༄༅། །རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྷན་ཚོགས་དེས་རྒྱལ་སྤྱིར་སྙན་གྲགས་ཡོད་པའི་མཁས་དབང་དང་གྲགས་ཅན་མི་སྣ་གདན་ཞུ་གནང་སྟེ་གསུང་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུ་སྲོལ་ཡོད་པ་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་India International Center་ཞེས་པར་ལེགས་སྦྱར་གྱི་ལས་རིམ་ཐེངས་བཞི་པ་དེ་ཚོགས་ཡོད།

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ ཁང་གིས་གོ་སྒྲིག་ཞུས་པའི་ལས་རིམ་ཐོག་རྒྱ་གར་གྱི་ཁྲིམས་དང་གྲངས་ཉུང་མི་རིགས་ ལྷན་ཁང་གི་བློན་ཆེན་སྐུ་ཞབས་སལ་མན་ཀུར་ཤི་ཌ་(Salman Khurshid)མཆོག་དང་། གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་སྐུ་ཞབས་(Wajahat Habibullah ) ཝ་ཇཱ་ཧཊེ་ཧ་བི་བྷུ་ལ་མཆོག་གིས་དབུས་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་གཅིག ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་གི་སྐུ་ཚབ། དེ་བཞིན་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ། མི་མང་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་བཅར་བའི་ལྷན་ཚོགས་སུ་༸གོང་ས་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་ དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༠  ཉིན་མགོན་པོ་གང་ཉིད་མཆོག་གིས་ལས་རིམ་དེའི་ཐོག་དབུ་བཞུགས་མཛད་དེ་ལམ་སྟོན་ བཀའ་སློབ་སྩལ་དོན།
ངོས་ཀྱིས་འཛམ་གླིང་ནང་བཟང་པོའི་ཡོན་ཏན་སྐོར་བརྗོད་པ་དེ་ཆོས་ཕྱོགས་ཐོག་ནས་ བརྗོད་ཀྱི་མེད། ངོས་ཀྱིས་ཆོས་ལུགས་རིས་མེད་དང་མི་ཕན་ཚུལ་དབར་གྱི་ཉམས་མྱོང། བསམ་ཤེས། དེ་བཞིན་ཚན་རིག་པས་ཞིབ་འཇུག་བྱས་པའི་གྲུབ་དོན་གང་རྙེད་པ་དེར་གཞི་བཅོལ་ནས་ བརྗོད་ཀྱི་ཡོད། ང་ཚོས་མིའི་ནང་གི་རིན་ཐང་དང་འབྲེལ་བའི་བཟང་པོའི་ཡོན་ཏན་དེ་དག་གོང་འཕེལ་གང་ འདྲ་བྱས་ཏེ་གཏོང་དགོས་ཞེ་ན། ངོས་ཀྱིས་བསམ་ཚུལ་ལ་ད་ལྟ་ང་ཚོས་སློབ་སྦྱོང་སྤྲོད་བཞིན་པའི་དེང་དུས་ཤེས་ཡོན་ གྱི་སྲིད་བྱུས་དེ་དག་ཕྱིའི་དངོས་པོར་གཞི་བཞག་པ་ལས་ནང་གི་སེམས་ཚོར་སྐོར་དང་ འབྲེལ་བ་གང་ཡང་མེད་པ་ཞིག་ཆགས་ཀྱི་ཡོད་སྟབས། དེ་ཚོའི་ཐོག་ང་ཚོས་ཡང་བསྐྱར་བསམ་བློ་གཏོང་དགོས་ཀྱི་རེད་སྙམ་གྱི་འདུག གང་ལ་ཞེ་ན་སྔར་ཡིན་ན་ཚན་རིག་པས་ཕྱི་དངོས་པོའི་གཟུགས་ལ་ཞིབ་འཇུག་བྱས་པ་མ་ གཏོགས་གཞན་དབང་པོའི་ཤེས་པར་མངོན་དུ་མ་གྱུར་བའི་ཆོས་ལ་བསམ་བློ་བཏང་མེད། འོན་ཀྱང་དེང་སྐབས་ཚན་རིག་པ་ཚོས་བདག་དང་འདུ་ཤེས་སོགས་ང་ཚོའི་ཉིན་རེའི་མི་ཚེ་ དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད། དེ་བཞིན་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་གཅིག་གྱུར་ཡིན་སྟབས། གནད་དོན་དེ་དག་ཐོག་ང་ཚོ་ཚང་མས་ནུས་པ་འདོན་དགོས་ཀྱི་རེད། ངོས་རང་རྒྱ་གར་གྱི་བུ་ཕྲུག་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐོས་སྐབས་རང་བཞིན་གྱིས་བློ་ཕམ་དང་ བློ་འཚབ་བསྐྱེད་ཀྱི་འདུག
ངོས་ཀྱིས་ཐོག་མར་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གོ་སྐབས་ཧ་ལས་ པའི་ཚོར་བ་དེ་འདྲ་གང་ཡང་མ་བྱུང་། གང་ཡིན་ཟེར་ན། རྒྱ་ནག་གཞུང་ནི་ཆོས་ཁས་མ་ལེན་མཁན་ཞིག་ཡིན་པ་མ་ཟད། དཔལ་འབྱོར་དང་སྟོབས་ཤུགས་ལ་ཡིད་ཆེས་བྱེད་མཁན་ཞིག་རེད། རྒྱ་ནག་དང་བསྡུར་ན་རྒྱ་གར་ནི་ཆོས་ཁས་ལེན་མཁན་ཞིག་ཡིན། འོན་ཀྱང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་དག་ཐོས་སྐབས་དངོས་གནས་ཧང་སངས་དགོས་ རྒྱུ་ཞིག་རེད་འདུག ངོས་ཀྱིས་སྔོན་མ་རྒྱ་གར་གྱི་གྲོགས་པོ་ཞིག་ལ་ཡང་ན་ཆོས་ཁས་ལེན་དགོས་པ་དང་། ཡང་ན་ལྐོག་ཟ་རུལ་སུངས་བྱས་ཏེ་ཆོས་རྩ་བ་ནས་ཁས་མི་ལེན་པར་དཔལ་འབྱོར་ཁོ་ནར་ ཡིད་ཆེས་བྱེད་དགོས་པ་རེད་མ་གཏོགས་དེ་གཉིས་དབར་གདམ་ཁ་གསུམ་པ་ཞིག་རྩ་བ་ནས་ མེད། ཅེས་བརྗོད་མྱོང་ཡོད། དེར་བརྟེན་ངོས་ཀྱིས་ད་ལྟ་བརྗོད་བཞིན་པ་དེ་བློ་འཚབ་ཐོག་ནས་བརྗོད་པ་མ་གཏོགས་ སྐྱོན་བརྗོད་བྱས་པ་རྩ་བ་ནས་མིན།
ཉེ་ཆར་བི་བི་སི་(BBC)གསར་འགྱུར་ནང་དབྱིན་ཡུལ་ཁུལ་དུ་བྱུང་བའི་གནས་ཚུལ་མཐོང་ ཐོས་བྱུང་སྐབས། ངོས་རང་ཧ་ལས་བྱུང། གནས་ཚུལ་དེ་གལ་ཏེ་བྷང་ལ་ཌེ་ཤི་དང་ཀཱརཱ་ཅི་(Bangadesh.Karachi)སོགས་ལ་བྱུང་ན་ ང་ཚོས་བསམ་གཞིགས་ཐུབ་པ་ཞིག་ཡིན་ནའང་། དབྱིན་ཡུལ་ལྟ་བུ་མིའི་བསམ་བློའི་གནས་ཚད་མཐོ་བ་དང་ཁྲིམས་ལུགས་ལ་བརྩི་བཀུར་ བྱེད་མཁན་ཞིག་ལ་གནས་ཚུལ་ཐབས་སྡུག་དེ་འདྲ་ཡོང་སྐབས། དངོས་གནས་བློ་འཚབ་བསྐྱེད་དགོས་པའི་གནས་སྟངས་ཤིག་རེད། སྤྱིར་བཏང་ངོས་སྒེར་ལ་ཐད་ཀར་འགན་དེ་འདྲ་གང་ཡང་མེད།  ངོས་ཀྱིས་རེ་བར་དབྱིན་ཡུལ་གཞུང་དང་འབྲེལ་ཡོད་མི་སྣ་ཚོས་གནད་དོན་དེའི་བྱུང་ རྐྱེན་ག་རེ་ཡིན་མིན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་མ་འོངས་པར་དེ་རིགས་རྩ་ བ་ནས་མི་ཡོང་བའི་ཐབས་ཤེས་བྱེད་དགོས། ཞེས་བཀའ་སློབ་སྩལ་ཡོད།
དེ་བཞིན་རྒྱ་གར་གྱི་ཁྲིམས་དང་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ སལ་མན་ཀུར་ཤི་ཌ་(Salman Kurshid) མཆོག་དང་། གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝ་ཇཱ་ཧཊེ་ཧ་བི་བྷུ་ལ་མཆོག་གཉིས་ཀྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་གླིང་ཞི་བདེ་དང་ཡང་སྒོས་ མིའི་བདེ་སྐྱིད་དང་འབྲེལ་བའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ པ་དེ་དག་ལ་ཡི་རང་བསྔགས་བརྗོད་ཀྱི་གསུང་བཤད་ཀྱང་གནང་ཡོད་པ་བཅས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php