དེ་རིང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་དང་འབྲེལ། ཆབ་སྲིད་བཙོན་ཟུར་དང་ཉམས་ཞིབ་པ་སོགས་གདན་འདྲེན་བྱས་ཏེ་བོད་པའི་ཆབ་སྲིད་བཙོན་པ་དང་རྩོམ་པ་པོའི་སྐོར་ལ་བགྲོ་གླེང་ཞིག་གནང་སོང་

དེ་རིང་སྔ་དྲོར་ངྷ་སའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའིམཐུན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༢ པ་སྲུང་གཙི་དང་འབྲེལ་བགྲོ་གླེང་ཞིག་གོི་སྒྲིག་གནང་ཡོད་ཅིང་དེར་རྒྱ་ནག་གཞུང་གི་བཙོན་ཁང་དུ་ཡོད་པའི་མཆོད་མེ་དྲ་རྒྱའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཅུང་པོ་བུངྷ་སྐྱབས་ལགས་ཀྱིསདཀོན་མཆོག་ཚེ་འཕེལ་ལགས་དང་ཁོང་གི་ནང་མིའི་སེམས་ཚོར་སྐོར།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིསནུབ་ཕྱོགས་རང་དབང་འཐབ་རྩོད་ཁྲོད་རྩོམ་པ་པོའི་ནུས་པའི་སྐོར། ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་བཙོན་འོག་ཏུ་འདས་གྲོངས་སོང་བའི་བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕྱིར་དྲན་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་ ན་གཞོན་ཁག་ཅིག་གིས་བཙན་གནོན་འོག་ཡོད་པའི་རྩོམ་པ་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་སྙན་ངག་གྱེར་འདོན་བཅས་གནང་སོང་

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་ཀྱིསངོ་སྤྲོད་གནང་བར། ཐེངས་འདིའི་བགྲོ་གླེང་དེ་ནི་འཛམ་གླིང་ཐོག་རླབས་ཆེན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་དྲང་བདེན་གྱི་མྱུ་གུ་བཟུང་སྟེ། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཕན་བདེའི་ཆེད་དུ་རྩོམ་ཡིག་སྤེལ་བ་ལ་བརྟེན་ནས། གདུག་རྩུབ་ཅན་གྱི་སྲིད་གཞུང་ཁག་གིས་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད། མང་པོ་ཞིག་བཙོན་འཇུག་བྱས་ཏེ་ལུས་སེམས་གཉིས་ལ་གནོད་པ་དང་ཉིན་མཚན་གཉིས་ལ་དཀའ་སྡུག་ཚད་མེད་མྱོང་གི་ཡོད་པ་ལྟར། འདི་ལོརྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁྱབ་ཁོངས་བཙོན་འོག་རྩོམ་པ་པོ་སྡེ་ཚན་གྱིས་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་བརྒྱ་ཕྲག་མང་པོའི་ཁྲོད་ནས་བོད་ནང་གི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་། ཨ་ཧྥེ་རི་ཀའི་རྩོམ་པ་པོ་(Rodney Sieh) ཊོེར་ཀེའི་རྩོམ་པ་པོ་ (Fazil Say) ཨི་རན་གྱི་རྩོམ་པ་པོ་ (Dr Rahnavard) ཧོན་ཌོ་ར་སའི་རྩོམ་པ་པོ་ (Dina Meza) བཅས་རྩོམ་པ་པོ་  ལ་པེན་གྱི་ཡན་ལག་རྒྱལ་ཁབ་ ༡༤༦ ལྷག་གི་ནང་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་སྐོར་བརྗོད་སོང་

ཤེས་རིག་ལས་ཁུངས་ཀྱི་ཡིག་སྒྱུར་བ་བུངྷ་སྐྱབས་ལགས་ཀྱིས། རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ནི་ཁོརང་གི་ཕུ་བོ་ཡིན་ཞིང་ ༢༠༠༩ ཟླ་ ༢ པའི་ཉིན་ཁོང་གིས་གཅེན་པོ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཐོག་མར་ཐོས་རྗེས་སེམས་ཁྲལ་ཆེན་པོ་བྱུང་ཞིང་དཀོན་མཆོག་ཚེ་འཕེལ་ལགས་ནི་ཁོང་སྤུན་མཆེད་དག་གི་ཁྲོད་ནས་སྤྱི་ཚོགས་ལ་ཤེས་ཡོན་གྱི་ཞབས་ཞུ་སྒྲུབ་མཁན་དང་། ཁྱིམ་གྱི་ཕྲུ་གུ་གཞན་རྣམས་སློབ་གྲྭར་འགྲོ་བའི་མཐུན་རྐྱེན་བསྐྲུན་མཁན་གཙོ་བོ་དེ་ཡིན་ཞིང་ཁོང་འཛིན་བཟུང་བྱས་རྗེས་ཁོ་རང་ཡང་མུ་མཐུད་གཙུག་ལག་རབ་འབྱམས་པ་ (MA) སློབ་སྦྱོང་བྱ་རྒྱུའི་དམིགས་ཡུལ་མ་འགྲུབ་སྐོར་བརྗོད་སོང་

དཀོན་ཆོག་ཚེ་འཕེལ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཟླ་བཞིའི་རིང་ནང་མིར་འབྲེལ་བ་མ་བྱུང་བར་ལྷག་པ་དང་རྗེས་སུ་ནང་མིས་རྒྱ་ནག་ཧྲང་ཧེ་དང་ལན་ཀྲུའུ་བཅས་ནས་ཁྲིམས་རྩོད་པ་བཙལ་ཡང་། ཁྲིམས་རྩོད་པས་ཆབ་སྲིད་ཀྱི་གནས་ཚུལ་བྱུང་བའི་རིགས་ལ་ལག་པ་འཆང་མ་ཐུབ་པའི་དབང་གིས་འགྲོ་སོང་བཏང་ཡང་ནུས་པ་མ་ཐོན་པར་ལྷག་ཡོད་སྐབས། རྒྱ་གཞུང་གིས་ཨ་ཕ་དང་ཨ་ཅེ་གཉིས་སྐད་བཏང་སྟེ་ཁྲིམས་རྩོད་ཀྱི་ལས་རིམ་གཅིག་ཀྱང་མ་སོང་བར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་འཛུགས་འོག་ལོ ༡༥ ཁྲིམས་ཐག་བཅད་ཡོད་ཅིང་ ཉེདུས་བར་ཟླ་གཉིས་རེའི་ནང་སྐར་མ་ ༣༠ རེར་ནང་མི་ཐུག་འཕྲད་བྱེད་འཇུག་སྟེ་རྒྱ་སྐད་ཐོག་ཕན་ཚུན་སྐད་ཆ་བཤད་དགོས་ཀྱང་ ཉེ་ཆར་ཕྱི་ཟླ་ ༨ པ་ནས་ཁོང་བཙོན་ཁང་གཞན་ཞིག་ཏུ་སྤར་ཏེ་སྔར་ལས་དམ་དྲག་ཆེ་རུ་ཕྱིན་ཡོད་པ་དང་། གཟུགས་པོའི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་སྟབས་ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་ 

མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱིནུཕྱོགས་ཀྱི་རྩོམ་པ་པོ་ཁག་གི་བརྩམས་ཆོས་ཀློག་སྐབས། དེབ་ཀློག་རྒྱུ་ཙམ་མིན་པར་རྩོམ་པ་པོའི་ལོ་རྒྱུས་དང་འབྲེལ་བའི་རྒྱབ་ལྗོངས་གནས་ཚུལ་དང་མི་ཚེའི་ལངས་ཕྱོགས། ལྟ་བ་འཁྱེར་ཕྱོགས་བཅས་ལ་དོ་སྣང་བྱ་གལ་ཆེ་བ་དང་ ཁོ་མོས་འདས་པའི་ལོ་ཟླའི་ནང་ལྟ་ཀློག་བྱས་པའི་དཔེ་ཆ་ཁག་ལས་ཤར་ཡུ་རོབ་ཀྱི་ལུང་པ་མང་པོ་ཞིག་དམར་ཤོག་གི་བཙན་འོག་ཏུ་དཀའ་སྡུག་མྱངས་ཏེ། རྩོམ་པ་པོ་མང་པོ་ཞིག་གིས་སྐབས་དེའི་འགྲོ་བ་མིའི་ཐོབ་དང་མངགཙོ། ལྟ་གྲུབ་བཅས་ཀྱི་ཆེད་རྩོམ་ཡིག་བྲིས་ཏེཨ་རི་གཙོས་པའི་རྒྱལ་ཁབ་ཁག་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་ ཁོང་ཚོ་བཙན་བྱོལ་ནང་འཚོ་བ་སྐྱེལ་སྐབས་ཀྱང་དཀའ་སྡུག་ལ་མ་འཛེམས་པར་མུ་མཐུད་རྩོམ་ཡིག་སྤེལ་ཏེ་མི་རིགས་ཀྱི་རྩ་དོན་ཆེད་བརྩམས་ཆོས་མང་པོ་བྲིསཡོད་འདུག རྩོམ་པ་པོ་སྙན་གྲགས་ཅན་ཁག་ཅིག་གིས་ང་ཚོ་བོད་པའི་གནས་སྟངས་དང་འདྲ་བོའི་འོག་རྩོམ་ཡིག་བྲིས་ཏེ། ཞུང་གི་སྲིད་བྱུས་འཛིན་སྟངས་དང་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་གསལ་འདོན་བྱས་སྟབས་འཛིན་བཟུང་གིས་བཙོན་དུ་བཞུགས་དགོས་བྱུང་ཡང་ ཁོང་ཚོའི་རྩོམ་ཡིག་ལ་ཁོ་རང་ཚོའི་སྤྱི་ཚོགས་དང་འཛམ་གླིང་ནང་མི་མང་པོགདེང་འཇོག་ཆེན་པོ་གནང་སྟེ་ནོ་སྦེལ་རྩོམ་རིག་བྱ་དགའ་ཡང་ཐོབ་མྱོང་ཡོད་ཅིང་ དེ་དག་གི་རྩོམ་ཡིག་ལས་ལྟའི་དུས་འདིར་འཛམ་གླིང་གི་ཆབ་སྲིད་པ་དང་ཤེས་ལྡན་པ་ཚོས་སློབ་སྦྱོང་ལེན་གྱི་ཡོད་སྐོར་བརྗོད་སོང་

ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིསཁོ་རང་རྩོམ་པ་པོ་མིན་ཡང་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ ༢༨ རིང་བཙོན་འཇུག་བྱས་ཤིང་ བཙོན་ཁང་དུ་ཨ་མདོ་བློ་བཟང་དབང་ཕྱུག་ལགས་དང་མཉམ་དུ་ ༡༩༧༩ ལོའི་ལོ་སར་ཚེས་ ༢ ཉིན་སྦྱར་ཡིག་སྦྱར་བ་སོགས་ལས་དོན་སྣ་ཚོགས་བརྩམས་པའི་ཉེར་ལེན་གྱིས་བཙོན་ཁང་ནང་འགྱུར་བ་ཏོག་ཙམ་ཕྱིན་ཞིང་རིམ་བཞིན་ལྷ་སར་སྦྱར་ཡིག་བཀྲམས་མཁན་མང་དུ་ཕྱིན་ཡོད་ཚུལ་དང་ བོད་པའི་མཁས་པ་རྒན་པ་ཚོས་ཆོས་ལུགས་བསྐྱར་གསོ་དང་། མི་རིགས་རང་གི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐོག་བྱས་རྗེས་རླབས་ཆེན་བཞག་ཡོད་ཅིང་ མིརབས་རྗེས་མ་ཚོས་མི་རབས་གོང་མ་ཚོའི་རྒྱ་ཆེ་བའི་བསམ་བློ་དང་མི་རིགས་ལ་བཅངས་ལྷག་བསམ་བཅས་སློབ་སྦྱོང་བྱས་ཏེ་སྐད་ཡིག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་དགོས་སྐོར་བརྗོད་སོང་

མཇུག་ཏུ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས། མཐུན་ཚོགས་ཀྱི་ངོས་ནས་བཙོན་ཁང་དུ་ཡོད་པའི་རྩོམ་པ་པོ་དང་བོད་ནང་གི་སྨྲ་བརྗོད་རང་དབང་སྐོར་ལ་གླེང་སློང་དང་ལས་འགུལ་སྤེལ་དང་། རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུར་མཉམ་ཞུགས་རྒྱུ་གལ་ཆེན་དུ་བརྩིས་ཏེ། འདི་ལོའི་ཕྱི་ཟླ་ ༥ བའི་ནང་པོ་ལན་ཌིའི་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱས་ཏེ། བོད་ནང་གི་རང་ལུས་མེར་བསྲེཊ་གནང་མཁན་རྩོམ་པ་པོ་དགུ་འགྲུབ་ལགས་གཙོས་པའི་བོད་ནང་གི་གནས་སྟངས་ངོ་སྤྲོད་ཀྱི་གོ་སྐབས་བྱུང་ཡོད་པ་དང་ ཕྱི་ཟླ་ ༩ བའི་ནང་པེན་གྱི་ཚོགས་ཆེན་ཐོག་མཉམ་ཞུགས་ཀྱིས་གཏམ་བཤད་དང་གྲོས་གཞི་ཁག་གི་ཐོག་སྤྱི་མོས་གྲོས་ཆོད་བྱུང་ཡོད་ཚུལ་ངོ་སྤྲོད་དང་འབྲེལ། མ་འོངས་པར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་

གསར་འགོད་པ། དོན་གོ

《རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།》
DAY OF THE IMPRISONED WRITER 15 NOVEMBER 2013
November 13, 2013 at 5:49pm
རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་སོ་གཉིས་པ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ།


མཁྱེན་ཡངས་རང་རེའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་དྲུང་དུ། སྤྱི་ཟླ་༡༡པའི་ཚེས་༡༥ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་ འཁེལ་ཡོད་སྟབས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་བཙོན་འོག་རྩོམ་པ་པོའི་ སྡེ་ཚན་གྱི་ངོས་ནས་ལོ་རེ་བཞིན་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་བཀོད་སྒྲིག་ དང་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། ད་ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་རྒྱལ་ཁབ་ཁག་༡༤༦ལྷག་གི་ རྩོམ་པ་པོའི་མཐུན་ཚོགས་སོ་སོའི་ངོས་ནས་བཙོན་འོག་ན་ཡོད་པའི་བོད་ཀྱི་རྩོམ་པ་ པོ་དཀོན་མཆོག་ཚེ་འཕེལ་ལགས་དང་། ཨ་ཧྥེ་རི་ཁའི་རྩོམ་པ་པོ་Rodney Sieh. ཊོར་ཀིའི་རྩོམ་པ་པོ་Fazil Say. ཨེ་རན་གྱི་རྩོམ་པ་པོ་Dr Rahnavard. ཧོན་ཌོ་ར་སའི་རྩོམ་པ་པོ་Dina Meza. སོགས་ཀྱི་ཆེད་དུ་ལས་འགུལ་དང་། བགྲོ་གླེང་། གཏམ་བཤད་སོགས་རྒྱ་ཆེར་གནང་སྟེ་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་། གཞུང་ཚབ་ཁང་སོགས་ལ་འབུལ་འཆར་ལགས་ན། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་ ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་གཙོ་བྱས་པའི་བཙོན་འོག་ན་དཀའ་སྡུག་ མྱོང་བཞིན་པའི་རྩོམ་པ་པོ་རྣམས་ཀྱི་གནས་བབ་དང་འབྲེལ་ནས་གཤམ་གྱི་དོན་ཚན་ བཞིའི་སྟེང་དུ་བགྲོ་གླེང་དང་སྙན་ངག་གྱེར་འདོན་གྱི་ལམ་ནས་བཙོན་འོག་གི་རྩོམ་ པ་པོའི་ཉིན་མོའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ལགས་ན། རྡ་ས་སོགས་ཉེ་འཁོར་ན་བཞུགས་པའི་རང་རའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ རྣམས་བགྲོ་གླེང་ཚོགས་འདུའི་སྟེང་དུ་ངེས་ཕེབས་ཡོང་བའི་གསལ་བརྡ་རུ།

བཙོན་འོག་ན་ལྷག་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གྱི་སྐོར་ལ་ནང་མིའི་སེམས་ཚོར་དང་བློ་འཚབ།
བུདྷ་སྐྱབས། རྩོམ་པ་པོ་དང་ཡིག་སྒྱུར་པ།

ནུབ་ཕྱོགས་པའི་རང་དབང་འཐབ་རྩོད་ཁྲོད་རྩོམ་པ་པོ་རྣམས་ཀྱིས་ཐོན་པའི་ནུས་པ།
ཚེ་རིང་མཚོ་མོ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན།

བཙོན་འོག་ཏུ་འདས་གྲོངས་སོང་བའི་བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕྱིར་དྲན།
རྒན་དཔལ་ལྡན་རྒྱ་མཚོ། ཆབ་སྲིད་བཙོན་ཟུར་གྲགས་ཅན།

རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་ཀྱི་རྩོམ་པ་པོའི་སྐོར་ལ་གྲོས་ཆོད་བཞག་པའི་བརྒྱུད་རིམ་དང་ཕན་ནུས།
སྤྲོ་ཚིགས་ཆོས་གྲགས། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན།

བགྲོ་གླེང་གཙོ་སྐྱོང་བ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར།

ཚོགས་ཡུལ། ཀིརྟིའི་དགེ་རྩ་ཚོགས་པའི་ཞི་བདེའི་ཚོགས་ཁང་།
དུས་ཚོད། ཕྱི་ལོ་༢༠༡༣་ཟླ་༡༡་ཚེས་༡༥ རེས་གཟའ་པ་སངས་ཉིན། སྔ་དྲོའི་ཚུ་ཚོད་༡༠པའི་ཐོག
གོ་སྒྲིག་བྱེད་མཁན། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས།

    ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ ཚེས་༩ ནས་ ༡༢ བར་ཉིན་བཞིའི་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International) ཀྱི་ཚོགས་ཆེན་ཐེངས་༧༩ པ་དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཨེསི་ལན་ཌིའི་( Iceland ) རྒྱལ་ས་རེཀ་རྗ་བིཀ་( Reykjavik ) ལ་ཚོགས།
    ཚོགས་ཆེན་ཐོག་འདི་ག་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། སྤྱི་ཁྱབ་དྲུང་ཆེ་གཡུ་སྒང་འོད་ཟེར་གཉིས་མཉམ་ཞུགས་དང་འབྲེལ། རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་དང་སྒྱུ་རྩལ་པ་བཞི་བཅུ་ལྷག་ཡོད་པ་རྣམས་ཀློད་གྲོལ་དང་རང་དབང་སྤྲོད་དགོས་པ་དང་། དེ་བཞིན་བོད་མི་བརྒྱ་དང་ཉི་ཤུས་རང་སྲེག་ངོ་རྒོལ་བྱས་པའི་ཐད་རྒྱ་དམར་གཞུང་གིས་བསྐྱར་ཞིབ་དང་རང་དབང་ལྡན་པའི་གསར་འགོད་པ་ས་གནས་སུ་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ། བོད་ནང་གི་སྨྲ་བརྗོད་རང་དབང་དང་། སྐད་ཡིག་ཉམས་རྒུད་ཀྱི་གནད་དོན། ཆོས་ལུགས་སློབ་སྦྱོང་དང་ཉམས་ལེན་གྱི་རང་དབང་སོགས་འཁོད་པའི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་འཇོག་ཐུབ་པ་བྱུང་ཡོད།
    ༡༽རྩོམ་འབྲི་དང་སྒྱུ་རྩལ་གྱི་ཞི་བའི་ཐབས་ལམ་ལ་བརྟེན་ནས་སྨྲ་བརྗོད་རང་དབང་རྩོད་ལེན་བྱས་པ་ཙམ་ལས་གཞན་ནག་ཉེས་གང་ཡང་མེད་པར་བོད་ནང་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་། བཀྲ་ཤིས་རབ་བརྟན། མགར་རྩེ་འཇིགས་མེད། འཇང་རྩེ་དོན་ཁོ་སོགས་བོད་རིགས་རྩོམ་པ་པོ་དང་། གཞས་པ། སྒྱུ་རྩལ་བ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས།
    ༢༽བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་འཇམ་དབྱངས་སྐྱིད་སོགས་ལ་ཕར་ཚུར་འགྲོ་བསྐྱོད་དང་སྤྱི་ཚོགས་འབྲེལ་ལམ་གྱི་རང་དབང་མེད་པ་དང་ ཁོང་ཚོའི་ལུས་སེམས་ཀྱི་བདེ་སྡུག་ལ་འགོག་རྐྱེན་བཟོ་བཞིན་པའི་བཀག་སྡོམ་དེ་དག་འཕྲད་དུ་ཕྱིར་འཐེན་བྱེད་དགོས།
    ༣༽བོད་མིའི་རང་སྲེག་ངོ་རྒོལ་གྱི་རྒྱུ་རྐྱེན་གང་ཡིན་ཐད་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རྟོག་ཞིབ་བྱེད་དགོས་པ་མ་ཟད། རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་ས་གནས་སུ་རྟོག་ཞིབ་ཆེད་བསྐྱོད་ཆོག་པའི་རང་དབང་སྤྲོད་དགོས།
    ༤༽བོད་མི་ཚོར་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས། བོད་ཀྱི་སྐད་ཡིག་ནི་བོད་མིའི་ཁྱད་རྟགས་ངོ་མ་དེ་ཡིན་པར་མ་ཟད། དེའི་ནང་འཛམ་གླིང་གི་རྩ་ཆེའི་གཅེས་ནོར་བོད་བརྒྱུད་ནང་བསྟན་ཆ་ཚང་ལྡན་ཡོད་པ་རེད། བོད་མི་ཚོར་ཐེ་བྱུས་གང་ཡང་མེད་པར་བོད་མི་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ བེད་སྤྱོད། དེ་བཞིན་སློབ་སྦྱོང་བྱེད་ཆོག་པའི་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས།
    ༥༽བོད་ནང་བོད་པའི་གྲྭ་བཙུན་རྣམས་ལ་ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱེད་རྒྱུར་བཀག་འགོག་བྱས་ཡོད་པ་དེ་དག་མཚམས་འཇོག་དང་ཆོས་དད་རང་དབང་སྤྲོད་དགོས། ནང་ཆོས་ཀྱི་ལྟ་གྲུབ་ནི་བོད་རིགས་དང་རྒྱ་རིགས་དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་གཞི་རྒྱ་ཆེན་པོ་ཞིག་ལ་ཕན་ཐོགས་རྒྱ་ཆེར་བསྐྲུན་བཞིན་པའི་རིག་གནས་གལ་ཆེན་ཞིག་ཡིན།
   
    ༦༽བོད་ནང་བོད་རིགས་ཡོངས་ལ་ཁྲིམས་ཆད་དམ་དྲག་གནོན་གྱིས་འཇིགས་སྣང་མེད་པར་སྨྲ་བརྗོད་རང་དབང་དང་། རྩོམ་འབྲི། སྒྱུ་རྩལ་གྱི་བསམ་བློ་ལག་ལེན་བྱེད་ཆོག་པའི་རང་དབང་སྤྲོད་དགོས།
    ༧༽རྒྱལ་སྤྱིའི་མི་སེར་གྱི་ཐོབ་ཐང་དང་། ཆབ་སྲིད་ཀྱི་ཐོབ་ཐང་སོགས་ཀྱི་གཏན་འབེབས་ཡིག་ཆ་ཁག་དང་ དེའིི་ཆ་རྐྱེན་རྣམས་རྒྱ་ནག་གི་ཁྲིམས་ལུགས་ནང་འཇུག་དགོས།
    རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲོས་ཆོད་འདི་དག་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབུལ་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་སོགས་འབྲེལ་ཡོད་སྲིད་གཞུང་དང་གཞུང་ཚབ་ཁག་ལ་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་རྩོམ་པ་པོའི་མཐུན་ཚོགས་ཁག་གི་དྲ་རྒྱ་སོགས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།
    ཚོགས་ཆེན་ཐེངས་༧༩པའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བདུན་ཅུའི་སྐུ་ཚབ་རྩོམ་པ་པོ་༡༩༦་ཞུགས་ཡོད་པ་དང་། དེའི་ནང་ད་ོར་རྒྱ་ནག་སྐམ་སའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་མི་དྲུག་ཀྱང་འདུག
    ཚོགས་འདུའི་ཉིན་བཞིའི་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྡེ་ཚན་ཁག་སོ་སོའི་ལས་བསྡོམས་སྙན་ཞུ་དང་དེའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། ཚོགས་ཆུང་ཁག་བགོས་ཀྱིས་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར་སོགས་གླེང་སློང་།
    དེ་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་རྒྱུན་ལས་ཁག་གཅིག་གསར་འདེམས་གནང།
    སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་འཛམ་གླིང་གི་རྒྱལ་ཁབ་ཁག་བཅུ་བདུན་ཐོག་ལ་གྲོས་ཆོད་བཞག་ཡོད། དེའི་ནང་རྒྱ་ནག་དང་། ར་ཤི་ཡ། བྱང་ཀོ་རི་ཡ། སེ་རི་ཡ། ཨེ་ཅེབ། ཧང་ག་རི་ཡ་བཅས་ཚུད་ཡོད།
    ཚོགས་ཆེན་ཐོག་ཨེསི་ལན་ཌིའི་ཤེས་རིག་བཀའ་བློན་དང་། རྒྱལ་ས་རེཀ་རྗ་བིཀ་གི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་སྣེ་ལེན་དང་འཚམས་འདྲིའི་གསུང་བཤད་གནང་།
 
    པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༢༡་ལོར་དབྱིན་ཇིའི་རྒྱལ་ས་ལིན་ཌོན་དུ་གསར་དུ་བཙུགས། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཡན་ལག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་༡༤༤ ཡོད།
    ད་རེས་ཀྱི་ཚོགས་ཆེན་ཐོག་རྒྱ་གར་དང་འབར་མའི་རྩོམ་པ་པོའི་མཐུན་ཚོགས་གཉིས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཏུ་གསར་ཞུགས་གནང་ཐུབ་བྱུང།

    རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཉིད། ཕྱི་ལོ་༡༩༩༩ ལོར་གསར་དུ་བཙུགས་པ་དང་། ཕྱི་ལོ་ ༢༠༠༢ ནས་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཏུ་སྤྱི་མོས་དགའ་བསུས་ཞུགས་ཐུབ་ཡོད། ད་ལྟའི་ཆར་བོད་ཆོལ་ཁ་གསུམ་གྱི་ཚོགས་མི་ཤེས་ཡོན་ཅན་གྱི་རྩོམ་པ་པོ་དགུ་བཅུ་ལྷག་ཡོད་པའི་གཞུང་འབྲེལ་མིན་པའི་མཐུན་ཚོགས་ཤིག་ཡིན། དེང་སྐབས་རྒྱུན་ལས་སྐབས་བཞི་པ་དང་དབུས་ལས་ཁུངས་བཞུགས་སྒར་རྡ་རམ་ས་ལར་ཡོད་པ་བཅས་ཀྱི་གསར་གནས་རགས་བསྡུས་སོ།། །།

༄༅།བཙན་པོའི་སྙིང་སྟོབས་ཀྱིས་བསྒྱིངས་པའི་འཇིགས་མེད་བདེན་པའི་སྐྱེས་བུ།

 

བཙན་པོའི་དམག་རྟའི་རྨིག་སྒྲ་འཇགས་ན་ཡང། །དཔའ་བོའི་ང་རོ་ད་དུང་བྲག་ཅར་མཆེད། ཞི་བདེའི་ལམ་སྟོན་ཆེན་པོའི་ཕེབས་ཤུལ་དུ། །འཚེ་མེད་བདེན་སྐྱོང་སྐྱེས་བུ་ཕྲེང་ལ་བསྟར།

གངས་ལྗོངས་ཆོས་ལྡན་བོད་མིའི་ལས་སྐལ་ཉམ་ཐག་འདིར་ཞི་བདེས་ཁ་ལོ་སྒྱུར་མཁན་༸རྒྱལ་བ་ཡིད་བཞིན་ནོར་བུའི་ལམ་སྟོན་ཡང་དག་ལ་ངེས་པ་བརྟན་པོ་བརྙེད་ཅིང་ཡིད་ཆེས་དང་རེ་བ། སྙིང་སྟོབས་ཆིག་སྒྲིལ་གྱིས་རྣམ་དཔྱོད་ཀྱི་དཔུང་བ་མཐོ་རུ་བཏེགས་ཏེ་སྐད་གསངས་མཐོན་པོས་བདེན་པ་ངག་ཏུ་གྱེར་མཁན་དང་། ཕན་པ་ལག་ཏུ་བསྟར་མཁན་གྱི་སྐྱེས་བུ་ངོ་གནོང་མི་དགོས་པ་དུ་མ་ཞིག་ལོ་རེ་ནས་ལོ་རེར་ཕྲེང་དུ་སྒྲིག་བཞིན་པ་འདི་ནི་དོན་དངོས་དང་འཚམས་པའི་ང་ཚོའི་ཁེ་ཕན་སྒྲུབ་སྟངས་ཤིག་དང། དོན་དམ་པའི་ང་ཚོའི་རྒྱལ་ཁ་བསུ་སྟངས་དེ་ལོས་ཡིན། 

དཔེར་ན། <<བཙན་ོའི་སྙིང་སྟོབས>> <<ཤར་གངས་རི>> <<ཁྲག་ཡིག>> <<གནམ་ས་གོ་འབྱེད>> སོགས་ཀྱི་རྩོམ་པ་པོ་རྣམ་པ་ནི་རལ་གྲི་དགུང་ལ་ཕྱར་བའི་བཙན་པོའི་རྟ་དམག་ཙམ་ལས་འདས་ཏེ་གསེར་གྱི་སྙུ་གུ་ཐོགས་པའི་སློབ་དཔོན་ཐུ་མིའི་སློབ་བུ་དམ་པ་དག་ཀྱང་ཡིན་ལ། དེ་རིང་གི་གངས་རིའི་ཉི་མ། འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་མཛད་འཕྲོ་དོན་གྱིས་སྐྱོང་བའི་འཚེ་མེད་བདེན་སྐྱོང་དང་རྣམ་དཔྱོད་དཔལ་གྱིས་སྒེག་པའི་དཔའ་མཛངས་གཉིས་ལྡན་གྱི་དམག་དཔུང་གསར་བ་ཡང་ངོ།

འདི་དག་གི་ཁྲོད་ནས་དེ་རིང་སྐབས་སུ་གླེང་དགོས་པ་ཞིག་ནི་དགེ་འདུན་པ་འགར་རྩེ་འཇིགས་མེད་ལགས་ཡིན། ཁོང་གིས་༢༠༠༨ ལོར་སྐབས་དེའི་ཞི་རྒོལ་ཆེན་པོའི་གནས་ཚུལ་གསལ་བར་འཁོད་པའི<<བཙན་པོའི་སྙིང་སྟོབས>>དེབ་དང་པོ་དང་ཉེ་སྔོན་ཡང་དེབ་གཉིས་པ་བཏོན་ཡོད། དེ་བས་འདི་ལོའི་ཕྱི་ཟླ་དང་པོར་ཐེངས་གཉིས་པར་འཛིན་བཟུང་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྨ་ལྷོ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད། 

དེ་ཡང་ཁོང་གིས། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང་ཞེས་པའི་ལེ་ཚན་དུ། ད་ལྟའི་བར་དུ་བོད་ཀྱི་འཚོ་བ་དངོས་མཚོན་པའི་གཞིས་སྡོད་བོད་མིའི་བརྩམས་ཆོས་ཀྱི་རྩོམ་པ་པོའི་ཁྲོད་ན་པེ་ཅིན་སྲིད་གཞུང་གིས་ཁྲིམས་ཆད་བཀག་གཉེར་མ་བྱས་པ་ཕལ་ཆེར་མེད་ཚོད་ཡིན་ཏེ།་་་་་་་་་ ཞེས་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་ནས་ད་ལྟའི་བར་གྱི་རྩོམ་པ་པོ་སུམ་ཅུ་ལྷག་ཅིག་མཚམས་སྦྱོར་གནང་ཡོད་ལ། ཁོང་རང་ཉིད་ཀྱང་ལམ་ཁ་དེ་ལས་འགྲོ་ས་མེད་པ་གསལ་བོར་རྟོགས་ཡོད། ད་ལྟ་དེར་དངོས་སུ་བསླེབས་ཡོད།

ཁོང་གིས་དེབ་གཉིས་པ་འདི་རྩོམ་དགོས་དོན་ཐད་ལ། གླེང་བརྗོད་དུ། 

ཉེ་བའི་ལོ་འགའི་ནང་དུ་བོད་ཁམས་སུ་སྔ་ཕྱིར་བོད་མི་དགུ་བཅུ་ལྷག་གིས་རང་ལུས་མེ་རུ་སྒྲོན་ནས་ཞི་རྒོལ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་པའི་དྲི་བ་འདི་དུས་རྒྱུན་ང་ལ་འདྲི་མཁན་ཧ་ཅང་མང་ལ། གཞན་ཡང༌།ངས་ས་བྱི་ལོའི་ལོ་མཇུག་ཏུ་བཙན་པོའི་སྙིང་སྟོབས་དེབ་དང་བོ་རྩོམ་སྒྲིག་བྱས་ཏེ་པར་སྐྲུན་བྱས་རྗེས་ས་གནས་ཉེན་རྟོག་པས་ང་ལ་ཁྱེད་ཀྱིས་དེབ་འདི་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲི་བ་ཞིག་ཡང་དང་བསྐྱར་དུ་དྲིས་མྱོང༌།ད་ཐེངས་བཙན་པོའི་སྙིང་སྟོབས་དེབ་གཉིས་པ་བྲིས་ཏེ་པར་དུ་བསྐྲུན་རྗེས་ཁོ་ཚོས་ཡང་བསྐྱར་དྲི་བ་དེ་ང་ལ་འདྲི་བ་གདོན་མི་ཟ་བས་ངས་ཁོ་ཚོའི་དྲི་བ་དེར་དྲིས་ལན་ཞིག་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པས་ངས་དྲི་བ་འདི་གཉིས་ཀྱི་དྲིས་ལན་དཀྱིལ་གཅིག་ཏུ་བཏབ་སྟེ།དེབ་འདིའི་གླེང་གཞིར་འཇོག་རྒྱུ་ཡིན།འདི་ནི་བདག་གིས་དཔེ་དེབ་འདི་འབྲི་དགོས་པའི་དམིགས་ཡུལ་དང་ཕུགས་བསམ་ཡང་ཡིན་པས་་་་་་་་ ༡༨མདོར་ན་བོད་མི་དམངས་ཀྱི་སྐྱིད་སྡུག་ངག་ཐོག་དང་ཡིག་ཐོག་ནས་སྙན་ཞུ་འབུལ་མཁན།སེམས་ཀྱི་དཀའ་སྡུག་བརྗོད་དེ་ཁྲོམ་སྐོར་གནང་མཁན་ཚང་མར་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ།བོད་ཀྱི་སྨྲ་བརྗོད་རང་དབང་དང༌།འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫུས་བཏང་་་་་ ཞེས་སྐུ་སྲོག་མེར་སྲེག་གིས་གཙོས་བོད་མིའི་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་བདེན་པ་དོན་ཚན་བཅོ་བརྒྱད་བགྲངས་འདུག 

ད་དུང་ངའི་སེམས་གཏམ་དང་པེ་ཅིན་སྲིད་གཞུང༌ཞེས་པའི་ལེ་ཚན་གྱི་དབུར། གཅིག་ང་ལ་གནས་ལུགས་བརྗོད་རྒྱུའི་དབང་ཆའང་མེད་སོང་ན།ངས་མི་ལུས་བླངས་པ་དོན་མེད་ཡིན་པས་ང་མ་ཤི་བར་དུ་གནས་ལུགས་བརྗོད་རྒྱུ་ཡིན།དེའི་ཕྱིར་ངས་བོད་མི་རིགས་ཀྱི་སེམས་ཀྱི་བདེ་སྡུག་ངོ་མ་དེ་གནས་ལུགས་ཀྱི་ལམ་ནས་རང་ནུས་ཅི་ལྕོགས་ཀྱིས་པེ་ཅིན་སྲིད་གཞུང་ལ་བརྗོད་རྒྱུ་ཡིན།ངས་གོང་དུ་བཤད་པ་བཞིན་ང་ཚོའི་བོད་མི་རིགས་ལ་དཀའ་སྡུག་མནར་གཅོད་གཏོང་མཁན་པེ་ཅིན་སྲིད་གཞུང་ཡིན་པ་དེ་བཞིན།དཀའ་སྡུག་འདི་སེལ་མཁན་ཡང་པེ་ཅིན་སྲིད་གཞུང་ཁོ་ན་ཡིན་པས་ངས་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཞེས་སེམས་གཏམ་འབོད་སྐུལ་གྱི་རེ་ཞུ་བྱས་པ་ཡིན། ཞེས་གསུངས་པ་བཞིན། ཁོང་གིས་བསམ་པ་རྣམ་དག་ཅིག་གིས། སྤོབས་པ་ཆེན་པོ་ཞིག་གིས། རེ་བ་ནན་པོ་ཞིག་གིས་དངོས་ཐོག་བདེན་འཚོལ་གྱིས་བོད་མིའི་གནས་སྟངས་ངོ་མ་ཞིག་སྙན་ཞུ་གནང་བར་ཡང་ཇི་མི་སྙམ་པར་བཙོན་འཇུག་ཁྲིམས་ཐག་བཅད་པ་འདིར་ང་ཚོས་གདུང་སེམས་ཆེན་པོ་དང་བློ་ཕམ་ཆེན་པོས་པེ་ཅིན་སྲིད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་པེན་གྱིས་གཙོས་པའི་བདེན་པའི་རྒྱབ་སྐྱོར་བ་ཚང་མས་བོད་ཀྱི་ཆབ་སྲིད་བཙོན་པ་པོ་རྣམ་པར་རོགས་མགོན་གང་ཐུབ་གནང་རོགས་ཞུ། དེ་བཞིན་སྐུ་ཞབས་ལིའུ་ཞའོ་པོས་གཙོས་རྒྱ་ནག་གི་ཆབ་སྲིད་བཙོན་པ་པོ་ཚང་མ་གློད་གྲོལ་ཡོང་བར་ཀྲུང་གོའི་མི་དམངས་ཚང་མས་བདེན་པའི་རྒྱབ་རྩ་གནང་རོགས་ཞུ།

ཡང། ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང༌ཞེས་པའི་ལེ་ཚན་གྱི་དབུར། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོལ་ལེན་ལ་རྡོག་བརྫུས་གཏན་ནས་མི་གཏོང༌། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐུར་འདེབས་གཏན་ནས་མི་བྱེད། ང་རང་སྨྱུག་ཐོགས་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གནས་ལུགས་ཤུགས་ཀྱིས་སྒྲོག་ངེས།འདི་ནི་ངས་རང་རིགས་སྤུན་ཟླ་ཚོར་རང་སྲོག་གཏའ་མར་བཞག་ནས་དམ་བཅས་པ་ཡིན། ཞེས་འཁོད་ཡོད། ང་ཚོས་རང་ཉིད་བོད་པ་ཞིག་དང་ལྷག་པར་དུ་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་བདེན་སྐྱོང་གི་རྩ་དོན་ལ་བརྩི་སྲུང་ཅི་ཙམ་བྱས་ཡོད་དམ། ཇི་ལྟར་བྱེད་དགོས་སམ། འུ་ཚོས་བསམ་བློ་ནན་གྱིས་གཏོང་དགོས།

མདོར་ན། རྩོམ་པ་པོ་ཁོང་གིས་བོད་ཀྱི་ད་ལྟའི་སྐུ་སྲོག་མེར་སྲེག་གི་ངོ་རྒོལ་གྱིས་གཙོས་བོད་དང་པེ་ཅིན་སྲིད་གཞུང་བར་གྱི་ཁ་ཐག་རིང་ལ་ཁ་ཞེ་མི་མཚུངས་པ། ཕན་ལས་གནོད་པ་མང་བའི་ཕྱོགས་ཡོངས་ཀྱི་གནས་སྟངས་མང་པོ་ཞིག གོ་བདེ་ལ་ཁ་གསལ་བ། གནད་དོན་ཀུན་འདུས་ཀྱི་ཡིག་འབྲུ་བཞི་ཁྲི་ལྔ་སྟོང་ཙམ་གྱི<<བཙན་པོའི་སྙིང་སྟོབས>>དེབ་གཉིས་པ་འདི་ནི<<ཡིག་འབྲུ་ཁྲི་བདུན>>རྗེས་སུ་རྐང་པ་བཞག་ཚར་བའི་ཁ་ཚ་དགོས་གཏུགས་ཀྱི་སྙན་ཞུ་ལེགས་ཤོས་དེ་རེད་ཅེས་སྨྲ་བར་ཐལ་ལ་འདི་ཉིད་རྒྱ་ཡིག་དང་དབྱིན་ཡིག། ཧྥ་ཡིག་སོགས་སུ་གང་མྱུར་སྒྱུར་བའི་འབད་བརྩོན་ཡང་ང་ཚོ་ཚང་མས་ཞུ་འོས་པའི་རེ་སྐུལ་དང་བཅས།

དྲང་བདེན་རྒྱལ་བར་ཤོག བདེན་སྐྱོང་གི་རྩོམ་པ་པོ་རྣམས་རྒྱལ་གྱུར་ཅིག

 

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནས་གུས་ཕུལ། ༢༠༡༣།༥།༢༥

 

༄༅།།བཙན་པོའི་སྙིང་སྟོབས།

རྩོམ་པ་པོ་འགར་རྩེ་འཇིགས་མེད། 

 

༄༅།བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང༌།

 

བོད་ཀྱི་རྩོམ་རིག་གླེང་དུས་ངའི་ཡིད་ལ་དུས་རྒྱུན་པེ་ཅིན་སྲིད་གཞུང་དྲན་ཡོང༌། རྒྱུ་མཚན་ནི། པེ་ཅིན་སྲིད་གཞུང་གིས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁེ་དབང་གི་མདུན་ལམ་ལ་གཉའ་གནོན་དང་བརྙས་བཅོས་བྱས་ཏེ་ཡོང་བས་བོད་ཀྱི་རྩོམ་རིག་ཁྲོད་དུ་བོད་རང་གི་འཚོ་བ་དངོས་དང་བདེ་སྡུག་ངོ་མ་ལྟ་གྲུབ་ངོ་མ་མཚོན་པའི་བརྩམས་ཆོས་ཤིན་ཏུ་ཉུང༌། རྒྱུ་མཚན་འདིའི་དབང་གིས་ཀུན་གཟིགས་བཅུ་བས་བོད་ལ་ད་ལྟའི་བར་དུ་བོད་རང་གི་འཚོ་བ་དངོས་མཚོན་པའི་སྒྲུང་རིང་མེད། རྒྱུ་མཚན་ནི་འཚོ་བ་དངོས་མཚོན་པའི་སྒྲུང་རིང་བྲིས་ན་ནང་དུ་དུག་ཡོད་པ་རེད་ཟེར་བར་དོགས་པ་རེད། ཅེས་གསུངས་པ་རེད། ཁོང་གི་གསུངས་འདི་ནི་ཡང་དག་པ་ཡིན་ཏེ། ད་ལྟའི་བར་དུ་བོད་ཀྱི་འཚོ་བ་དངོས་མཚོན་པའི་གཞིས་སྡོད་བོད་མིའི་བརྩམས་ཆོས་ཀྱི་རྩོམ་པ་པོའི་ཁྲོད་ན་པེ་ཅིན་སྲིད་གཞུང་གིས་ཁྲིམས་ཆད་བཀག་གཉེར་མ་བྱས་པ་ཕལ་ཆེར་མེད་ཚོད་ཡིན་ཏེ།དཔེར་ན། དུས་རབས་གོང་མར་ཀུན་གཟིགས་བཅུ་བས་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ་མཛད་དེ་པེ་ཅིན་སྲིད་གཞུང་ལ་ཕུལ་བར་རྐྱེན་བྱས་ཏེ་ཁོང་ལ་ལོ་དགུ་ཡི་ཁྲིམས་ཆད་བཅད་པ་དང༌། ཁོང་དགུང་གྲངས་ལྔ་བཅུ་ལོན་ཙམ་གྱིས་སྐུ་གཤེགས།

༡བོད་ཀྱི་ཆབ་སྲིད་པ་དང་མཁས་པ་གྲགས་ཆེན་ཕུན་དབང་ལགས་ཀྱིས་ཧོའུ་ཅན་ཐོ་ལ་སྙན་ཞུ་ཕུལ་ནས་བོད་མི་རིགས་ཀྱི་རེ་སྙེག་དང་འདོད་བློའི་སྐོར་གྱི་སྙན་ཞུའི་བརྩམས་ཆོས་ཕུལ་ནས་པེ་ཅིན་སྲིད་གཞུང་གི་ལམ་ནོར་སྲིད་ཇུས་ལ་ཁ་ཕྱོགས་བསྟན་མོད་ཧོའུ་ཡིས་དོ་སྣང་ཕྲན་ཙམ་ཡང་བྱས་མེད་པ་མ་ཟད་ཕུན་དབང་ལགས་ཀྱི་མི་ཚེའི་སྐྱིད་སྡུག་ངས་གོང་དུ་བཤད་པ་བཞིན་རེད།

༢བོད་ཀྱི་ལས་བྱེད་རྒན་པ་ནགས་ཚང་ནུས་བློ་ལགས་ཀྱིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་རང་གི་མི་ཚེའི་བྱུང་བ་དང་འབྲེལ་ནས་ང་བརྒྱད་སྐབས་སུ་པེ་ཅིན་སྲིད་གཞུང་གིས་བོད་མི་དམངས་ལ་བཏང་བའི་མནར་གཅོད་གསལ་བའི་བརྩམས་ཆོས་མཛད་ཀྱང་ཁོང་གི་གནས་སྟངས་ང་ལ་གསལ་ཆ་མ་བྱུང༌།

༣བོད་ཀྱི་རྩོམ་པ་པོ་གྲགས་ཆེན་བུད་དྷ་དང་གཉན། མགར་མི་སོགས་ཀྱིས་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་པེ་ཅིན་སྲིད་གཞུང་གི་ཁྲག་དྲི་དྲོ་བའི་བཙན་གནོན་གྱི་འཚོ་བ་དངོས་མཚོན་པའི་དྲང་བདེན་བརྩམས་ཆོས་མཛད་དེ་སྤེལ་པར་པེ་ཅིན་སྲིད་གཞུང་གིས་བུད་དྷ་དང་གཉན་གཉིས་ལ་ལོ་བཞི་རེ་ཡི་ཁྲིམས་ཆད་བཅད་པ་དང༌། མགར་མིའམ་སྐལ་བཟང་སྦྱིན་པ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད་དེ་བཙོན་འཇུག་བྱས།

༤དེའི་རྗེས་ཨ་མདོ་བླ་བྲང་དགོན་པའི་དོ་དམ་ལྷན་ཁང་གི་འགན་འཛིན་ཟུར་བ། རྒན་འཇིགས་མེད་རྒྱ་མཚོ་མཆོག་གིས་ཁོང་གི་བཙོན་འཇུག་མནར་གཅོད་ཀྱི་དངོས་ཡོད་འཚོ་བའི་གོ་རིམ་གཏམ་བཤད་སྤེལ་བར་ཁོང་ལ་འདྲི་གཅོད་གཅར་རྡུང་སོགས་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། ཁོང་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་འདས་མོད་ད་དུང་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་མི་ཤེས་པའི་གནས་སུ་བསྐྱལ་ཡོད། མི་ལ་ལས་བཤད་པ་ལྟར་ན་ཁོང་ལ་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་ལན་ཀྲུའུ་སྨན་ཁང་ག་གེ་མོ་ཞིག་ཏུ་བསྐྱལ་ཡོད་པར་བཤད།  

༥བོད་ཀྱི་མཁས་པ་དང་རྩོམ་པ་པོ་གྲགས་ཆེན་བྱ་མདོ་རིན་བཟང་མཆོག་གིས་ལྔ་བཅུ་ང་བརྒྱད་སྐབས་སུ་པེ་ཅིན་སྲིད་གཞུང་གི་དམག་དཔུང་སྟོབས་ཆེན་གྱིས་བོད་མི་དམངས་ལ་བཙན་འཛུལ་དྲག་གནོན་བྱས་པ་དང་དེའི་སྐབས་ཀྱི་བོད་མི་རིགས་ཀྱི་དཀའ་སྡུག་གི་འཚོ་བ་མཚོན་པའི་བརྩམས་ཆོས་ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་དང༌། ངའི་ཕ་ཡུལ་དང་གཟབ་ཉན། ཞེས་པའི་བརྩམས་ཆོས་གཉིས་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོང་ལ་འདྲི་གཅོད་བཀག་གཉེར་སོགས་མནར་གཅོད་ཐེངས་མང་བཏང་བ་མ་ཟད། ད་དུང་ཡང་ཁོང་ལ་དམིགས་བསལ་ལྟ་རྟོག་གི་འོག་ཏུ་གནས་བཞིན་ཡོད།

༦བོད་ཀྱི་རྩོམ་པ་པོ་གྲགས་ཆེན་སྒྲོལ་མ་སྐྱབས་ཀྱིས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་དཀའ་སྡུག་ཧ་ཅང་མང་བོ་གསལ་བའི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པའི་བརྩམས་ཆོས་མཛད་པར་རྐྱེན་བྱས་ཏེ། ་ཁོང་ལས་གནས་ནས་ཕྱིར་ཕུད་པ་མ་ཟད། ལོ་གསུམ་གྱི་ཁྲིམས་ཆད་མནར་གཅོད་བཏང༌།

༧བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཚེ་རིང་དོན་འགྲུབ་ཀྱིས་ང་བརྒྱད་རིག་གསར་སྐབས་ཀྱི་བོད་ཀྱི་དངོས་ཡོད་འཚོ་བའི་དཀའ་སྡུག་མཚོན་པའི་བརྩམ་སྒྲུང་རླུང་དམར་འུར་འུར་ཞེས་པ་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོང་གི་གོ་གནས་ཕྱིར་འཐེན་དང་འདྲི་གཅོད་སོགས་ཀྱི་མནར་གཅོད་གང་མང་བཏང༌།

༨བོད་ཀྱི་གླུ་མ་གྲགས་ཆེན་འཇམ་དབྱངས་སྐྱིད་ཀྱིས་རང་གི་བཀག་གཉེར་འདྲི་གཅོད་ཀྱི་དངོས་ཡོད་འཚོ་བ་མཚོན་པའི་མནར་གཅོད་ཀྱི་གོ་རིམ་ཞེས་པ་བརྩམས་ཏེ་སྤེལ་བར་མོ་ཡང་བཀག་གཉེར་འདྲི་གཅོད་ཐེངས་འགའ་ཤས་བྱས།

༩བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཆེན་བཀྲ་ཤིས་རབ་བརྟན་གྱིས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་སྐབས་པེ་ཅིན་སྲིད་གཞུང་གི་དྲག་གནོན་གནས་ཚུལ་མཚོན་པའི་ཁྲག་ཡིག་ཅེས་པའི་བརྩམས་ཆོས་མཛད་པར་ཁོང་ལ་ལོ་འགའི་ཁྲིམས་ཆད་བཅད།

༡༠ང་དང་རྩོམ་གྲོགས་འགས་པེ་ཅིན་སྲིད་གཞུང་གི་ཁ་ལག་མི་འདྲ་བའི་ཚུལ་འཆོས་རྫུན་མ་གསལ་འདོན་གྱི་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཅིག་བརྩམས་པར་ང་ཚོར་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་ཐེངས་གང་མང་བཏང༌།

༡༡བོད་ཀྱི་རྩོམ་པ་པོ་གྲགས་ཆེན་འོད་ཟེར་ལགས་ཀྱིས་གངས་སེང་གི་ངར་སྐད་ཅེས་པའི་བརྩམས་ཆོས་མཛད་དེ་ས་བྱི་ལོར་བོད་མདོ་དབུས་ཁམས་གསུམ་གྱིས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་ཚུལ་དང་པེ་ཅིན་སྲིད་གཞུང་གིས་དྲག་གནོན་བྱས་ཚུལ་མཚོན་པའི་བརྩམས་ཆོས་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོ་མོའི་འགྲོ་འདུག་ཁེ་དབང་ལ་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་གོ་ཐོས་བྱུང་ཡོང༌།

༡༢བོད་ཀྱི་རྩོམ་པ་པོ་གྲགས་ཆེན་སྒྱིས་ཚང་སྟག་སྨྲིག་མཆོག་གིས་བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དཀའ་སྡུག་དང་དཀའ་སྡུག་གི་འཕེལ་རིམ་གསལ་བའི་གཏམ་བཤད་བརྩམས་ཆོས་མཛད་དེ་བཀྲམས་པར་ཁོང་ལ་ལོ་བཞི་ཡི་ཁྲིམས་ཆད་བཅད་འདུག

༡༣བོད་ཀྱི་གླུ་ཚིག་རྩོམ་པ་པོ་གྲགས་ཆེན་འཇིགས་མེད་ཨ་རི་ཡིས་བོད་མི་རིགས་ཀྱི་དཀའ་སྡུག་སེམས་ཚོར་མཚོན་པའི་གླུ་ཚིག་བརྩམས་པ་དང་གོང་ས་མཆོག་གི་གསུང་རྩོམ་པར་དུ་བསྐྲུན་ཏེ་བཀྲམས་པར་རྐྱེན་བྱས་ཏེ་ལོ་གཉིས་ཀྱི་ཁྲིམས་ཆད་བཅད།

༡༤བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཞོགས་དུང་ལགས་ཀྱིས་པེ་ཅིན་སྲིད་གཞུང་གི་ལོ་རྒྱུས་ཀྱི་ནོར་འཁྲུལ་མཚོན་པའི་གནམ་ས་གོ་འབྱེད་ཅེས་པའི་དེབ་ཅིག་བརྩམས་པར་ཁོང་ལ་ཟླ་འགར་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་བཏང༌།

༡༥ངྷི་ལྷ་ལྡན་ལགས་ཀྱིས་བོད་ཀྱི་དངོས་ཡོད་དཀའ་སྡུག་མཚོན་པའི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ། ཞེས་པའི་བརྩམས་ཆོས་ཤིག་མཛད་པས་པེ་ཅིན་སྲིད་གཞུང་གིས་ཁོང་ལ་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་བདག་གིས་ཐོས་མོད་གསལ་ཆ་མ་བྱུང༌།  

༡༦བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ལྷོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་དཀའ་སྡུག་མཚོན་པའི་བརྩམས་ཆོས་དང་གཏམ་བཤད་སྤེལ་བར་ཁོང་ལ་ལོ་བདུན་གྱི་ཁྲིམས་ཆད་བཅད།

༡༧བོད་ཀྱི་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་དངོས་ཡོད་དཀའ་སྡུག་མཚོན་པའི་བརྩམས་ཆོས་མཛད་པས་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད།

༡༨བོད་ཀྱི་སྒེར་གཉེར་ཁྱད་འཕགས་དུས་དེབ་བླ་སྲོག་གི་རྩོམ་སྒྲིག་པ་ལྡོང་རྒྱུད་དོན་འགྲུབ་རྒྱ་མཚོ་ལགས་ཀྱིས་ཉིས་སྟོང་བརྒྱད་ལོར་ཞི་བས་ཁྲོམ་སྐོར་བྱས་པར་རྐྱེན་བྱས་ཏེ་ལོ་བརྒྱད་ཀྱི་ཁྲིམས་ཆད་བཅད།

༡༩རྐང་ལམ་གྱི་རྩོམ་སྒྲིག་པ་རྨ་ཆུའི་གསུང་རབ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད། ཡུལ་མི་ཚོས་ཁོང་ལ་ཁྲིམས་ཆད་གཅོད་དགོས་པའི་རྒྱུ་མཚན་དྲིས་ཀྱང་ལན་གང་ཡང་འདེབས་རྒྱུ་མེད།

༢༠དུས་རབས་ཀྱི་ང་ཡི་རྩོམ་སྒྲིག་པ་ཇོ་ལེབ་ཟླ་བ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད། ཡུལ་མི་ཚོས་ཁོང་ལ་ཁྲིམས་ཆད་གཅོད་དགོས་པའི་རྒྱུ་མཚན་དྲིས་དུས། མུན་ནག་གི་ལས་བྱེད་ཚོས་ཁོང་དེ་སྔོན་རི་དྭགསས་པགས་པ་མེར་བསྲེགས་དུས་ཀྱི་མགོ་བ་ཡིན་ཚུལ་བཤད་བྱུང་བ་ནི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་རེད།

༢༡བོད་ཀྱི་ན་གཞོན་རྩོམ་པ་པོ་དགེ་འདུན་ཚེ་རིང་གིས་མིག་ཆུ་ཞེས་པའི་ས་བྱི་ཞི་རྒོལ་གྱི་འབྱུང་རྐྱེན་གནས་བབ་མཚོན་པའི་བརྩམས་ཆོས་སྤེལ་བར་ཁོང་འཛིན་བཟུང་བྱས་ཏེ་ལོ་གཉིས་ཀྱི་ཁྲིམས་ཆད་བཅད།

༢༢མདུན་སྐྱོད་ཀྱི་རྩོམ་སྒྲིག་པ་བསྟན་པ་བློ་གྲོས་ལགས་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་བགྲོ་གླེང་ཚོགས་འདུ་ཐེངས་གང་མང་ལ་གཙོ་སྐྱོང་གནང་བར་རྐྱེན་བྱས་ཏེ། ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་འདས་ཀྱང་ཁོང་གི་གནས་སྟངས་ད་དུང་གསལ་ཁ་མ་བྱུང༌།

༢༣གངས་རིའི་བུ་མོ་དང་གངས་ཅན་མེ་ཏོག་གི་གཙོ་སྒྲིག་པ་དང་བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཧོར་གཙང་ཀླུ་རྒྱལ་ལགས་ཀྱིས་གོང་ས་མཆོག་གི་གསུང་རྩོམ་ཞིག་པར་སྐྲུན་གནང་རོགས་བྱས་པར་རྐྱེན་བྱས་ཏེ། ཟླ་བ་དྲུག་ལྷག་ལ་འཛིན་བཟུང་བཀག་གཉེར་གྱིས་མནར་གཅོད་གང་མང་བཏང༌།

༢༤བོད་ཀྱི་རྩོམ་པ་པོ་གྲགས་ཆེན་མེ་ལྕེ་ལགས་ལ་ཀན་སུསུ་ཉེན་རྟོག་པས་འདྲི་གཅོད་བཀག་གཉེར་གྱི་མནར་གཅོད་བཏང་བ་ཐོས་མོད། ཁོང་ལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་བདག་གིས་ཤེས་རྟོགས་མ་བྱུང༌།

༢༥ད་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཞི་ཉིན་ཁམས་ནག་ཆུ་འབྲི་རུ་རྫོང་གི་བོད་ཀྱི་རྩོམ་པ་པོ་དགུ་འགྲུབ་ལགས་ཀྱིས་རང་ལུས་ཞུགས་འབུལ་བྱས་ཏེ་པེ་ཅིན་སྲིད་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་དང་གཡོ་སྒྱུའི་ལམ་ལུགས་ལ་ཆེས་འུ་ཐུག་ཐབས་ཟད་ཀྱི་ཞི་རྒོལ་ཆེན་མོ་འདི་མི་མཛད་ཐབས་མེད་དུ་གྱུར་བ་ནི་བོད་ཀྱི་རྩོམ་པ་པོ་ཞིག་གིས་རང་ལུས་སྦྱིན་སྲེག་གནང་བ་ཐོག་མ་རེད། འདི་དག་ནི་བདག་གིས་ཤེས་རྟོགས་བྱུང་བའི་རྩོམ་པ་པོ་རྣམ་པ་ཡིན་མོད་ད་དུང་བདག་གིས་མ་ཤེས་པའི་ས་ཆར་རྩོམ་པ་པོ་གང་མང་ཞིག་གིས་པེ་ཅིན་སྲིད་གཞུང་གི་མནར་གཅོད་མྱོང་གི་ཡོད་པ་དོན་དངོས་ཡིན།

ད་དུང་བོད་ཀྱི་རྩོམ་པ་པོ་གྲགས་ཆེན། ལྡོང་ཡོན་ཏན་རྒྱ་མཚོ། རྒྱ་གྲོལ། སྟག་འབུམ་རྒྱལ། སྡེ་རོང་ཚེ་རིང་དོན་འགྲུབ། དབང་འདུས། བསྟན་ཁོ། བསམ་འགྲུབ་ཚེ་རིང༌། འཇུ་སྐལ་བཟང༌། མུན་འཇོམས་སྒྲོན་མེ། སྨན་བླ་སྐྱབས། ཟུར་གསུམ་མ། གཙང་བ་དཀོན་བྷེ།ཚེ་རིང་དོན་འགྲུབ། འབྲོང༌། རེབ་གོང་འཇམ་དབྱངས་སྐྱབས་སོགས་རང་གི་མི་རིགས་ཀྱི་ཞེན་ཁོག་དྲག་ཏུ་འབར་བའི་རྩོམ་པ་པོ་ཧ་ཅང་མང་བོ་ཞིག་གིས་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བོད་མི་རིགས་ཀྱི་དཀའ་སྡུག་གླེང་བའི་དབང་གིས་ད་སྐབས་ཁོང་རྣམ་པར་པེ་ཅིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣའི་ལྟ་རྟོག་ནན་མོའི་འོག་ན་གནས་ཡོད།

གང་ལྟར་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་མང་བོ་ཞིག་གིས་བོད་མི་རིགས་ཀྱི་དཀའ་སྡུག་དང་རེ་སྙེག་མཚོན་པའི་བརྩམས་ཆོས་ཧ་ཅང་མང་བོ་སྤེལ་ནས་པེ་ཅིན་སྲིད་གཞུང་ལ་སྙན་ཞུ་རབ་དང་རིམ་པ་ཞིག་སྤེལ་མོད། པེ་ཅིན་སྲིད་གཞུང་གིས་སྔར་བཞིན་སྲིད་དབང་སྒེར་འཛིན་དང་རང་ལྟ་མཁྲེགས་འཛིན་བྱས་ཏེ། བོད་མི་རིགས་ཀྱི་རིག་གནས་རྩ་མེད་དུ་གཏོང་འདོད་པ། ཁོར་ཡུག་ཡོད་ཚད་བདག་བཟུང་བྱ་འདོད་པ། མི་སེར་སྤེལ་ཡུལ་བྱ་འདོད་པ། བཀས་བཀོད་རྒྱུད་འཛིན་བྱ་འདོད་པ་སོགས་མདོར་ན་བོད་མི་རིགས་ཀྱི་ཁེ་ཕན་ཡོད་ཚད་བདག་བཟུང་བྱ་འདོད་པའི་སྲིད་ཇུས་སྔར་ལས་ཇེ་སྡུག་ཇེ་ངན་དུ་གྱུར་བས་བོད་མི་རིགས་ཀྱི་མི་དམངས་འུ་ཐུག་ཐབས་ཟད་དུ་གྱུར་ནས་ད་གཟོད་རང་ལུས་མེ་རུ་བསྒྲོན་ནས་ཞི་རྒོལ་ཆེན་མོ་འདི་བྱ་དགོས་པའི་ཚོད་དུ་བཏང་བ་མིག་མཐོང་ལག་ཟིན་འདི་རེད། ཀློག་མཁན་གྲོགས་པོ་རྣམས་ཀྱིས་ཞིབ་ཏུ་གོང་གི་དཔེ་དེབ་འདི་དག་ཉོས་ཏེ་གཟིགས་ན་ད་གཟོད་ཤེས་ཐུབ་པས་བདག་གིས་ཞིབ་འབྲི་མ་བྱས།

 

འཚེ་མེད་ཞི་བའི་འཐབ་རྩོད་རྒྱལ་བར་ངེས།

རྒྱ་དམར་དཔུང་དམག་གིས་༡༩༥༠ལོ་ནས་བོད་ལ་བཙན་འཛུལ་བྱས་ཏེ། ༡༩༥༡ ལོར་གཡོ་ཐབས་དང་བཙན་དབང་གིས། "བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་དོན་ཚན་བཅུ་བདུན"ཟེར་བར་མིང་རྟགས་འགོད་དུ་བཅུག "བཅིངས་འགྲོལ"ལ་ཁ་གཡར་ནས་བོད་ས་ཡོངས་ལ་ཞི་དྲག་གཉིས་ཀྱིས་དབང་སྒྱུར་དང་གཏོར་བཤིག་བཏང།

༡༩༥༩ལོར་ལྷ་སར་བོད་ཆོལ་ཁ་གསུམ་གྱི་མི་ཁྲི་ཕྲག་འགས་ངོ་རྒོལ་སྐད་འབོད་ཆེན་པོ་བྱས། ༸རྒྱལ་བ་རིན་པོ་ཆེས་དབུས་བོད་གཞུང་བཀའ་ཤག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། དེ་རིང་གི་ཉིན་མོ་འདི་ཞི་རྒོལ་ཆེན་པོ་དེ་རྗེས་དྲན་གྱི་དུས་ཆེན་ཡིན། བོད་མི་གར་ཡོད་ཀྱི་འཛམ་གླིང་ས་ཁུལ་ཚང་མ་ན་ལོ་རེ་བཞིན་དུ་དུས་དྲན་སྲུང་བརྩིའི་ལས་འགུལ་སྣ་ཚོགས་སྤེལ་གྱིན་ཡོད་ལ་ད་རིང་ལྷག་པར་གཞི་རྒྱ་ཆེན་པོ་སྤེལ་གྱིན་ཡོད།

བོད་ཕྱི་ནང་གཉིས་སུ་ད་བར་དུ་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་རིགས་རྒྱུན་ཆད་མྱོང་མེད། ལྷག་པར་དུ་༢༠༠༨ལོར་བོད་ཆོལ་ཁ་གསུམ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཞི་རྒོལ་རྒྱ་ཆེན་པོ་བྱས་པར་དྲག་གནོན་ཚབས་ཆེན་བྱས། དེའི་རྗེས་འབྲེལ་དུ་ཉེ་བའི་ཆར་བོད་ཕྱི་ནང་གཉིས་སུ་བོད་མི་བརྒྱ་དང་བདུན་གྱིས་བཟོད་ཐབས་བྲལ་བའི་རང་སྲེག་མནར་གཅོད་དང་དུ་བླངས་ཏེ་བཟོད་དཀའ་བའི་བོད་ཀྱི་གནས་སྟངས་དེ་འཛམ་གླིང་ལ་ཞུ་གཏུགས་བྱེད་ཀྱིན་ཡོད།

བཙན་བྱོལ་གཞུང་ནས་བོད་རང་ཙན་བློས་གཏོང་གིས་རང་སྐྱོང་ཆེན་པོ་ཞིག་གི་དགོས་འདུན་འདོན་གྱིན་ཡོད་ན་ཡང་རྒྱ་དམར་གཞུང་གིས་བོད་དོན་དཀའ་ངལ་སེལ་བའི་སྲིད་བྱུས་གསར་བ་ཞིག་གནང་རྩིས་མེད་པར་ད་དུང་ཉེས་མེད་བསྙོན་འཛུགས་དང་དྲག་གནོན་གྱིས་དུས་ཚོད་སྐྱེལ་ཐབས་བྱེད་ཀྱིན་ཡོད། གལ་ཏེ་ད་དུང་བོད་མིའི་བདེ་སྡུག་དངོས་ལ་བསམ་ཤེས་མ་གནང་ན་མཐའ་འབྲས་ཅི་འབྱུང་གི་འགན་ཆ་ཚང་རྒྱ་དམར་གཞུང་ལ་ཡོད།

དྲང་བདེན་སྐྱོང་མཁན་གྱི་སྤུན་ཟླ་སྙུག་ཐོགས་པ་ཡོངས་ཀྱིས་རྒྱ་དམར་གཞུང་གི་བྱས་ཉེས་ཐེར་འདོན་དང། ང་ཚོའི་འཚེ་མེད་ཞི་བའི་དྲང་བདེན་གྱི་འཐབ་རྩོད་འདི་ལ་རྒྱབ་སྐྱོར་གནང་རོགས་ཞུ། སྐད་རིགས་ཅི་རིགས་ཀྱི་ཐོག་ནས་དྲང་བདེན་གྱི་རྩོམ་ཡིག་སྤེལ་རྒྱུ་ནི་དེང་སང་གི་དྲ་ལམ་དམག་འཐབ་གསར་བ་དང་ཕན་ནུས་ཆེ་བ་ཞིག་ཡིན། 

ང་ཚོའི་བདེན་པའི་འཐབ་རྩོད་ནམ་ཡང་མཚམས་འཇོག་གི་མ་རེད། མཚམས་ཆོད་གི་མ་རེད། འཚེ་མེད་ཞི་བའི་འཐབ་རྩོད་འདི་ངེས་པར་རྒྱལ་བར་འགྱུར། རྒྱལ་བར་འགྱུར། ང་ཚོ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནས། ༢༠༡༣།༣།༡

 

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་སྐབས་བཞི་པའི་ཐོག་བསྩལ་པའི་བཀའ་ཟུར་ཀིརྟི་རིན་པོ་ཆེ་ཚང་གི་གསུང་བཤད།

ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན།

 

      ༄༅།། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུར་ཕེབས་པའི་ཚོགས་གཙོ་མཆོག་དང༌། ཚོགས་མི་རྣམ་པ། སྐུ་མགྲོན་དང་ཟུར་ཉན་པ་གསར་འགོད་པ་བཅས་ལ་དེ་རིང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པ་བདེ་བླག་ངང་ཚོགས་ཐུབ་པ་བྱུང་བར་དགའ་སྤྲོ་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཉེ་ཆར་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ང་ལ་རྩོམ་པ་པོའི་ཚོགས་ཆེན་ཐོག་ཡོང་རོགས་ཞེས་བཀའ་གནང་སོང༌། ང་འདིར་བཅར་ནས་རྣམ་པ་ཚོར་ཕན་ཐོགས་ཡོད་པའི་སྐད་ཆ་བཤད་རྒྱུ་མེད། འོན་ཀྱང་རྣམ་པ་ཚོའི་ལས་དོན་ལ་མོས་པ་དང་རྒྱབ་སྐྱོར་ཡོད་པའི་ངོ་བོའི་ཐོག་ནས་དེ་རིང་འདིར་བཅར་བ་ཡིན། འདིར་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་མང་པོ་ཞིག་འཛོམས་འདུག ང་ཚོའི་ཁ་རྒྱུན་དུ་ཨ་ཡོད་ནང་གི་ད་ཡོད་དང༌། སྒོ་ངའི་ནང་གི་སེར་རིལ་ཞེས་བཤད་སྲོལ་ཡོད་པ་ལྟར་ཁྱེད་རྣམ་པ་ནི་བཙན་བྱོལ་བོད་མིའི་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་དྲག་གྲས་རྣམས་ཡིན་པས་ང་ཚོའི་ངོས་ནས་མཐོང་ཆེན་པོ་བྱེད་ཀྱི་ཡོད། སྤྱིར་རྩོམ་པ་པོ་ཟེར་བ་ནི་ཤེས་ཡོན་དང་རྣམ་དཔྱོད་ཡོད་མཁན། མི་རིགས་ལ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་ཐུན་མོང་མ་ཡིན་པ་ཡོད་མཁན་ཞིག་ཏུ་ངོས་འཛིན་དང་ཆ་འཇོག་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྩོམ་པ་པོའི་མཐུན་ཚོགས་ནི་རང་བཞིན་གྱིས་མི་རིགས་ལ་སྣེ་ཁྲིད་དང་ཁ་ལོ་བསྒྱུར་ཐུབ་པའི་ཚོགས་པ་ནུས་པ་ཆེ་ཤོས་ཤིག་ཆགས་ཡོད། བོད་ཀྱི་མི་ཐོག་གསར་རྙིང་བརྗེ་འགྲོ་བའི་སྐབས་མི་ཐོག་གསར་པའི་ནང་ནས་ཤེས་ཡོན་པ་དང་རྩོམ་པ་པོའི་སྡེ་ཁག་གསར་པ་ཞིག་འཚར་ལོངས་འབྱུང་བཞིན་ཡོད། བོད་མི་རིགས་ཆགས་འཇིག་གི་གཉན་འཕྲང་མཚམས་སུ་སླེབས་པའི་ལོ་རྒྱུས་ཛ་དྲག་གི་སྐབས་འདིར་རྩོམ་པ་པོའི་དཔུང་ཁག་ཧྲག་པོ་ཞིག་རང་དབང་གི་ཐོག་ནས་ཐོན་ཡོང་བ་ནི་ང་ཚོ་བོད་མི་རིགས་ཀྱི་རེ་བ་དང་ཡིད་ཆེས་བྱེད་ས་ཞིག་ཆགས་ཡོད་ལ། མི་རིགས་དེ་ལ་ཤེས་ཡོན་པ་དང་རྩོམ་པ་པོའི་དཔུང་ཁག་ཚད་ལྡན་ཞིག་འཚར་ལོངས་བྱུང་ཐུབ་ཚེ་མི་རིགས་དེའི་མ་འོངས་པའི་མདུན་ལམ་ལ་རེ་བ་ཆེན་པོ་ཡོད། ང་ཚོའི་སྤྱི་ཚོགས་ནང་དུ་ཤེས་ཡོན་པ་དང་རྩོམ་པ་པོའི་སྡེ་ཁག་གྲངས་འབོར་དང་སྤུས་ཚད་གང་ཅིའི་ཐད་ནས་གང་འཚམས་ཡག་པོ་ཡོད་པ་ནི་ང་ཚོ་དགའ་འོས་པའི་གནས་ཚུལ་བཟང་པོ་ཞིག་ཡིན། ལྷག་པར་དུ་ང་ཚོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ནང་དུ་བོད་ཀྱི་བུད་མེད་ཀྱང་གང་འཚམས་ཤིག་ཕེབས་ཐུབ་འདུག ང་དུས་རབས་གོང་མའི་མི་ཐོག་རྒན་པ་ཞིག་ཡིན་པའི་ཆ་ནས་ཞུས་ན། གནའ་སྔ་མོ་བོད་དུ་བུད་མེད་རྩོམ་པ་པོ་ཕར་བཞག་མཐའ་ན་བུད་མེད་ཡི་གེ་འབྲི་ཀློག་ཙམ་ཤེས་མཁན་ཡང་ཤིན་ཏུ་དཀོན། དེ་བཞིན་སྐྱ་བོ་དང་མི་སེར་དཀྱུས་མའི་ཁྲོད་དུ་ཡང་ཤེས་ཡོན་པ་དང་རྩོམ་པ་པོ་ཤིན་ཏུ་དཀོན། གནའ་སྔ་མོ་བོད་ཀྱི་སྤྱི་ཚོགས་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོའི་བརྒྱ་ཆ་མང་ཤོས་དགོན་སྡེ་ཁག་གི་བླ་མ་དང་གྲྭ་པ་ཤ་སྟག་ཡིན། འོན་ཀྱང་ད་ཆར་ལོ་རྒྱུས་ཀྱི་གནས་སྟངས་སྣ་ཚོགས་པའི་འོག་ནས་བོད་ཀྱི་གནའ་སྔ་མོའི་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་ཕྱིན་ཏེ། བོད་མི་སྐྱ་བོ་དང་མི་སེར་དཀྱུས་མའི་ཁྲོད་ནས་ཤེས་ཡོན་པ་དང་རྩོམ་པ་པོའི་སྡེ་ཁག་གང་འཚམས་ཡག་པོ་ཞིག་ཐོན་བཞིན་པ་ནི་གོང་དུ་བཤད་པ་ལྟར་ང་ཚོ་དགའ་འོས་པ་དང་བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་དང་ཡིད་ཆེས་བྱེད་ས་ཞིག་ཆགས་ཡོད། དེ་རིང་འདིར་དངོས་སུ་འཛོམས་པའི་རྩོམ་པ་པོ་ཁྱེད་རྣམ་པ་བརྒྱུད་ནས་བོད་ཕྱི་ནང་གི་རྩོམ་པ་པོ་ཡོངས་ལ། ད་བར་དུ་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོའི་ངོས་ནས་བོད་ཀྱི་རིག་གཞུང་དང༌། སྐད་ཡིག བསམ་སྤྱོད་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་དར་སྤེལ་སོགས་ཀྱི་ཐོག་རང་ཉིད་བློས་གཏོང་གི་ཐོག་ནས་སྐུ་ལས་རིམ་པར་བསྐྱོན་ཡོད་པ་རེད་ལ། མ་འོངས་པར་ཡང་ཆོད་སེམས་དང་བློ་རྩ་བརྟན་པོའི་ཐོག་ནས་བོད་མི་རིགས་ཆགས་འཇིག་གཉན་འཕྲང་གི་མཚམས་སུ་སླེབས་པའི་སྐབས་འདིར་རང་རེའི་མང་ཚོགས་ལ་ཁ་ཕྱོགས་མ་ནོར་བ་དང་སྣེ་ཁྲིད་མ་ནོར་བ་ཞིག་བྱས་ཏེ་སྔར་བཞིན་སྐུ་ལས་བསྐྱོན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་ང་ཚོས་རྒྱུན་ལྡན་དུ་ཤོད་ཕོད་པ་དང༌། བསམ་ཕོད་པ། བྱེད་ཕོད་པ་བཅས་དགོས་པ་རེད་ཅེས་ཤོད་ཀྱི་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཤོད་ཕོད་པ་དང་བསམ་ཕོད་པ་བྱེད་ཕོད་པ་ཙམ་མ་ཡིན་པར་བཤད་པའི་སྐད་ཆ་དང་སྒྲུབ་པའི་ལས་དོན་དེ་ལ་བརྟེན་ནས་བོད་བསྟན་སྲིད་མི་མང་དང་བཅས་པར་ཕན་གནོད་གང་འདྲ་འབྱུང་གི་ཡོད་མེད་ཀྱི་མཇུག་འབྲས་ལ་ངེས་པར་བསམ་བློ་གཏོང་དགོས་ཞེས་བཀའ་སློབ་ནན་པོ་གནང་གི་ཡོད། དེར་བརྟེན་རྣམ་པ་ཚོས་གནད་དོན་གང་འདྲ་ཞིག་ཡིན་ཡང་བཤད་ཐུབ་པ་ཙམ་གཙོ་བོ་མིན་པར་བཤད་པ་ལ་མཇུག་འབྲས་བཟང་ངན་གང་འདྲ་ཞིག་ཡོང་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཡིན། བོད་མི་རིགས་ཀྱི་ནང་ཁུལ་མཐུན་པ་དང་མ་མཐུན་པ་གཉིས་ཀ་ཤོད་ཕོད་པ་དང་ལས་ཕོད་པ་སོགས་ཀྱིས་བཟོ་གི་ཡོད། དེར་བརྟེན་ཤོད་ཕོད་པ་དང་བསམ་ཕོད་པ་བྱེད་ཕོད་པ་བཅས་ཡོད་པའི་ཐོག་དུས་ལ་རན་མ་རན་དང༌། མཇུག་འབྲས་གང་འདྲ་འབྱུང་གི་ཡོད་མེད་ཐད་བསམ་བློ་ནན་པོ་བཏང་ནས་བཤད་དགོས་པ་དང་ལས་དགོས་པ་གལ་ཆེ། མི་ཞིག་གི་སེམས་ལ་དྲན་ཚད་བཤད་མི་རུང་བ་དང་ལས་མི་རུང་བ་ནི་མིའི་རང་དབང་གི་ཐོབ་ཐང་འཕྲོག་སོང་བ་ཞིག་མ་ཡིན་པར་མིའི་རང་བཞིན་དང་ཀུན་སྤྱོད་ཀྱི་འགན་འཁྲིའི་ཐོག་ནས་བྱེད་རུང་བ་དང་མི་རུང་བའི་ས་མཚམས་ཤིག་རང་བཞིན་གྱིས་ཡོད་པས་ཡིན། ཤེས་ཡོན་པ་དང་རྩོམ་པ་པོ་ཞིག་ཡིན་ན་ཡང་ངེས་པར་དུ་དམིགས་ཡུལ་ཞིག་བཟུང་ནས་སྐད་ཆ་བཤད་པ་དང་ལས་ཀ་བྱེད་དགོས་པ་མ་གཏོགས། གང་དྲན་འཆར་གཞི་དང་དམིགས་ཡུལ་མེད་པར་བཤད་བསྡད་པས་རང་གཞན་སུ་ལ་ཡང་ཕན་ཐོགས་མེད། དེ་བཞིན་གསར་འགོད་པ་ཞིག་ཡིན་ན་ཡང་གསར་འགོད་ཀྱི་བྱ་བ་སྒྲུབ་པའི་སྐབས་དོ་སྣང་བྱེད་དགོས་ས་དང་གཟབ་གཟབ་བྱེད་དགོས་སའི་གནས་ཚུལ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། གསར་འགོད་པར་དམིགས་ཡུལ་གང་ཡང་མེད་པར་མཐོང་ཐོས་ཀྱི་གནས་ཚུལ་ཡོད་ཚད་གསར་འགྱུར་ཙམ་གྱི་ངོ་བོའི་ཐོག་ནས་སྒྲོག་བསྡད་ན་དེས་མང་ཚོགས་ལ་ཕན་གནོད་གང་འབྱུང་མ་ངེས་པར་མ་ཟད། སྤྱི་ཚོགས་ནང་ཕུང་དཀྲུག་དང་ལྷིང་འཇགས་མེད་པའི་གནས་ཚུལ་མང་པོ་ཞིག་གསར་འགོད་པའི་གནས་ཚུལ་སྤེལ་སྟངས་ལ་བརྟེན་ནས་བྱུང་དང་འབྱུང་བཞིན་པ་ཡིན་དུས་འདི་རིགས་ལ་ངེས་པར་གཟབ་གཟབ་གནང་དགོས། རྩོམ་པ་པོ་ཚོ་ཡིན་ན་ཡང་རྩོམ་ཡིག་བྲིས་པ་ཙམ་མ་ཡིན་པར་རང་གིས་བྲིས་པའི་རྩོམ་ཡིག་དེ་ལ་བརྟེན་ནས་སྤྱི་ཚོགས་ཁྲོད་ཀྱི་ཀློག་པ་པོ་ཚོའི་བསམ་སྤྱོད་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་ཐད་ཞིབ་འཇུག་དང་བསམ་གཞིགས་ནན་པོ་བྱ་དགོས་པ་གལ་ཆེ། སྤྱིར་མིའི་བསམ་བློ་བསྒྱུར་བཅོས་གཏོང་བ་ལ་རྩོམ་ཡིག་ནི་ནུས་པ་ཆེ་ཤོས་ཤིག་ཡིན། མི་གཅིག་གིས་བྲིས་པའི་རྩོམ་ཡིག་གིས་མང་ཚོགས་སྟོང་ཕྲག་དང་ཁྲི་ཕྲག་གི་བསམ་བློར་ཤུགས་རྐྱེན་ཐེབས་ཀྱི་ཡོད་དུས་རྩོམ་ཡིག་ནི་མིའི་བསམ་བློ་བཅོས་སྒྱུར་བྱེད་པ་ལ་མི་ལས་ནུས་པ་ཆེ་བ་ཞིག་ཆགས་ཡོད། དཔེར་ན། སྔ་མོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་ཁབ་གསར་འཛུགས་བྱེད་པའི་སྐབས་མའོ་ཙེ་ཏུང་གིས་གཞས་ཚིག་དང་གླུ་ཚིག་རེ་རེའི་ཐོག་ནས་མང་ཚོགས་མང་པོའི་བསམ་བློ་ལ་སྒྱུར་བཅོས་བཏང་བའི་ལོ་རྒྱུས་ཡོད། དེ་དང་དེས་མཚོན་རྒྱལ་ཁབ་དང་ཡུལ་ལུང་མང་པོར་གསར་བརྗེའི་ལས་འགུལ་བྱུང་བའི་སྐབས་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་བྲིས་པའི་ཐོག་ནས་མང་ཚོགས་ལ་སྣེ་ཁྲིད་བྱས་པའི་ལོ་རྒྱུས་ཤིན་ཏུ་མང༌། རྩོམ་ཡིག་གི་རིགས་ལ་མིའི་བསམ་བློ་སྒྱུར་བཅོས་གཏོང་བའི་དམིགས་བསལ་གྱི་ནུས་པ་ཡོད་པར་མ་ཟད། དུས་ཡུན་གྱི་ཆ་ནས་ཀྱང་ཤིན་ཏུ་ཡུན་རིང་པོར་གནས་ཐུབ་པ་ཞིག་ཡིན། ཆབ་སྲིད་ཀྱི་ལས་འགུལ་ལྟ་བུར་མཚོན་ན་ཡུལ་དུས་ཀྱི་གནས་སྟངས་སྣ་ཚོགས་པའི་འོག་ནས་འཐབ་རྩོད་ཀྱི་ངོ་བོ་དང་དམིགས་ཡུལ་སོགས་ལ་འགྱུར་བ་སྣ་ཚོགས་ཡོང་གི་ཡོད་ཀྱང༌། རྩོམ་ཡིག་ལ་བསྐལ་པ་ནས་བསྐལ་པར་གནས་ཐུབ་པའི་ཁྱད་ནུས་ཐུན་མོང་མ་ཡིན་པ་ཞིག་ཡོད། དེར་བརྟེན་རྩོམ་པ་པོ་ཚོར་མང་ཚོགས་ཀྱི་ཁྲོད་དུ་ནུས་པ་ཆེན་པོ་ཡོད་ལ། ནུས་པ་ཆེན་པོ་ཡོད་པ་བཞིན་རྩོམ་པ་པོའི་ནུས་པ་དེ་ལེགས་པོ་དང་བཟང་པོ་ཞིག་གི་ཐོག་ཏུ་བེད་སྤྱོད་གཏོང་དགོས་པ་གལ་ཆེ། ངའི་བསམ་པར་རྩོམ་ཡིག་འཕེལ་རིམ་གྱི་ཐོག་ནས་རྩོམ་ཡིག་གསར་རྙིང་གཉིས་ཀྱི་བར་ལ་བར་སྟོང་ཆེན་པོ་ཞིག་ཤོར་གྱི་ཡོད་པའི་མཐོང་ཚུལ་འདུག་པས་འདི་རྣམ་པ་ཚོས་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་རེད་བསམ། དཔེར་ན། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་ཕྱོགས་ནས་བྲིས་པའི་གནའ་སྔ་མོའི་རྩོམ་ཡིག་དང༌། དེང་དུས་ཀྱི་རྩོམ་ཡིག་གསར་པ་གཉིས་ཀྱི་བར་ལ་ནང་དོན་ཙམ་མ་ཡིན་པར་ཚིག་གི་སྦྱོར་བ་དང་ཐ་སྙད་བཀོལ་སྤྱོད་སོགས་གང་ཅིའི་ཐད་ནས་མ་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཡོང་གི་འདུག དེང་དུས་ཀྱི་རྩོམ་ཡིག་མང་པོ་ཞིག་སྔ་མོའི་བསམ་བློ་དང་ཤེས་ཡོན་མ་གཏོགས་མེད་པའི་ང་ལྟ་བུར་མཚོན་ན་གོ་དོན་ཏག་ཏག་ཅིག་ལོན་མ་ཐུབ་པ་དང་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡོང་གི་འདུག དེ་བཞིན་དེང་སང་གི་རྩོམ་པ་པོ་གསར་པ་རྣམས་ཀྱིས་གནའ་སྔ་མོའི་རྩོམ་ཡིག་རྙིང་པའི་རིགས་ཀློག་པའི་སྐབས་ནང་དོན་མ་གོ་བའི་དཀའ་ངལ་ཞིག་ཀྱང་རང་བཞིན་གྱིས་ཡོང་གི་ཡོད་ཚོད་འདུག དཀའ་ངལ་འདི་དག་ནི་མི་སྒེར་པ་རེ་ཟུང་གི་དཀའ་ངལ་མ་ཡིན་པར་བོད་ཀྱི་སྐད་ཡིག་གི་འགྱུར་བ་དང་རིག་གཞུང་ཆགས་འཇིག་གི་གནད་དོན་དང་འབྲེལ་བའི་དཀའ་ངལ་ཞིག་ཆགས་ཡོད། དཀའ་ངལ་འདི་དག་ནི་རྩོམ་ཡིག་འཕེལ་རིམ་ཁྲོད་ནས་ང་ཚོས་རྩོམ་ཡིག་གསར་རྙིང་བར་གྱི་སྟོང་ཆ་ཇི་བཞིན་སྐོང་མ་ཐུབ་པ་དང༌། རྩོམ་ཡིག་གསར་པའི་འཕེལ་རྒྱས་དེ་རྙིང་པའི་གཞི་རྩ་ལ་བརྟེན་ནས་ཡོང་མ་ཐུབ་པའི་གནད་དོན་ཞིག་ལ་ཐུག་ཡོད་པ་རེད་བསམ། དེར་བརྟེན་ང་ཚོས་རྩོམ་ཡིག་འབྲི་སྐབས་གསར་ལུགས་རྐྱང་པའི་དབང་དུ་ཕྱིན་དྲགས་ན་ཕན་གནོད་གང་འདྲ་འབྱུང་གི་ཡོད་མེད་ལ་ངེས་པར་དུ་བསམ་བློ་གཏོང་དགོས། བོད་ཀྱི་རིག་གཞུང་རྙིང་པའི་རྩོམ་འགྲོས་དང་བརྡ་སྤྲོད་ཀྱི་གཞི་རྩ་མ་བརླགས་པའི་ཐོག་ནས་རྩོམ་སྟངས་གསར་པའི་ཁྱད་ཆོས་ལེན་ཐུབ་པ་དགོས་གལ་ཆེ། ང་ཚོའི་ཁྱིམ་མཚེས་རྒྱ་ནག་ལྟ་བུར་མཚོན་ན་སྐད་ཡིག་གསར་རྙིང་གི་བར་ལ་འགྱུར་བ་ཆེན་པོ་ཕྱིན་པས་དེང་སང་གི་རྒྱ་མི་གཞོན་རབས་པ་རྣམས་ཀྱིས་རྒྱ་ནག་གི་སྐད་ཡིག་རྙིང་པ་འབྲི་ཀློག་ཐུབ་ཀྱི་ཡོད་པ་མ་རེད་ལ། རྒྱའི་སྐད་ཡིག་རྙིང་པའི་ཐོག་ཏུ་ཡོད་པའི་གཞུང་ལུགས་མང་པོ་ཞིག་རང་བཞིན་གྱིས་ནུས་མེད་ལྟ་བུར་གྱུར་ནས་དཀའ་ངལ་མང་པོ་ཡོང་གི་ཡོད། རྒྱའི་སྐད་ཡིག་རྙིང་པའི་ཐོག་ཏུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་ཡོངས་རྫོགས་ཇི་བཞིན་ཀློག་ཤེས་ཀྱི་མེད་པས། དེ་དག་ཡོངས་རྫོགས་གཞི་ནས་སྐད་ཡིག་གསར་པ་ཞིག་གི་ཐོག་ཏུ་ཕབ་སྒྱུར་བྱེད་དགོས་པར་གྱུར་ཡོད། བོད་ཀྱི་སྐད་ཡིག་ལ་འདི་འདྲའི་དཀའ་ངལ་འབྱུང་མི་སྲིད་པ་གཏན་ནས་མིན་པས་ད་ལྟ་ནས་བཟུང་བོད་ཀྱི་སྐད་ཡིག་ལ་འདི་འདྲའི་འགྱུར་བ་ངན་པ་མི་ཡོང་བའི་ཐད་བསམ་བློ་གཏོང་དགོས།  དེང་སང་གི་རྩོམ་པ་པོ་རྣམ་པའི་ཚིག་སྦྱོར་སྤེལ་སྟངས་ལ་ཡང་མ་བདེ་བ་རེ་ཡོང་གི་འདུག གཞུང་ཚིག་དང་ཆོས་ཚིག་ལྟ་བུ་ཞིག་དེང་སང་གི་རྩོམ་ཡིག་ནང་དུ་རྩོམ་སྤྱིའི་ཚིག་འགྲོས་དང་ནང་དོན་གྱི་བབ་གང་ལ་ཡང་མི་བསྟུན་པར་བེད་སྤྱོད་བཏང་དུས་མ་མཛེས་པ་ལྟ་བུ་ཞིག་རང་བཞིན་གྱིས་ཡོང་གི་འདུག དཔེར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས་བརྗོད་པ་དང་པོ་དང༌། བརྗོད་པ་གཉིས་པ་ཟེར་བའི་བརྡ་ཆད་བེད་སྤྱོད་གཏོང་གི་ཡོད། བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ་ཟེར་བ་ནི་འདུལ་བའི་བརྡ་ཆད་ཡིན། འདུལ་བའི་བརྡ་ཆད་འདིའི་རིགས་བེད་སྤྱོད་གཏོང་སའི་གནས་དང་སྐབས་དམིགས་བསལ་ཅན་ཞིག་ཡོད་པས། ཆབ་སྲིད་ཀྱི་ཚོགས་འདུ་དང་ལས་རིམ་ཁྲོད་དུ་བརྡ་ཆད་དམིགས་བསལ་བ་དེ་རིགས་བེད་སྤྱོད་བྱས་ན་དེ་ཙམ་མཛེས་པོ་དང་ལན་པོ་ཡོང་གི་མེད། དེ་བཞིན་མི་ཞིག་གིས་རྩོམ་ཡིག་ག་ཚད་མང་པོ་བྲིས་ན་ཡང་ཁོའི་རྩོམ་ཡིག་ནང་དུ་ཆོས་ཕྱོགས་ཀྱི་གཞུང་ལུགས་དང་ནང་དོན་རིགས་མེད་ཚེ་དེ་ལ་གསུང་འབུམ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་སྲོལ་མེད། འདི་རིགས་ནི་བོད་ཀྱི་གོམས་གཤིས་དང་གཞུང་ལུགས་ལ་གྲགས་པའི་ཐ་སྙད་བཀོལ་སྟངས་དམིགས་བསལ་བ་ཞིག་ཡིན། འོན་ཀྱང་དེང་སང་བོད་ཀྱི་རྩོམ་པ་པོ་མང་པོས་འདིས་མཚོན་པའི་ཐ་སྙད་མང་པོ་ཞིག་གང་བྱུང་དུ་བེད་སྤྱོད་གཏོང་གི་འདུག ཐ་སྙད་དང་བརྡ་ཆད་གང་འདྲ་ཞིག་ཡིན་ན་ཡང་ཁོ་རང་ལ་དམིགས་བསལ་བའི་ནུས་པ་དང་གཤིས་ཀ་ལྟ་བུ་ཞིག་ཡོད་པས་དེ་དང་བསྟུན་ནས་བཻད་སྤྱོད་གཏོང་དགོས་པ་གལ་ཆེ། དཔེར་ན། བོད་ཀྱི་གཞུང་རྙིང་པའི་ནང་དུ་བག་ཆགས་ཟེར་བ་ལ་གོ་བ་གཏིང་ཟབ་མོ་དང་རྒྱ་ཆེན་པོ་ཞིག་ཡོད་ཀྱང༌། དེང་སང་གི་རྩོམ་ཡིག་འགའ་ཤས་ཀྱི་ནང་དུ་བག་ཆགས་ཟེར་བའི་ཐ་སྙད་དེ་གོ་བ་གཞན་དག་ཅིག་གི་ཐོག་བེད་སྤྱོད་གཏོང་གི་འདུག འདི་ཚོའི་ཐོག་ལ་རྩོམ་པ་པོ་རྣམ་པས་དགོངས་པ་བཞེས་རོགས་གནང༌། གོང་དུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་གཏམ་བཤད་གནང་བའི་སྐབས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩོམ་པ་པོའི་མཐུན་ཚོགས་ཤིག་ཡིན་པ་དང༌། རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འགན་དང་དམིགས་ཡུལ་བཅས་ཀྱི་སྐོར་འགྲེལ་བཤད་རྒྱས་པ་དང་གསལ་པོ་གནང་སོང༌། འདས་པའི་ལོ་རྒྱུས་ནང་རྩོམ་པ་པོའི་མཐུན་ཚོགས་ཀྱི་དམིགས་ཡུལ་དང་ལས་དོན་གང་ཅིའི་ཐད་ནས་ཤིན་ཏུ་ཡག་པོ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞུ། ང་ཚོ་བོད་པའི་གཤིས་ཀ་ལྟ་བུ་ཡིན་ནམ་གང་ལྟར་ཚོགས་པ་ཞིག་དང་པོ་ཚུགས་པའི་སྐབས་ལས་དོན་ཐོག་ཧུར་བརྩོན་ཡག་པོ་བྱེད་ཀྱི་ཡོད་ཀྱང༌། རིམ་པས་སེམས་ཤུགས་དང་ལས་ཀའི་ནུས་པ་ཡོངས་རྫོགས་ཉམས་ཆག་ཏུ་ཕྱིན་ཏེ་ཚོགས་པ་ཁོ་རང་ཡང་འཇའ་ཡལ་བ་ལྟར་མེད་འགྲོ་བའི་གནས་ཚུལ་མང་པོ་ཡོང་གི་འདུག འོན་ཀྱང་རྩོམ་པ་པོའི་མཐུན་ཚོགས་ནི་གནས་སྟངས་དེ་འདྲ་ཞིག་ཏུ་མ་གྱུར་པར་མ་ཟད། འདས་པའི་ལོ་བཅུ་གྲངས་ཤིག་གི་རིང་སྐུ་ལས་བསྐྱོན་པའི་འབྲས་བུར་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ལ་དེབ་སྐྱེལ་ཐུབ་པ་བྱུང་བ་དང༌། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་ཐུབ་པ་བཅས་ཀྱི་གྲུབ་འབྲས་ཡག་པོ་ལོན་ཐུབ་ཡོད། ཚོགས་པ་གང་འདྲ་ཞིག་ཡིན་ནའང་ཚོགས་པ་དེའི་ལོ་རྒྱུས་ནང་འཕེལ་བ་དང་རྒུད་པའི་རིམ་པ་སྣ་ཚོགས་ཡོང་སྲིད་ཀྱང༌། རྩ་བའི་ཚོགས་པ་སྲ་བརྟན་ཡོང་ཐབས་སུ་རྣམ་པ་ཚོས་མ་འོངས་པར་ཡང་སྐུ་ལས་བསྐྱོན་དགོས་པ་གལ་ཆེན་པོ་རེད། གོང་དུ་ཚོགས་གཙོའི་གཏམ་བཤད་ནང་དུ་ཆོས་དང་ཆབ་སྲིད་ཀྱིས་མཚོན་པའི་གནད་དོན་མང་པོ་ཞིག་དང་ལྷག་པར་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཐོག་རྩོམ་པ་པོ་ཚོའི་ངོས་ནས་འགན་ཁུར་གང་འདྲ་ལེན་དགོས་ཀྱི་ཡོད་མེད་སོགས་མ་ཚང་བ་མེད་པ་ལྟ་བུ་ཞིག་གསུངས་སོང་བས། དེ་ལས་ལྷག་ང་ལ་བཤད་རྒྱུ་གང་ཡང་མི་འདུག་ལ་བཤད་དགོས་པའི་རྒྱུ་མཚན་ཡང་མི་འདུག ཚོགས་གཙོས་གསུངས་པ་བཞིན་རྩོམ་པ་པོ་རྣམ་པ་ཚོས་བོད་སྤྱི་པའི་ཐོག་ངེས་པར་འགན་ལེན་དགོས་པ་གལ་ཆེན་པོ་རེད། རྣམ་པ་ཚོས་བོད་སྤྱི་པའི་དོན་དུ་འགན་བླངས་ནས་སྐུ་ལས་བསྐྱོན་པ་ཡིན་ན་རྩོམ་པ་པོ་ཚོར་སྟོབས་ཤུགས་དང་ནུས་པ་དམིགས་བསལ་བ་ཞིག་ཡོད་དུས་གཙོ་བོ་རྩོམ་ཡིག་གི་ཐོག་ནས་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་བདེན་དོན་ཐོག་ཤུགས་བསྐྱོན་རོགས་ཞུ་རྒྱུ་ཡིན། ཁ་སང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ཕྲན་བུ་བཤད་རོགས་ཟེར་ནས་བཀའ་གནང་བྱུང༌། ངའི་བསམ་པར་རྣམ་པ་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་དམིགས་བསལ་ངོ་སྤྲོད་བྱེད་དགོས་པ་ཕལ་ཆེར་ཡོད་པ་མ་རེད། གང་ཡིན་ཟེར་ན་འདིར་ཕེབས་པའི་རྩོམ་པ་པོ་མང་ཆེ་བ་བོད་ནས་གསར་དུ་ཕེབས་པ་དང༌། རྒྱ་མིའི་འོག་ཏུ་དཀའ་སྡུག་ཡོངས་རྫོགས་རང་གི་ལུས་སེམས་ཀྱིས་དངོས་སུ་མྱངས་ནས་ཕེབས་པ་ཤ་སྟག་ཡིན། དེར་བརྟེན་བོད་ནང་གི་གནས་ཚུལ་ཡོངས་རྫོགས་ང་ལས་ཀྱང་རྣམ་པ་ཚོས་ཞིབ་ཅིང་ཕྲ་བ་གསལ་པོ་གསལ་རྐྱང་མཁྱེན་གྱི་ཡོད་པས་ཞུ་དགོས་པ་ཡོད་པ་མ་རེད་བསམ་གྱི་འདུག འོན་ཀྱང་ཚོགས་འདུ་གོ་སྒྲིག་གནང་མཁན་གྱིས་བཤད་རོགས་གསུངས་པ་ཡིན་དུས་རྣམ་པ་ཚོར་དྲན་གསོའི་ཚུལ་དུ་ཕྲན་བུ་ཞིག་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་ང་ཚོས་དངོས་སུ་ཤེས་གསལ་ལ་བོད་ནང་དུ་བོད་མི་ལྔ་བཅུ་ང་གཅིག་གིས་རང་སྲོག་བློས་བཏང་གིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད། དེ་བཞིན་རྩོམ་པ་པོ་དང༌། གཞས་པ། ཁོར་ཡུག་སྲུང་སྐྱོབ་པ། ཆབ་སྲིད་ཀྱི་མི་སྣ། ཚོང་པ་སོགས་མང་པོ་ཞིག་གིས་རང་གི་ཁ་རྗེ་དབང་ཐང་ཡོངས་རྫོགས་བློས་གཏོང་གིས་བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལས་འགུལ་གནང་ཡོད། མང་པོ་ཞིག་གིས་རང་གི་ཚེ་སྲོག་བོད་མི་རིགས་ཀྱི་ཆེད་དུ་བཏང་ཟིན་ཡོད་ལ། མང་པོ་ཞིག་གིས་རྒྱའི་བཙོན་འོག་ཏུ་ཚད་ལས་བརྒལ་བའི་མནར་གཅོད་མྱོང་བཞིན་ཡོད། ཁོང་ཚོ་སུ་འདྲ་ཞིག་ཡིན་ན་ཡང་རང་གི་ངོས་ནས་ཐག་གཅོད་གཙང་མ་བྱས་ཏེ་ལྷག་བསམ་རྣམ་དག་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ཉིད་བློས་བཏང་གིས་ལས་འགུལ་སྤེལ་བ་ཞིག་རེད་མ་གཏོགས། རྒྱ་ནག་གཞུང་ཕྱོགས་ནས་བཤད་པ་ལྟར་གཞན་པའི་མགོ་སྐོར་འོག་ཏུ་ཚུད་པ་ལྟ་བུ་དང༌། རང་གི་ཁེ་ཕན་ཆུང་ཚེགས་ལ་བསམ་བློ་བཏང་བ་ལྟ་བུ་མིན་པར་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་ལས་འགུལ་སྤེལ་བ་ཤ་སྟག་རེད། རང་སྲོག་བློས་གཏོང་གནང་མཁན་རིམ་པས་ཤུལ་བཞག་གནང་བའི་ཞལ་ཆེམས་ཁག་གི་ནང་དུ་སྐད་ཆ་ནུས་པ་ཆེན་པོ་དང༌། ཚིག་གནད་འགག་ཅན། ཁྱབ་ཆེན་པོ་དེ་འདྲ་ཤ་སྟག་འཁོད་ཡོད། ང་ཚོ་མི་རེ་ངོ་རེས་ཁོང་ཚོའི་ཞལ་ཆེམས་ལ་བདག་པོ་དང་རྒྱབ་སྐྱོར་ག་ཚད་བྱེད་ཐུབ་ཀྱི་འདུག ཁོང་ཚོའི་བསམ་དོན་འགྲུབ་པའི་ཆེད་དུ་ང་ཚོས་ལས་ཀ་གང་འདྲ་ཞིག་བྱེད་ཐུབ་ཀྱི་འདུག ཆུ་ཚོད་ཉེར་བཞིའི་རིང་ཁོང་ཚོའི་ཞལ་ཆེམས་དང་མཐུན་པའི་ལས་ཀ་གང་དང་གང་བྱེད་ཐུབ་ཀྱི་ཡོད་མེད་ང་ཚོས་ལྟ་དགོས་པ་དང་ངེས་པར་བསམ་བློ་གཏོང་དགོས། བོད་ནང་གི་མི་མང་པོ་ཞིག་གིས་དབུས་བོད་མིའི་སྒྲིག་འཛུགས་དང༌། བཙན་བྱོལ་བོད་མི་མང་ཚོགས་ལ་རེ་བ་རྒྱག་གི་ཡོད། བོད་ནང་དུ་ངོ་རྒོལ་གྱི་གནས་ཚུལ་ཞིག་བྱུང་མ་ཐག་རང་གི་ཚེ་སྲོག་ལ་མ་འཛེམས་པར་ངོ་རྒོལ་བྱུང་བའི་གནས་ཚུལ་དེ་ཐེངས་དང་པོར་ཕྱི་ལོགས་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་ཚོར་འཕྲོད་ཐབས་བྱེད་ཀྱི་ཡོད། འདིས་ཅི་ཞིག་སྟོན་གྱི་ཡོད་ཟེར་ན། ཁོང་ཚོས་ང་ཚོ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་སྟངས་གསལ་པོར་ཆགས་ཡོད། ཁོང་ཚོས་གནས་ཚུལ་ཕྱི་ལོགས་སུ་བཏང་བ་གསར་འགྱུར་རྐྱང་པའི་ཆེད་དུ་མ་ཡིན་པར། ང་ཚོ་ཁོང་རྣམ་པའི་རྒྱབ་སྐྱོར་དུ་ལངས་ནས་ལས་འགུལ་སྤེལ་གྱི་རེད་སྙམ་པའི་ཡིད་ཆེས་ཀྱི་ཐོག་ནས་གནས་ཚུལ་ཐེངས་དང་པོར་ཕྱི་ལོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འབྱོར་ཐབས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་མི་རེ་རེའི་ངོས་ནས་འགན་གང་འདྲ་ཞིག་ལེན་ཐུབ་ཀྱི་ཡོད་མེད་ལ་རྩོམ་པ་པོ་རྣམ་པ་དང་བོད་མི་ཡོངས་རྫོགས་ཀྱིས་བསམ་བློ་བཏང་ནས་རང་གི་ནུས་པ་ལ་དཔག་པའི་འགན་ཞིག་ངེས་པར་ལེན་དགོས། རྩོམ་པ་པོ་དང་ཤེས་ཡོན་པ་ཚོ་ལ་དམིགས་བསལ་འགན་ག་རེ་ཡོད་ཟེར་ན། བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་འགུལ་གྱི་ཐོག་ནས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གང་འདྲ་ཞིག་ལ་ཐུག་ཡོད་མེད། བོད་མི་མང་པོ་ཞིག་གིས་རང་གི་ཚེ་སྲོག་བློས་བཏང་གིས་མེར་སྲེག་མ་བཏང་རང་བཏང་དང༌། བོད་མི་མང་ཚོགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ཁ་གཏད་མ་བཅག་ཐུ་མེད་ཀྱི་རྒྱུ་རྐྱེན་དེ་སུའི་ངོས་ནས་བསྐྲུན་གྱི་ཡོད་པ་རེད། བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོངས་རྫོགས་སྲིད་བྱུས་གང་འདྲ་ཞིག་གི་འོག་ནས་ཡོང་གི་ཡོད་མེད་དང༌། བོད་ནང་དུ་ཛ་དྲག་གི་དོན་རྐྱེན་རིམ་པ་འབྱུང་བའི་ཕུགས་ཀྱི་སྐུལ་འདེད་དེ་སུས་བྱེད་ཀྱི་ཡོད་མེད་བཅས་ལ་ཉམས་ཞིབ་མཐིལ་ཕྱིན་པ་བྱས་ཏེ་རྩོམ་ཡིག་གི་ལམ་ནས་འཛམ་གླིང་རྒྱལ་སྤྱིའི་མང་ཚོགས་ཀྱི་མདུན་སར་འཇོག་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ལ། ལས་འགུལ་འདི་ནི་གཙོ་བོ་རྩོམ་པ་པོ་ཚོ་ལ་འགན་དུ་འཁྲི་བའི་དམིགས་བསལ་གྱི་ལས་འགན་ཞིག་ཀྱང་ཡིན། བོད་མི་མང་པོ་ཞིག་གིས་རང་སྲེག་བྱ་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་བཅས་པའི་གནས་ཚུལ་ཡོངས་རྫོགས་གསལ་པོར་མི་ཤེས་མཁན་བོད་པའི་ནང་དུ་ཡང་རེ་ཟུང་ཡོང་གི་ཡོད་ཚོད་འདུག རང་སྲེག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཐམས་ཅད་གསལ་ཞིང་གསལ་བར་ཤེས་པ་ཡིན་ན་ཁོང་ཚོས་རང་སྲེག་གི་ལས་འགུལ་སྤེལ་བ་དེ་འགྲིག་མིན་གྱི་སྐད་ཆ་བཤད་ས་ཞིག་ཕལ་ཆེར་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོང་ཚོར་དེ་ལས་གདམ་ག་གཞན་མ་ཡོད་པར་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་ཞིག་གི་འོག་ནས་རང་སྲེག་གི་དོན་རྐྱེན་རིམ་པ་བྱུང་བ་རེད། དེ་ལས་གཞན་པའི་གདམ་ག་ཞིག་ཡོད་ན་མི་སུ་ཡིན་ན་ཡང་རང་ཉིད་མི་འཆི་བར་གསོན་པའི་ཐབས་ལམ་ཞིག་བྱེད་ངེས་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ད་དུང་མུ་མཐུད་དེ་བོད་མི་རིགས་འུ་ཐུག་པའི་ལམ་ཁ་དེ་ལ་བཙན་འདེད་བྱེད་ཀྱི་ཡོད་པ་རེད་ལ། མ་འོངས་པར་ཡང་ང་ཚོ་ལམ་ཁ་འདི་ལ་བཙན་འདེད་བྱེད་མི་སྲིད་པ་ཞིག་གཏན་ནས་མིན། རྒྱ་ནག་གཞུང་གིས་བོད་མི་རིགས་ཐོག་ད་ལྟའི་སྲིད་བྱུས་འདི་རྐྱང་པ་མཁྲེགས་འཛིན་བྱས་ཚེ་བོད་མིའི་ད་ལྟའི་ཛ་དྲག་གི་ལས་འགུལ་འདི་ལས་ཀྱང་ཉེན་ཁ་ཆེ་བའི་ཁ་ཕྱོགས་གཞན་ཞིག་གི་ངོ་བོར་འགྱུར་བ་འགྲོ་མི་སྲིད་པ་གཏན་ནས་མིན། ྋརྒྱལ་བ་རིན་པོ་ཆེ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྟག་པར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བཀའ་སློབ་གནང་ཡོད་པ་རེད་ལ་ཕྱག་ལས་ཀྱང་གཞི་རྟེན་གྱི་སྲིད་བྱུས་འདིའི་ཐོག་ནས་གནང་གི་ཡོད། བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གིས་ལམ་དབུ་མའི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ངོས་ནས་བོད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཏན་ནས་ཡ་ལན་མ་བྱས་ཚེ་མཚམས་ཤིག་ནས་བོད་མི་མང་ཚོགས་ཡིན་ན་ཡང་ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་ཡོད་པའི་རང་བཙན་འཐབ་རྩོད་ཀྱི་ཕྱོགས་སུ་ཁ་ཕྱོགས་འགྱུར་མི་སྲིད་པ་དེ་འདྲ་གཏན་ནས་མ་རེད། ངའི་བསམ་ཚུལ་བྱས་ན་རྒྱ་ནག་གུང་ཁྲན་གཞུང་གིས་ང་ཚོ་ལམ་ཁ་འདིའི་སྒང་ལ་བཙན་འདེད་བྱེད་པའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག དེར་བརྟེན་རྣམ་པ་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ཇི་བཞིན་མཁྱེན་དགོས་ཀྱི་འདུག་ལ། རང་ཉིད་ཀྱིས་མཁྱེན་པར་བྱས་པའི་རྗེས་སུ་རྩོམ་ཡིག་གི་ཐོག་ནས་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱ་དགོས་པ་གལ་ཆེན་པོ་རེད། ངས་དཔེ་མཚོན་ཞིག་གི་ཐོག་ནས་ཞུས་ན། རྒྱ་ནག་གཞུང་གིས་ཕྱོགས་མང་པོ་ནས་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཡོད་ལུགས་བཤད་ཀྱི་ཡོད། སློབ་གྲྭའི་ཡིག་རྒྱུགས་ལྟ་བུར་མཚོན་ན། རྒྱ་མི་རིགས་ལ་བརྒྱ་ཆ་བརྒྱད་ཅུ་མ་ལོན་པར་ཡར་འགྲོ་ས་མེད་པ་ཞིག་ལ། བོད་མི་རིགས་ལ་བརྒྱ་ཆ་དྲུག་ཅུ་ལས་མ་ལོན་ཀྱང་འཛིན་གྲྭ་དང་སློབ་གྲྭ་གོང་མར་འགྲོ་ཆོག་པའི་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད། གློ་བུར་དུ་བལྟས་ན་བྱེད་སྟངས་འདི་བོད་མི་རིགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་པའི་ཟོལ་ཞིག་ཡོད་ཀྱང༌། བསམ་བློ་ཞིབ་མོ་བཏང་ན་དོན་དངོས་ཡོད་གནས་ཚུལ་ལ་རྒྱ་མི་རིགས་རྟག་ཏུ་ཤེས་ཡོན་གྱི་གནས་ཚད་རིམ་པ་མཐོ་བ་ཞིག་གི་ཐོག་ནས་འགྲོ་བ་དང༌། བོད་མི་རིགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་ཤེས་ཡོན་གྱི་གནས་ཚད་རིམ་པ་འོག་མ་ཞིག་གི་ཐོག་ནས་འགྲོ་དགོས་པའི་སྲིད་བྱུས་ངན་པ་ཞིག་འདིའི་ནང་དུ་སླེབས་ཡོད། སློབ་གྲྭ་གོང་མར་འཛུལ་བའི་སྐབས་བརྒྱ་ཆ་དྲུག་ཅུ་ལས་མ་ལོན་པའི་བོད་པའི་བུ་ཕྲུག་དེས་བརྒྱ་ཆ་བརྒྱད་ཅུ་ཡན་ལོན་པའི་རྒྱ་ཕྲུག་དེ་ལ་ཤེས་ཡོན་གྱི་ཐད་ནས་ཁ་གཏད་གཅོག་ཐུབ་པ་ཞིག་ཡོང་གི་མ་རེད་ལ། རྗེས་མ་སློབ་གྲྭ་ཐོན་པའི་རྗེས་སུ་ལས་ཀའི་གནས་རིམ་བགོ་འགྲེམས་བྱེད་པའི་སྐབས་དང༌། དབང་ཆ་གོ་སྒྲིག་བྱེད་པའི་སྐབས་སུ་ཡང་བོད་པའི་བུ་ཕྲུག་དེས་རྒྱ་ཕྲུག་དེའི་འགྲན་ཡ་གཏན་ནས་ཡོང་ཐུབ་ཀྱི་མེད། འདི་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་ཐོག་བཟུང་བའི་གཏིང་ནག་པའི་སྲིད་བྱུས་ཤིག་ཡིན་ལ། བོད་མི་རིགས་གོ་གནས་མཐོ་སར་འགྲོ་མི་ཐུབ་པའི་འགག་སྒོ་ཞིག་བཟོས་ཡོད་པ་རེད། དེ་བཞིན་དེང་སང་བོད་ནང་དུ་རྒྱ་ནག་གཞུང་གི་རོགས་སྐྱོར་གྱི་མིང་ཐོག་ནས་ཁང་པ་མང་པོ་ཞིག་རྒྱག་གི་ཡོད། དཔེར་ན། ཁང་པ་ཞིག་ལ་རྒྱ་སྒོར་ཁྲི་བརྒྱད་འགྲོ་གི་ཡོད་ན་ཁྲི་བཞི་བོད་པའི་ཁྱིམ་ཚང་རང་གི་ངོས་ནས་སྤྲོད་དགོས་པ་དང༌། ཁྲི་བཞི་རྒྱ་ནག་གཞུང་གི་ངོས་ནས་སྤྲོད་ཀྱི་ཡོད་ཟེར། ཁང་པའི་རྒྱུ་ཆ་ཤིང་དང༌། ས་རྡོ། ཨར་འདམ་དང་བཅས་པ་ཡོངས་རྫོགས་བོད་པའི་རེད། རྒྱ་ནག་ནས་འཁྱེར་ཡོང་བ་ནི་ཤེལ་སྒོ་དང་ལྕགས་ཕྲན་བུ་ཞིག་མ་གཏོགས་གང་ཡང་མེད། ལས་ཀ་བྱེད་མཁན་ཡོངས་རྫོགས་རྒྱ་མི་ཡིན་པས་བོད་པའི་ཁྱིམ་ཚང་དེས་ཕར་རྒྱ་ནག་ལ་རྒྱ་སྒོར་ཁྲི་བཞི་སྤྲད་པ་མ་གཏོགས་རྒྱ་མིའི་ངོས་ནས་ཚུར་ང་ཚོར་ཁེ་བཟང་གང་ཡང་ལེན་ཐུབ་མེད། འདི་ཡང་ཁ་སྙན་པོ་ཙམ་མ་གཏོགས་དོན་ངོ་མའི་ཐོག་ནས་མགོ་སྐོར་གྱི་སྲིད་བྱུས་ཤིག་རེད། དེ་བཞིན་བོད་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་མང་པོ་ཞིག་ལ་རོགས་སྐྱོར་གྱི་ངོ་བོའི་ཐོག་ནས་གཟུགས་མཐོང་བརྙན་འཕྲིན་སྤྲོད་ཀྱི་ཡོད། གཟུགས་མཐོང་བརྙན་འཕྲིན་གང་འདྲ་ཞིག་སྤྲོད་ཀྱི་ཡོད་པ་རེད་ཟེར་ན། བཟོ་གྲྭའི་ནང་ནས་མ་ཚོངས་པའི་གད་སྙིགས་རྙིང་གོག་ཐབས་ཆག་ཤ་སྟག་ཡིན། རྒྱ་མིའི་བཟོ་གྲྭ་དེ་ལ་བརྙན་འཕྲིན་གྱི་རིན་པ་ཡོངས་རྫོགས་བོད་པའི་རོགས་རམ་གྱི་རྩིས་ཁྲའི་ཐོག་ནས་སྤྲོད་ཀྱི་ཡོད། འདི་དང་འདིས་མཚོན་པའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ཆབ་སྲིད་དང༌། དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་སྲིད་བྱུས་ཡོངས་རྫོགས་ལ་ལྷད་ཡོད་པ་ཤ་སྟག་མ་གཏོགས། བོད་མི་རིགས་ལ་ཕན་སེམས་ཀྱི་ལྷག་བསམ་དག་པའི་ཐོག་ནས་ལྟ་ཚུལ་བཟུང་བ་དང་རོགས་སྐྱོར་གནང་བ་གཏན་ནས་མི་སྲིད་པ་ལྟ་བུ་ཡིན། བོད་མིའི་མང་ཚོགས་ཡོངས་རྫོགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་མེད་པ་དང༌། ལས་དོན་ཡོངས་རྫོགས་ཀྱི་ཕུགས་སུ་ཆབ་སྲིད་ཀྱི་ཀུན་སློང་ངན་པ་ཞིག་འཛིན་གྱི་ཡོད་པའི་གནས་ཚུལ་གསལ་པོ་ར་འཕྲོད་པ་ཞིག་ངེས་པར་བྱེད་དགོས། ཁ་གསལ་པོ་བྱས་ན་བོད་མི་རིགས་ཀྱིས་རྒྱ་ནག་གུང་ཁྲན་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ཀྱི་འོག་ཏུ་མནར་གཅོད་དང་དཀའ་སྡུག་ག་ཚད་མྱོང་ཡོད་པ་རེད། བོད་ཀྱི་ས་ཆ་བོད་པར་དབང་གི་ཡོད་པ་མ་རེད་ལ། བོད་མི་རིགས་ལ་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་བཀོལ་སྤྱོད་ཀྱི་དབང་ཆ་དང་ཐོབ་ཐང་ཡོད་པ་མ་རེད། མཐའ་ན་རང་གི་ཚེ་སྲོག་ཙམ་ཡང་རང་ལ་དབང་གི་ཡོད་པ་མ་རེད། དེར་བརྟེན་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་གི་ལམ་ནས་གནས་ཚུལ་འདི་རིགས་ཕྱི་གསལ་ནང་གསལ་བྱས་ཏེ་འགྲེམས་སྤེལ་བྱ་དགོས་པ་གལ་ཆེན་པོ་རེད། ང་ཕྱི་ལོ་ ༡༩༨༤ ལོར་བོད་ནང་ལྟ་སྐོར་དུ་ཕྱིན་པའི་སྐབས་གློ་བུར་དུ་ངས་ལྟ་སྐོར་མཚམས་འཇོག་བྱས་ཏེ་ཕྱིར་རྒྱ་གར་དུ་ཡོང་དགོས་བྱུང་བ་རེད། སྐབས་དེར་ངས་རྒྱ་ནག་གི་འབྲེལ་ཡོད་དཔོན་པོ་ཚོར་ང་ལ་བོད་ནང་དུ་ཟླ་བ་དྲུག་གི་རིང་འབྲེལ་ཡོད་ཞིང་ཆེན་གསུམ་གྱི་ནང་དུ་ལྟ་སྐོར་བྱས་ཆོག་པའི་སྐད་ཆ་ཡོད་ཟེར་ནས་བཤད་པར། ཁོང་ཚོས་དེ་ནི་ལོ་སྔ་མའི་དབྱར་ཁའི་སྐད་ཆ་རེད། ད་ལྟ་དགུན་ཁ་རེད་ཅེས་གནས་ལུགས་རྩ་བ་ནས་མེད་པའི་སྐད་ཆ་ཞིག་བཤད་ནས་ངའི་ལྟ་སྐོར་དཀྱིལ་ནས་མཚམས་འཇོག་བྱེད་བཅུག་བྱུང༌། རྒྱ་ནག་གཞུང་གིས་རང་གི་དབང་ཤེད་རྐྱང་པ་ལ་བརྟེན་ནས་ལས་ཀ་བྱེད་པ་མ་གཏོགས་གནས་ལུགས་དང་བདེན་པ་ཞིག་འགྲོ་སའི་ཁོར་ཡུག་གཏན་ནས་མེད། རྣམ་པ་ཚོ་མང་ཆེ་བས་དེང་སང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་གསལ་པོར་ཤེས་ཀྱི་ཡོད་ཚོད་རེད། བོད་ཀྱི་འབྲོག་ས་འབྲོག་པ་ཚོར་དབང་གི་ཡོད་པ་མ་རེད་ལ། བོད་ཀྱི་རོང་ས་རོང་པ་ཚོར་དབང་གི་མེད། རང་གི་རྐང་པ་འཛུགས་སའི་ས་སྤར་བ་གང་དེ་ཡང་རང་ལ་དབང་གི་ཡོད་པ་མ་རེད། དེར་བརྟེན་གོང་དུ་བཤད་པ་ལྟར་རྩོམ་པ་པོ་ཚོས་རྩོམ་ཡིག་གི་ནུས་པ་དང་ཁ་ཕྱོགས་དེ་འདི་འདྲ་ཞིག་གི་ཐོག་བེད་སྤྱོད་བྱས་ཏེ་བོད་མི་རིགས་ཀྱིས་རྒྱ་ནག་གཞུང་གི་འོག་ཏུ་མྱོང་བཞིན་པའི་དཀའ་སྡུག་རྣམས་ཕྱི་གསལ་ནང་གསལ་བྱེད་དགོས་པ་ནི་རྩོམ་པ་པོ་ཚོར་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཆགས་ཡོད། སྔོན་མ་ང་ཚོ་ཝ་ར་ཎ་སིའི་མཐོ་རིམ་སློབ་གྲྭར་ཡོད་པའི་སྐབས་ཟམ་གདོང་རིན་པོ་ཆེས་འདི་འདྲ་ཞིག་གསུངས་མྱོང༌། རྒྱ་གར་ཁྱིམ་ཚང་ཞིག་གི་བུ་ཕྲུག་ཅིག་སློབ་གྲྭ་ཐོན་པའི་རྗེས་སུ་ཕ་རྒན་གྱིས་ལས་ཁུངས་ཤིག་ལ་ལས་ཀར་གཏོང་རྒྱུ་བྱས། སྐབས་དེར་ཁོང་ཚོ་དང་འབྲེལ་ཡོད་ཤེས་ཡོན་པ་ཞིག་གིས་བུ་ཕྲུག་གི་ཕ་རྒན་དེར་ཁྱེད་རང་གིས་བུ་ཕྲུག་གི་མིང་ལོ་ཤས་རིང་གནས་པར་བྱ་རྒྱུ་ཡིན་ནམ། ཡང་ན་ལོ་བརྒྱ་ཕྲག་དང་སྟོང་ཕྲང་གི་རིང་གནས་ཐུབ་པ་བྱ་རྒྱུ་ཡིན་བསམ་བློ་ཐོངས། གཞུང་གི་ཆབ་སྲིད་ཀྱི་ལས་བྱེད་པ་ཞིག་བཟོས་པ་ཡིན་ན་ལོ་འགའ་ཤས་རིང་བསྡད་ཀྱི་རེད། དེ་མིན་པར་ཤེས་ཡོན་པ་དང་རྩོམ་པ་པོའི་མདུན་ལམ་ཞིག་གི་ཐོག་ཏུ་བཏང་བ་ཡིན་ན་མཚན་སྙན་མི་ཐོག་ནས་མི་ཐོག་བར་བསྡད་ཀྱི་རེད། ཁྱེད་རང་གིས་བསམ་བློ་བཏང་ནས་གདམ་ག་མ་འཕྱུག་པ་ཞིག་བྱོས་ཞེས་བཤད་པ་རེད་ཟེར། དེ་དང་མཚུངས་པར་རྣམ་པ་ཚོས་རང་གིས་སྦྱངས་པའི་ཤེས་ཡོན་གྱི་ནུས་པ་དེ་མི་ཐོག་ནས་མི་ཐོག་བར་ཕན་པའི་རང་བཞིན་ཞིག་ཏུ་གནས་ཐུབ་པར་འབད་བརྩོན་གནང་གི་རེད་ལ་དེ་ལྟར་གནང་རོགས་ཞུ་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རྣམ་པ་ཚོས་ཚོགས་ཆེན་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་པའི་གནས་ཚུལ་མཛད་རིམ་གྱི་ཐོག་ནས་གསལ་པོར་མཐོང་སོང་བས་ཤིན་ཏུ་ཡག་པོ་འདུག བགྲོ་གླེང་གསུང་བཤད་གནང་མཁན་ཚོའི་ངོས་ནས་ཡག་པོ་གསུང་རྒྱུ་དང༌། གསན་མཁན་ཚོའི་ངོས་ནས་དོ་སྣང་ཆེར་བསྐྱེད་ཀྱིས་གསན་ནས་གོ་སྒྲིག་གནང་མཁན་ཚོའི་རེ་བ་བཞིན་ཕན་ཐོགས་ཡོད་པ་ཞིག་གནང་རོགས་ཞུ། ཐུགས་རྗེ་ཆེ། །

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་གཏམ་བཤད།

 

       ༄༅།།བཀུར་འོས་སྐུ་མགྲོན་གཙོ་བོ་མཆོག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པས་གཙོས་མཛའ་ཞིང་བརྩེ་བའི་ཚོགས་མི་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་ངས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་སྙིང་ཉེ་བའི་ངང་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ཚོགས་ཆེན་འདི་ནི་པེན་བོད་ཀྱི་རྩོམ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་གསར་འདེམས་དང་ཆབས་ཅིག་ཏུ་བོད་དོན་དང་འབྲེལ་བའི་གནད་དོན་འགའ་ཞིག་ཐོག་ལ་བགྲོ་གླེང་གི་ཚོགས་ཆེན་ཞིག་ཀྱང་ཡིན་པས་ངས་འདིར་བགྲོ་གླེང་གི་བརྗོད་གཞི་ཁག་དང་འབྲེལ་བའི་སྐོར་ནས་བསམ་ཚུལ་རགས་ཙམ་ཞིག་གླེང་བར་འདོད། གཅིག ད་ལྟའི་བོད་ཕྱི་ནང་གི་གནད་དོན་འདི་དག་གླེང་དགོས་ན། ཕྱོགས་གཅིག་ནས་བོད་ནང་གི་ཛ་དྲག་རང་བཞིན་ཅན་གྱི་ཞི་བའི་ངོ་རྒོལ་ཆེན་པོ་འདི་དག་ངེས་པར་གླེང་དགོས་པ་ཞིག་རེད། ཉེ་ཆར་གྱི་སྐུ་སྲོག་མེར་མཆོད་ཀྱི་རྣམ་པ་འདི་ནི་རང་རིགས་སྲུང་སྐྱོབ་དང་གཞན་གནོད་འགོག་རྒོལ་གྱི་མི་རིགས་རང་གཅེས་ཀྱི་ཞི་དུལ་བསམ་བློ་ཞིག་ཡིན་པར་མ་ཟད། རང་ལས་གཞན་གཅེས་ཀྱི་ནང་པའི་བྱམས་བརྩེ་བཟང་པོའི་སྤྱོད་ཚུལ་ཞིག་ཀྱང་རེད། དེ་བས་གནའ་དེང་གི་རང་སྲུང་གཞན་གནོད་ཀྱི་ཞི་དྲག་གང་རུང་གི་ཐབས་ཚུལ་སྣ་དགུ་དག་ལས་རྣམ་པར་འགོངས་པའི་འཚེ་མེད་ཞི་བའི་ངོ་རྒོལ་ཆེན་པོའི་རླབས་ཆེན་ཟིན་ཐོ་གསར་བ་ཞིག་ཆགས་ཡོད། ཁོང་རྣམ་པས་ཞི་རྒོལ་བྱ་ཡུལ་ནི་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ངམ་སྲིད་བྱུས་རེད། དེ་ཡང་གཙོ་བོ་ཆོས་དད་རང་མོས་ཀྱི་རང་དབང་ཆ་ཚང་ཞིག་མེད་པ་དང། རིག་གཞུང་སྲུང་སྐྱོབ་དང་སྨྲ་བརྗོད་རང་དབང་ངོ་མ་ཞིག་མེད་པའི་ཐོག་ལ། ཞི་དྲག་ཅི་རིགས་ཀྱི་བཙན་འཛུལ་དང་གནོན་ཤུགས་རྒྱུན་མར་ཐེབས་པས་རེད། དེའི་འབྱུང་རྩའི་ཆུ་རྒྱུན་གྱེན་འདེད་བྱས་ན་༡༩༥༠ ལོ་ནས་བཟུང་རིམ་བཞིན་རྒྱ་ནག་གུང་དམག་གིས་གངས་ཅན་བོད་ལྗོངས་ཆེན་མོར་དངོས་ཤུགས་བརྒྱུད་གསུམ་ནས་ཞི་དྲག་གི་བཙན་འཛུལ་དང་སྒྱུར་བཀོད་ཀྱི་སྲིད་བྱུས་རབས་དང་རིམ་པར་སྤེལ་བར་ཐུག་ཡོད། དེ་བས་བོད་ཀྱི་གནད་དོན་འདི་རྒྱ་ནག་སྲིད་གཞུང་གིས་ནམ་ཞིག་ལ་ངོས་འཛིན་ཡང་དག་ཅིག་གནང་ནས་ཐག་གཅོད་གཙང་མ་ཞིག་མ་བྱས་བར་ལ་གནས་ངེས་པར་མ་ཟད། ད་མུས་བཞིན་ལོ་རྒྱུས་ཀྱི་ནག་ཉེས་ཁས་མི་ལེན་པར་མ་ཟད་བོད་རྒྱ་ཆེའི་མི་དམངས་ཀྱི་བསམ་འདུན་དང་ཁ་གཏད་དུ་ལངས་པའི་བྱེད་ཐབས་འདི་རིགས་ཀྱིས་ལྷག་པར་དུ་ཡང་བོད་ཀྱི་གནད་དོན་འདི་ཚབས་ཇེ་ཆེ་དང་རྒྱ་ཇེ་ཆེར་གཏོང་རྒྱུ་ལས་མ་འདས་ལ། དེའི་བྱུས་ཉེས་ཡོད་ཚད་རྒྱ་ནག་སྲིད་གཞུང་དང་དེའི་ཕྱོགས་གཏོགས་དམར་ཤོག་ཚོགས་མི་ཡོད་ཚད་ཀྱིས་བྱས་དང་བྱེད་བཞིན་པ་ཞིག་ཡིན་པ་ངོས་ཟིན་དགོས། བོད་མི་མང་པོ་ཞིག་རྒྱ་ནག་སྲིད་གཞུང་ཙམ་མིན་པར་རྒྱ་རིགས་མི་མང་ལ་ཡང་མི་དགའ་བར་རྒྱུ་མཚན་ཡོད། གཅིག་ནས་གུང་དམག་དང་དམར་ཤོག་ཚོགས་མི་ཕལ་མོ་ཆེ་བ་རྒྱ་རིགས་ཡིན་པ་དང། གཉིས་ནས་རྒྱ་རིགས་ལས་བྱེད་པ་དང་ཤེས་ཡོན་ཅན་མང་པོས་བོད་ལ་དོན་ཕན་ཅན་གྱི་ལས་དོན་མི་སྒྲུབ་པར་མ་ཟད་བོད་འདི་ཁོ་ཚོའི་ལོངས་སྤྱོད་ཙམ་དུ་ངོས་འཛིན་པ། གསུམ་ནས་ལ་བོད་མི་ལ་མཐོང་ཆུང་དང་བོད་ཀྱི་བདེན་དོན་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་ཧ་ཅང་ཉུང་བ་སོགས་ཀྱི་ཤུགས་རྐྱེན་གྱིས་ཡིན། ཕྱོགས་གཉིས་ནས་ང་ཚོས་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་འདི་ཡང་གླེང་དགོས་པ་སྟེ། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་ཉིད་ནི་དེ་སྔའི་བོད་གཞུང་རྙིང་པའི་ངོ་བོ་རིམ་འཕེལ་གྱི་བོད་ཀྱི་དམངས་གཙོའི་སྒྲིག་འཛུགས་མཐོ་ཤོས་དེ་ཆགས་ཡོད་པར་མ་ཟད། གཞིས་ལུས་རྒྱ་ཆེའི་བོད་མི་དམངས་ཀྱིས་རེ་ལྟོས་དང་བློ་གཏད་བྱེད་ས་ཞིག་ཆགས་ཡོད། ད་དུང་འཛམ་གླིང་གི་མི་རིགས་ཁག་དང་ཚོགས་སྡེ་དང་སྲིད་གཞུང་ཁག་ནས་ཀྱང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཇེ་གསལ་དང་ཇེ་ཆེར་འགྱུར་བཞིན་ཡོད། ཡང་གཅིག་བཤད་ན་རྒྱ་ནག་དབུས་གཞུང་གིས་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་དང་ངོ་རྒོལ་བྱེད་སའི་བོད་ཀྱི་སྒྲིག་འཛུགས་ནུས་ལྡན་ཞིག་ཏུ་གྱུར་ཡོད། འདི་ལྟར་དགྲ་གཉེན་གཉིས་ཀྱི་ཕྱོགས་ནས་བསམ་ན་ང་རང་ཚོའི་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་འདིའི་ངོ་བོ་དང་རིན་ཐང་ནི་སྤྱིར་བཏང་བ་ཞིག་མིན་པ་གསལ་བོར་རྟོགས་ཐུབ་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་འདི་ཉིད་དཔེར་བཞག་ན་ན་སོ་དར་ལ་འབབ་བཞིན་པའི་སྐྱེས་བུ་འཇོན་ཐང་ཅན་ལྟ་བུ་ཞིག་རེད། དེས་ན་ཕོ་རྒོད་པོ་དེ་ཡང་ཕ་མའི་བྱམས་སྐྱོང་ལ་རག་ལས་པ་བཞིན་དུ། ༸གོང་ས༸སྐྱབས་མགོན་ཆེན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཐབས་མཁས་ཐུགས་རྗེའི་རླབས་ཆེན་གྱི་གཟིགས་སྐྱོང་ལ་བརྟེན་ནས་ད་གཟོད་ད་ལྟའི་བོད་ཀྱི་གནས་བབ་འདི་འདྲ་ཞིག་ཆགས་པར་ང་ཚོས་བསམ་ཤེས་ཐུབ་དགོས་ངེས་ཤིག་རེད་ལ། དེ་བཞིན་དུ་ཁོང་གི་རླབས་ཆེན་གྱི་ལམ་སྟོན་དགོངས་གཞི་ལས་མ་འདས་པར་མུ་མཐུད་ཤར་སྐྱོད་གནང་དགོས་པའང་གསལ་རྟོགས་ཐུབ་དགོས་སོ། གཉིས་པ། ང་ཚོས་གླེང་དགོས་པའི་གནད་དོན་གཞན་ཞིག་ནི་མི་རིགས་སོ་སོའི་ཤེས་ཡོན་ཅན་སྤྱི་དང་ལྷག་པར་དུ་ཡང་སྔ་ཕྱི་བར་གསུམ་དུ་རྒྱ་ནག་སྲིད་གཞུང་གི་བཀག་སྡོམ་སྲིད་བྱུས་འོག་ན་མནར་གཅོད་སྣ་ཚོགས་མྱངས་དང་མྱོང་བཞིན་པའི་བོད་རྒྱ་ཡུ་གུར་སོགས་མི་རིགས་ཁག་གི་འགོ་ཁྲིད་དང་ཤེས་ཡོན་ཅན་རྣམ་པའི་ལྟ་སྤྱོད་དང་ཆིག་སྒྲིལ་སྐོར་རེད། ཁོང་ཚོའི་གྲས་ཀྱི་ལ་ལ་ཞིག་མི་རིགས་སོ་སོའིི་ལ་རྒྱ་ལྡན་པའི་ཤེས་ཡོན་པ་དང། ལ་ལ་ཞིག་མི་རིགས་ཀྱི་སློབ་སྟོན་པ། ལ་ལ་ཞིག་མི་རིགས་ཀྱི་དཔའ་རྒོད། ལ་ལ་ཞིག་མི་རིགས་ལས་ཀྱང་འདས་པའི་རྒྱལ་སྤྱིའི་རིང་ལུགས་པ་བཅས་ཡིན། དཔེར་ན་ནའོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱའི་རྩོམ་པ་པོ་ལིག་ཞོ་པའོ་དང་། ཡུ་གུར་བ་ལྕམ་རེ་སྦི་ཡ་ཁཱ་ཌིར། བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལྟ་བུ་སོགས་གྲགས་ཅན་གྱི་མི་སྣའང་མི་ཉུང་བ་ཞིག་ཡོད། ང་ཚོས་ཁོང་ཅག་མིག་དཔེར་ལྟ་བ་དང་གོང་དུ་བཀུར་ནས་དྲང་བདེན་སྐྱོང་བའི་སྙུག་ཐོགས་པ་ཞིག་བྱེད་དགོས་པར་མ་ཟད་མི་རིགས་འདྲ་མཉམ་གྱི་ཁྱིམ་གཞི་ཆེན་པོའི་བསམ་རྒྱ་སྐྱེད་དགོས། ང་ཚོས་ནམ་རྒྱུན་དུ་ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་མཐུན་སྒྲིལ་ཤུགས་ཆེར་གླེང་བ་ལས་རྒྱ་སོག་ཡུ་གུར་དང་བཅས་པའི་མི་རིགས་ཁག་གི་ཆིག་སྒྲིལ་གྱི་ངོ་རྒོལ་སྟོབས་ཤུགས་སྐོར་གླེང་ཐུབ་ཀྱིན་མེད། རྩི་ཤིང་བསྡམས་ན་གདུང་མ་ཟེར་བའི་དཔེ་འདི་ལག་ལེན་བསྟར་དགོས་ན། གོང་དབུ་ཁྲིད་རྣམ་པ་དང་བར་གྱི་ཚོགས་སྡེ་ཁག་དང་འོག་གི་མི་དམངས་དཀྱུས་མ་བཅས་ནས་མི་རིགས་ཁག་སོ་སོའི་དུས་ཆེན་ལ་མཉམ་ཞུགས་དང་གདུང་སེམས་མཉམ་སྐྱེད་བྱེད་པ། ཞི་རྒོལ་གྱི་ལས་འགུལ་རིགས་མཉམ་སྤེལ་གནང་དགོས་པ་ཞིག་རེད།  མི་རིགས་རིས་མེད་དང་ཆོས་ལུགས་རིས་མེད་ཀྱི་འཛམ་གླིང་ཞི་བདེའི་དེད་དཔོན་༸རྒྱལ་བ་ཡིད་བཞིན་ནོར་བུའི་མཛད་འཕྲིན་འོད་སྟོང་འཕྲོ་བ་འདིའི་འོག་ནས་རྒྱལ་སྤྱིའི་མི་སྣ་གལ་ཆེན་དང་ཚོགས་སྡེ་དུ་མ་ཞིག་གི་བདེན་པའི་རྒྱབ་ལངས་པ་མང་དུ་འགྲོ་བ་དང་དུས་མཚུངས་ང་ཚོས་ཀྲུང་གོ་མི་དམངས་ལ་ཡང་ལག་འཇུ་གཏོང་བའི་འགོ་ཚུགས་ཡོད། འདིའི་གཞོགས་འདེགས་སུ་ཤེས་ཡོན་ཅན་གྱི་མི་སྣ་སྒེར་བ་དང་རྩོམ་པ་པོའི་མཐུན་ཚོགས་ཁག་བཅས་ལ་འགན་ཡོད་ལ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འདིས་ཀྱང་མཉམ་སྦྲེལ་གྱི་འགན་ཆེ་ཙམ་འཁུར་འོས་པ་ཞིག་རེད། རྒྱ་ནག་གཞུང་དང་ཞི་མོལ་ཡོང་བའི་མཐུན་རྐྱེན་གལ་ཆེ་ཤོས་ཀྱང་རྒྱ་ནག་མི་དམངས་ཀྱིས་བོད་དོན་ལ་བསམ་ཤེས་རྒྱབ་སྐྱོར་ཡོང་རྒྱུ་འདི་རེད། དེ་བས་ང་ཚོར་མི་རིགས་ཁག་གི་གཟུར་གནས་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བའི་འཐབ་མོ་བ་གང་མང་ཞིག་མཁོའོ། གསུམ། བོད་ཀྱི་གནད་དོན་དང་འབྲེལ་བའི་ཕན་གནོད་གཞན་ཞིག་ནི་བོད་གཞིས་བྱེས་གཉི་གའི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་བྱ་སྤྱོད། འོས་འགན་དང་ནུས་པའི་སྐོར་དག་རེད། ང་ཚོའི་ཤེས་ཡོན་ཅན་གྱི་མི་སྣ་སྤྱི་དང་ལྷག་པར་རྩོམ་པ་པོ་རྣམ་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཁོངས་མིའི་ནང་གི་འོས་འགན་ལེགས་སྒྲུབ་བྱེད་མཁན་གྱི་དཔུང་སྡེ་ཆུང་ཤོས་དང་ནུས་པ་ཆེ་ཤོས་ཤིག་ཡིན་པར་འདོད། སྤྱི་ཚོགས་ལ་ཕན་ནུས་ཆེ་ཙམ་འདོན་སྤེལ་བྱེད་རྒྱུ་ནི་ང་ཚོ་ཤེས་ཡོན་ཅན་ཡོངས་ཀྱི་འགན་འཁྲི་ཞིག་ཡིན། ཤེས་ཡོན་ཅན་ཟེར་བ་ཡང། ལས་རིགས་སྣ་ཚོགས་ནང་གི་སློབ་སྦྱོང་གང་ལེགས་ཡོད་པའི་མི་རྣམས་ལ་ངོས་འཛིན་དགོས། དཔེར་ན། བླ་མ་དང་དགེ་བཤེས། དགེ་རྒན་དང། རྩོམ་པ་པོ། ཞིབ་འཇུག་པ། ལོ་ཙཱ་བ། སྒྱུ་རྩལ་པ། ལག་རྩལ་མི་སྣ་སོགས་ཆེད་གཉེར་གྱི་ཤེས་བྱ་ཡོད་པའམ་ཆེད་ལས་མི་སྣ་ཡོངས་ལ་གོ་འོས། ངས་མཐོང་སྣང་ལ་བོད་ནང་དུ་ཆོས་སྲིད་ཟུང་སྦྲེལ་གྱི་སྲིད་ལུགས་སམ་ཆོས་སྲིད་མཉམ་སྤྱོད་ཀྱི་མི་ཚེའི་སྐོར་ལ་འགལ་འདུའི་ལྟ་ཚུལ་བྱུང་བ་དང་ལྷན་དུ་སྤྱོད་ཚུལ་གྱི་ཆ་ནས་ཀྱང་ཅུང་མི་ལེགས་པའི་རྣམ་འགྱུར་རེ་ཐོན་ཡོད་ན་ཡང་རིམ་པས་ཞི་འཇམ་དུ་འགྱུར་བཞིན་པ་དང། ལྷག་པར་དུ་ཡང་ལོ་ཤས་རིང་ལ་སྲིད་འབྱོར་རིག་གསུམ་གང་ཐད་ནས་རང་སྐྱོང་གི་བདག་དབང་རྩོད་ལེན་གྱིས་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས་གངས་ཅན་ལྗོངས་ལ་ཞི་བདེའི་དཔལ་ཡོན་གསར་བ་ཞིག་བསུ་བའི་གཞི་རྩའི་བསམ་བློ་གཅིག་ཏུ་འབྲེལ་བའི་ཐོག་ནས་དང་རྒྱ་ནག་དབུས་གཞུང་ལ་ཡང་རྒོལ་གཏམ་གཏོང་བའི་སྤྱོད་ཚུལ་མངོན་གསལ་དུ་འགྱུར་བཞིན་པ་འདི་དག་ནི་བོད་དོན་བདེན་མཐའ་གསལ་ནུས་ཀྱི་མངོན་རྟགས་ཤིག་རེད། ད་ལྟའི་སྐྱབས་བཅོལ་བོད་མིའི་ཤེས་ཡོན་ཅན་རྣམ་པ་ཡང་གཞི་རྩའི་མི་རིགས་རང་གཅེས་དང་མི་རིགས་རང་བཀུར་གྱི་འདུ་ཤེས་གཅིག་ན་ཡང་བོད་རང་བཙན་རྩོད་ལེན་དང་བོད་རང་སྐྱོང་རྩོད་ལེན་གྱི་ཆབ་སྲིད་ཀྱི་དམིགས་རེ་མི་མཐུན་པ་དང། གྲོས་ཚོགས་ཀྱི་འཐུས་མིའི་གྲུབ་ཆ་དང་འབྲེལ་བའི་ཆོས་སྲིད་ཟུང་སྦྲེལ་གྱི་རྣམ་པའི་ཆ་ནས་འདོད་མི་འདོད་དང། ཤེས་ཡོན་སྲིད་བྱུས་གསར་བར་ངོས་ལེན་ཐུབ་མིན། འཚེ་མེད་ཀྱི་དཔལ་འབྱོར་ལམ་ལུགས་འོས་མིན། བོད་མི་རྣམས་སླར་ཡང་སྐྱབས་བཅོལ་གཉིས་པར་བློ་ཁ་ཕྱོགས་ཚུལ་འདི་འགྲིག་མིན། བོད་རྒྱ་མཛའ་འབྲེལ་གྱིཚོགས་པ་གསར་འཛུགས་སོགས་ཀྱི་ཐབས་ཚུལ་དགོས་མིན། ད་ལྟའི་བོད་མིའི་སྒྲིག་འཛུགས་འདིའི་ངོ་བོ་དང་རིན་ཐང་ཐད་ལ་ཡང་ལྟ་ཚུལ་དང་འགྲེལ་ཚུལ་མི་འདྲ་བའི་རྣམ་འགྱུར་མངོན་གསལ་ནས་ཤུགས་ཆེན་དུ་འགྱུར་བཞིན་པའི་སྣང་ཚུལ་འདི་དག་གིས་ཕྱོགས་གཅིག་ནས་རང་དབང་དམངས་གཙོའི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་མངོན་ན་ཡང་ཕྱོགས་གཞན་ཞིག་ནས་མཛུབ་མོ་ལྔ་བཅངས་ཡོང་དཀའི་ནང་འགལ་གྱི་སྐྱོན་ཆ་དེ་ཡང་མཚོན་གྱིན་ཡོད། དེང་སང་གི་ཚོགས་སྡེ་ཁག་གི་ཁ་ལོ་བ་ཕལ་ཆེ་བ་གཞོན་སྐྱེས་ཤེས་ཡོན་ཅན་ཚོ་ཆགས་ཀྱིན་ཡོད་ལ། ཁོ་ཚོའི་ལྟ་སྤྱོད་ཀྱི་ཆ་ནས་ཤུགས་རྐྱེན་ཡང་མི་ཆུང་བ་རེ་ཐོན་གྱིན་ཡོད། ལྷག་པར་དུ་སློབ་མ་མང་པོ་ཞིག་བོད་ཀྱི་རིག་གཞུང་གི་གཞི་རྩའི་ཤེས་ཡོན་གྱི་རྨང་གཞི་མེད་པའི་ཐོག་ལ་རྒྱལ་སྤྱི་དང་རྒྱ་ནག བོད་བཅས་ཀྱི་གནས་བབ་མི་ཤེས་པས་རྨོངས་སྐྱོད་རྗེས་འཇུག་པ་ཆགས་ཀྱིན་ཡོད། གནད་དོན་འདིའི་ཆ་ནས་བསམ་ན་སློབ་མ་རྣམས་སྲིད་དོན་པའི་ལྟ་སྤྱོད་ཀྱི་རྗེས་སུ་འཇུག་པར་ཚོད་འཛིན་བྱེད་འོས་པ་ཞིག་རེད། སྤྱིར་སྤྱི་ཚོགས་ཤིག་ལ་འགལ་འདུའི་སྣང་ཚུལ་ཅི་རིགས་ཡོད་ན་ཡང། འགལ་འདུ་ནི་སྤྱི་ཚོགས་ཤིག་ལ་ངེས་པར་ཡོད་དགོས་པ་ཞིག་གཏན་ནས་མིན། ལྷག་པར་དུ་ཡང་ཛ་དྲག་དང་ཉེན་ཁའི་གནས་སུ་ལྷུང་བའི་ང་ཚོའི་མི་རིགས་ལ་མཚོན་ན་ཆེས་མཁོ་བ་ནི་དམིགས་རེ་གཅིག་གྱུར་དང་ནུས་པ་ཆིག་སྒྲིལ་དགོས་པ་དེ་ཡིན། མི་རིགས་ཀྱི་འཐབ་རྩོད་ནི་མི་རིགས་རང་གི་འདོད་འདུན་གྱིས་ཐག་གཅོད་དགོས་པ་ལས་གང་ཟག་བྱེ་བྲག་པ་དང་ཚོགས་སྡེ་ལ་ལ་ཞིག་གིས་དབང་སྒྱུར་བྱེད་མི་འོས། འོན་ཀྱང་མི་རིགས་ཀྱི་འཐབ་རྩོད་ལ་མི་རིགས་རང་ཉིད་ཀྱིས་དད་མོས་སམ་གོང་བཀུར་བྱེད་པའི་བླ་མེད་ཀྱི་དབུ་ཁྲིད་ཅིག་ངེས་པར་མཁོ། ཆ་རྐྱེན་འདིའི་ཐད་ནས་ང་ཚོར་ངོམས་སུ་ཆོག་པའི་གཙོ་འཛིན་ཞིག་བཞུགས་བཞིན་པ་རེད། ད་བར་དུ་མི་རིགས་སུ་ཞིག་ལ་ཡང་འདི་ལྟ་བུའི་དད་བཀུར་ཐོབ་པའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་ཅིག་བྱུང་མེད་པར་འདོད། འོན་ཀྱང་དེང་སང་གི་རང་རེའི་ཤེས་ཡོན་ཅན་གྱི་མི་སྣ་ཉུང་ཤས་ཤིག་དང་དེ་དག་གི་རྗེས་འབྲང་བ་མི་ཉུང་བ་ཞིག་གིས་རླབས་ཆེན་གྱི་དབུ་ཁྲིད་ཁོང་གི་མཛད་སྤྱོད་དག་ལོག་པར་མཐོང་བ་མ་ཟད་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱེད་ཀྱིན་ཡོད། དེ་ཡང་ཁོང་ཚོས་གཅིག་ནས་དབུ་མའི་ལམ་སྟེ་བོད་ཆོལ་གསུམ་ཡོངས་རྫོགས་མི་རིགས་ས་ཁོངས་རང་སྐྱོང་གཅིག་གི་འོག་ལ་འདུ་བའི་སྲིད་བྱུས་འདི་ནི་བོད་མི་དམངས་ཀྱི་མངོན་འདོད་མིན་པར་སྒྲོགས་པ་དང། གཉིས་ནས་བོད་རྒྱ་ཞི་མོལ་གྱི་ཐབས་ཚུལ་འདི་སྟོང་བསམ་ཡིན་པར་སྨྲ་བ། གསུམ་ནས་བླ་མས་སྲིད་ཀྱི་དབུ་ཁྲིད་མི་ནུས་པ་བསམ་གྱིན་ཡོད།  མི་རིགས་གང་ཞིག་གི་མངོན་འདོད་ངོ་མ་དེ་མི་རིགས་རང་ཐག་རང་གཅོད་ཀྱི་གོ་སྐབས་བཟང་པོ་ཞིག་ནམ་ཞིག་མ་བྱུང་བར་དུ་སྒུག་དགོས་པ་ཞིག་དང། ཡང་ན་མི་དམངས་བྱིངས་ཀྱི་ངོ་རྒོལ་གྱི་འབོད་སྒྲ་སོགས་ལས་གསལ་རྟོགས་ཐུབ། ང་ཚོར་ད་དུང་ཡང་གནས་བབ་འདི་གཉིས་ཀྱི་གང་ལ་ཡང་སླེབས་མེད། དེ་བས་སུས་ཀྱང་མཐའ་གཅིག་ཏུ་བརྒྱ་ཆས་ཐག་གཅོད་བྱེད་མི་ཐུབ་པ་ཞིག་རེད། ཡིན་ན་ཡང་ང་ཚོའི་བོད་མི་རིགས་འདིས་ཚེ་འདི་ཕྱིའི་ལམ་སྟོན་དང་མགོན་སྐྱབས་ནི་བླ་མ་ཉིད་ཡིན་པར་འདོད་ཅིང་ལྷག་པར་དུ་ཡང་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ནི་སངས་རྒྱས་དངོས་སུ་མཐོང་ཞིང་བཀུར་བས་ན་ཁོང་གིས་ལམ་སྟོན་ཅི་གནང་ལ་ཉུང་མཐར་ཡང་བོད་མི་བརྒྱ་ཆའི་དགུ་བཅུས་ཤར་སྐྱོད་བྱེད་རྒྱུ་ཡིན་པར་ཐེ་ཚོམ་མེད་པ་ཞིག་རེད། ཡང་གཅིག་བཤད་ན་ལམ་མཁན་ཞིག་གིས་ལམ་འཁྲིད་གནང་རྒྱུ་དེ་ནི་རང་གི་འོས་འགན་དང་ནུས་པ་གཉིས་ཀ་ཡིན་པ་བཞིན་༸རྒྱལ་བ་ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེའི་མཛད་པ་འདི་དག་ནི་ཆེས་ཡང་དག་དང་ནུས་ལྡན་ཞིག་ཆགས་ཡོད། བླ་མས་སྲིད་སྐྱོང་མི་ཤེས་པའམ་མི་འཇོན་པར་འདོད་པ་དེ་ཡང་མཐའ་གཅིག་ཏུ་བདེན་པ་ཞིག་མིན་པ་ས་པཎ་དང་འགྲོ་མགོན་འཕགས་པ། ༸གོང་ས་ལྔ་བ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོ། བཅུ་བཞི་བ་ཆེན་པོ་འདི་དག་གིས་ར་སྤྲོད་ཐུབ་པ་ཞིག་རེད། ལྷག་པར་དུ་ཡང་ཆོས་ལྡན་བོད་འདིར་མཚོན་ན་བླ་དཔོན་མཆོག་གྱུར་ཅིག་གིས་ལུགས་གཉིས་ཀྱི་དབུ་ཁྲིད་བླ་མེད་ཅིག་གནང་ཐུབ་ངེས་ཡིན་པ་མཐོང་ཆོས་སུ་གྲུབ་པ་འདི་རེད། མདོར་ན། ༸གོང་ས་བཅུ་གསུམ་པ་ཆེན་པོའི་བཀའ་དགོངས་ལམ་སྟོན་དག་ནི་སྐབས་དེའི་ནད་བཅོས་སྲོག་སྐྱོབ་ཀྱི་མཛད་པ་རླབས་ཆེན་ཞིག་ཡིན་ན་ཡང་དེ་དུས་ཀྱི་བཀའ་ཤག་གིས་གཙོས་འབྲེལ་ཡོད་དབང་ཆེན་རྒན་རབས་པ་ཚོའི་མ་རྟོགས་ལོག་རྟོག་དབང་གིས་ལག་བསྟར་མ་ཐུབ་པར་ང་ཚོར་དུས་འགྱུར་གྱི་ཆག་སྒོ་ཡ་ང་བ་དེ་བྱུང་བ་རེད། བོད་མི་རིགས་དང་རྒྱལ་ཁབ་ལ་མཚོན་ན་དེ་ནི་དེ་ནི་ཕམ་ཉེས་ཆེ་ཤོས་དང་འགྱོད་གདུང་ཚད་མེད་དེ་རེད། དེ་བཞིན་དུ་ང་ཚོའི་དེང་རབས་ཤེས་ཡོན་ཅན་ལ་ལ་དང་གཞོན་སྐྱེས་བསམ་བློ་མ་སྨིན་པ་མང་དག་ཅིག་ཁོང་གི་ལམ་སྟོན་ལྟར་འཇུག་ལྡོག་མ་ནུས་མུ་མཐུད་ལྡོག་ཕྱོགས་སུ་ཆས་ཚེ་ནམ་ཞིག་ལ་སླར་ཡང་བློ་ཡུལ་ལས་འདས་པའི་ཕམ་ཉེས་ཤིག་འབྱུང་ཉེན་ཆེའོ། བཞི༽ བོད་གཞུང་དམངས་དང་བཅས་པར་གཞེན་སྐུལ་གསུམ།  གཅིག་ནས་བོད་ཀྱི་སྲིད་དོན་འཕོ་འགྱུར་གྱི་བྱུང་རབས་ཐད་གཞུང་འབྲེལ་གྱི་ཡིག་ཆ་ཞིག་གཏན་འབེབ་གནང་དགོས། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འདིས་རང་གི་བྱུང་རབས་གསལ་བོ་ཞིག་གཞིས་བྱེས་མི་དམངས་ལ་ངོ་སྤྲོད་ཐུབ་པའི་ཆེད་དུ་མ་ཟད་སྲིད་དོན་བྱུང་རབས་ཀྱི་ཆ་ནས་ཀྱང་གནད་འགག་ཅིག་ཆགས་ཡོད། དེ་ཡང་ཐོག་མའི་བོད་བཙན་པོའི་སྐབས་ཀྱི་ཐུ་བྷོད་རྒྱལ་ཁབ་ཆེན་པོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བར་དང། ཐ་མར་བཙན་བྱོལ་དམངས་གཙོའི་བོད་གཞུང་ཞིག་ཆགས་པའི་རིམ་པ་ནས་དེ་རིང་གི་བོད་མིའི་སྒྲིག་འཛུགས་ཞེས་པའི་བར་གྱི་འཕེལ་འགྲིབ་བམ་འཕོ་འགྱུར་དག་ཚང་དགོས། གཉིས་ནས་ང་རང་ཚོའི་སྲིད་ལུགས་ཀྱི་གོ་རྟོགས་སྤེལ་དགོས། དེ་ཡང་གཙོ་བོ་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྟངས་ནས་ད་བར་གྱི་འགྱུར་འགྲོས་དང་ངོ་བོ་གང་འདྲ་ཞིག་ཡིན་པ་གོང་རིམ་ནས་གསལ་བཤད་གནང་དགོས་ལ་འོག་རིམ་ནས་སློབ་སྦྱོང་ཡང་བྱེད་དགོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དབང་ཚད་དང་ཁྱབ་ཚད། འགན་ནུས་དང་ངོ་བོ་བཅས་གསལ་རྟོགས་མ་ཐུབ་བར་དུ་ང་རང་ཚོའི་གཞུང་ངམ་སྒྲིག་འཛུགས་འདིའི་ངོ་གདོང་ངོ་མ་ཡང་མཐོང་དཀའ་བ་ཞིག་རེད། གསུམ་ནས་ཚོགས་སྡེ་ཁག་ནང་ཁུལ་འདུམ་འགྲིག་གི་ཐབས་ལམ་འཚོལ་དགོས། དེའི་འགན་གཙོ་བོ་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ལ་རག་ལས་ཡོད། གནད་དོན་འདི་ཁ་གསལ་བོར་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གཉིས་ཀྱིས་གཙོས་འདི་གཉིས་ཀྱི་ཕྱོགས་གཏོགས་དང་བཅས་པ་ཚང་མས་ཕྱོགས་གཉིས་ཀྱི་ཚོགས་མིའམ་མི་དམངས་བསྡུ་སྐོང་གིས་ཕན་ཚུན་སེམས་ཐག་ཉེ་བོའི་ཐོག་ནས་སོ་སོའི་ལྟ་བ་དང་ལས་འགུལ་སྤེལ་ཕྱོགས་སོགས་གསལ་བཤད་དང་བགྲོ་གླེང་སྦྱང་བཤད་ཡང་ཡང་གནང་དགོས། ང་ཚོས་དགྲ་ཕྱོགས་ལའང་སེམས་ཐག་ཉེ་བོ་གནང་ཐུབ་ན་རང་རིགས་ནང་ཁུལ་ལ་ལག་པ་གཏོང་མི་ཐུབ་དོན་མེད། ཐབས་ལམ་འདིས་ཚོགས་སྡེ་སོ་སོའི་བར་གྱི་མ་མཐོང་ལོག་མཐོང་གི་འགལ་བ་དག་ཇེ་ཉུང་ལ་འགྲོ་བ་དང་ལྷག་པར་མི་དམངས་ཀྱི་བསམ་བློའི་གོ་རྟོགས་སྤེལ་རྒྱུར་དགེ་མཚན་ཆེན་པོ་ཡོད། མཇུག་མཐར། ང་ཚོའི་ཚོགས་ཆེན་འདིར་བགྲོ་གླེང་གང་ལེགས་ཡོང་བ་དང་རྒྱུན་ལས་གསར་བ་གང་ལེགས་རེ་ཐོན་ཐུབ་པའི་རེ་བ་དང་བཅས་ང་ཚོའི་ལས་དོན་ཡོད་ཚད་ཀྱང་༸རྒྱལ་བ་ཡིད་བཞིན་ནོར་བུའི་མཛད་པ་རྒྱས་པའི་རོགས་སུ་འགྱུར་བའི་སྨོན་ལམ་འདེབས་སོ།། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས། ༢༠༡༢།༩།༢༡

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་བརྡ་ཁྱབ།


༄༅།།བཀུར་འོས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གསར་རྙིང་རྣམ་པ།  ཤེས་གསལ་བཞིན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཉིད་༡༩༩༩ ལོར་རྒྱ་གར་རྡ་རམ་ས་ལར་དབུ་བརྙེས་པ་དང་༢༠༠༢ ལོར་རྒྱལ་སྤྱིའི་པེན་ནང་ལ་ཞུགས་པའི་མཚན་མཐོང་ཅན་གྱི་ཚོགས་སྡེ་ཞིག་ཡིན། ད་ལྟའི་ཆར་ཚོགས་མི་བརྒྱད་ཅུ་ལྷག་ཡོད།  ང་ཚོ་སྐབས་གསུམ་པའི་རྒྱུན་ལས་རྣམ་པའི་ལོ་གསུམ་གྱི་དུས་ཡུན་རྫོགས་ལ་ཉེ་བས་སྐབས་བཞི་བའི་རྒྱུན་ལས་གསར་འདེམས་དང་འབྲེལ་བའི་ཚོགས་ཆེན་ཞིག་འདི་ལོའི་ཟླ་༩བའི་ཚེས་༢༡་ནས་༢༣བར་ལ་འཚོགས་རྒྱུ་ཡིན་པས་ཐག་ཉེ་རིང་གི་ཚོགས་མི་རྣམ་པ་གང་མང་ཚོགས་ཞུགས་གནང་ཐུབ་རྒྱུར་བརྡ་ཁྱབ་འདི་སྤེལ་བ་ཡིན།

ཚོགས་ཆེན་གྱི་བགྲོ་གླེང་ནང་དོན་གནད་བསྡུས།

༡༽ བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ།

༢༽ བཙན་བྱོལ་བོད་ཀྱི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ།

༣༽ བོད་ཀྱི་རྩོམ་རིག་གོང་སྤེལ་དང་རྩོམ་པ་པོ་གསོ་སྐྱོང་སྐོར་གླེང་བ།

༤༽ བོད་ནང་གི་ཞི་རྒོལ་རིམ་བྱུང་གི་འཕེལ་རིམ་དང་དོན་སྙིང་སྐོར་གླེང་བ།

༥༽ ཁྲིམས་ཆད་ཕོག་པའི་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར་གླེང་བ།

༦༽ བོད་རྒྱ་སོག་ཡུ་གུར་དང་བཅས་པའི་རྩོམ་པོ་པོའི་མཉམ་འབྲེལ་དང་འོས་འགན་སྐོར།

༧༽ པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡར་རྒྱས་གཏོང་ཐབས་སྐོར་གླེང་བ།

གོང་གསལ་བརྗོད་གཞི་རྣམས་ལ་མཁས་དབང་དང་ཆེད་མཁས་པ། ཉམས་ཞིབ་པབཅས་ལས་ཁ་གཏད་རང་བཞིན་གྱི་བགྲོ་གླེང་བ་གཉིས་རེ་འཚོལ་རྒྱུ།
ཚོགས་ཆེན་དང་འབྲེལ་བའི་འགྲོ་སོང་ཁག

༡༽ ཚོགས་ཆེན་གྱི་སྔོན་འགྲོའི་ཡིག་ཆ་དཔར་སློག་སོགས་ཀྱི་ཙག་ཙིག་འགྲོ་སོང་ཁག་ལ་ཧིན་སྒོར་དྲུག་སྟོང་ལྷག (ཡུ་སྒོར། ༡༠༠ཙམ)

༢༽ ཉིན་གསུམ་གྱི་ཚོགས་ཁང་གཡར་གླ་ཧིན་སྒོར་དྲུག་སྟོང་ལྷག (ཡུ་སྒོར། ༡༠༠ཙམ)

༣༽ རྒྱ་བལ་ཁག་གི་ཚོགས་ཞུགས་པ་ཉི་ཤུ་ཙམ་གྱི་ལམ་གྲོན་ལ་མི་རེར་ཆ་སྙོམ་ཧིན་སྒོར་༡༥༠༠ལྟར་བརྩིས་ན་ཁྱོན་སྒོར་༣༠༠༠༠། (ཡུ་སྒོར་༤༧༠ ཙམ)

༤༽ ཉིན་གསུམ་རིང་གི་གསོལ་ཚིགས་ལ་མི་རེར་ཉིན་རེར་ཧིན་སྒོར་༣༠༠ ཙམ་ལྟར་མི་༤༠་ལ་ཕལ་ཆེར་ཧིན་སྒོར་༣༦༠༠༠། (ཡུ་སྒོར། ༥༦༠ ཙམ)

༥༽ བགྲོ་གླེང་གཏམ་བཤད་ཁག་ཕྱོགས་སྒྲིག་གི་དེབ་གྲངས་ལྔ་བརྒྱ་ཙམ་རེ་དཔར་སྐྲུན་ཐད་ལ་ཧིན་སྒོར་ཕལ་ཆེར་ལྔ་ཁྲི་ལྷག་སྟེ། (ཡུ་སྒོར་༨༠༠ཙམ)

འབྲེལ་གཏུག་ཁ་བྱང།

tibpen2002@gmail.com/

chapbrag@gmail.com/

”Kunthar Dhondup” <tthouse36@gmail.com>,

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཐུན་མོང་ནས། ༢༠༡༢།༠༨།༠༡


ལྷག་དཀར་བོད་ཀྱི་སྙན་དངགས་དགོང་ཚོགས་དང་པོ། ༢༠༡༢།༨།༡༥ (ལྷག་དཀར)


འདི་ནི་ཡུ་རོབ་ནང་གི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པས་གོ་སྒྲིག་བྱས་པའི་རང་དབང་རང་མོས་ཀྱི་སྙན་དངགས་དགོང་ཚོགས་ཤིག་ཡིན། འདིའི་ནང་ལ་སྙན་ངག་པ་དང་རྩོམ་པ་པོ། ཡང་ན་ཀློག་པ་པོའམ་སྒྱུ་རྩལ་བ་དང་སྒྱུ་རྩལ་ལས་རིགས་ལ་དགའ་མཁན་ཚང་མ་ཞུགས་ན་ཆོག

 དགོང་ཚོགས་འདིར་སྙན་དངགས་གྱེར་འདོན་དང། ཁ་ཤགས་དང་ཁ མཚར་སོགས་བཤད་པ་དང་གླུ་གར་རྩེད་འཇོ། ད་དུང་རི་མོ་འགྲེམས་སྟོན་ཡང་བྱེད་ཆོག་པས་འདི་ནི་རིག་རྩལ་དགོང་ཚོགས་ཀྱི་རྣམ་པ་ཞིག་ཡིན།

 དགོང་ཚོགས་འདི་དུས་ཚིགས་རེ་རེའི་ནང་ལ་ཐེངས་རེ་འཚོགས་རྒྱུ།

 དགོང་ཚོགས་འདིར་ཞུགས་མཁན་བོད་པ་ཚོས་བོད་ལྭ་རེ་མནབས་ཐུབ་ན་བཟང།

པེན་གྱི་ལྷག་དཀར་ལས་འགུལ་ཆེད་དཀར་ཟས་ཀྱི་བཟའ་བཅའ་བཏུང་གསུམ་གོང་ཁེ་བོར་འཚོང་རྒྱུ།

 

དགོང་ཚོགས་དང་པོ་འདུ་འཛོམས་གནང་ས། ཕ་རི་སའི་བོད་ཀྱི་དོན་གཅོད་ཁང། 

Bureau du Tibet,84 bd Adolphe,75014 Paris.(ཆུ་ཚོད་༡༩ ནས ༢༣བར)

ཚོགས་མི་རྣམ་པས་གཙོས་དགོང་ཚོགས་ལ་ཞུགས་མཁན་ཚང་མས་གོང་གསལ་ཚོགས་ཆེན་ཆེད་ཞལ་འདེབས་ཅུང་རེ་གནང་རོགས་ཞུ།

 

ཚོགས་ཆེན་སྐབས་མཐུན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་སྒྲིག་གཞི་བསྐྱར་བཅོས་སྐོར་གྱི་གཏན་འབེབ་འགའ།

 

ཀ༽ མཇུག་སྐྱོང་ལས་གཞི་ཁག་ལྔ། 

༡།པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་མུ་མཐུད་ངྷ་སར་གནས་རྒྱུ། 

༢།སྤྱི་ཚོགས་མེ་ལོང་འདོན་སྤེལ་རྒྱུན་སྐྱོང་རྒྱུ། 

༣།རྩོམ་རིག་གི་གོ་རྟོགས་སྤེལ་ཆེད་པེན་འཛིན་གྲྭ་མུ་མཐུད་རྒྱུ། 

༤།རྒྱ་གཞུང་གི་འཁྱོག་བརྗོད་རིགས་ལ་མུ་མཐུད་ལན་འདེབས་རྩོམ་ཡིག་སྤེལ་རྒྱུ། 

༥།ཤེས་ཡོན་པའི་དཔུང་ཁག་ངོས་ནས་༧གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྲིད་དབང་མི་ལོ་དྲུག་ཅུ་རེ་གཅིག་་བསྐྱངས་གནང་བར་སྐུ་དྲིན་རྗེས་དྲན་དང་བཅས་འཛམ་གླིང་ཞི་བདེའི་དཔལ་མགོན་དམ་པར་བཞུགས་རྒྱུར་བརྟན་བཞུགས་ཤིག་འབུུལ་རྒྱུར་ཞལ་བཞེས་གནང་བའི་དུས་ཚེས་གཏན་འཁེལ་བྱུང་འཕྲལ་གྲ་སྒྲིག་འཐུས་ཚང་གིས་ལེགས་སྒྲུབ་གནང་རྒྱུ།

ཁ༽ལས་འཆར་གསར་བ་ཁག་བཞི།   

༡།བོད་ནང་གི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་རྣམས་ཀྱི་སྐོར་ལ་སྙན་ཐོ་ཁ་གསལ་ཞིག་འདོན་རྒྱུ། 

༢།བོད་རྩོམ་ལེགས་བཏུས་ཀྱིས་སྐད་ཡིག་གཞན་དུ་སྒྱུར་ཐབས་ལ་བརྟེན་ནས་རོགས་དངུལ་འཚོལ་ཐབས་བྱ་རྒྱུ། 

༣།གནད་སྨིན་ལས་འཆར་བཟོས་ཏེ་རོགས་རམ་འཚོལ་ཐབས་བྱ་རྒྱུ། 

༤།ལོ་གསུམ་གྱི་རྒྱུན་ལས་འཕོ་འགྱུར་སྐབས་སུ་རྩོམ་པ་པོ་དང་རྩོམ་ཡིག་ཁག་ཅིག་ལེགས་འདེམས་ཀྱིས་བྱ་དགའ་གནང་རྒྱུ།

ག༽ ཐུགས་སྣང་གཞེན་སྐུལ་ཁག་ལྔ།   

༡།རྩོམ་པ་པོ་རྒན་རབས་དག་ཚོགས་ཁོངས་སུ་ཞུགས་ཐབས་ལ་བརྩོན་རྒྱུ།   

༢།ཚོགས་མི་ཀུན་གྱིས་འགན་འཁུར་སྟེ་མཐུན་ཚོགས་ཀྱི་དྲ་བའི་རྩོམ་སྤུས་དང་གྲངས་ཚད་ཇེ་ལེགས་སུ་གཏོང་རྒྱུ།   

༣།མཐུན་ཚོགས་ཀྱི་དྲ་རྒྱ་དང་སྤྱི་ཚོགས་མེ་ལོང་སྟེང་སྤེལ་བའི་རྩོམ་ཡིག་ལ་རྩོམ་ཡོན་འབུལ་ཐབས་ལ་བརྩོན་རྒྱུ།

༤། རྒྱུན་ལས་ནང་དུ་རྩིས་ཁྲའི་ཐད་ཕྱག་ལས་ཚད་ལྡན་གནང་ཐུབ་མཁན་མ་བྱུང་ཚེ་གཞན་ནས་འཚོལ་ཐབས་བྱ་རྒྱུ།

༥། ཚོགས་མིའི་སྤུས་ཚད་གོང་མཐོར་ཡོང་ཆེད་ཚོགས་མི་གསར་འཇུག་སྐབས་སུ་ཆ་རྐྱེན་ཚང་མིན་ལ་ཞིབ་དཔྱད་ནན་མོ་གནང་རྒྱུ།ང༽ སྒྲིག་གཞི་བསྐྱར་བཅོས་དང་གསར་སྣོན།དོན་ཚན་བཞི་བ།

སྒྲིག་གཞིའི་ཁྱབ་ཚད། སྒྲིག་གཞི་འདི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་བདུན་པ། རྒྱུན་ལས་གསར་འདེམས་དང་ལས་བགོ སྔོན་འགྲོ་དང་དངོས་གཞིའི་རིམ་པ་གཉིས་བརྒྱུད་ནས་རྒྱུན་ལས་འདེམས་དགོས། ཡོ་རོབ་གཙོས་ས་ཁུལ་གཞན་དག་ནང་བཞུགས་པའི་ཚོགས་མི་རྒྱུན་ལས་ལ་ཚུད་དགོས། ཚོགས་གཙོ་གཞོན་རྒྱུན་ལས་ནང་ཁུལ་ནས་གདམ་རྒྱུ། རྒྱུན་ལས་རྣམ་པས་རང་རང་གི་ལས་གནས་ཁག་བགོས་ཀྱིས་དབང་ཚད་གཏན་འཁེལ་བྱ་རྒྱུ།

དོན་ཚན་དགུ་བ། སྒྲིག་གཞི་བསྐྱར་བཅོས། སྒྲིག་གཞི་འདིའི་དོན་ཚན་གང་རུང་ཞིག་ལ་བསྐྱར་བཅོས་དགོས་ཚེ་ཚོགས་བཅར་བ་ངོ་ཡོད་སུམ་ཆའི་གཉིས་ཀྱི་རྒྱབ་སྐྱོར་དགོས།

༄༅།།ཡིད་བཞིན་ནོར་བུའི་མཛད་འཕྲིན་མཁའ་མཐར་ཁྱབ། གནམ་འོག་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།

 

བཀའ་སློབ་ཚན་བཤུས། “བོད་ཀྱི་རྩ་དོན་གྱི་འགན་ཁུར་ནི་བོད་མི་མཐའ་དག་གི་ལས་བསྐོས་ཀྱི་འགན་ཁུར་ཡིན་པས་ངོས་རང་ནམ་འཚོའི་བར་ཟོམ་འཇོག་བྱ་ཐབས་མེད། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་ལྷག་བསམ་སེམས་སྐྱེད་དང་པོ་དེ་ཡིན། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་ཀྱི་བདེ་སྐྱིད་འབྱུང་གཞིའི་ལྡེ་མིག་ལྟ་བུ་ཡིན། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ངའི་ལྷག་བསམ་སེམས་སྐྱེད་གཉིས་པ་ཡིན། བོད་མི་ཞིག་ཡིན་པ་དང༌། ཏཱ་ལའི་བླ་མའི་སྐྱེ་ཕྲེང་དུ་གཏོགས་པ་མ་ཟད། ཁྱད་པར་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དོ་ཁུར་བྱ་རྒྱུ་ངོས་ཀྱི་ལྷག་བསམ་ སེམས་སྐྱེད་གསུམ་པ་ཡིན་པར་རྒྱུན་དུ་ཡིད་བཅངས་བྱེད་ཀྱི་ཡོད།” “ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་སོང་བའི་དུས་ཡུན་ལ་ཕྱི་བལྟས་བྱེད་སྐབས་བཟང་ངན་གྱི་གནས་ཚུལ་མང་པོ་ཞིག་བྱུང་ཡང༌། མདོ་དོན་བོད་ཀྱི་གནད་དོན་རྩ་བརླག་ཏུ་མ་སོང་བར་རྒྱལ་སྤྱིའི་ནང་སྔར་ལྷག་དོ་སྣང་ཆེ་བའི་གནས་ཚུལ་ཞིག་ཏུ་བསྡད་ཡོད་པ་ནི་གྲུབ་འབྲས་ཆེན་པོ་ཡིན་པ་དང༌། གནས་བབ་འདིའི་ཐོག་ནས་བདེན་པ་དང༌། འཚེ་བ་མེད་པའི་ཐབས་ལམ་བརྒྱུད་འབད་བརྩོན་མུ་མཐུད་བྱེད་ན་རིང་མིན་བདེན་མཐའ་གསལ་རྒྱུར་ཐེ་ཚོམ་མེད།” ༢༠༠༩།༣།༡༠ “ནང་ཆོས་གཞི་རྩར་བྱས་པའི་བོད་ཀྱི་རིག་གཞུང་ནི་བོད་མི་ཙམ་དུ་མ་ཟད་རྒྱ་ནག་གིས་མཚོན་པའི་འགྲོ་བ་མིའི་རིགས་སྤྱི་ལའང་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན། དེར་བརྟེན་གཞིས་བྱེས་བོད་མི་ཡོངས་ནས་དངོས་པོ་འཛུགས་སྐྲུན་གྱི་ཕྱིའི་ཡར་རྒྱས་ཁོ་ནར་མགོ་བོ་མི་འཁོར་བར་ནང་རང་རེའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ལྡན་ཞིག་ཡོང་བར་བོད་མི་སྤྱི་དང༌། ལྷག་པར་ན་གཞོན་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་ཀྱིས་ཁྱད་ལས་པ་ དང༌། རིགས་གཅིག་རྐང་འཛིན་པ་གང་མང་ཐོན་ཐབས་བྱེད་གལ། མི་རིགས་སྤྱི་དང༌། ལྷག་པར་བོད་རིགས་ནང་ཁུལ་དམ་གཙང་ཆིག་བསྒྲིལ་དགོས་པ་གནད་ཀྱི་དོན་པོར་སོང་བས་དོན་ཆུང་རིགས་ལ་རྩོད་འཁྲུག་མི་བྱེད་པར་ཕན་ཚུན་བཟོད་བསྲན་བསམ་ཤེས་ཀྱིས་མཛའ་མཐུན་ལ་རྒྱ་དམ་ཟབ་ཏུ་གནས་གལ་ཆེ་བའི་སྐུལ་མ་ནན་ཏན་བྱ་རྒྱུ་ཡིན།” ༢༠༡༠།༣།༡༠ “།མཉེས་གཤིན་བྱམས་བརྩེས་སྐྱོང་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།”


ཁྲི་ལོར་ཤོགཚིག མཆོད་རྟེན།  ལེན་མཁན། ཚེ་རིང་རྡོ་རྗེ། (བོད)


༡། གངས་ཅན་ཕན་བདེའི་གཞི་མ། འཛམ་གླིང་ཞི་བདེའི་དེད་དཔོན། བླ་མ་ཡིད་བཞིན་ནོར་བུ་ཁྲི་ལོར་ཤོག༢། བྱམས་བརྩེ་ནི་རི་ལས་མཐོ། བཀའ་དྲིན་གཞལ་མཐའ་བྲལ་བའི། ཕ་མ་ཡིད་བཞིན་ནོར་བུ་ཁྲི་ལོར་ཤོག༣། འགྱུར་མེད་དམ་བཅའ་བརྟན་ཅིང། མཛའ་བརྩེ་སེམས་ཀྱིས་གཉོར་མཁན། གྲོགས་པོ་ཡིད་བཞིན་ནོར་བུ་ཁྲི་ལོར་ཤོག


༄༅། །གངས་ཅན་བོད་ཀྱི་མགོན་སྐྱབས་ཆེན་པོ། །འཛམ་གླིང་ཞི་བདེའི་དེད་དཔོན་དམ་པ །ལྷར་བཅས་འགྲོ་བའི་གཙུག་རྒྱན་ནོར་བུ། །༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་རྒྱལ་ལོ། །མིའི་རིགས་བསམ་སྤྱོད་མཐོ་རུ་སྤེལ་དང་གཅིག །རིས་མེད་ཆོས་ལུགས་མཐུན་ལམ་སྦྲེལ་དང་གཉིས། །བོད་མིའི་བདེ་སྡུག་ཐུགས་རྗེས་གཟིགས་པ་གསུམ། །ལྷག་བསམ་སེམས་སྐྱེད་མཛད་བརྒྱ་རྒྱས་གྱུར་ཅིག།ཆོས་ལྡན་བོད་ཀྱི་ཆོས་བསོད་འཕེལ་འགྱུར་ཅིང། །ནག་ཕྱོགས་དམར་པོའི་ངན་གཡོ་ཞི་བྱེད་ཀྱི། །སྐྱེ་དགུ་ཀུན་ལ་ཕན་བདེ་གསར་བའི་ལམ། །འདྲེན་མཛད་སྟོན་མཆོག་སྐུ་ཚེ་ཞབས་བརྟན་ཤོག།།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་དད་གུས་བླ་ན་མེད་པས་ཕུལ་བ་དགེ་བར་སྨོན།
།གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཀྱི། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གཞི། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། སྐུ་ཚེ་ཞབས་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །
༢༠༡༢།༧།༨། ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་འཁྲུངས་སྐར་དུས་ཆེན་མཛད་སྒོའི་ཐོག་བཀྲམ་པ་དགེའོ།།

 

ཀྲུང་གོའི་རྒྱལ་ཡོངས་མི་དམངས་ལ་བསྒྲགས་པའི་བདེན་ཚིག

 

            བཀུར་བར་འོས་པའི་ཀྲུང་གོའི་རིགས་སོ་སོའི་རྒྱ་ཆེའི་མི་དམངས་རྣམས། ཁྱེད་ཚོས་བོད་ཀྱི་འདས་པའི་ལོ་རྒྱུས་གསལ་བོ་ཞིག་ཤེས་མེད་ལ་ད་ལྟའི་བོད་ཀྱི་གནས་བབ་ངོ་མ་ཡང་ཤེས་ཀྱིན་མེད། དེ་བས་བོད་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཡང་གནང་ཐུབ་ཀྱིན་མེད་ངེས་ན་ངས་འདིར་བདེན་པའི་གསལ་འདེབས་འགའ་ཞུ་འདོད་བྱུང།

          དང་པོ། བོད་ལ་བཙན་འཛུལ་བྱས་པ།

          ༡༩༤༩།༡༠།༡ ཉིན་རྒྱ་ནག་དམར་ཤོག་གི་རྒྱལ་ཁབ་གསར་བཙུགས་ཁྱབ་བསྒྲགས་ཟིན་པའི་རྗེས་ནས་བོད་ ལ་དཔུང་འཇུག་བྱས་ཏེ། ༡༩༥༠།༡༠།༡༨ ཉིན་ཆབ་མདོར་བོད་ཀྱི་གཞུང་དམག་ཕམ་པར་བཏང་ཞིང། དེ་རྗེས་གཞི་ནས་བོད་གཞུང་གི་མི་སྣ་འགའ་ཆེད་དུ་བཀུག་ནས། ༡༩༥༡།༥།༢༣ ཉིན་པེ་ཅིན་དུ<བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་དོན་ཚན་བཅུ་ བདུན>ཟེར་བ་འཇོག་བཅུག་ནས་འཛམ་གླིང་ཡོངས་ལ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ ཡིན་ཚུལ་འུད་ཀྱིས་བསྒྲགས།

          གཉིས་པ། བོད་ལ་བཙན་པོས་དབང་སྒྱུར་བྱས་པ།

གྲོས་ ཆོད་དེའི་ནང་དུ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་གསར་བརྗེ་རིམ་པས་བྱ་རྒྱུ་དང་ ཏཱ་ལའི་བླ་མའི་སྐུ་དབང་ལ་འགྱུར་བ་མི་གཏོང་ཚུལ་སོགས་བཀོད་ཡོད་ན་ཡང་ལག་ལེན་ གོ་ལྡོག་པས་༡༩༥༩།༣།༡༠ ཉིན་ལྷ་སར་བོད་མི་ཁྲི་ཚོ་དུ་མས་ངོ་རྒོལ་སྐད་འབོད་བརྒྱབ་པ་མ་ཟད་ཏཱ་ལའི་བླ་ མའི་བཀའ་ཤག་དང་བཅས་པའི་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་ དགོས་བྱུང་།

          གསུམ་པ། བོད་ལ་དོན་ངོ་མའི་མི་རིགས་ས་ཁོངས་རང་སྐྱོང་མེད་པ།

          བོད་ནི་དབུས་གཙང་དང་ཁམས། ཨ་མདོ་བཅས་ས་ཁུལ་ཆེན་པོ་གསུམ་གྱིས་གྲུབ་པའི་ས་ཁོངས་ཧ་ཅང་ཆེ་བའི་སྐད་ཡིག་ གཅིག་གྱུར་གྱི་མི་རིགས་ཤིག་ཡིན་པར་མ་ཟད་རང་བཙན་གྱི་ལོ་རྒྱུས་ཡོད་པའི་རྒྱལ་ ཁབ་ཅིག་ཡིན་ན་ཡང། རྒྱ་ནག་གཞུང་གིས་༡༩༥༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་གསར་བཙུགས་དང་ལྷན་ཁམས་དང་ཨ་མདོའི་ས་ཁུལ་འགའ་ ཞིག་ཞིང་ཆེན་གཞན་ཁོངས་སུ་ཁ་གཏོར་ནས་བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་ རྫོང་གི་མིང་བཏགས་ཏེ། དོན་གྱིས་བོད་མི་རིགས་ཀྱི་རང་སྐྱོང་བདག་དབང་མེད་པར་བཏང་ཡོད་པར་མ་ཟད་རྒྱ་ རིགས་འབོར་ཆེན་གནས་སྤོས་ཀྱིས་བོད་འདི་མི་སེར་སྤེལ་ཡུལ་དུ་སྒྱུར་བཞིན་ཡོད།

          བཞི་བ། བོད་རང་བཙན་གྱི་བདག་དབང་རྩོད་ཀྱིན་མེད།

ད་ ལྟ་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་ གིས་ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་མི་རྩོད་པར་གོང་གསལ་བོད་རིགས་ཡོངས་ རྫོགས་གཅིག་ཏུ་སྒྲིལ་བའི་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བའི་ དགོས་འདུན་ཡིག་ཆ་དང་བཅས་པ་ཀྲུང་དབྱང་ལ་ཕུལ་ཡོད་ན་ཡང། ད་དུང་མེས་རྒྱལ་ཁ་བྲལ་གྱི་ཞྭ་མོ་གཡོགས་ནས་བདེན་དོན་རྩིས་མེད་དུ་གཏོང་བཞིན་ པ་རེད།

          ལྔ་བ། དྲང་བདེན་དང་ཞི་བའི་འཐབ་རྩོད་ཁོ་ན།

རྒྱ་ ནག་གིས་བོད་ལ་ཐོག་མར་དཔུང་འཇུག་བྱས་དུས་ནས་༡༩༥༩ལོའི་བར་ལ་བོད་གཞུང་དམངས་ གཉིས་ངོས་ནས་དྲག་པོ་ལ་དྲག་པོའི་ཡ་ལན་གང་ཐུབ་གནང་ཡོད་པ་ལས། བཙན་བྱོལ་དུ་ཕེབས་པ་ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་རམི་རིགས་ཀྱི་འཐབ་ རྩོད་ཀྱི་ལས་འགུལ་ཚང་མ་ནམ་ཡང་དྲག་པོའི་ལམ་དུ་ཕྱིན་མེད་ལ། རྒྱ་ནག་གཞུང་ལྟར་ལོ་རྒྱུས་འཁྱོག་བརྗོད་དང་དོན་གནས་རྫུན་བཟོ་སོགས་ཧམ་བཤད་གང་ ཡང་བྱེད་ཀྱིན་མེད། ང་ཚོའི་འཐབ་རྩོད་འདི་ཞི་བ་དང་དྲང་བདེན་འབའ་ཞིག་ཡིན་པ་འཛམ་གླིང་ཡོངས་སུ་གསལ་ བོ་ཆགས་ཡོད།

          རྒྱ་ནག་གཞུང་གིས་ད་དུང་ཡང་མི་རིགས་སྲིད་ཇུས་ལ་ལེགས་བཅོས་མ་གནང་བ་དང་ཆོས་དད་ རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་མ་གནང་བར་མུ་མཐུད་དབང་ཤེད་ དང་དྲག་ཤུགས་ཀྱིས་མི་རིགས་ལ་གཉའ་གནོན་བྱེད་རྒྱུ་ཡིན་ཚེ་བོད་ནང་གི་ཁ་སང་དེ་ རིང་གི་རང་ལུས་མེར་སྲེག་གི་ཛ་དྲག་ངོ་རྒོལ་གྱི་མེ་ལྕེ་ཞིག་འཕྱུར་བཞིན་པ་འདི་ དྲག་པོའི་མེ་རླབས་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ལ། དེའི་མཇུག་འབྲས་ཚང་མ་རྒྱ་ནག་གཞུང་གིས་འགན་འཁུར་དགོས་པ་འདི་དག་རྒྱ་ཆེའི་མི་ དམངས་དུང་ཕྱུར་མང་པོས་གསལ་རྟོགས་དང་བཅས་བདེན་པའི་རྒྱབ་ལངས་གནང་རོགས་ཞུ།

          དྲུག ཏཱ་ལའི་བླ་མ་ནི་ཞི་བདེའི་དེད་དཔོན་ངོ་མ་ཡིན།

༸ སྐྱབས་མགོན་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་ སྤྲུལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ མཚན་དོན་ཡོངས་སུ་མཚུངས་པ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་མོད་རྒྱ་ནག་དམར་ ཕྱོགས་པས་རང་གི་ཁེ་ཕན་གང་ཞིག་གི་ཆེད་དུ་ནག་ཕྱོགས་མི་སྣ་ཞིག་ཏུ་ངན་བརྗོད་ སྤེལ་མུས་ཡིན། ཏཱ་ལའི་བླ་མས་ལྷག་བསམ་རྣམ་དག་དང་རེ་སྨོན་ཆེན་པོས་མི་རིགས་འཆམ་མཐུན་དང་འཛམ་ གླིང་ཞི་བདེར་སྨན་པའི་ཕྱག་ལས་མུ་མཐུད་གནང་ངེས་ཡིན་ན་ནང་པ་སངས་རྒྱས་པའི་ རྗེས་འཇུག་དད་ལྡན་མི་མང་གིས་གཙོས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཁོང་ཉིད་ལ་ ཡིད་ཆེས་རེ་བཅོལ་གྱིས་ཀྲུང་གོའི་སྐམ་ས་ཆེན་པོར་ཕེབས་བསུ་བྱེད་རྒྱུ་ནི་སྐབས་ བབ་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་འོས་འགན་ཞིག་ཡིན་པ་ཅིས་ཀྱང་གསལ་རྟོགས་ ཡོང་བའི་རེ་བ་ཞུ་གིན་ཡོད།

བདེན་པ་རྣམ་པར་རྒྱལ་ནས་འཛམ་གླིང་ཞི་བདེ་ཡོང་བར་སྨོན་ནོ།།

 

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།

༢༠༡༢།༣།༡༠།ཉིན་སླར་ཡང་ལས་སྣོན་ཅུང་དང་བཅས་ཕུལ་བ་དགེའོ།

<བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་པོ།>


   ཉེ་ ལམ་བོད་ཕྱི་ནང་དུ་སྐུ་སྲོག་མེར་མཆོད་ཀྱི་བློ་འདས་ངོ་རྒོལ་ཆེན་མོ་ཞིག་ གི་མེ་ལྕེའི་ཟིལ་ཤུགས་ཕྱོགས་ཀུན་འཕྲོས་པའི་ཐད་ལ་བོད་མི་རང་གིས་གཙོས་མི་ རིགས་གཞན་དག་ལ་ཡང་ཚོར་སྣང་ཟབ་མོ་དང་འབྲེལ་ཐུགས་སྣང་ཆེ་བཞེས་ཀྱི་བགྲོ་གླེང་ སྣ་ཚོགས་དང་དགོངས་ཚུལ་འདྲ་མིན་གྱི་རྩོམ་ཡིག་སྤེལ་མཁན་དང་སྐད་ཆ་ཅི་རིགས་ བརྗོད་མཁན་བྱུང་དང་འབྱུང་བཞིན་པས། ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ཀྱང། <བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་ པོ།> ཞེས་པའི་ངོས་འཛིན་བསྒྲགས་གཏམ་འདི་སྤེལ་གྱིན་ཡོད།

    ཀ༽ སྐུ་སྲོག་མེར་མཆོད་ཀྱི་རྒྱུ་རྐྱེན་གཙོ་བོ། རྒྱ་ནག་དམར་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་དྲག་ཅི་རིགས་ཀྱིས་བཙན་འཛུལ་དང་ བསླུ་བྲིད་བྱས་པ་ལས་རབ་ཏུ་དྲག་ཏུ་འབར་བའོ།
    འདི་ནི་ལོ་གཅིག་གཉིས་རིང་གི་བོད་ཀྱི་གནས་བབ་དང་ས་ཆ་བྱེ་བྲག་པའི་གནས་བབ། གང་ཟག་སྒེར་བའི་བསམ་སྤྱོད་ཙམ་རེ་ལས་བྱུང་བ་ཞིག་གཏན་ནས་མ་ཡིན་པར། རྒྱ་དམར་གཞུང་གིས་ ༡༩༥༠ ལོ་ནས་བོད་ལ་ཞི་དྲག་ཅི་རིགས་ཀྱིས་བཙན་འཛུལ་བྱས་པ་ནས་ད་བར་དུ་རྒྱུན་མ་ཆད་པར་ མངོན་ལྐོག་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པར་ གནོད་འཚེ་བཏང་དང་གཏོང་བཞིན་པ་ཚབས་ཇེ་ཆེར་འགྲོ་བཞིན་པ་འདི་རང་ལ་ཐུག་ཡོད། དེ་བས་མེ་ལྕེ་འདི་ལས་སླ་བོར་འཇགས་སྲིད་པ་ཞིག་གཏན་ནས་མིན།

    ཁ༽ སྐུ་སྲོག་མེར་མཆོད་ཀྱི་དགོས་འདུན་གཙོ་བོ། བོད་མི་རིགས་ལ་རང་སྐྱོང་གི་ཁེ་དབང་གཙང་མ་ཞིག་དགོས་པའི་ཆེད་དུའོ།
    བོད་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པ་སླར་གསོ་གོང་འཕེལ་ཐུབ་པའི་གཞི་རྩ་ལ་ བོད་ཡོངས་སུ་མི་རིགས་རང་དབང་རང་སྐྱོང་གི་ཐོབ་ཐང་ངོ་མ་ཞིག་དགོས་པ་ལས། ཐོབ་ཐང་བྱེ་བྲག་པ་རེ་དང་། གང་ཟག་བྱེ་བྲག་པ་རེ། ས་ཁུལ་ལ་ལ་ཞིག་དང། དཔལ་འབྱོར་ཉི་ཚེ་བ་རེའི་ཆེད་དུ་གཏན་ནས་མ་ཡིན་ཞིང། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ནས་བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་གསར་བ་ ཞིག་འཆར་རྒྱུ་ནི་མེ་ལྕེ་རེ་རེའི་འོད་སྣང་ལས་་རབ་ཏུ་ཤིན་ཏུ་གསལ་ལོ།

    ག༽ སྐུ་སྲོག་མེར་མཆོད་ཀྱི་ངོ་བོ། གཞན་ལ་མི་འཚེ་བར་རང་གི་དགོས་འདུན་རེ་སྐུལ་གྱི་ཞི་བ་བློས་གཏོང་ཆེན་པོའི་ངོ་རྒོལ་ཞིག
    གོང་གསལ་གྱི་མེ་ལྕེའི་རྒྱུ་རྐྱེན་གཙོ་བོ་དེ་དང་དེ་སེལ་བའི་དགོས་འདུན་གཙོ་ བོ་འདི་དག་གི་ཆེད་དུ་འདི་ལྟར་སྐུ་སྲོག་མེ་ལ་མཆོད་པ་ཞིག་ལགས་ན། འདི་ནི་སྒེར་སེམས་བྲལ་བའི་སྤྱི་སེམས་ཆེན་པོ་ཞིག་དང། རང་ལས་གཞན་གཅེས་ཀྱི་ལྷག་བསམ་ཆེན་པོ་ཞིག་ཅི་ལ་མིན། འདི་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེན་པོའི་རྣམ་འགྱུར་ཞིག་ཡིན་ལ་བོད་མི་རིགས་ ཀྱི་དཀའ་སྡུག་དང་ཉེན་ཁ་དེ་རྒྱལ་སྤྱི་བསྒྲགས་པའི་བདེན་སྟོབས་ཀྱི་མེ་དཔུང་ ཞིག་ཀྱང་ཡིན། མདོར་ན། བོད་མི་རིགས་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པའི་སླད་དུ་བདེན་དོན་དང་ཞི་ རྒོལ་གྱི་འཐབ་རྩོད་རྣམ་དག་ཅིག་ཡིན་པ་ཧ་ཅང་མངོན་པར་གསལ་ལོ།

    ང༽ རླབས་ཆེན་གྱི་ཐུགས་རེ་དང་ཞལ་ཆེམས་དག་ང་ཚོའི་གཟི་བརྗིད་ཀྱི་དམ་བཅའ་ཡང་ཡིན།
    ༡། “བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་པ་ཡིན།”
    ༢། “ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་ པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན།  མཁས་བ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ ཕྱོགས་མི་ནོར་བ་དང་།  རང་རིགས་ལ་དུངས་ཞེན་དང་། རང་གི་རིགས་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར། རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན།”
    ༣། “བུ་ང་ཡི་རེ་བ་ཡིན་ན།  ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས།  བོད་ཡིན་ན་བོད་ལྭ་གྱོན་དགོས།  དེའི་མི་ཚད་བོད་སྐད་བཤད་དགོས།  བོད་ཡིན་ནོ་སེམས་ནས་མ་བརྗེད།  བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས།  ཕ་མ་ལ་བརྩི་བཀུར་དགོས།  མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས།”

    གོང་གསལ་དཔེ་མཚོན་གསུམ་ནི་ལོ་ན་གཞོན་པའི་སྤྱིར་བཏང་གི་སྐྱེ་བོ་གསུམ་གྱི་ སྤྱིར་བཏང་མ་ཡིན་པའི་རླབས་ཆེའི་ཐུགས་རེ་དང་ཞལ་ཆེམས་དམ་པ་སྟེ། ང་ཚོའི་རྩོམ་པ་པོ་རྣམས་ལ་ངེས་པར་དུ་འདི་འདྲའི་བསམ་བློ་ལྡན་དགོས་ལ། བོད་ཀྱི་གཞོན་སྐྱེས་ཚོས་ཁོང་ཅག་གི་ཞལ་ཆེམས་ཇི་བཞིན་སྒྲུབ་པར་བརྩོན་དགོས། ང་ཚོས་བསམ་དགོས་པ་དང་བརྩོན་དགོས་པ་ནི་འདི་དག་ལས་གཞན་ཞིག་མ་ཡིན་ནོ།།
“བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”
 


པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
༢༠༡༢།༥།༡༣།ལ་བསྒྲགས་པའོ།།

༄༅།།ཀྲུང་གོའི་གཙོ་འཛིན་སྐུ་ཞབས་ཧུའུ་ཅིན་ཐའོ་ལགས་སུ།

 

ཁྱེད་རང་ཚོའི་ཀྲུང་གོའི་རྒྱལ་ཁབ་གསར་བ་བཙུགས་རྗེས་ང་ཚོའི་བོད་གངས་ཅན་ལ་དམག་ཤུགས་གཙོ་བཀོལ་གྱིས་དབང་བསྒྱུར་པ་ནས་དེ་རིང་བར་ལ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཁུལ་དུ་མ་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེ་ཆུང་ཆུ་གཉེར་བཞིན་བྱུང་ཡོད་པ་ལ་ད་ནི་བཅིངས་འགྲོལ་དམག་གིས་བསྐོར་ནས་མ་བསྡད་ན་མེ་སྟག་གིས་རི་བོ་བསྲེག་ཉེན་ལྟ་བུར་ཐུག་ཡོད་པས་ཁྱེད་རང་ཚོ་ཡང་སེམས་ཁྲལ་དང་འུ་ཐུག་གིན་ཡོད་པ་མཐོང་ཐུབ།

མི་རིགས་རང་སྐྱོང་གི་གནད་དོན་ངོ་མ་ཐག་གཅོད་གཙང་མ་ཞིག་མི་བྱེད་པར་དམ་བསྒྲགས་དང་མགོ་སྐོར་རང་བཞིན་གྱིས་ལོ་ཟླ་སྐྱེལ་ཐབས་འདིའི་མཐའ་འབྲས་ནི་རྒྱལ་ཁབ་ཁ་འཐོར་ལ་འགྲོ་རྒྱུ་ཞིག་མ་ཡིན་ནམ། མ་མཐའ་ཡང་སྤྱི་ཚོགས་ལྷིང་འཇགས་ཟེར་བ་ཞིག་ཡོང་ཐབས་བྲལ་བའི་བྱ་བ་ཞིག་རེད། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་མི་རིགས་ཀྱི་བསམ་བློ་བ་དང་འཇོན་ཐང་ཡོད་པ་མང་པོར་གཉའ་གནོན་བྱེད་པའི་སྲིད་ཇུས་དེ་ནི་མི་རིགས་འདྲ་མཉམ་དང་འཆམ་མཐུན་ལ་བསམ་བཞིན་དུ་འགལ་རྐྱེན་བཟོས་པ་རང་ཡིན།

བོད་གཅིག་པུར་མཚོན་ན་ཡང་། དེ་སྔ་འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུའི་མར་ལེ་རིང་ལུགས་པ་ངོ་གནོང་མི་དགོས་པའི་གསར་བརྗེ་དམར་ཞིང་མཁས་པ་ཁོང་ལ་ཡང་མི་རིགས་རིང་ལུགས་ཀྱི་ཞྭ་མོ་གཡོགས་ནས་བཙོན་འཇུག་ལོ་མང་བྱས་པ་མ་ཟད་ད་ལྟ་ད་དུང་ཁོང་ཉིད་ལ་ཕྱི་སྐྱོད་ཀྱི་ཐོབ་ཐང་སྤྲད་མེད། པཎ་ཆེན་རིན་པོའི་ཆེའི་དངོས་ཐོག་བདེན་འཚོལ་གྱི་ཡིག་འབྲུ་ཁྲི་བདུན་དེ་ཡང་ཁོང་གི་ནག་ཞྭར་གྱུར་པ་རེད་ལ་ད་དུང་ཁས་ལེན་ཡག་པོ་ཞིག་གནང་མེད། ཁོང་གི་སྐུ་སྲོག་ཡལ་སྟངས་དེ་ཡང་དོགས་གཞི་ཅན་ཡིན། ད་དུང་ཚེ་རིང་འོད་ཟེར་དང། ཐེའུ་རང། ཞོགས་དུང་སོགས་ནས་ད་ལྟ་རང་བཟུང་བའི་རྩོམ་པ་པོ་མེ་ལྕེ་ལགས་འདི་རིགས་ནི་མི་རིགས་ཀྱི་གཉིད་སད་པའི་དཔའ་རྒོད་ཡིན་ལ། དོན་དམ་གྱི་ཀྲུང་གོའི་དམངས་གཙོ་ཡར་རྒྱས་དང་མི་རིགས་འདྲ་མཉམ་འཆམ་མཐུན་ལ་དགོངས་པ་བཞེས་མཁན་ཏག་ཏག་ཀྱང་རེད། དེ་བས་དམངས་གཙོ་རིང་ལུགས་པ་དང་རྒྱལ་གཅེས་པ་འདི་རིགས་ལ་གཉའ་གནོན་བྱས་ན་བོད་ཀྱི་ཤེས་ཡོན་ཅན་གྱིས་གཙོས་མི་དམངས་ཀྱིས་ཇི་ལྟར་ཏང་དང་རྒྱལ་ཁབ་ལ་དགའ་བསུ་བྱེད་དམ།

བོད་ཀྱི་ཆོས་ལུགས་དད་མོས་ཀྱིས་གཙོས་མིའི་རང་དབང་གི་འཚོ་བ་ལ་ཕོག་ཐུག་ཆེན་པོ་བཟོས་པས་ཡིད་ཀྱི་སྡུག་བསྔལ་དེ་དག་རང་ལུས་མེ་རུ་བསྒྲོན་ནས་བདེན་དཔང་བྱེད་མཁན་རྒྱུད་མར་འབྱུང་བཞིན་པ་འདི་དག་གི་མངོན་འདོད་ཅི་ཡིན་མི་མཐོང་ངམ། ད་དུང་ཡང་ཀྲུང་གོའི་མི་རིགས་གནད་དོན་ལ་ངོས་ཟིན་མི་ཐུབ་བམ།

ལོ་རྒྱུས་ཀྱི་འགན་ཁུར་ཅིག་དང་དེ་རིང་གི་གོ་སྐབས་འདིར་བསྟུན་ནས་བདག་གིས་པེན་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོའི་མིང་ཐོག་ནས་ཁྱེད་རང་གཙོས་ཏང་ཀྲུང་དབྱང་ལ་འབོད་སྐུལ་ཆེན་པོ་གཉིས་རང་ཞུ་རྒྱུར།

ཀ༽ཏཱ་ལའི་བླ་མ་ནི་དོན་དངོས་ཀྱི་འཛམ་གླིང་ཞི་བདེའི་གྲགས་ཅན་མི་སྣ་དང་ས་སྟེང་ཡོངས་ཀྱི་སངས་རྒྱས་ཆོས་ལུགས་པའི་དབུ་ཁྲིད་དམ་པ་ལགས་པས། ཁོང་ལ་སྐྱོན་འཛུགས་ངོ་རྒོལ་བྱས་ན་བོད་མི་ཚང་མར་མ་ཟད་རྒྱལ་སྤྱིའི་མི་དམངས་ཀྱང་དགའ་གི་མ་རེད། དེ་བས་ཁོང་ལ་བརྩི་བཀུར་དང་ཡིད་ཆེས་ཀྱིས་མཇལ་འཕྲད་ཅིག་གནང་རྒྱུ་ནི་བོད་དོན་ཙམ་མིན་པར་ཕྱོགས་ཡོངས་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན། སྐུ་ཞབས་ཝང་ལི་ཞུང་གིས་བོད་ཀྱི་གནད་དོན་གྱི་ལྡེ་མིག་ནི་ཏཱ་ལའི་བླ་མ་རེད་ཟེར་བར་ཡང་རྒྱུ་མཚན་ཆེན་པོ་ཡོད། (འོན་ཀྱང་ཁྱེད་ཅག་ཏཱ་ལའི་བླ་མར་མཇལ་རྒྱུར་ཧ་ཅང་སྐྲག་གི་ཡོད་པ་འདྲ། དེ་ནི་རྫུན་པ་དྲང་བདེན་ལ་འཇིགས་པ་ཟེར་བ་མིན་ན་ཁོག་རྒྱ་ཞིག་སྐྱེད་པའི་དུས་ལ་བབས་འདུག)

ཁ༽ སྲིད་བློན་ཝུན་ཅ་པོ་ལགས་ཀྱིས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་ཀྱིས་དམངས་གཙོ་ཚད་མཐོར་སྤེལ་དགོས་སྐོར་ལ་གསུང་བཤད་ནན་པོ་གནང་བཞིན་པ་འདིར་ང་ཚོ་ཡང་ཧ་ཅང་དགའ་བོ་བྱུང། དེ་བཞིན་རྒྱ་བོད་སོག་ཡུ་གུར་སོགས་དམངས་གཙོ་དོན་གཉེར་གྱི་མི་རིགས་ཀྱི་ཁག་གི་རྩོམ་པ་པོ་རྣམ་པས་གཙོས་བདེན་ལུགས་ཀྱི་ཞུ་འབོད་དང་སྐད་འབོད། འཚེ་མེད་ངོ་རྒོལ་གནང་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད། དེ་དག་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་ཞྭ་གཡོགས་རྐྱང་གིས་འཇིགས་སྐུལ་དང་བཙོན་འཇུག དྲག་གནོན་བྱེད་པ་རིགས་མཚམས་འཇོག་ཡོང་བ་ཞུ། གནད་དོན་དེ་གཙང་སེལ་བྱེད་འདུན་གྱི་སྤོབས་པ་ཡོད་ན་ཁོང་ཚོ་ཐམས་ཅད་བསྐོངས་ཏེ་རང་དབང་གི་བགྲོ་གླེང་ཚོགས་ཆེན་ཞིག་བསྡུས་ན་དེ་ནི་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་ཆབ་སྲིད་ཀྱི་དཔལ་ཡོན་གསར་བ་ཞིག་ཆགས་ངེས་ལ། རང་དབང་དམངས་གཙོའི་སྒོ་འཕར་ཆེན་པོ་ཞིག་ཀྱང་ངང་གིས་འབྱེད་ཐུབ་རྒྱུ་རེད། མི་རིགས་འདྲ་མཉམ་དང་མི་དམངས་ལ་རང་དབང་དང་འདྲ་མཉམ་ཐོབ་ཐང་བཅས་ཁ་ཡོད་ལག་ཡོད་ཅིག་སྤྲོད་ཐུབ་མིན་ནི་ད་ལྟའི་ཀྲུང་གོའི་ལས་དབང་ལ་རག་ལས་མི་འདུག་གམ།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས།

ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་ཀྱིས་འདིའི་ནང་དོན་ཅུང་ཁ་གསལ་གྱིས་རྒྱ་ཡིག་ཏུ་ཕབ་སྒྱུར་གནང།

༢༠༡༡།༡༡།༡ལ་ཕུལ་ལོ།

中国国家主席胡锦涛先生

                自建立中华人民共和国之后,对西藏进行军事管制,实行极端民族政策。直到今天,以西藏的首都拉萨为主,藏区各地对中国政府抗议的声波,一直以来接连不断。目前,再次动用解放军进行军事管制和镇压,好像面临大敌似地把整个藏区围得水泄不通。从中,我们可以看到你们的焦虑和无奈,而且,你们对藏族人民所怀的敌对心态也从你们的言论和军队对待我们藏人的残酷行为中已表露无遗,以你们的习惯,也许会否认。但世人是有目共睹的。

                民族自治问题不从根本加以解决,而是通过镇压和欺骗性的手段,拖到今天的结果,难道不是把国家推向分裂吗?但至少也不能使社会得以安宁。

                就藏族而言,就像之前一直奉行马列主义的共产党忠实党员平措王杰先生来说,扣上反革命的帽子,在监狱关押了差不多十年的时间,即使在今天,也不给他发放护照,剥夺了他出国的权利。前世班禅大师从实事求是出发,把当时藏区真实的社会现状写成报告,上书党中央,希望能引起他们的关注,停止在各藏区实施的极端民族政策,后来世人称其为“七万言上书”,没想到大师对党和国家所怀的一片忠心和希望,非但没能引起党中央的关注,而且,给大师冠以莫须有的罪名,在北京秦城监狱关押了十年之差几个月的时间。后来对大师的突然辞世,也曾引起过国际社会和国内社会各界人士的质疑。还有对作家次仁唯色、涕让、学东等西藏作家学者,到近期被扣押的作家美杰都是西藏的知识精英,象征着一个民族正在觉醒,也是对中国的社会发展和社会和谐有力的推行者,他们都是民主主义者和爱国主义者,对他们进行非人道的政治压迫,以藏族知识分子为主的整个藏族人民并非草木,你叫他们怎么去爱党、爱国家?!

对藏区各地的宗教场所强制进行所谓的无神论爱国教育,扰乱正常的宗教生活、剥夺僧人的宗教信仰,其结果导致了今天已达数十人的藏人自焚事件,全世界都感到惊讶并关注这一惨不忍睹的事件。你作为一国之主。难道真的看不到他们的无奈和绝望吗?直到今天,你真的还不认为中国的民族政策有问题吗?

                出于对历史负责,也通过今天这个难得的机会,我作为西藏笔会的现任会长,代表所有会员,向你并通过你向党中央发出以下呼吁,希望能引起你们足够的关注。

1) 达赖喇嘛是一位名副其实的、世人一致公认的世界和平主义者,也是闻名世界的佛教领袖。中国政府对他所冠的各种莫须有的罪名以及非人道的诽谤和人身攻击,不仅极大地伤害了藏族人民的身心,而且也招致了国际社会对中国政府的强烈不满和反感。所以,你作为一名泱泱大国的国家首领、以引领世界的宽广胸怀和气度来接见达赖喇嘛,其成效和影响力就不会仅仅是解决西藏问题、其影响力会波及世界各地的同时你也会成为一名国际社会推崇的英明领袖而流传千古。而且,中国作为一个已崛起的世界经济强国,能够引领世界将会筑起一道道义的坚实基础。我想其影响力是深远的。就像王力雄先生所言,达赖喇嘛是解决西藏问题的钥匙,我觉得他说的很有道理。(但同时我又觉得你们何以如此惧怕见达赖喇嘛,当年的毛泽东和邓小平等中国革命先烈以当时的国家现状,尚能坦然相对,其政治远见与谋略是何等的气魄和智慧呀。但你作为今日中国的国家首领,其今日的国家现状和国际地位,不论从军事还是经济,各方面与当时的中国国家现状有天壤之别,我真的无法理解你们何以对自己如此没有信心而面对西藏问题的解决怎会感到如此心虚呢?!)

2) 温家宝总理近来提出的中国的政治体制改革和发展民主等郑重讲话,我们感到很欣慰!包括汉族、藏族、蒙古、维族族等从事民主事业的中国各民族作家学者为主,在中国社会一直不间断地出现了很多从正面性的,正义性的各种呼吁、示威游行、非暴力抗争,包括世界诺贝尔和平奖得主刘晓波先生,对他们提出的各种建设性意见,你们非但不从正面加以反省,而且对他们冠以分裂国家的罪名,以非人道的恐吓和投狱、进行严厉镇压,这种非人道的强制政治手段应予以停止了。如果你们有足够的胆略和气度,就召开一个能让任何有识之士可以参加的大型讨论会,让每个人在大会上畅所欲言、建言献策,这样不仅会促进中国大地实现一个自由言论的和谐社会,而且,在二十一世纪的今天,中国已成一个世界经济强国的同时也会提高中国的政治文明度。也自然而然地敞开了中国的民主大门,随着这扇门的敞开,中国社会出现的任何问题在一个各民族平等的宽松及透明的政治大环境下,就会迎刃而解的,如果那样中国就会有希望,全世界也都会庆幸的,你说是吗?

西藏流亡笔会会长拉姆加

(汉文编译副会长更特东主)

2011111

Monsieur le Président chinois Hu Jintao,

 

Après la création de la République populaire de Chine, vous avez pris le contrôle de notre Tibet, le pays des neiges, par l’usage de la force militaire. Jusqu’à aujourd’hui, dans la capitale du Tibet, Lhasa, mais aussi dans de nombreux endroits au Tibet, des manifestations petites et grandes se succèdent contre l’Etat chinois comme des vagues à la surface de l’eau. Nous voyons bien que vous êtes maintenant inquiets et lassés, car si les troupes de l’APL qui encerclent ces zones venaient à être démantelées, le risque serait grand que les flammes dévastent la montagne.

 

Des années et des années d’oppression et de duperie ne sont pas parvenues à résoudre de manière convenable le problème de l’autonomie réelle d’un peuple. N’est-il pas naturel que cela puisse aboutir à la division du pays ? En dernière analyse, c’est la paix sociale même qui devient impossible. La politique du gouvernement central, qui a consisté dans le passé comme aujourd’hui à opprimer de nombreux penseurs et des personnes très capables, issues des nationalités, est la cause même des obstacles délibérés posés à l’égalité et à l’harmonie entre les nationalités.

 

Pour ce qui concerne le Tibet seul, l’honorable révolutionnaire communiste et érudit, le marxiste-léniniste Baba Phuntshok Wangyäl, a été accusé de nationalisme [tibétain]. De ce fait, il a non seulement passé de nombreuses années en prison par le passé, mais aujourd’hui encore il n’a pas le droit de se rendre à l’étranger. Vous ne reconnaissez toujours pas que c’est sa Pétition en soixante-dix-mille caractères, pourtant fondée sur la quête de vérité et des faits réels, qui a valu au Panchen-Lama de « porter le chapeau noir » [d’être condamné]. Quant aux circonstances mêmes de son décès, elles restent douteuses. Tsering Woeser, Theurang, Shogdung etc., ainsi que Meche, jeune écrivain qui vient d’être arrêté, sont des héros qui ont su éveiller leur propre nationalité [tibétaine], et qui n’ont en réalité à cœur que le développement de la démocratie en Chine, ainsi que l’égalité et l’harmonie entre les nationalités. Si vous opprimez ces démocrates et patriotes, comment les intellectuels et le peuple tibétains pourront-ils aimer le Parti communiste et le pays ?

 

Parce que vous avez gravement affecté la libre existence humaine, qui pour les Tibétains est basée sur la foi religieuse, des personnes s’immolent l’une après l’autre par le feu, pour preuve de leur bonne foi et en raison de leurs souffrances mentales. Ne comprenez-vous pas leurs aspirations ? Ne reconnaissez-vous pas qu’il y a là un problème des nationalités en Chine ?

 

Endossant ma responsabilité historique et profitant de l’occasion qui m’est donnée aujourd’hui, j’adresse deux appels au gouvernement central chinois en tant que président de l’association Pen des écrivains tibétains :

 

1° Le Dalaï-lama est un homme célèbre qui œuvre pour une réelle paix dans le monde et c’est un leader bouddhiste reconnu dans le monde entier, aussi le peuple tibétain tout entier et la communauté internationale n’apprécient pas vos accusations et vos protestations contre lui. Si vous le rencontrez sur une base de respect et de confiance, cela ne sera pas seulement bénéfique à la question tibétaine mais aussi sur bien d’autres plans. M. Wang Lixiong a entièrement raison quand il dit que le Dalaï-Lama est la clé de la question tibétaine. (Mais vous avez peut-être très peur de rencontrer le Dalaï-Lama. Si ce n’est pas parce que le mensonge a peur de la vérité, alors il est temps pour vous de faire preuve de courage).

 

2° Le premier ministre Wen Jiaobao a déclaré solennellement qu’il fallait développer la démocratie, grâce à des réformes dans le système politique chinois. Nous nous en réjouissons. De la même manière, des écrivains issus de plusieurs nationalités, chinois, mongols, tibétains et d’autres, qui sont animés par l’esprit démocratique, appellent à la vérité et mènent des actions non-violentes. Mais ils ont été menacés, mis en prison et opprimés sous prétexte de séparatisme. Nous vous demandons d’arrêter ces agissements. Si vous avez le courage et le souhait de résoudre convenablement ces problèmes, vous exaucerez les souhaits de ces militants en convoquant une grande assemblée sur la liberté. Ce sera la marque que la Chine du 21ème siècle est entrée dans une ère politique nouvelle, et que pourra être grande ouverte la porte de la liberté et de la démocratie. Il est entre les mains de la Chine d’aujourd’hui d’accorder ou de refuser l’égalité entre les nationalités et la liberté et l’égalité au peuple dans son ensemble.

 

 

Le 3 novembre 2011

Chabdrak Lhamokyab

Président de l’association Pen des écrivains tibétains

 

 

Traduit de la version tibétaine de l’appel.

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php