་ཀྱང་ད་རེས་བདེན་པར་འཛིན་གི་མ་རེད། ཅས་མགོ་གཡུག་གཡུག་བྱས།

རྒྱལ་པོས། རྟག་ཏུ་ཡིད་ཆེས་ན་ད་ལྟ་ཡིད་མི་ཆེས་པ་ཅ ཡོད། མགྱོགས་པོར་ལཤོད་དང་ག་རེ་བྱས་སོང།

ཡམ་ཤེས། འོ་ན་བདག་གིས་ཞུས་ཆོག བློན་པོ་འདི་རྣམས་ཀྱིས་རྒྱལ་སྲིད་འཕྲོག་པའི་བྱ་བ་རྩོམ་གྱི་འདུག

རྒྱལ་པོས། ཡ་མཚན་དང་བཅས། འདི་དག་སྔར་ནས་སེམས་བཟང་འི་ཆོས་བློན། ཀུན་གྱིས་བཀུར་བ་ཞིག་ཡིན། བདེན་དཔང་ཡོད་དམ།

ཡམ་ ཤེས། ལྷ་ཡིད་མི་ཆེས་ཞེས་བདག་གིས་ད་ལྟ་རང་མ་བཤད་མ། དོན་འདི་ང་རང་གིས་དངོས་སུ་མཐོང་ཞིང་ཐོས་པ་ཡིན། ཁ་ང་མཚན་ལ་ངྷ་རྨིའི་ཁྱིམ་དུ་འདི་དག་གིས་གྲོས་བྱེདཔ་བདག་གིས་ཉན་རྣ་བ་བཏང་བ་ ཡིན། རྒྱལ་པོ་གཞོན་ནུ་དངཡམ་ཤེ་བཅས་པ་ཐབས་ཀྱིས་བསད་ནས། ངྷ་རྨ་ཏས་རྒྱལ་པོདང། ངྷ་རྨིས་ནང་བློན། རྗ་ན་དྷ་རས་ཕྱི་བློན་བ྄ ཞེས་ཟེར་བ་ཐོས་པས་དེ་རིང་ཁོ་ཚོས་ལྷའི་སྐུ་ལ་གནོད་པ་བརྩམས་དོགས་ནས་ལོག་ཏུ་ རྗེས་འདེད་བྱས་ཡོང་བ་ཡི།

རྒྱལ་པོས། ཁྱོད་ཀྱི་མཐོང་ཐོས་འདི་བདེན་པ་ཡིན་མད། འོན་ཀྱང་རྒྱལ་པོ་རྣམས་ཀྱི་ཚུལ་བཞིན་ཅུང་ཟད་རཏག་དགོས་པས། ལམ་སང་ཐག་གཅོད་མི་སྔ།། ཁྱེད་རང་གཟབ་གཟབགནང།

ཡམ་ཤེས། ཅུང་བསམས་ཏེ། རེད་ལགས། རྒྱལ་པོས་ངེས་པར་བརྟག་དཔྱད་གནང་ན་མཁྱེདན་ཡོང། ཁོ་བོར་ཡིད་ཆེས་གཅིག་པོ་བྱས་པས་ག་ལ་འགྲིག་ཅེས་ཕྱིར་བཤོལ།

དེར་ ཡམ་ཤེ་ཕྱིར་ཡོང་ཞོར་ཆིག་ལབ། རྒྱལ་པོས་བློ་འདྲིས་པཱུ་ཛ་ཡིན་ངེས་ད་ཡང་ཁོ་ལ་མགྱོགས་པོ་ཐབས་ཤེས་ཞིག་བྱེད་ དགོས། ཞེས་བསམ་གཞིགས་བྱེད་ཀྱིན་ཐད་ཀར་ཁོའི་ཁྱིམ་དུ་སོང་ནས། ཁོའི་རྣ་བར་ཤབ་ཤུབ་མང་ཙམ་བཤད་དེ།

དོན་གྲུབ་པ་དང་རང་ལ་རྔན་པ་ཅི་དགོས་སྤྲོད་ཆོག གལ་ཏེ་བྱ་བ་འདི་མ་བསྒྲུབ་ན། ང་ཡམ་ཤེ་ནག་པོའི་རང་བཞིན་དང་དཔུང་སྟོབས་ག་འདྲ་ཞིག་ཡིན་མི་བལྟ་ཆོག ཅེས་སྐེ་བཅོད་ཕྱག་རྒྱ་དང་བཅས་བཤད་དེད་ཕྱིར་བཤོལ།

དེར་ བྲམ་ཟེས། བདག་གིས་རྫུན་སྤངས་ཡོད་པས་ད་ཅི་བྱ།ཞེས་ཆིག་ལབ་ཅིག་བརྒྱབ་ཏེ་ཅུང་ཟད་མཉམ་པར་ བཞག་ནས་མངོ ཤེས་ཀྱིས་གཟདིགས་རྗེས། སྐྱོ་ཉམས་དང་བཅས། ལས་ཀྱ བར་ཆད་ཟློག་དཀའ། འཕྲལ་ལ་ངན་ཡང་ཕུགས་བཟང། ད་རེས་རྫུན་ཡང་ཆོས་སུ་འགྱུར། ཁེར་བཤད་བྱས། སྐབས་དེར་ཕོཉ་བ་ཞིག་འོངས་ཏེ་གུས་པ་དང་བཅས། ཀྱེ་བློ་ཆེན་ཕཱུ་ཛ་གས། རྒྱལ་པོས། ཁྱེད་ད་ལྟ་རང་ཕོ་བྲང་ལ་ཕེབས་གསུངགིས་འདུག

པཱུ་ཛ་ཡིས། ཨོའོ་ཡ་ཡ་ཡ། ཁྱོད་རང་མ་འོངས་ཀྱང་ང་འོང་གི་ཡོད། མཉམ་དུ་ཕོ་བྲང་དུ་ཕེབས། རྒྱལ་པོ་སྐུ་རྐྱང་བཞུགས་འདུག ཁོས་ཕྱག་དང་བཅས།

ཀྱེ་ ལྷ་ཆེན་པོ། སྐུ་ཁམས་བཟང། ཁོབོར་བཀའ་འདྲི་ག་རེ་གནང་རྒྱུ་ཡོད། རྒྱལ་པོས། ཀྱེ་བློ་གྲོས་ཆེན་པོ། བདག་ལ་ཁོ་བོའི་྄གྱལ་སྲིད་ལ་རྒོལ་བར་རྩོམ་པའི་རྨི་ལྟས་ངན་པ་ཞི བྱང་བས་ཁྱེད་ལ་བཀའ་འདྲི་ཞུ་དགོས་བྱུང་ན། ངེས་པར་མ་ནོར་བར་གསུངས་ཤིགཅེས་ཅུང་ཟད་གསང་ནས་དྲིས།

པཱུ་ ཛས། ཨོའོ་ལགས་སོ། ཞེས་མིག་བཙུམ་ནས་ཟློས་བརྗོད་འགའ་བྱས་ཏེ་ཕྱག་མོ་ཞིག་བཏབ་ཅིང། ཅུང་ཟད་མཉམ་པར་འཇོག་ཚུལ་གྱིས། ལྷ་ཡི་རྨི་ལྟས་ཡིན་མིན་མི་ཤེས་྄ཡང། ངེས་ར་ཤིན་ཏུ་སྙིང་ཉེ་འགའ་ཞིག་གིས། རྒྱལ་སྲིད་འཕྲོདཔའི་གཡོ་སྒྱུ་རྩོམ་བཞིན་འདག གསལ་ཞུ་མི་དགོས་ལྷ་ཡིས་མཁྱེན་པ་འདྲ། མྱུར་དུ་ཆོས་མཐུན་ཁྲིམས་ཆད་གནང་དགོས་འདུག ཅེས་གཟབ་ནན་ཆེན་པོས།

རྒྱལ་པོས། དབུ་ལྕོག་ལྕོག་གིས། བློ་གྲོས་ཆེན་པོམངོན་ཤེས་ཆེ། སྟོང་དཔོན་ཆེན་པོ་བདེན་པ་ཆེ། ཆོས་བློ ཆེན་པོར་གཡོ་ཧམ་ཆེ། ང་རྒྱལ་པོ་ཆེན་པོར་སྙིང་རྗེཆེ། ད་ཁྲིམས་ཆད་གང་ཞིག་འོས་ལགས་སམ།

པཱུ་ཛ་ཡིས། ཚེ་ཕྱི་མར་བཏང་ན་ཐག་རིང་དྲག་འདུག ད་ཚེ་འདྲིར་རྒྱང་ཕུད་བཏང་ན་ཉེ་མི་འདུག

རྒྱལ་པོས། ཡག་པོ་འདུགཡིན་ཡང་རྒྱལ་པོའི་ལུགས་བཞིན་བློན་ཆེན་གཞན་རྣམས་ལའང་གྲོས་ཤིག་བྱེད།

པཱུ་ ཛ་ཕྱིར་བཤོལ་བ་དང། རྒྱལ་པོས། ངོ་མ་ལྷ་འབག་གོ པའི་གདོན་འདྲེས་བསྐོར་བསྡད་ཡོད་པ་ཅི་ལྟར་ཤེས། འི སྟོང་དཔོན་ཆེན་པོའི་ཕྱག་རྗེས་ཡིན། ཞེས་ཆིག་ལབ་གནང། ཕྱི་ཉིན་ནངས་པར་ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་ཤིངདུང་བུས་པས་མི་ཐམས་ཅད་འདུས་པ་ དང་ཡམ་ཤེས་སོགས་ཀྱིས་གློ་བུར་དུ་ཆོས་བློན་གསུམ་བཟུང་ནས་ཁོག་སྟོད་གཅེརུ་ར་ ཕུད་དེ་ཐག་པས་བཀྱིགས་ནས་སྐེ་ལ་ཐག་པ་བཞག་ཏེ་ཁྲི པ་ན་ཕོ་བྲང་མདུན་དུ་རྒྱལ་བློན་དྲག་པོའི་ཆས་སྤརས་པ་རྣམས་ཀྱི་དྲུང་དུ། ཡེ་ཤེས་འཛིན་གྱིས་འཇིགས་སྣང་མེད་པར་འདི་སྐད།

ཀྱེ་ མ་ཆོས་ཀྱི་རྒྱལ་པོ་ཆེན་པོ། ཁྱེད་ལ་སུ་ཡིས་ཕྲ་མ་བྱས། ཉེས་མེད་ཁྲིམས་ལ་སྦྱོར་དོན་ཅི། ཡམ་ཤེ། རལ་གྲི་ཤུབས་ནས་བཏོན་ཅིང་གཏུམ་དྲག་གི་ཉམས་ཀྱིས།ཀྱེ། མི་མང་རྣམས་ཉོན་དང། ཆོས་ཀྱི་བློན་པོར་བརྫུ པའི་གདུག་ཅན་འདི་དག་གིས། ཡབ་རྒྱལ་པོའི་སྲོག་ལ་ར྄ོལ་ཅིང་རྒྱལ་སྲིད་འཕྲོག་པའི་ལོག་གཡོ་བརྩམས། ངས་པར་ད་ལྟ་རང་མགོ་འདོན་འོས་ཀྱང། ལྷ་རྒྱལ་པོས་སྙིང་རྗེར་དགོངས་ནས་རྒྱང་འཕུད་གཏོང་བ་ཡིན་ན། ཕྱས་སུ་ཀྱང་བག་ཡོད་པ་མ་བྱས་ན་འདི་བཞིན་ཁྲིམས་གཅོད་ད། ཅེས་བསྒྲགས་པས་ཡེ་ཤེས་འཛིན་གྱིས་ཡམ་ཤེས་འཛིན་གྱིས་ཡམ་ཤེས་བདག་ཅག་གི་གསང་ གྲོས་རྟོགས་ནས་རྒྱལ་པོ་ལ་གཡོ་སྒྱུ་བྱས་ ཤེས་ནས་སྨྲས་པ།

ཀྱེ་མ་རྒྱལ་བློན་འབངས་བཅས་གསོན། བཟང་བོ་བཟང་བོརི་ག་པ་དཀའ། ངན་པ་ངན་པར་ཤེས་པ་དཀོན། བྱས་པ་བཟང་པོ་སྟོན་རྒྱུ་མེད་ནའང།

བསམ་ ངན་སྦྱོར་བ་ཡིད་ལ་དྲན་མྱོང་མེད། རྒྱལ་བོའི་ཐུགས་རྒྱུད་གཞན་གྱིས་བསྒྱུར། ཉེས་མེད་ཞྭ་མོ་བསྐོན་པར་ལྗིད་གང་མེད། གཡོ་ཅན་བྱ་བ་རེ་ཞིག་གྲུབ་ཀྱང་འཕུང། ཅེས་མང་དུ་བཤད་རྩིས་བྱསཔས། ཡམ་ཤེས་བཤན་པ་ལ་བརྡ་བསྟན་པས་ཁྲིད་དེ་ཕོ་བྲང་ལ་བསྐོར་བ་བྱེད་པའི་སྐབས་བཙུན་ མོ་རྒྱལ་སྲས་དང་བཅས་པས་མཐོང་ནས་ཧོན་འཐོར་བཞིན་བྱང་སྒོ་ནས་ཕྱིན་ཏེ།

མ་ཏིམཧཱས། ཀྱེ་ཧུད། བློན་ཆེན་རྣམས་ལ་ཅིའི་ཕྱིར་ཁྲིམས་ཆད་ཕོག་ལགས་སམ། ཡེ་ཤེས་ཀྱེ་བཙུན་མོ་དམ་པ་ལགས། ཁྱེད་ཀྱིས་ཡམ་ཤེའི་བུས་གཞོན་ནུའི་བློན་པོ་བྱས་ན་བར་ཆད་

འཛིན་གྱིས། བྱེད་པར་འགྱུར་ཅེས་གསུངས་པ་ཐོས་པས། བདག་ཅག་གིས་མ་བཟོད་པར་གྲོས་བྱས་པ། ཡམ་ཤེས་ཚོར་ནས་རྒྱལ་བོར་ཕྲ་མ་བྱས་པ་འདྲ།

སྲས་ ཀྱིས། ཀྱེ། ཁྱེད་ཅག་འདིར་ཅུང་ཞིག་སྒུགས་དང་ཁོ་བོས་ཡབ་ལ་ཞུ་བ་ཞག་བྱེད། ཅེས་འགྲོ་རྩིས་བྱས་པར། ངྷ་རྨིས། ཀྱེ་རྒྱལ་སྲས། རྒྱལ་བོའི་ཐུགས་ཡམ་ཤེས་བསྒྱུར་ཟིན་པས་ད་ནི་བཟློག་དཀའ། འདི་ལས་ལྷག་པའི་མི་འདོད་པ་ཡང་འབྱུངསྲིད། དེ་བས་ད་ནི་ཉེས་མེད་ཁྲིམས་ཆད་འཁུར་རྒྱུ་ཡགཤོས་རེད། འདི་ལ་འགྱོད་པ་གང་ཡང་མེད། དྲིན་ལན་ཆོས་ཀྱིས་འཇལ་ཡོང།

རྷ་ རྨ་ཏས། ཡུམ་སྲས་ཁྱེད་གཉིས་ལ་མི་འདོད་པའི་བར་ཆད་འབྱུང་བ་མཐོང་མི་བཟོད་པས་ད་ནི་ས་ མཐར་འགྲོ་བའང་དགའ། ཡབ་རྗའི་བློན་པོ་ཡོང་བའི་རེ་བ་མེད། ཡུམ་སྲས་གཉིས་ལ་དྲི ལན་འཇལ་མ་ཐུབ་ན་གསོན་ཡང་སྙིང་བོ་ཅི། ཡིན་ཡང་དམ་པའིཆོས་ཀྱིས་དྲིན་ལན་འཇལ་བ་ལས་བྱ་ཐབས་བྲལ།

ཡེ་ཤེས་ཀྱིས། ཀྱེ་ལྷ་སྲས། བདག་ཅག་ལ་བྱས་པ་བཟང་པོ མེད་ཀྱང་བསམ་ངན་བྱས་པ་ནམ་ཡང་མེད། འོན་ཀྱང་འདི་ན ལས་དབང་གི་ཁྲིམས་ཆད་ཡིན་པས་རྐྱེན་ངན་གྲོགས་སུ་འཁྱེར་ཆོག

ཡུམ་གྱིས། ཁྱེད་རྣམས་ལྷག་བསམ་རྣམ་པར་དཀར་བ་ཡུལ་མི་ཀུན་གྱིས་ཤེས། ཡིན་ཡང་ལས་དང་སྨོན་ལམ་དབང་བཙན་པས་ལས་འདིར་རྒྱལ་བོ ནོངས་པ་མེད། ཡང་རྒྱལ་པོར་གུཡས་པ་མ་ཟློག

ཡེ་ཤེས་འཛིན། ཡུམ་སྲས་གཉིས་དང་སླར་ཡང་མཇལ་ཡོང་ངམ། བསླབ་བྱ་ལུང་བསྟན་ཅི་ཡོད་གནང་དུ་གསོལ།

ཡུམ་ གྱིས། གཞོན་ནུར་མངལ་ཡོང། ཁོ་མོར་འདི་ནི་ཐ་མའི་ཇལ་འཕྲད་ཡིན། བསླབ་བྱ་རྟག་ཏུ་བགྱིས་རྣམས་སེམས་ ཞོག་དེ་ལས་ལྷག་པ་མེད། ཆོས་པ་ས་མཐར་སོང་ཡང་ཕ་ཡུལ་ཡི། གང་ལའང་མ་ཆགས་ཚེ་འདིའི་ཞེན་པ་ཆོད། དགེ་བའི་བཤེས་བསྟེན་སྒྲུབ་པ་ཉམས་ལེན་མཛོད། སྤངས་རྟོགས་ཡོན་ཏན་མྱུར་དུ་རྫོགས་པར་འགྱུར། འདི་ནི་ཐ་མའི་བསླབ་བྱ་སྙིང་བོ་ཡིན། ཡེ་ཤེས་འཛིན་ཁྱེད་ཚེ་རབས་ཀུན་ཏུ་བདག་དང་མི་འབྲལ་ཞིང་མ་འོངས་གས་ཅན་ཞིང་དུ་ འཕྲད་པར་འགྱུར། ངྷ་རྨི་མི་རིང་ཚེ་འདའ་འགྱུར། སྐྱེ་བ་གཉིས་ནས་སླར་ཡང་ཝ་རཱ་ར་སིའར་ཆོསཀྱི་བློན་པོར་འགྱུར། བློན་པ་གཞན་གཉིས་སྐྱེ་བ་གུམ་ནས་པོ་ཏཱ་ལ་རིར་འགྲོ་མཆོག་གསུམ་མཐུ་དང་བདག་གི་ བདན་ཚིག་གིས། ཁྱེད་ཅག་གནས་སྐབས་འཇིགས་སྐྲག་སྡུག་བསྔལ་མེད་པར་དམ་པའི་མགོན་དང་འཕྲད་པ་དང། ཚེ་རབས་ཀུན་ཏུ་རྒྱལ་སྲ་སྤྱོད་པས་འཚོ་བར་སྨོན། འཚོ་བར་ཡང་འགྱུར་རོ། མྱ་ངན་མ་བྱེད།

སྲས་ཀྱིས། ཐལ་མོ་སྦྱར་ནས་ཅུང་ཟད་མཉམ་པར་བཞག་ནས། ཚེ་འདི་གློག་འདྲ་དལ་འབྱོར་རྙེད་པར་དཀའ། སྲིད་འདིར་དམ་པའི་བདེ་བ་གང་ཡང་མེད། ལས་འབྲས་མི་བས྄ུ སྡིག་སྤོངས་དགེ་བ་སྒྲུབས། བདག་གཞན་མཉམ་བརྗེས་འགྲོ་དོན་མཐར་ཕྱིན་ཤོག།

ཡེ་ ཤེས་འཛིན། ངོ་མརཚར་ནས་སྲས་ཀྱི་ཐུགས་ཀར་དབུ་གཏུས་ཏེ། སེང་ཕྲུག་ཆུང་ཡང་རི་དྭགས་ཟིལ་གྱིས་གཞོན། ན་ཚོད་མ་སྨིན་བློ་གྲོས་རྒན་གྱུར་པ། ཨེ་མ་ངོ་མཚརཆེའོ་ལྷ་ཡི་སྲས། འདི་ཕྱིར་ཐུགས་རྗེས་རྗེས་འཛིན་མ་ལྷོད་འཚལ། ཞེས་ཞུས་པ་དང་བློན་པོ་གཞན་རྣམས་ཀྱིསཀྱང་ངོ་མཚར་ཆེའོ་ལྷ་སྲས་ཐུགས་རྗེས་ གཟིགས། ཞེས་གསོལ་བས།

སྲས་ ཀྱིས། ཕྱག་གཉིས་ཡེ་ཤེས་འཛིན་གྱི་མགལ་ལ་འཁྱུད་ཅིང་དབུ་དང་ཐུགས་ཀ་གཏུགས་ཏ། བླ་མ་ཡི་དམོ་ས་སྲུང་ལྷ་ཚོགས་མཁྱེན། བདག་གི་བདེན་ཚིག་སྨོན་པའོ་དཔང་པོ་མཛོད། ང་ཡི་སྙིང་དང་འདྲ་བའི་ཡེ་ཤེས་འཛིན། ཡན་ལག་ལྟ་བུའི་ངྷ་རྨི་ངྷ་རྨ་གཉིས། དེ་རིང་སྙིང་དང་ཡན་ལག་བཏོན་པ་བཞིན། མི་རིང་སྙིང་དང་ཡན་ལགོ་ར་ཆུད་ཅིང། བདག་ཅག་བྱང་ཆུབ་སྙིང་བོ་མ་ཐོབ་པར། ཕན་ཚུན་དགེ་བའི་གྲོགས་སུ་འགྱུར་བ་དང། ནམ་ཞིག་སུ་ཡིས་བུད་རྩི་སྔོན་ཐོབ་པ། དེ་ཡིས་བདུད་རྩི་བགོ་བཤའ་འགྱད་པར་ཤོག

ཅེས་ སྨོན་ལམ་བཏབ་ཅིང། རང་གི་མགུལ་གྱི་བྱིན་ཆེན་ནོ བུ་ཆ་གཅིག་དེའི་ཡ་གཅིག་བླངས་ཏེ་ཡེ་ཤེས་འཛིན་ལ་ཕུལ་ནས། སྨོན་ལམ་འདི་དང་བྱིན་ཆེན་ནོར་བུ་འདི། རེ་ཞིགརྒྱང་རིང་ལམ་གྱི་སྐྱེལ་མ་ཡིན། བར་ཆད་ཞི་ཞིང་བསམདོན་ཆོས་བཞིན་འགྲུབ། སླར་ཡང་མཇལ་བར་འགྱུར་བའི་རྟན་འབྲེལ་ཡིན། ཞེས་གསུངས།

དེའི་ ཚེ་གཤེད་མ་རྣམས་ཀྱངགདུག་རྩུབ་ཞི་ནས་ཡུམ་སྲས་ལ་དད་པ་འཕེལ་ནས། གསུང་གླང་བྱེད་བཅུག་སྟེ་རྒྱལ་བློན་ལ་མ་འཇིགས་པར་ཡུན་རི བསྡད་དོ། དེར་མ་ཏིམཧཱས་ཕོ་བྲང་ལས་གསེར་གྱི་དོང་ཙེ་བླངས་ཏེ་ཕུལ་ནས། ཡུམ་གྱིས། གསེར་འདིས་གནས་སྐབས་ལམ་གྱི་འཚོ་རྟེན་བྱོས། རྡོརྗེ་གདན་སོགས་དམ་པའི་གནས་ཆེན་ཁག་ལ་མཇོལ། དེ་ནས་ཁ་ཆེའི་ཛ་ལན་ངྷ་རར་ཁཽ་འི་ཡབ་རྗེ་ཆོས་རྒྱལ་ཆེན་པོར་མཇལ་ན། འོད་དཔག་མེད་གོན་རྣམ་སྤྲུལ་བླ་མ་དྲི་མེད་པད་མ་མཐོང་གྲོལ་མཇལ་ཐུབ། དེང་སང་ས་འདིར་དེའི་ལྷག་བླ་མ་གཞན་ཡོད་མིན། ཁྱེད་ཅགཧ་སྐལ་བ་བཟང་བས་ཁོ་མོར་བཤད། ཅེས་གསུངས་བ་དང། ངེས་ལེདགས་མས་ཀྱང་མུ་ཏིག་དང་རང་གི་ལུས་རྒྱན་ལས་ཀཡང་མང་པོ་བཀྲོལ་ནས་ཕུལ་ཏེ་ སྨོན་ལམ་བཏབ་པ།

རྒྱལ་ པའི་ཐུགས་རྒྱུད་སྡིག་ཅན་བློན་གྱིས་བསྒྱུར། ཆོས་བློན་དམ་པར་ཉེས་མེད་ཁྲིམས་ཀྱིས་མནར། ལས་ཚུལ་འདིཀུན་བདག་གིས་མི་ཤེས་ཤིང། ཁོ་མོར་འཇིགས་སྐྱོབ་ནུས་པའང་ཡོད་མ་ཡིན། འོན་ཀྱང་ལྷག་བསམ་སྨོན་ལམ་ཅུང་ཟད་འདེབས། མཆོག་གསུམ་ལྷ་ཡིས་བདེན་ཚིག་འགྲུབ་པར་མཛོད། འདི་ནས་ཐག་རིང་ཡལ་དུ་བགྲོད་པའི་དུས། གཅན་གཟན་མུལ་གདུག་མེ་ཆུ་ཆོ པོ་དང། གདོན་དང་ནད་མུག་མིང་ཡང་མེད་པར་ཤོག བར་ཆད་ཐམས་ཅད་ཆོས་ཀྱི་གྲོགས་སུ་གྱུར། ཕལ་བའི་ནོར་དི་བསོདད་ནམས་རྫོགས་ཕྱིར་བཞེས། ཞེས་ཕུལ་ཞིང།

དེར་ བློན་པོ་རྣམས་ཡུམ་སྲས་དང་འབྲལ་མ་ཕོད་པར་མང་དུ་ངུ ཤིང་གསོལ་བ་བཏབ་པས། ཡུམ་སྲས་གཉིས་ཀྱང་བཤུམ་མོ། ཚུལ་དེ་དག་གིས་གཤེད་མ་རྣམས་ཀྱང་ཡིད་རབ་ཏུ་ཞུམ་ནས་མཆི་མ་བྱུང་ཞིང། ཀྱེ་ཧུད་བདག་ཅག་ནི་སྡིག་ཅན་ལས་ངན་ནོ། ཡུམ་སྲས་ཐུགས་རྗེ་ཅན་གྱིས་མཁྱེན། ཞེས་འགྱོད་པས་བྲང་རྡུང་བ་སོགས་བྱས་པས།

ཡུམ་ གྱི་ཞལ་ནས། སྔོན་ཡང་ལས་ངན་བྱས་པས་གཤེད་མར་གྱུར། འབྲས་བུ་ཐམས་ཅད་དགེ་ང་སྡིག་ལས་འབྱུང། འགྱོད་པ་མང་ཡང་སྡིག་པར་འགྱོད་པ་ཉུང། དྲན་པ་མང་ཡང་ཕྱི་མ་དྲན་པ་དཀའ། གོ་བཟང་ཡང་ལས་འབྲས་གོ་མཁན་དཀོན། དེ་རིང་ཁྱེད་ཅག་དགེ་བའི་བག་ཆགས་སད། ད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། སྡིག་པ་བཤགསཤིང་མི་བྱེད་དམ་བཅའ་བྱོས། དགེ་བར་བརྩོན་དང་བྱང་ཆུབ་ས་བོན་ཐེབས། ཚེ་རབས་གཞན་དུ་ཡང་ཡང་འཕྲད་པར་འགྱུར། ཅེས་གསུངས་པས།

དེ་འདྲ་ཡིན་ན་ལས་ངན་ནང་གི་ལས་ཅན་འདྲ ད་ནི་དེ་རིང་ནས་སྡིག་པ་སྤང་ངོ། ཞེས་བཤེད་མ་འགས་མཚོན་ཆ་སར་འཕངས།

ཡེ་ཤེས་འཛིན་གྱིས། ཁྱེད་ཅག་མ་སོང་ཡང་ང་ཚོ་གནས་ནས་སྐྲོད་ངེས་ལ། ཁྱེད་ཅག་ལའང་རྒྱལ་པོས་ཆད་པ་ཡང་བས་ཕན་ཐོགས་མེད།

དེར་ གཤེད་མ་རྒན་པ་ཞིག་ཡོད་དེས་ཤུབ་བུར། ང་ཚོ་མ་སོང་ན་གཤེད་མ་གཞན་ལ་བསྐྲད་དེ་སྡུགོ་ གཏོང་ངེས་པས་ང་ཚོས་སྐྱེལ་ན་ཡག་ཅེས་བཤད། དེར་ཆོས་བློན་རྣམས་ཀྱིས་ཡུམ་སྲས་གཉིས་ཞབས་ལ་མགོས་གཏུགསནས་མཆི་མ་འདོན་གྱིན་ གོམ་པ་འགའ་རེའི་མཚམས་ནས་ཕྱི་མིག་རེ་བལྟ་ཞིང་སོང་ལ། ཡུམ་སྲས་དང་ངེས་ལེགས་མ་བཅས་ཀྱས་ཀྱང་ཐག་རིང་མ་ཡོལ་བར་དུ་གཟིགས་སྐྱེལ་གནང།

དེའི་སྐབས་དག་ཏུ་སྟོང་དཔོན་ཡིད་ཤིན་ཏུ་མ་དགའ་ཡང་ཡུམ་སྲསལ་ཅང་སྨྲ་མ་ཐུབ་པས་ལོག་ལྟ་བྱེད་ཅིང་བསམ་ངན་འཁོར་གྱིན་བསྡད་དོ།

གཤེད་མ་རྣམས་ཀྱིས་ཀྱང་ཕོ་བྲང་མི་མཐོང་བའི་བར་ལ་གཤེ་ཞིང་བརྡུང་བའི་ཚུལ་གྱིས་དེད་ཅིང་སོང་ངོ།

དེ་ནས་སྲས་ཕོ་བྲང་དུ་ཕེབས་ནས་ཡབ་ཀྱི་མདུན་དུ་བཞིན་གནག་ཅིང་བསྡད་པས།

ཡབ་ ཀྱིས། གཞོན་ནུ། མི་དགྱེས་པ་ག་རེ་བྱས་སོང། སྲས་ཀྱིས། ཉེས་མེད་ཆོས་བློན་གནས་ནས་བསྐྲད། འགྱོད་པའི་དུས་ཤིགགཟིགས་པར་འགྱུར། ཅེས་མ་དགའ་བར་སྨྲས་པ་དང། སྲས་ཀྱི་གདོང་ལ་ཅེ་རེར་གཟིགས་ནས་ཅང་མི་སྨྲ་བར་གནས་བས། སྲས་ག་རེར་ཕྱིར་བཤོལ། དེར་ཡང་ཡམ་ཤེ་ནང་དུ་སླེབས། སྐད་དམའ་ཞིང་གཟབ་ནན་གྱི་རྣམ་པས་ཞུས་པ།

ཀྱེ་ལྷ། བཙུན་མོ་སྲུང་དུ་གསོལ།

རྒྱལ་པོས། ག་རེ། མ་ཏིམཧཱ་ཡིན་ནམ། ག་རེ་གནང་གི་འདུག

ཡམ་ཤེས། མ་ལགས། ངེས་ལེགས་མ་ནི་འཕྱོན་མ་ཞིག་རེད་འདུགམོས་ཉེས་ཅན་རྣམས་སྐྲོད་པ་ལ། ལུས་རྒྱན་རྣམས་ཀྱ བཀྲོལ་ནས། རྒྱལ་པོ་གཤེགས་པ་ལྟ་བུའི་མྱ་ངན་བྱསསོ་ཞེས་མི་རྣམས་གླེང་ངོ།

རྒྱལ་ པོས། རབ་ཏུ་ཁྲོསེ༌། དེ་ལྟ་རང་ཁྲིད་ཤོག་ཡམ་ཤེ་ཕྱིར་བཤོལ། དེན་ངེས་ལགས་མ་རྒྱལ་པོའི་བདུན་དུ་བཅར་བ་དང། རྒྱན་ཉུང་ངུར་གྱུར་བ་མཐོང་ནས་ཁྲོ་གཉེར་བསྡུས་ཤིང་མིག་འབུར་ཚུགསཀྱིས་ཕྱག་ གཡོན་པས་ཐོང་ག་ནས་འཇུས་ཤིང་གཡས་པས་རལ་གྲི་ཤུབས་ནས་བཏོན་ཏེ་སྨྲས་པ།

གཡོན་མ་ཁྱོད་ག་རེ་བྱས་ས་རྒྱན་ཆ་བཀྲོལ་བ་ཡིན། ཤོད།

ངེས་ལེགས་མས། འཛུམ་བཞིན་ཐལ་མོ་སྦྱར་ནས། ཀྱེ་ལྷ། ག་ལེར་ཞུ་ཆོགད་ལྟ་གཏོང་རོགས་གནང་དང། ཞེས་སྣང་མེད་ཀྱི་ཚུལ་དུ་ཞུས།

རྒྱལ་པོས། རྒྱལ་པོས་བསྲུངས་བྱ་འབངས་ཡིན།འབངས་ཀྱི་བསྲུང་བྱ་ཁྲིམས་ཡིན། བཙུན་མོའི་བསྲུང་བྱ་ལུས་ཡིན། འཕྱོན་མའི་བཙུན་མོ་དོས་པ་མེད།

བཙུན་ མོས། ཅུང་ཟད་བསམ་ནས། ལྷ་ཁྱེད་ཕྲ་མགསན་པ་དགའ། དྲང་པོར་ཞུས་ཀྱང་ཡིད་ཆེས་དཀའ། རྒྱལ་པས་བསྲུང་བྱ་འབངས་ཡིན་ན། ཉེས་མེད་ཁྲིམས་ཀྱིས་ག་ལ་མནར། འབངས་ཀྱི་བསྲུང་བྱ་ཁྲིམས་ཡིན་ན། གཞི་མེད་ཕྲ་མ་ག་ལ་བྱེད། བཙོན་མོའི་བསྲུང་བྱ་ལུས་ཡིན་པས། སྐྱེས་པ་གཞན་གྱིས་རེག་པ་མེད། མཆོག་གསུམ་བྱིན་དང་རཏེན་འབྲེལ་དང། ཁོ་མོའི་བདེན་ཚིག་དྲི་མེད་མཐུས། བདག་ལ་ནོངས་པ་མེད་པ་དང། རྒྱལ་པོ་ཐུགས་ཡིད་ཆེས་པའི་ཕྱིར། ནངས་པར་འབྲས་རྡོག་སྐམ་པོ་ལས། མྱུ་གུ་སྔོན་པོ་སྐྱེ་བར་ཤོགཅེས་རྒྱལ་པའི་མདུན་ཅོག་ཐོག་ལ་གཏོར་ནས་སོང་བས་ རྒྱལཔོས་ཀྱང་དེ་མུར་བཞག་ནངས་པར་མྱུ་གུ་རྣམས་སྦས་ནས་འབྲས་འགའ་གཏོར་ནས་བཞག་ པར།

ངེས་ལེགས་མས་ཁྲུས་ལེགས་པར་བྱས་ཤིང་སྔར་ལས་ཀྱང་ལྷག་པའི་རྒྱན་ཆ་མང་པོ་སྤྲས་ཏེ་འོངས།

རྒྱལ་པོས། ཁྱོད་ཀྱི་བདེན་ཚིག་དེ་ནི་འདི་འདྲའོ། ཞེས་ཅོག་ཙེའི་ཐོག་ལྟ་ཙམ་བྱས།

བཙུན་ མོས ཀྱེ་ལྷ། ཁོ་མོས་རང་གི་ནོངས་པ་མི་དྲན་མོད། དཀོན་མོག་གིས་བདག་ནོངས་པར་གྱུར་བར་གཟིགས་ན། ཁོ་མོ་ངེས་པརེ་ས་ཅན་ཡིན་པས། ལྷས་ཁོ་མོ་སོད་ཅིག ཅེས་ཞེད་པ་མེད་པར་སྐེ་བསྟན་པས། རྒྱལ་པོ་ཤིན་ཏུ་ངོ་མཚར་ཅིང་མགུ་ནས་མྱུར་དུ་མྱུ་གུ་རྣམས་བསྟན་ཏེ།

ལྷ་མོ་དམ་པ། བདག་ནོངས་པ་ལགས། བཟོད་པར་གསོལ། འཇིག་རྟེན་ན་ཁྱེད་འདྲའི་བཙུན་མོ་དཀོན། མ་ཏིམཧཱ་དང་ཁྱེད་ལ་ཁྱེད་པར་མེད།

བཙུན་མོས། ཀྱེ། ལྷ་ཡང་ནོངས་མེད།དུག་གསུམ་གྱིས་ནོངས་པ་ལགས།

རྒྱལ་པོས། དེ་དོན་ག་རེཡིན་ནམ། ཇི་ལྟར་དུག་གསུམ་གྱིས་ནོངས་སམ།

བཙུན་མོས།རིག་དབང་གིས་ཕྲ་མ་གསན། འདོད་ཆགས་དབང་གིས་ཁོ་མོར་ཆགས། དེ་ལས་ཕྲག་དོག་ཞེ་སྡང་སྐྱེས། བདག་གིས་ཐབས་མཁསམ་གསོལ་ན། ཁོ་མོ་སྲོག་དང་བྲལ་ནས་ཚར། དེ་བས་ཉོན་མོངས་དགྲ་ལ་བརྟགས།

རྒྱལ་པོས། ལྷ་མོ། འོ་ན་ཁྱེད་ཀྱི་རྒྱན་རྣམསག་རེ་བྱས་ནས་བྱིན་ཡིན། བདག་གིས་ཁྲིམས་བཅད་པ་ལ་ཁྱད་ཀྱིས་ཕན་བཏགས་ན་འོས་སམ།

བཙུན་ མོས། དུད་འགྲོ་འགའ་ཞིག་རང་ཤས་བརླགས། མི་མཆོད་མི་སྦྱིན་ནོར་ནི་སྡུག་བསྔལ་རྒྱུ། ཉམ་ཐག་རྣམས་ཀྱང་སྦྱིན་པའི་ཞིང་མཆོག་ཡིན། ཁྱེད་ང་བདག་གཉིས་དགེ་སྡིག་སོ་སོ་ཡིན། འཇིག་རྟེན་བརྗེ་རས་བྲན་རེས་ཡིན། ལས་འབྲས་བསླུ་མེད་མཐོང་བ་དཀའ། དེ་ལྟར་ཆོས་ཀྱི་བགྲོ་གླེང་མང་པོ་གནང་བས་རྒྱལ་པོ་ཤིན་ཏུ་དགྱེས་ཤིང་བཞུགས།

དེར་ ཡམ་ཤེས་ངེས་ལེགས་མས་ས྄ར་ལས་ལྷག་པའི་གཟབ་འཕྱོར་སྤྲས་ཏེ་འགྲོ་བ་མཐོང་ནས་རྒྱལ་ པོའི་མདུན་དུ་འོངས་ནས། གུས་པས་ཞུས་པ། ཀྱེ་ལྷ། ཁྱེད་ཀྱིས་བཙུན་མོའི་ངོ་བསྲུང་བ་ལགས་སམ།

རྒྱལ་པོས། དགྱེས་པའི་ངང། ཀྱེ། སྟོང་དཔོན་དེ་ནིམོས་སྦྱིན་པ་བཏང་བ་རང་རེད་འདུགམོས་བདེན་པ་བདར་བས་འབྲས་སྐམ་པོ་ལས་མྱུ་གུ་སྐྱེས་སོ།

ཡམ་ཤེས། ཅུང་ཡ་མཚར་ངང། ཀྱེ་ལྷ། དེ་འདྲ་ག་ལ་སྲིད། སྒྱུ་མ་མཁན་ལ་ཡིད་ཆེས་འོས་སམ།

རྒྱལ་པོས། ཁྱོད་ཅི་ཟེར། ཁོ་བོར་ཡིད་ཆེས་ཚད་མ་སྐྱེས་ཟིན། མོ་ནི་ཉེ་བའི་འཕགས་མའོ།

ཡམ་ཤེས། ཅུང་ཟད་བསམས་ཏེ། ཀྱེ་ལྷ། ཁྱེད་རང་ངོ་མ་ཐུགས་ཡིད་ཆེས་པ་ཡིན་ན་དེ་དེབཞིན་བདེན། ངོ་མཚར་ཆེའོ། ཁོ་བོས་དངོས་སུ་མ་མཐོང་ཞིངོ་གས་པའི་དབང་གིས་དེ་ལྟར་བཤད་པ་ཡིན། བཟོད་པར་གསོལ། ཞས་འགྲོ་རྩིས་བྱས་པར།

རྒྱལ་པོས། སྟོང་དཔོན་ཅུང་ཟད་སྒུག་དང། སྐྱོན་མི་འདུགམ་གཞི་ཁྱེད་རང་ང་ལ་ཤ་ཚ་བ་དེ་ངས་ཤེས། ད་རེས་ཀྱི་དོནའདིར་ངས་ཁྱེད་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་ཡོད

ཡམ་ཤེས། གུས་ཚུལ་གྱིས། ཡབ་རྒྱལ་པོ་ཐུགས་རྗེ་ཆེ།འདི་བློན་པོ་ཞིག་གི་འོས་འགན་རེ། ཅུང་ཟད་བསམས་ཏེ། ཀྱེ་ལྷ། ཉིན་བདུན་ནས་གཞོན་ནུའི་འཁྲུངས་སྐར་ཡིན་པ་དྲན་ནམ།

རྒྱལ་པོས། ཨོའོ། རེད། དེའི་ཐོག་ངས་ཁྱེད་ལ་བྱ་དགའ་གཟེངས་བསྟོད་གནང་ཆོག སྨ་ཤེས། མིན། ལྷས་གོ་ནོར་ཐེབས་སོང། ཁོ་བོར་ཆེ་བསྟོད་གང་ཡང་མི་དགོས།

རྒྱལ་པོས། ཡམ་ཤེར་བལྟས་ཏེ། འོ་ན། དོན་དག་ག་རེ་ཡོད།

ཡམ་ཤེས། ལྷ་ཡིས་གཟའ་སྐར་བཟང་བོི ཉིན་མོ་དེ་བསྙེལ་སོང་བ་མིན་ནམ། ཅུང་འཛུམ་ནས།

རྒྱལ་པོས། ཡུད་ཙམ་དགོངས་ནས། ངས་གོ་སོང། དོན་འདིར་དེ་ ཙམ་བྲེལ་བ་ལངས་དགོས་དོན་ཅི།

ཡམ་ ཤེས། ད་ནི་རྒྱལ་སྲས་མཆོག་ལ་སྐུ་རྩེད་མེད་པས་སྤྲོ་བོ་མེད་ལ། སང་གི་ཚེས་ཆེན་བཅོ་ལྔ་ནི་སྤྱིར་གཟའ་སྐར་བཟང་བོ་དང་དམིགས་བསལ་སྲས་ཀྱི་ཁྲུངས་ སྐར་ཡིན་པས་རྟེན་འབྲེལ་བཟང་ཞིང། གཞོན་ནུ་གིས་ཀྱང་ཆུང་དུས་ནས་འགྲོགས་ན་ཕན་ཚུན་བརྩེ་སེམས་ཟབི་ང་ཐུགས་རྒྱུར་ ལོན་པ། ལྷ་དང་ཁོ་བོ་ལྟ་བུར་ཡོང་ངེ། དེ་མིན་ཁོ་བོར་འབྲེལ་བ་ཅང་མེད་ལ། རྒྱལ་པོས་སྨྲས་པ་ལན་གཅིག་ཡིན་པས་དོན་འདིར་ལྷ་ཡི་ཐུགས་འགྱུར་འགྲོ་བའི་དོགས་ པ་ཡང་མེད་ལགས།

རྒྱལ་པོས། དབུ་ལྕོག་ལྕོག་བྱེད་ཀྱིན། སྟོང་དཔོན་བདེན། དེ་བཞིན་དུ་བྱེད་པས་རྟེན་འབྲེལ་ལེགས་པོ་སྒྲིགས། སྟོང་དཔོན་ཤིན་ཏུ་དགའ་བཞིན་ཕྱིར་བཤོལ།

དེ་ནས་མཛ་སྒོའི་སྟོན་མོ་རྒྱ་ཆེན་པོ་བྱས་ཏེ་སྟོང་དཔོན་གྱི་སྒྱུ་མའིཟློས་གར་རེ་ཞིག་རྫོགས་པའི་ལེའུ་སྟེ་འཁྲབ་ཚན་གཉིས་པའོ།།

 

 

འཁྲབ་ཚན་གསུམ་པ། འཕོ་བ་གྲོངས་འཇུག

 

ས་ཆ། ཝཱ་རཱ་ན་སིའི་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་ཕོ་བྲང༌།

དུས་ཚིགས།དཔྱིད་ཀ

མི་སྣ་གཙོ་གྲས།རྒྱལ་སྲས་ཆོས་ཀྱི་དགའ་བ་ལོ་བཅུ་གཉིས་ཙམ།

ལ་ག་ཨ་ན་རྒྱལ་སྲས་དང་ལོ་མཉམ།

བྲམ་ཟེ་ཐ་རཱའུ་པ་དགུང་ལོ་དྲུག་ཅུ་ཙམ།

རྒྱལ་པོ་ལྷ་སྣང་སྟོབས་ལྡན་དགུང་ལོ་ལྔ་བཅུ་ལྷག

བློན་ཆེན་ཡམ་ཤེ་དགུང་ལོ་དྲུག་ཅུ་ལྷག

བཙུན་མོ་ངེས་ལེགས་མ་ལོ་བཞི་བཅུ་ལྷག

སྤྲུལ་བའི་བྱེའུ་སྟེ་རྗེ་བཙུན་སྒྲོལ་མའི་ཕོ་ཉ་བཅས་སོ།

 

འགོ་ འཛུགས། རྒྱལ་པོའི་ཕོ་བྲང་གི་སྒོ་འགྲམ་ན་མི་ཚོགས་མང་པོའི་དབུས་སུ། རྣལ་འབྱོར་བ་བགྲེས་པོ་སྐྲ་དང་སྨ་ར་རིང་ཞིང་དཀར་བ་ལུས་རིད་པ་ཞིག་གིས་སྲོག་ ཆགས་འདྲ་མིན་མང་པོའི་རོ་དུ་མ་ལ་སྲོག་ཞུགས་སུ་བཅུག་ནས་སྤྲུལ་སྒྱུར་སྣ་ཚོགས་ ཀྱིས་མིག་འཕྲུལ་བར་བྱེད་པའི་ལྟད་མོ་ངོ་མཚར་བ་སྟོན་པར་བྱེད་ཀྱིན་པའི་སྐབས་ སུ། ཆོས་ཀྱི་དགའ་བ་དང་ལ་ག་ཨ་ན་གཉིས་ཀྱང་གླང་པོ་ཆེ་ཞིག་ལ་བཞོན་ནས་རྩེད་འཇོར་རོལ་ བཞིན་དེར་ཅི་ཞིག་བྱེད་ཀྱིན་པར་གཟིགས་པར་སླེབས་ནས་གླང་ཆེན་ལས་མ་བབ་པར་ལྟད་ མོར་བལྟས་ཏེ་བསྡད་པར་རྣལ་འབྱོར་བ་དེས། ལོགས་ཀྱི་ཁུ་བྱུག་གི་བེམ་པོ་ཞིག་ལ་གྲོངས་འཇུག་གིས་འཕུར་ནས་ནམ་མཁར་ལྡིང་ འཁོར་དང་བཅས་སྙན་པའི་སྐད་སྒྲ་སྒྲོག་གིན་ཆོས་ཀྱི་དགའ་བའི་པང་དུ་བབས་ཏེ་སླར་ ཡང་བེམ་པོར་གྱུར། མི་ཚོས་བྲམ་ཟེ་དེས་སྒྱུ་མའི་མིག་འཕྲུལ་སྟོན་གྱིན་པ་ལས་བྲམ་ཟེ་རང་གིས་དེར་ གྲོངས་འཇུག་བྱེད་ཀྱིན་པ་མ་ཤེས་མོད། ཆོས་ཀྱི་དགའ་བས་དེ་ཤེས་ཏེ་འདི་ནི་གྲུབ་ཐོབ་ཆེན་ཞིག་མིན་ནམ་བསམས་ཏེ་གླང་ཆེན་ ལས་བབས་ནས་གུས་ཚུལ་བཅས།

རྒྱལ་སྲས།ཀྱེ། ཁྱེད་ཀྱི་མཚན་ལ་གང་ཞུ། ཡུལ་ནི་གང་ནས་བྱོན་ནམ།

བྲམ་ཟེས།སྨ་ར་ལ་བྱིལ་བྱིལ་ལན་འགའ་བྱེད་ཀྱིན། ང་ཡི་ཡུལ་ནི་ཨོ་ྜྲི་ཡ་ན་ཡིན། མིང་ལ་བྲམ་ཟེ་ཐ་རཱུ་པའམ་གྲོང་འཇུག་མཁན་པོ་ཟེར།

རྒྱལ་སྲས།སྐྱབས་ནི་སུ་ཞིག་དགྲ་ནི་གང་ཞིག་ཡིན།

བྲམ་ཟེས།བདག་གི་སྐྱབས་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ། དགྲ་ནི་ཉོན་མོངས་ལས་གཞན་མེད།

རྒྱལ་སྲས།ཁྱེད་མཁྱེན་པའི་ཆོས་ནི་གང་ཞིག་ལགས།

བྲམ་ཟེས།བདག་གིས་ཆོས་ཐམས་ཅད་སྒྱུ་མར་སྟོན་པའི་ཆོས་ཤེས།

རྒྱལ་ སྲས།རྣལ་འབྱོར་བའི་ཞབས་ལ་མགོས་བཏུད་ཀྱིན། ལེགས་སོ། ལེགས་སོ། ཤིན་ཏུ་ལེགས་སོ། བདག་ནི་རྒྱལ་སྲས་ཆོས་ཀྱི་དགའ་བ་སྟེ། གྲོགས་ཀྱི་མིང་ལ་ལ་ག་ཨ་ན་ཟེར། དེ་རིང་ཁྱེད་དང་མཇལ་བ་རྟེན་འབྲེལ་བཟང། བདག་གི་ཕོ་བྲང་ནང་དུ་ཕེབས་པར་ཞུ།

བྲམ་ཟེས།བདག་ནི་སྐལ་བཟང་གདུལ་བྱའི་སླད་དུ་འགྲོ་བ་ལས། རྒྱལ་པོའི་ཕོ་བྲང་ནང་དུ་སྡོད་འོས་མིན། ཞེས་འགྲོ་གྲབས་བྱས་པས།

རྒྱལ་ སྲས།སླར་ཡང་ཕྱག་བཅས། བདག་ཀྱང་དམ་པའི་ཆོས་ལ་རབ་ཏུ་མོས། གྲུབ་ཆེན་ཁྱེད་འདྲ་སྒོ་དྲུང་ཕེབས་ནས་ཀྱང། ཆོས་ཀྱི་གདམས་ངག་སྐལ་བཟང་མ་ཐོབ་ཀྱང། མཆོད་བཀུར་ཙམ་ཡང་མ་བྱས་གཏོང་བ་འོས་མིན་པས། ཅིས་ཀྱང་ལན་ཅིག་ཕེབས་པར་ཞུ། ལ་ག་ཨ་ནས་ཀྱང་གུས་ཕྱག་བཅས་དེ་སྐད་ཞུས་པས།

བྲམ་ ཟེས།འོ་ན། ལེགས་སོ། ཁྱེད་གཉིས་ལ་ཡང་གདམས་ངག་གི་སྐལ་བ་ཡོད་པས་ཐོག་མར་ང་ཡི་གདམས་ངག་ལོངས་ཤིག ཅེས་བཤད་པ་དང་མཉམ་དུ། ལོགས་སུ་ཡོད་པའི་དུག་སྤྲུལ་གྱི་རོ་ཞིག་ལ་སྲོག་ཞུགས་སུ་བཅུག་པ་དང། རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་ལ་ཕྱག་རྒྱ་ཞིག་མཛད་དེ་སྟག་ཅིག་ཏུ་སྤྲུལ་ཅིང་ འཇིགས་པའི་ང་རོ་བསྒྲགས་པས་མི་ཚང་མ་ཞེད་ཐག་ཆོད་ནས་བྲོས་སོང་བ་དང། ཁོང་གཉིས་ལྷག་པར་ངོ་མཚར་དང་དད་པས། ལེགས་སོ ཞེས་ཕྱག་བགྱིས་ཏེ་མདུན་དུ་འཁོད་ཅིང་བྲམ་ཟེས་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་ ཚུལ་གྱི་ཆོག་གནང་ཞིང༌། བདེ་མཆོག་འཁོར་ལོ་སྡོམ་པའི་གདམས་ངག་དང། ལྷག་པར་འཕོ་བ་གྲོང་འཇུག་གི་མན་ངག་གནང་བའི་ཚུལ་བགྱིས་ཏེ་རང་གི་སྙིང་ག་གཤགས་ ཏེ་བདེ་མཆོག་གི་ལྷའི་དཀྱིལ་འཁོར་ཁྲ་ལམ་མེར་བསྟན་ནས། ཆོས་ཀྱི་དགའ་བའི་མགོ་ལ་ཕྱག་བཞག་སྟེ་ཁྱོད་ཀྱི་འགྲོ་དོན་ནགས་ཀྱི་ཚལ་ན་ཡོད་ ཅེས་གསུངས་ནས་བྱིན་རླབས་གནང་ཞིང་མ་འོངས་པ་ན་སླར་ཡང་འཕྲད་འོང་ཞེས་ནགས་གསེབ་ ཏུ་རྫུ་འཕྲུལ་གྱིས་གཤེགས་སོ།

དེ་ ནས་ཆོས་ཀྱི་དགའ་བ་དང་ལ་ག་ཨ་ན་གཉིས་ཤིན་ཏུ་དགའ་ནས་ཕོ་བྲང་དུ་ལོག་པ་དང་སྐྱེད་ མོས་ཚལ་གྱི་བསིལ་ཁང་དུ་རྒྱལ་པོ་དང་སྟོང་དཔོན་ཡམ་ཤེ་གཉིས་གསུང་གླེང་བྱེད་ ཀྱིན་ཡོད་པ་མཐོང་ནས་ཁོ་གཉིས་ཐད་ཀར་དེར་རྒྱུགས་ནས་སོང༌།

རྒྱལ་པོས།ལྷ་སྲས། དེ་རིང་ནམ་རྒྱུན་དང་མི་འདྲ་བའི་དགའ་ཉམས་དེ་ཅི་ཞིག་ཡིན། གཏམ་བཟང་ག་རེ་ཡོད། ཅེས་དྲིས།

ལ་ག་ཨ་ནས།གུས་ཕྱག་དང་བཅས། ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ལགས། དེ་རིང་ངོ་མཚར་ལྟད་མོ་མཐོང། མི་མ་ཤི་རྣམ་ཤེས་འཕོ་བ་ཡི་ངོ་ཚར་སྒྱུ་མའི་ལྟད་མོ་མཐོང། ཞེས་ཞུས་པ་དང་ལམ་སང།

རྒྱལ་སྲས།ད་དུང་དེ་ཡི་མན་ངག་དང་བདེ་མཆོག་གསང་སྔགས་གདམས་ངག་བཅས་ཏིང་འཛིན་དབང་ནི་ངེད་གཉིས་ཐོབ། ཅེས་ཁོང་གཉིས་དགའ་བའི་ཉམས་ཀྱིས་གཅིག་གཅིག་གི་གདོང་ལ་ལྟ་བཞིན་བཤད།

རྒྱལ་པོས།འོ་ན། ད་ལྟ་གྲུབ་ཐོབ་གང་དུ་བཞུགས། ཕོ་བྲང་དུ་གདན་འདྲེན་མི་ཞུ་བ་ཅི

རྒྱལ་སྲས།ཁོ་བོས་གདན་འདྲེན་ཞུས་ཀྱང་ཕེབས་མ་སོང༌། ངེད་གཉིས་ལ་དབང་གནང་རྗེས་བྱ་བཞིན་ནགས་ཚལ་དུ་གཤེགས་སོང།

རྒྱལ་པོས།འཕོ་བ་གྲོང་འཇུག་གི་གདམས་ངག་གང་བྱུང་དུ་འབོགས་ཆོག་པ་ཞིག་མིན། ཁྱོད་གཉིས་ལ་མགོ་བསྐོར་བཏང་བ་མིན་ནམ།

རྒྱལ་ སྲས།ཁོང་གིས་མིག་འཕྲུལ་སྟོན་པའི་ཚུལ་གྱིས་རང་གིས་དངོས་སུ་བེམ་པོ་ང་པོར་ གྲོང་འཇུག་བྱེད་ཀྱིན་པ་བདག་གིས་དངོས་སུ་མཐོང་བྱུང༌། ད་དུང་རང་གི་སྙིང་ག་རལ་གྲིས་གཤགས་ཏེ་ཡི་དམ་ལྷའི་དཀྱིལ་འཁོར་ཁྲ་གསལ་ལེ་མཇལ་ དུ་བཅུག་བྱུང། ཞེས་ཧ་ཅང་ནན་ཏན་གྱིས་ཡིད་ཆེས་པའི་ཚུལ་དུ་བཤད་པར་ལ་ག་ཨ་ནས་ཀྱང་མགོ་གུག་གུག་ གིས་ལགས་ངོ་མ་རེད་ཅེས་ཞུས།

ཡམ་ ཤེས།ཀྱེ་རྒྱལ་བོ་ཆེན་པོ་ལགས། ཁོང་གཉིས་ལ་སྤྱིར་བཏང་གི་མིས་མགོ་སྐོར་གཏོང་མི་ཐུབ་ལ། ལྷག་པར་རྒྱལ་སྲས་མཆོག་གཞན་དང་མི་འདྲ་བའི་བསོད་ནམས་ཅན་ཡིན་པས་དེ་འདྲའི་སྐལ་ བ་བཟང་པོ་ངེས་པར་འཐོབ་སྲིད། རྒྱལ་སྲས་མཆོག་གི་སྐུ་བསོད་ལ་བརྟེན་ནས་ཁོ་བོའི་བུ་ལ་ཡང་གདམས་ངག་མཆོག་དེ་ ཐོབ་པ་སྐུ་དྲིན་ཆེ། ཞེས་སྲས་ལ་གུས་ཕྱག་དང་བཅས་ཞུས།

རྒྱལ་པོས། དབུ་ལྕོག་ལྕོག་གིས། དེ་འདྲ་ཡིན་ན་ངོ་མ་སྐལ་བ་བཟང་པོ་རེད། ཆོས་ཀྱི་དགའ་བས་རྒ་བའི་སྡུག་བསྔལ་མྱང་མི་དགོས་པ་མ་ཟད། ཅེས་ཧ་ཅང་དགའ་ཉམས་ཆེན་པོས་སྲས་ལ་གཅིག་གཟིགས་པས།

ཡམ་ ཤེས། རྒྱལ་པོའི་ཚིག་རྗེས་འཕྲོག་སྟེ། ད་དུང་སྐྱེ་འཆི་སྤངས་ཏེ་རྒྱལ་སྲིད་བསྐལ་བའི་བར་དུ་འཛིན་ཐུབ་རྒྱུ་རེད་ལ། ལ་ག་ཨ་ནས་ཀྱང་དེ་སྲིད་རྒྱལ་སྲས་ཀྱི་ཞབས་ཞུ་བསྒྲུབ་པའི་བསོད་ནམས་མི་དམན་པས་ བདག་ཀྱང་སྐལ་བ་བཟང༌། ཞེས་བཤད་པ་དང་རྒྱལ་བློན་སྲས་དང་བཅས་པས་དགའ་བའི་བཞད་མོ་དབང་མེད་ཤོར།

རྒྱལ་ པོས།ད་ནས་བཟུང་ཁྱོད་གཉིས་ཀྱིས་གྲོང་འཇུག་གི་གདམས་ངག་ཉམས་ལེན་ལ་བརྩོན་ནས་ མྱུར་དུ་གྲུབ་འབྲས་ཐོན་པ་གྱིས་དང༌། རྒྱལ་ཁབ་ཀྱིས་དགའ་སྟོན་རྟེན་འབྲེལ་ཆེན་པོ་བྱེད་ཆོག་ཅེས་བཀའ་གནང༌།

སྲས་གཉིས་ཀྱིས།ལགས་སོ། ངེད་གཉིས་ཀྱིས་ཅིས་ཀྱང་འགྲུབ་ཐུབ་པ་བྱེད་ཆོག ཡབ་རྒྱལ་པོས་ཐུགས་བདེ་བར་མཛོད་ཅིག ཅེས་གུས་ཕྱག་དང་དམ་བཅའ་ཕུལ།

བྱ་ འགུལ་སྐོར དེ་ནས་ཆོས་ཀྱི་དགའ་བ་དང་ལ་ག་ཨ་ན་གཉིས་ཀྱིས་རྟག་ཏུ་ཕོ་བྲང་གི་རྩེ་ཐོག་ན་ གྲོང་འཇུག་གི་གདམས་ངག་སྒོམ་ནས་བཞུགས། རིང་པོ་མ་སོང་བར་ཏིང་འཛིན་གྱི་གདམས་ངག་ལ་བོགས་ཐོན་པའི་ཉམས་སྣང་ཤར་བས། ཆོས་ཀྱི་དགའ་བས་ལ་ག་ཨ་ན་ཁྱོད་སོང་ལ་བེམ་རོ་རྨ་མེད་པ་ཞིག་བཙལ་ཤོག་དང། ངེད་གཉིས་ཀྱིས་དངོས་སུ་ཚོད་ལྟ་ཞིག་བྱེད་ཅེས་བསྒོས་པས། ལ་ག་ཨ་ན་སོང་ནས་བེམ་རོ་ཅི་ཡང་མ་རྙེད་པས་རང་ཁྱིམ་ན་ནེ་ཙོ་ཞིག་གསོས་ཡོད་པ་དེ་ སྐེ་བཀག་ནས་བསད་དེ། དེ་ནས་ལམ་སང་རང་གིས་འཕོ་བ་སྒོམ་ནས་ཚོད་ལྟ་བྱས་པས་ཐེངས་དང་པོ་དང་གཉིས་པར་ ཞུགས་མ་ཐུབ་པས། སླར་ཡང་སེམས་ལྷོད་ལ་གནས་པར་བྱས་ཏེ་བསྒོམས་པས་གྲོངས་འཇུག་བྱེད་ཐུབ་པར་གྱུར་ པས་དགའ་ཐག་ཆོད་དེ་འཕུར་ནས་ཕོ་བྲང་གི་རྩེར་སོང་སྟེ། རྒྱལ་སྲས་ལ་སྐོར་བ་འགའ་བྱས་ཏེ་མདུན་དུ་བབས་ནས་གུས་ཚུལ་གྱིས། རྒྱལ་སྲས་ལགས། ང་ངོ་ཤེས་སམ། ང་སུ་རེད། ཅེས་བཤད་པས་རྒྱལ་སྲས་ཀྱིས་ཡ་མཚར་ངང་གཟིགས་བསྡད་པས། ཁོས་སླར་ཡང། ཧ་ཧ་རང་གི་གྲོགས་ཀྱང་ངོ་མི་ཤེས་སམ། ང་ནི་ལ་ག་ཨ་ན་ཡིན་ཧ་ཧ་ཧ། ཅུང་ཟད་སྒུག་གནང་དང་ང་མགྱོགས་པོ་ཕྱིར་ཡོང་ཞེས་ཕྱིར་འཕུར་སོང་ནས་རྣམ་ཤེས་ ཕྱིར་སྤར་ནས་ནེ་ཙོའི་རོ་དེ་ཁྱེར་ནས་ཡོང། དེར་རྒྱལ་སྲས་ཀྱིས་འཕོ་བ་བསྒོམས་མ་ཐག་ལམ་སྲང་གྲོངས་འཇུག་ཐུབ་པས་ཡར་འཕུར་ མརའཕུར་གྱིས་ཁོང་གཉིས་དགའ་རྩེད་ལ་རོལ་བཞིན་པའི་སྐབས་སུ། རྒྱལ་པོའི་བླ་ཤིང་གི་རྩེ་ན་བྱིའུ་ངོ་ཞིག་གིས་སྔན་ཆད་ཐོས་མྱོང་མེད་པའི་གསུང་ གཞས་སྙན་པར་སྒྲོག་པ་བཙུན་མོ་མ་ཏི་མ་ཧཱ་དང་ངེས་ལེགས་མས་ཐོས་ནས་བལྟར་ཕྱིན་པས་ གསེར་བཟང་མས་ཡ་མཚར་བཅས་འདི་སྐད་དུ།

ལུས་ནི་གསེར་གྱི་མདོག་དང་ལྡན། མགོ་བོ་གཡུ་མདོག་རྐང་པ་ནི། བྱུ་རུ་ལྟར་དམར་སྐད་སྙན་ཅན། ངོ་མཚར་བྱ་འདི་ཅི་ཞིག་ཡིན། ཞེས་ཡ་མཚར་བའི་ངག་འདི་ཐལ་བ་དང།

བྱིའུས། མཚར་རོ་ངོ་མཚར་བྱ་ང་མཚར། དེ་བས་རྒྱལ་པོ་རིགས་ལྡན་མཚར། ལེགས་པར་བརྟག་དཔྱད་མ་བྱས་པས། བཟང་བཟང་ལྟ་བུས་བསླུས་པ་མང། ཕོ་བྲང་རྩེ་ཡི་སྲས་གཅིག་དེ། བསྐལ་བའི་བར་དུ་སྡོད་རྩིས་བྱེད། ལོ་འགའི་མི་ལུས་ཙམ་ལས་མེད། འཕགས་མ་ཡུམ་ཡང་གཤེགས་ཉེ་བས། ང་ནི་སྒྲོལ་མས་བསུ་མར་བཏང། ཡ་མཚར་ལྟད་མོ་རིམ་གྱིས་གསལ། ཞེས་གསུངས་ཏེ་འཕུར་ནས་སོང།

དེ་ རྒྱལ་སྲས་ནེ་ཙོས་ཀྱང་མཐོང་ནས་བྱ་དེའི་རྗེས་དེད་དེ་འཕུར། བྱ་དེ་འཕུར་རྩལ་ཆེས་མགྱོགས་པས་རྒྱལ་སྲས་ནེ་ཙོའི་མིག་གི་མཐོང་ལམ་ནས་ཡལ་བས་ ཐང་ཆད་དེ་ལྗོན་པ་ཞིག་གི་ཡལ་གར་བབས་ནས་ངལ་གསོ་དུས་གློ་བུར་ངོ་མཚར་བའི་བྱ་དེ་ ཕྱིར་འཕུར་ཡོང་ནས་ཁོང་ལ་གཡས་སྐོར་ལན་གསུམ་བྱེད་ཀྱིན།

བྱེའུས། ཨེ་མ་སྤྲུལ་བའི་ཁྱེའུ་ཆུང༌། བྱང་ཆུབ་སེམས་དཔའི་ཁྱེའུ་ཆུང། གྲོངས་འཇུག་སྒྱུ་མའི་ལས་ལ། དེ་ཙམ་མཉེས་པ་མ་གནང། དལ་བའི་རྟེན་འདི་བཞག་ནས། ནགས་ཁྲོད་འཁྱམས་དུས་སྐྱོ་ཡོང། བདུད་ཀྱི་གྲོགས་ཀྱིས་བསླུ་ན་ཡང དོན་ལ་དགེ་བའི་བསྐུལ་མར་འགྱུར། ང་ནི་གནས་མཆོག་པོ་ཏ་ལའི། རྗེ་བཙུན་མ་ཡི་ཕོ་ཉ་ཡིན། ཞེས་གསུངས་ཏེ་ཤར་ཕྱོགས་སུ་འོད་ཡུག་ཡུག་མདའ་འཕངས་པ་བཞིན་འཕུར་སོང།

དེ་ནས་རྒྱལ་སྲས་ནེ་ཙོ་ཕྱིར་འཕུར་ནས་ཡབ་རྒྱལ་པོའི་དྲུང་དུ་སོང་ནས། གུས་ཚུལ་བཅས།

ཀྱེ། ཡབ་ཆེན་རྒྱལ་པོ་སྐུ་ཁམས་བཟང། ང་ནི་སུ་ཡིན་མཁྱེན་ལགས་སམ།

རྒྱལ་པོ།སྨྲ་མཁས་ཨ་བོ་ནེ་ཙོ། ཁྱོད་ནི་གང་ནས་འོང། སུ་ཡི་ཕོ་ཉ་ཡིན།

ནེ་ཙོས།ང་ནི་ཕོ་བྲང་རྩེ་ནས་འོངས། མིང་ལ་ཆོས་ཀྱི་དགའ་བ་ཟེར། ནེ་ཙོའི་རོ་འདིར་གྲོངས་འཇུག་བྱས།

རྒྱལ་ པོ།རབ་ཏུ་མཉེས་ཏེ། ཞལ་ཁ་ཡང་མ་ཟུམ་པར། ནེ་ཙོ་ཕྱག་ཏུ་བཏེགས་ཏེ། ཨེ་མ་ངོ་མཚར་ཆེ་བའི་ཆོས། ཨེ་མ་བསོད་ནམས་ཆེ་བའི་སྲས། ཨེ་མ་ཧོ་དགའ་བ་ལ་སྐྱིད་པ་ལ་ཞེས་ཕོ་བྲང་ནས་གསུང་གཞས་འཐེན་པ་བཙུན་མོ་མ་ཏི་མ་ ཧ་སོགས་ཀྱིས་ཀྱང་གསན་ནས་ལྟ་བར་ཡོང་སྐབས། ཕོ་བྲང་གི་སྐས་ཐེམ་ན་ལ་ག་ཨ་ན་ཡིས་རྒྱལ་སྲས་ཀྱི་སྐུ་ཕུང་ཁུར་ནས་ཐེག་མ་ཐེག་ གིས་ཡོང་གིན་ཡོད་པ་མཐོང་ནས་ཡུམ་དྲན་མེད་དུ་བརྒྱལ། དེར་ཡམ་ཤེ་ཡང་འབྱོར། དེ་ནས་ཡུམ་ལ་ཙན་དན་གྱི་ཆབ་གཏོར་ནས་དྲན་སོས་པ་དང་སྲས་ཀྱིས་ཡུམ་ལ་འཁྱུད་དེ་ གྲོངས་འཇུག་བྱས་ཚུལ་བཤད་པས་ཡུམ་འཇིགས་སྣང་གི་རྨི་ལམ་ཞིག་ལས་སད་པ་ལྟར་དགའ་ བར་གྱུར་ཅིང་ཚང་མ་གད་མོ་བགད།

རྒྱལ་པོས།ད་ནི་སྟོང་དཔོན་ཆེན་མོས། དགྱེས་སྟོན་གྱི་སྟ་གོན་ཚང་མ་གྲ་སྒྲིག་ལེགས་པོ་གྱིས། ཞེས་བཀའ་བསྒོས་པས།

ཡམ་ཤེས།གུས་ཕྱག་བཅས། ལགས་སོ། ཉིན་བདུན་རིང་གྲ་སྒྲིག་ཆ་ཚང་བྱས་ཆོག

རྒྱལ་པོས།སྟོང་དཔོན་གྱིས་ནམ་རྒྱུན་དང་མི་འདྲ་བའི་སྟ་གོན་གང་ཞིག་བྱེད་རྩིས་ཡོད་དམ། ཞེས་དྲིས་པ་དང།

ཡམ་ ཤེས།མནོ་བསམ་ཡུད་ཙམ་བཏང་ནས། འོ་རེད། འདི་ནི་འཕོ་བ་གྲོངས་འཇུག་གྲུབ་པའི་དགའ་སྟོན་ཡིན་པས་སྲོག་ཆགས་མི་འདྲ་བའི་ བེམ་པོ་དུ་མ་ཞྀག་བཙལ་ནས་སྒྱུ་མ་མཁན་ཚང་མ་ཡང་ངོ་ཚ་དགོས་པ། རྒྱལ་པོ་གཞན་དག་ཡིད་སྨོན་ཤོར་དགོས་པ། མི་མང་ཚང་ཡ་མཚར་དང་དད་པ་སྐྱེ་དགོས་པ་ཞིག་བཟོ་དགོས། ཞེས་ཞུས་པས།

རྒྱལ་པོས།དབུ་ལྕོག་ལྕོག་གནང་ནས། དེ་ག་རང་རེད། རྒྱལ་ཁམས་ཚང་མར་མགྲོན་འབོད་དང་དྲིལ་སྒྲོགས་ཤིག ཅེས་བསྒོས།

ཡམ་ཤེས།ལགས་སོ། བཀའ་བཞིན་སྒྲུབ་ཆོག ཅེས་གུས་ཕྱག་ཕུལ་ནས་ཕྱིར་ཐོན།

བྱ་ འགུལ་ཆུང་ངུའི་སྐོར།དེར་བཙུན་མོ་རྣམས་སོ་སོའི་གནས་སུ་ལོག མ་ཏི་མ་ཧཱ་དེ་ནུབ་ནས་བཟུང་སྐུ་སྙུང་བའི་ཚུལ་བསྟན། རྒྱལ་པོས་ལྷ་རྗེ་མཁས་པ་སོགས་གདན་འདྲེན་དང་དགེ་འདུན་པ་གདན་དྲངས་ཏེ་ཞབས་བརྟན་ རིམ་གྲོ་སོགས་རྒྱ་ཆེར་བྱས། འོན་ཀྱང༌། ཚེ་འཕོ་བའི་དུས་ལ་བབ་པའི་གནས་ཚུལ་དེ་ངེས་ལེགསམ་དང་ཁོང་མོ་གཉིས་ལས་གཞན་སུས་ ཀྱང་མི་ཤེས་པས་ངེས་ལེགས་མ་མྱ་ངན་ཆེན་པོས་ནོན་པར་གྱུར་ཏེ། མ་འདྲིས་འགྲོ་བའི་ཡུམ་ཆེན་མ། ཁ་སང་བྱིའུས་གསུང་ལུགས་དང༌། དེ་རིང་སྐུ་ཡི་སྙུང་ཚུལ་ལ། འཕགས་མ་བཞུགས་རྒྱུ་མིན་པ་འདྲ། དོན་འདི་རྒྱལ་པོར་ཞུ་འམ་ཅི། བདག་ཅག་མགོན་མེད་ཇི་ལྟར་བྱ། ཞེས་ཞུས་པ་དང། མ་ཏི་མ་ཧཱས། སྤུན་བཞིན་བརྩེ་བའི་ངེས་ལེགས་མ། ལས་འདི་འཇིག་རྟེན་ཆོས་ཉིད་དེ། སུ་ལ་ཞུས་ཀྱང་ཟློག་ཏུ་མེད། ཁོ་མོས་འགྲོ་དོན་གཞན་དུ་ཡོད། ཁྱེད་ཀྱིས་མྱ་ངན་ཞུ་འོས་མིན། གནས་སྐབས་དགའ་སྟོན་མ་གྲུབ་བར། སུ་ལའང་མ་བཤད་གསང་བ་གྱིས། ཐ་མའི་དུས་ལ་བབ་པའི་ཚེ། ཁོ་མོས་ཀུན་ལ་གསལ་བཤད་བྱེད། ཅེས་གསུངས་ནས་ངེས་ལེགས་མའི་མྱ་ངན་སེལ་ཐབས་བྱས།

རྒྱལ་ པོ་དང་ཆོས་བློན་སོགས་མི་མངཧལའང་རྨི་ལྟས་འཚུབ་པ་སོགས་བཀྲ་མི་ཤིས་པའི་ལྟས་མང་ དུ་བྱུང་བས། ཕལ་མོ་ཆེས་མ་ཏི་མ་ཧཱ་སྐུ་འཚོ་མིན་ལ་རྣམ་རྟོག་དང་སེམས་ཁུར་བྱེད། ཡིན་ཡང། ཡམ་ཤེ་ལ་ལྷག་པར་དགའ་སྣང་སྐྱེས་ནས་དགའ་སྟོན་གྱི་སྟ་གོན་རྒྱས་པར་བསྒྲིགས། དེ་བས་མི་མང་པོས་ཡུམ་མཏི་མ་ཧཱ་སྙུང་བ་ས་སེམས་ཁྲལ་དང་རྒྱལ་སྲས་ཀྱི་གྲོངས་ འཇུག་གྲུབ་སྟོན་དུས་མཉམ་འདིས་དགའ་སྐྱོའི་སྣང་བ་ལྷན་ཅིག་སྦྱིན་ཞིང། རྒྱལ་པོ་དང་སྲས་བཙུན་མོ་བཅས་པས་ཀྱང་མ་ཏི་མ་ཧཱའིསྙུང་གཞི་ཇེ་དྭངས་སུམ་གྱུར་ བར་དགྱེས་སྟོན་ཕྱིར་འཐེན་དགོས་བའི་བསམ་ཚུལ་འདོན་གྱིན་པ་མ་ཏི་མ་ཧཱས་གསན་ནས། སྒྲོལ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ན་ཚ་སངས་དྲག་ལྟ་བུར་གྱུར་བས་ཆང་མ་དགའ་ མགུར་གྱུར་ཚུལ་བཅས་ཀྱི་རྣམ་པ་གང་འོས་འཁྲབ་སྟོན་བྱེད་དགོས།

 

དེར་ རྒྱལ་པོས། རྒྱལ་སྲས་དང་ལ་ག་ཨ་ན་གཉིས་ཀྱིས་འཕོ་བ་གྲོངས་འཇུག་གི་གདམས་པ་ཡོངས་སུ་གྲུབ་པ་ ལ་དགའ་སྟོན་ཆེན་པོ་བཤམས་ཏེ། མི་ཚོགས་ཁྲི་ཕྲག་དུ་མའི་ཚོགས་དབུས་སུ། བྱ་དང་རི་དྭགས་སོགས་སྲོག་ཆགས་འདྲ་མིན་ལུས་ལ་རྨ་མེད་པ་མང་པོ་གྲ་སྒྲིག་བགྱིས་ ཏེ་མི་རྣམས་ཡིད་ཆེས་པ་དང་སྦྱངས་པའི་ཡོན་ཏན་ངོམ་ཕྱིར་སྐ་ཅིག་གིས་རང་ལུས་དོར་ ནས་ཕ་རོལ་པའི་ལུས་ལ་འཇུག་པའི་འཕོ་བ་གྲོངས་འཇུག་མངོན་སུམ་སྒྱུ་མའི་ལྟད་མོས་ ཀུན་ལ་ཡ་མཚར་དང་ཆོས་ལ་དད་པའི་གསོས་འདེབས་པའི་དགའ་སྟོན་རྒྱ་ཆེན་པོ་བྱས། སྐབས་འདིར་སྲས་གཉིས་ཀྱིས་བེམ་རོ་དག་ལ་གྲོངས་འཇུག་གི་རོལ་རྩེད་བྱེདཔའི་ཆོ་ག་ མང་ཙམ་འཁྲབ་དགོས་ལ། མི་མང་པོས་ཨ་ལ་ལ་ཡ་མཚར་ཚེ་བ་ལ་སོགས་པའི་ངོ་མཚར་ཅ་ཅོ་སྒྲོག་པ་དང། ལ་ལས་སྤྲུལ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ་ཞེས་བསྟོད་ཅིང་ཕྱག་འཚལ་བ་སོགས་བྱ་ འགུལ་མང་ཙམ་སྤེལ་ནས་དགའ་སྟོན་ལ་རོལ་བའི་རྣམ་པས་མཇུག་བསྡུ་བར་བྱ་བ་སྟེ་ལེའུ་ གསུམ་པའོ། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php