༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་འདུ་དབུ་འབྱེད་དང་ཐུགས་སྨོན་མཛད་པ།

 

ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་ནས་བཟུང་༸གོང་ས་མཆོག་གིས་ཨ་རིའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་སུ་ཁ་ལེ་ཧྥོ་ནི་ཡ་དང་མེ་ནི་སོ་ཊ་བཅས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་ཕྱིར་ཝ་ཤིན་ཌོན་དུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གསོལ་འདེབས་ཞུས་དོན་ལྟར་གྲོས་ཚོགས་ཚོགས་ཁང་དུ་ཆིབས་བསྒྱུར་གནང་སྟེ། ཆོས་དཔོན་བྷེལ་རེ་བྷི་ལེ་ཁི་ (Bary Black) ཚབ་དུ་གྲོས་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་དང་འབྲེལ་ཐུགས་སྨོན་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་པེ་ཊིར་ལི་ཧྰ (Patrick Leahy) མཆོག་ནས་༧གོང་ས་མཆོག་ལ་གྲོས་ཚོགས་ཀྱི་ཚོགས་དུས་དབུ་འབྱེད་དང་ཐུགས་སྨོན་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་གིས་ཚོགས་འདུ་དབུ་འབྱེད་དང་འབྲེལ་ཐུགས་སྨོན་གནང་བ་དང་། དབྱིན་སྐད་ཐོག་ཡིག་བསྒྱུར་གནང་ཡོད་པའི་ཡི་གེ་ལྗགས་ཀློག་བཅས་གནང་རྗེས། གྲོས་ཚོགས་གོང་མའི་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་གཏམ་བཤད་གནང་སྟེ། ༧གོང་ས་མཆོག་གིས་ནམ་རྒྱུན་ཁོང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པའི་ངོ་སྤྲོད་གནང་གི་ཡོད་ཀྱང་། དངོས་ཡོད་ཀྱི་ཐོག་ནས་༧གོང་ས་ཏྰ་ལའི་བླ་མ་མཚོག་ནི་བོད་མི་ཙམ་མིན་པར་འཛམ་གླིང་སྤྱི་ཡོངས་ལ་བྱམས་བརྩེ་དང་ཞི་བདེ་ཁྱབ་སྤེལ་མཛད་མཁན་གྱི་སྐྱེས་ཆེན་ཞིག་ཏུ་ངོས་འཛིན་གྱིས་གུས་བཀུར་ཞུ་ཡུལ་ཞིག་ཡིན་པ་དང་། ཐེངས་འདིར་གྲོས་ཚོགས་ནང་ཆིབས་བསྒྱུར་གནང་བར་འཐུས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་།  དེ་བཞིན། ལོ་མང་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོས་འཐུས་མི་ཞིག་གིས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཏམ་བཤད་བཅས་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་འཚམས་འདྲི་དང་ཆེ་བསྟོད་ཞུ་ཆེད་ཚོགས་འདུ་བར་གསེང་བཞག་ཡོད་འདུག

གྲོས་ཚོགས་ཚོགས་དུས་དབུ་འབྱེད་ཀྱི་ལས་རིམ་གྲུབ་རྗེས་༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷེལ་ནེར་མཆོག་དང་། ཕྱོགས་འགལ་མང་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནན་སེ་པོ་ལོ་སེ་མཆོག གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་ལ་བཀའ་སློབ་གསུང་བཤད་དང་གནང་འདུག  ཉིན་རྒྱབ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མིར་མཇལ་འཕྲད་དང་། གྲོས་ཚོགས་གོང་མའི་དབུ་འཁྲིད་སྐུ་ཞབས་ཧར་རེ་རེས་ཊི་(Harry Reid) མཆོག་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་དབུ་འཁྲིད་སྐུ་ཞབས་མེ་ཆི་མེ་ཁོ་ནེར་ (Mich McConnell) སོགས་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་བཅས་གནང་ཡོད་འདུག

དེ་རིང་ཚེས་ ༧ ཉིན་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་ཡོངས་ཡི་ཤུ་གཙུག་ལག་ཁང་ (The National Cathedral) གཉིས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་མཆོག་གིས་ཝ་ཤིན་ཌོན་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་མང་ཚོགས་ལ་༼ཆོས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་མ་ཟད། ཡི་ཤུའི་ཆོས་དཔོན་གྷེ་རེལ་ཧིལ་ (Gary Hall) མཆོག་དང་ལྷན་དུ་འཛམ་གླིང་ནང་ཞི་བདེ་འཚོལ་ཐབས་སྐོར་དགོངས་ཚུལ་སྤེལ་རེས་དང་མང་ཚོགས་ལ་དྲི་བར་ལན་འདེབས་བཅས་ཀྱི་མཛད་རིམ་བསྒྲིགས་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༡༡ ཉིན་༧གོང་ས་མཆོག་གངས་ཅན་སྐྱིད་གཤོངས་དུ་ཆིབས་བསྒྱུར་གྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་དང་གྲོས་ཚོགས་ཚོགས་ཁང་དབུ་འབྱེད་རབ་གནས་གནང་རྒྱུ་ཡིན་འདུག་ལ།  ཚེས་ ༡༦ ཉིན་ཐེག་ཆེན་ཆོས་<གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞི་པའི་གསུང་ཆོས་བསྩལ་རྒྱུ་ཡིན་འདུག

 

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནེ་སོ་ཊའི་རྒྱལ་ས་མི་ནེ་པོ་ལི་སི་ Minneapolis ནས་གྲོང་ཁྱེར་རོ་ཆེ་སི་ཊར་ Rochester ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་སེམས་དང་སྲོག་Mind & Life གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ་དང་། ཁོང་རྣམས་དང་ལྷན་དུ་བཟང་སྤྱོད་དང་ཤེས་ཡོན། མིའི་གཤིས་རྒྱུད་བཟང་པོ་གོང་མཐོར་གཏོང་ཐབས་ཀྱི་ལས་གཞིའི་ཐོག་བཀའ་བསྡུར་མཛད། ཐེངས་འདིར་དེང་དུས་ཤེས་ཡོན་ལམ་ལུགས་ནང་གོང་འཁོད་བརྗོད་གཞི་དང་འབྲེལ་བའི་སློབ་ཚན་གཏན་འབེབས་གནང་རྒྱུའི་ལས་འཆར་ཞིག་ཡོད་པ་དེའི་ཐོག་ལས་དོན་གང་སྤེལ་ཐུབ་པ་རྣམས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་སྟབས་བསྟུན་གོ་བསྡུར་སྦྱང་བཤད་ཞུ་རྒྱུའི་དམིགས་ཡུལ་གཙོ་བཟུང་གིས་མཇལ་བཅར་ཞུས་པ་ཞིག་ཡིན་འདུག
 
    ༸གོང་ས་མཆོག་གིས་སེམས་དང་སྲོག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་མཇལ་བཅར་སྐབས་་ཚན་རིག་ནི་ཕྱི་དངོས་པོའི་ཆོས་ལ་གཙོ་བཟུང་བྱེད་བཞིན་པ་དང་། ཆོས་ནི་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཐོག་དོ་སྣང་གཙོ་བོ་བྱེད་བཞིན་ཡོད་པའི་སྐོར་དང་། ཆོས་ལ་སློབ་སྦྱོང་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་ཐབས་ཆེད་ཡིན་པ་དང་། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཡོད་མེད་ཚན་རིག་པས་ཁུངས་སྐྱེལ་བྱེད་མི་ཐུབ། དེ་བཞིན་ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་དད་པ་དང་རྒྱུ་མཚན་ཟུང་འབྲེལ་ཐོག་འགྲོ་དགོས་སྐོར་གསུངས་པ་དེ་ཕྱོགས་གཞན་ཞིག་ནས་བརྗོད་ན་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་འགྲོ་དགོས་པར་གོ་ཆོག་ཅེས་སོགས་བཀའ་སློབ་སྩལ་ཡོད་འདུག
 
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ནི་སོ་ཊ་ཨ་རིའི་བོད་ཀྱི་སློབ་ཕྲུག་ཚོགས་པའི་གོ་སྒྲིག་ལྟར་རྒྱ་རིགས་སློབ་མ་ཁག་ཅིག་ལ་མཇལ་འཕྲད་དང་བཀའ་སློབ་སྩལ་ཡོད་པ་རེད།
 འདུ་འཛོམས་འདིར་མཐོ་སློབ་ཁག་མི་འདྲ་བ་ ༡༣ ཙམ་ནས་སློབ་ཕྲུག་གྲངས་ ༣༣༠ ཙམ་ཡོད་ཁོངས་ནས་ཨ་རིའི་ནང་སློབ་སྦྱོང་བྱེད་བཞིན་པའི་ཕྱི་སྡོད་རྒྱ་རིགས་སློབ་མ་གྲངས་ ༢༥༠ དང་། ་བོད་རིགས་སློབ་མ་གྲངས་ ༥༠ ཙམ་ཡོད་འདུག  སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དུས་རྟག་ཏུ་མི་སྤྱིར་བཏང་བ་ཞིག་ཡིན་པར་བསམ་བཞིན་ཡོད། གལ་ཏེ་ང་ཚོས་རང་ཉིད་མི་གཞན་དང་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་མ་ཐུབ་ཚེ་ང་ཚོ་དང་ཁོ་ཚོ་ཞེས་པའི་གུ་དོག་པོའི་བསམ་བློ་དེས་ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་ཐུབ་ཀྱི་མེད།  བསམ་བློ་རྒྱ་ཆེ་ས་ནས་འཁོར་མ་ཐུབ་པར་བརྟེན་རྙོག་གྲའི་རྐྱེན་ཞིག་ཡོང་གི་ཡོད། འགྲོ་བ་མིས་བཟོས་པའི་དཀའ་ངལ་རྣམས་མི་རང་ཉིད་ཀྱིས་ཐབས་ལམ་བཙལ་ནས་སེལ་དགོས་པ་ཆགས་ཡོད་པས་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ན་རང་གཞན་གཉིས་སྨན་ཞིག་ཡོང་གི་རེད། ཞེས་དང་། 
 
  ཕྱི་ལོ་ ༡༩༧༤ ལོ་ནས་བཙན་བྱོལ་བོད་མི་ཚོས་བོད་རང་བཙན་མི་རྩོད་རྒྱུའི་ཐག་གཅོད་བྱས་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་རང་སྐྱོང་རྫོང་དང་། རང་སྐྱོང་ཁུལ། རང་སྐྱོང་ལྗོངས་བཅས་ཆ་རྐྱེན་འཁོད་ཡོད་པ་མ་ཟད། ཆོས་དད་རང་དབང་་སྐོར་ཡང་གསལ་པོ་འཁོད་ཡོད། འོན་ཀྱང་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་དག་གིས་རྩ་ཁྲིམས་ཀྱི་ཆ་རྐྱེན་ཇི་བཞིན་ལག་བསྟར་མི་བྱེད་པ་དེས་རྙོག་གྲ་བཟོ་བཞིན་ཡོད། ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དུས་འགྱུར་རྗེས་རྒྱ་རིགས་ཁོངས་ནས་བོད་ལ་རྒྱབ་སྐྱོར་བྱེད་འགོ་བཙུགས་ཡོད། དུས་འགྱུར་དེའི་རྗེས་ནས་བོད་མིས་རྒྱ་མི་རིགས་ལ་ཁ་གཏད་དང་ལྡོག་ཕྱོགས་བྱེད་པར་འདོད་པའི་རྣམ་རྟོག་དེ་དག་སེལ་ཐུབ་པ་བྱུང་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་ད་ཆ་ཕྱི་གསལ་ནང་གསལ་གྱི་ལས་དོན་ལ་ངོས་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛམ་གླིང་ནང་ཕན་འདོགས་པའི་ནུས་ཤུགས་ལྡན་ཡོད་ཀྱང་། དེ་སྔ་མ་ལེ་ཤི་ཡའི་ Malaysia དབུ་ཁྲིད་ཏུང་ཀུ་ཨབ་དུལ་རེ་མན་ Tunku Abdul Rahman མཆོག་གིས་ངོས་ལ་རྒྱ་ནག་ནི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཞེད་སྣང་བྱེད་ཡུལ་ཞིག་ཆགས་ཡོད། ཅེས་གསུངས་པ་དྲན་གྱི་འདུག  དེར་བརྟེན་རྒྱ་ནག་ལ་འཛིན་པའི་མཐོང་ཕྱོགས་དེ་གུ་ཡངས་དང་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ལྡོག་གཏོང་དགོས། དུས་རབས་ ༢༡ པའི་གཞོན་སྐྱེས་མི་རབས་ལ་ང་ཚོས་བཟང་ཕྱོགས་ཀྱི་རེ་བ་བརྒྱབ་ཆོག  རྒྱ་རིགས་གཞོན་སྐྱེས་སྤུན་ཟླ་ཕོ་མོ་ཚོར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཡོད། ཅེས་དང་། ང་ཚོས་བོད་ཀྱི་གནད་དོན་སེལ་ཆེད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་འབད་བརྩོན་བྱེད་བཞིན་ཡོད། སོགས་བཀའ་སློབ་སྩལ་རྗེས་མཇལ་བཅར་བ་དང་སློབ་ཕྲུག་སོགས་ཀྱི་མཉམ་དུ་དྲི་བ་ཁག་གཅིག་ལ་བཀའ་ལན་ཡང་སྩལ་འདུག
 
 
 ཕྱི་ལོ་ ༢༠༡༤ ཟླ ༣ ཚེས་ ༢ ཉིན་གྱི་ཞོགས་པར་མི་ནི་སོ་ཀྲའི་ཨ་རིའི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ལོ་གསར་གྱི་མཛད་སྒོར་ཆིབས་བསྒྱུར་གྱིས་སྐུ་མགྲོན་རྣམ་པ་དང་འཛམ་གླིང་གང་སར་ཡོད་པའི་གཞིས་བྱེས་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༡ རབ་འབྱུང་བཅུ་བདུན་པའི་ཤིང་རྟ་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ལམ་སྟོན་བཀའ་སློབ་དང་སེམས་བསྐྱེད་གནང་ཡོད་པ་དང་།  གྲོང་ཁྱེར་གྱི་ངོས་ནས་དེ་ཉིན་ཞི་བདེའི་ཉིན་མོར་གསལ་བསྒྲགས་བྱས་པ་ལ་ཐུགས་རྗེ་ཆེ་སོགས་བཀའ་སློབ་སྩལ་ཡོད་པ་རེད།  
 
   དེ་ཡང་༸གོང་ས་མཆོག་གིས་བཀའ་སྩལ་དོན། དེ་རིང་འདིར་མང་གཙོའི་འོས་བསྡུའི་ལམ་ནས་གདམས་ཐོན་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་དབུས་པའི་བོད་མི་སྤྱི་དང་། ས་གནས་འཐུས་མི་དང་། དགེ་འདུན་པ་རྣམ་པ།  སེར་སྐྱ་མི་མང་རྒན་གཞོན་དག་དང་།   བོད་ལ་ཤ་ཚ་དང་། བདེན་པའི་རྒྱབ་སྐྱོར་གྱི་ལྷག་བསམ་སྙིང་སྟོབས་ཀྱི་ཐོག་ནས་འདིར་ཆེད་མངགས་ཕེབས་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གྲོང་ཁྱེར་སྤྱི་ཁྱབ་རྣམ་པ་ཚང་མ་འདིར་ཕེབས་པ་ཙམ་དུ་མ་ཟད་གསུང་བཤད་གནང་བ་དང་། དེ་བཞིན་དེ་རིང་གི་ཉིན་མོ་ཞི་བདེའི་ཉིན་མོར་གསལ་བསྒྲགས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། 
 
    འདིར་ཡོད་བོད་རིགས་སེར་སྐྱ་ཙམ་མ་ཡིན་པར་འཛམ་གླིང་རང་དབང་ལུང་པ་ཁག་མང་པོ་ཞིག་གི་ནང་དུ་བོད་མི་རྣམས་བཙན་བྱོལ་བ་བྱས་ནས་ཁ་འཐོར་བསྡད་ཡོད་པ་རེད། དེ་ཚོ་ཚང་མར་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།   རྒྱ་གར་དུ་ཡོད་པའི་བོད་མི་རྣམས་དང་། བོད་ནང་གི་བོད་མི་ལོ་གསར་གཏོང་མཁན་རྣམས་ལ་ལོ་གསར་ཚར་ཚར་བ་རེད། ཁོང་ཚོས་ལོ་གསར་གཏོང་དུས་ང་ཚོ་འདིར་གཉིད་ཁུགས་ནས་བསྡད་ཡོད་རེད།  ཡིན་ཡང་བོད་རིགས་སྤྱི་བོ་གནམ་བསྟན་ཚང་མར་དེ་རིང་འཚམས་འདྲི་ཞུ་གི་ཡོད། ཅེས་དང་། 
 
    ང་རང་ཚོ་བོད་མི། བོད་གངས་ཅན་པ་ཟེར་བ་འདི་གྲངས་ཀ་མང་པོ་མ་རེད། ས་ཡ་དྲུག་སྐོར་ཞིག་རེད། འོན་ཀྱང་། ང་ཚོར་ཟུར་གསལ་གྱི་ཡི་གེ་ཡོད་བསྡད་པ། ཡི་གེ་འདིའི་ཐོག་ནས་སངས་རྒྱས་པའི་ཆོས་དེ་འཛམ་པོ་གླིང་འདིའི་ཐོག་ལ་ཆོས་ལུགས་གཙོ་བོའི་གྲས་ཤིག་ཆགས་ཀྱི་ཡོད་རེད། འཛམ་གླིང་ཐོག་ཆོས་ལུགས་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་བསྡད་པ་མང་པོ་ཅིག་ཡོད་རེད།  འདི་དག་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་བ་སོགས་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། བསླབ་བྱ་ཚང་མ་གཅིག་པ་རེད། བྱས་ཙང་། སངས་རྒྱས་པའི་ཆོས་ལུགས་ཀྱིས་ཀྱང་འཛམ་བུ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་དེ་དག་ནང་བཞིན་བྱམས་པ་དང་བརྩེ་བ། བཟོད་པ་ལ་སོགས་པ་ཉམས་ལེན་གཙོ་བོ་བྱེད་ཀྱི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་པའི་ངོས་ནས་གཙོ་བོ་རྒྱུ་མཚན་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོར་བརྩི་གི་ཡོད་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་རྒྱུ་མཚན་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཡོད་པ་དང་། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་སྒྲུབ་པ་ལ་སེམས་རྒྱུད་ཀྱི་གནས་སྐབས་དང་མཐར་ཐུག་གི་རྨོངས་པ་མ་རིག་པ། མདོར་ན་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་རིག་པ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་སེལ་ཏེ་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་སྒྲུབ་པ་གསུངས་ཀྱི་ཡོད་རེད།  རྨོངས་པའི་མུན་པ་སེལ་ཟེར་བ་དེ་དད་པ་དང་འདུན་པ་གཅིག་པུས་སེལ་ཐུབ་ཀྱི་མ་རེད་ཟེར་བའི་ཆོས་བརྒྱུད་ཅིག་ཆགས་བསྡད་ཡོད་རེད།
དེ་འདྲ་ཡིན་ཙང་དེང་སང་འཛམ་བུ་གླིང་འདིའི་ཐོག་ལ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བསྡད་ཡོད་རེད། དུས་ཚོད་འདི་འདྲ་ཞིག་ལ་སངས་རྒྱས་ཀྱི་ལྟ་གྲུབ་ཀྱི་སྐོར་ལ་དཔལ་ན་ལནྡྲའི་མཁས་པ་ཚོའི་དགོངས་པར་ཡོད་པ་ཆ་ཚང་བོད་ཡིག་ནང་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་རེད། འཛམ་གླིང་ནང་སྐད་ཡིག་བརྒྱ་ཕྲག་སྟོང་ཕྲག་ཡོད་ཀྱང་དཔལ་ན་ལནྡྲའི་ཆོས་བརྒྱུད་སྤྱི་དང་། ལྷག་པར་ལྟ་གྲུབ་སྐོར་གོ་བ་དཔྱིས་ཕྱིན་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་མཁན་བོད་སྐད་གཅིག་པོ་རེད་མ་གཏོགས་སྐད་ཡིག་གཞན་མི་འདུག  འདི་ལ་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་སྐྱེས་དགོས་པ་རེད། 
    ང་ཚོའི་མི་རིགས་ཀྱི་བླ་སྲོག་སངས་རྒྱས་པའི་ཆོས་ཀྱིས་སེམས་པ་བཟང་པོ་བྱེད་དགོས་པ་དང་།  དྲང་པོ་བྱེད་དགོས་པ། རྒྱུ་འབྲས་དཔང་འཕེར་བྱེད་དགོས་པ།  སངས་རྒྱས་ཆོས་ཀྱི་བསླབ་བྱ་འདི་དག་བོད་ལ་སླེབས་ནས་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གོམས་གཤིས་ལ་འཇགས་པ་དང་། འབུ་སྲིན་ཚུན་ཆད་ཀྱི་སྲོག་ལ་འཚེ་བ་མི་བྱེད་པ་བོད་པའི་གོམས་གཤིས་ལ་ཡོད་བསྡད་པ་རེད། ཅེས་དང་། 
     གཞིས་བྱེས་གང་ཡིན་ཡང་། བོད་རིགས་ཤིག་ཡིན་ཕྱིན་ཆད་ང་རང་ཚོར་སྐད་ཡིག་ཅིག་ལོགས་སུ་ཡོད་པ་དང་། སྐད་ཡིག་དེར་སངས་རྒྱས་པའི་ཆོས་དང་། ལྷག་པར་ལྟ་གྲུབ་ཀྱི་གོ་བ་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་པའི་སྐད་ཡིག་དེ་བོད་པའི་སྐད་ཡིག་འདི་ཁོ་ན་ཡིན་པ་ཚང་མས་ཤེས་པ་བྱས་ནས། དེ་འདྲའི་སྐད་ཡིག་ལོངས་སུ་སྤྱོད་མཁན་བོད་རིགས་སོ་སོས་སྤོབས་པ་དང་ཞུམ་པ་མེད་པའི་ཐོག་ནས་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱང་བདེན་པའི་ལམ་ནས་དཀའ་ངལ་དེ་སེལ་ཐུབ་པ་རྒྱུ་མཚན་ཡོད་རེད་ལ། སེམས་ཤུགས་མ་ཉམས་པ་བྱེད་རྒྱུ་གལ་ཆེན་པོ་རེད། 
 
   ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་དུས་ངོ་ཤེས་པ་གནམ་དང་ས་རེད།  བོད་མི་ཁག་གཅིག་མ་ས་མ་རི་ལ་འབྱོར། ང་ཚོ་མ་སུ་རི་ལ་འབྱོར། དེ་དུས་ལོ་བཞི་བཅུ་ལྔ་བཅུ་ཕྱིན་པའི་རྗེས་ལ་གནས་སྟངས་ག་འདྲ་ཞིག་ཡོང་དང་མ་ཡོང་ཟེར་བ་དེ་ལྐོག་གྱུར་རེད། ཡིན་ནའང་། ང་རང་ཚོར་བདེན་པ་ཡོོད་པ་ཡིན་དུས་བདེན་པའི་ནུས་པ་ཟེར་བ་དེ་ལོ་མང་པོ་ཕྱིན་ཚེ་ཡལ་འགྲོ་བ་དང་། བསུབ་འགྲོ་བ་དེ་འདྲ་མེད་པ་རེད།  དྲག་སྤྱོད་ཀྱི་ཐོག་ནས་ལས་འགུལ་ག་འདྲ་བྱས་པ་ཡིན་ནའང་། འཕྲལ་སེལ་ནུས་པ་ཆེན་པོ་ཡོད་པ་རེད་མ་གཏོགས་ཕུགས་རྒྱང་རིང་པོའི་ཆ་ནས་ག་ལེར་མི་ཚང་མ་ཞེད་དགོས་པ་ཞིག་ཡོང་བསྡད་ཀྱི་འདུག  འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པའི་རྒྱུ་མཚན་གྱི་ཐོག་ནས་འབད་བརྩོན་བྱས། ཐབས་ཤེས་བྱས་ན་ལོ་གཅིག་སོང་གཉིས་སོང་གི་ནུས་པ་ཆེ་རུ་མ་ཕྱིན་ཡང་ཡལ་མི་འགྲོ་བ་གསལ་པོ་རེད། ངོས་ལ་ཆ་བཞག་ན་བཙན་བྱོལ་ལ་ཐོག་མར་ཡོང་དུས་ལོ་ཉེར་བཞི་རེད། ད་ལྟ་ལོ་བདུན་བཅུ་དོན་དགུའི་མཚམས་ལ་སླེབས་ཡོད་རེད། ལོ་ངོ་བརྩིས་པ་ཡིན་ན་ལོ་བརྒྱད་ཅུ་ལ་སླེབས་ཀྱི་ཡོད་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ང་ལྔ་ལ་ཉེ་བ་ཞིག་ཆགས་ཡོད་པས། དེའི་རིང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོང་ན་བདེན་པ་ལ་ནུས་པ་ཞིག་ཡོད་བསྡད་པ་དང་། ང་ཚོའི་བདེན་པའི་འཐབ་རྩོད་བྱེད་པའི་རྩ་བའི་སེམས་ཤུགས་དང་སྙིང་སྟོབས་དེ་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་ཡོང་གི་ཡོད་པ་ལ་བསམ་བློ་འཁོར་ཡོང་དུས། ང་ཚོ་བོད་མི་རིགས་ཀྱི་སོ་སོའི་བདེན་དོན་རྩོད་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་གང་འཚམས་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་དང་སྤོབས་པ་ཡོད་པ་ཕལ་ཆེར་རེད། 
    འདས་པའི་ལོ་ངོ་ལྔ་བཅུ་ང་གྲངས་ཀྱི་ཉམས་མྱོང་ཐོག་ནས་ཕྱོགས་བསྡོམས་བྱས་ཡོང་དུས། འཛམ་བུ་གླིང་ལ་དགོས་མཁོ་ཧ་ཅང་ཆེ་བའི་བྱམས་པ་དང་བརྩེ་བ། བཟོད་པ་བཅས་ལ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་འགྲེལ་བཤད་རྒྱབ་ཡོང་དུས།  དམིགས་བསལ་སྐྱེ་བ་སྔ་ཕྱི་དང་། ཐར་བ་དང་ཐམས་ཅད་མཁྱེན་པ། དཀོན་མཆོག་སོགས་ལ་ཡིད་ཆེས་མེད་པའི་མི་ཞིག་ཡིན་ནའང་།  ནང་བསམ་བློའི་འཁྱེར་སོའི་ཐོག་ནས་སེམས་ཀྱི་བདེ་སྐྱིད་སྒྲུབ་སྟངས། སེམས་ཀྱི་བདེ་སྐྱིད་ལ་བརྟེན་ནས་ལུས་པོའི་བདེ་ཐབས་སྒྲུབ་པ། ཁྱིམ་ཚང་བདེ་ཐབས་སྒྲུབ་པ།  སྤྱི་ཚོགས་ཀྱི་བདེ་ཐབས་སྒྲུབ་པ། ཆེ་ས་ནས་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུའི་སེམས་ཀྱི་བདེ་སྐྱིད་སྒྲུབ་པ་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་སྒྲུབ་པ་ལ་འབྲེལ་བ་ཡོད་པ་ཞིག་དང་ཐབས་ལམ་ལམ་སྟོན་བྱེད་ཐུབ་པ་ཞིག་གི་གནས་ཚུལ་ཆགས་ཀྱི་འདུག 
    ངོས་རང་ལ་མཚོན་ན་གངས་ཅན་པ་ཞིག་རེད།  བོད་གངས་ཅན་ལྗོངས་ཀྱི་དཔལ་ན་ལནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དཔྱིས་ཕྱིན་པ་ཞིག་ཤེས་ཀྱི་མེད་ཀྱང་། གང་འཚམས་སློབ་སྦྱོང་བྱས་པ་དང་ཉིན་རེའི་བསམ་བློ་གཏོང་ཕྱོགས་ནང་རྟག་པར་སླེབས་བསྡད་ཀྱི་ཡོད་པས་ངོས་རང་སྒེར་ལ་རྐྱེན་ངན་ཁྲོད་ནས་སེམས་ཀྱི་ཞི་བདེ་ཟིན་ཐུབ་པ་ཞིག་ཡོང་གི་འདུག   ཆོས་དད་མེད་མཁན་དང་འཛམ་གླིང་སྤྱི་ལ་ཕན་པའི་བློ་སྦྱོང་ཐབས་ཤིག་སངས་རྒྱས་པའི་གཞུང་གི་ནང་དུ་ཡོད་པ་རེད། དེ་འདྲ་ཡིན་པ་དེ་ང་ཚོ་བོད་རིགས་ཀྱི་བླ་སྲོག་རེད་ལ། བོད་མི་རིགས་ཀྱི་སྤོབས་པ་སྐྱེས་དགོས་པ་ཞིག་ཀྱང་རེད། 
    དེ་རིང་ལོ་གསར་གྱི་འཚམས་འདྲི་ཞུ་པ་དེའང་ཆོས་ཕྱོགས་ཀྱི་ཐོག་ནས་ཡོང་ན་བསམ་ཡོད། ཆོས་ཟེར་བ་སྨོན་ལམ་རྒྱབ་བསྡད་པ་དང་འདོན་པ་བཏོན་བསྡད་པ་གཅིག་པུ་མ་རེད། དེས་ཀྱང་མི་ལ་ཕན་ཐོགས་ཡོད་ཀྱང་གཙོ་བོ་སངས་རྒྱས་པའི་ཆོས་ཟེར་དུས་སེམས་ལ་བསྒྱུར་བཅོོས་གཏོང་དགོས་པ་རེད། ལྟ་གྲུབ་འདི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 
    གཞན་ཡང་།   ལོ་ལྔ་བཅུ་ང་གྲངས་ནང་ལ་མི་རབས་བརྗེ་འགྲོ་གི་རེད། མི་ངོ་ཤེས་པ་མང་པོ་ཞིག་སྤོ་རྨོ་ཆགས་པ་དང་ཁ་ཤས་ལག་པས་འཁྱོག་ཚད་ཆགས་འདུག  ལོ་ཡུན་འདི་འདྲ་ཞིག་ཕྱིན་ཚར་བ་རེད། ཡིན་ནའང་། སོ་སོའི་ཕྲུ་གུ་དང་ཕྲུ་གུའི་ཕྲུ་གུ་རྣམས་བོད་མི་གྲོང་གྲོང་ཞིག་བདག་པོ་བྱས་འདུག ཞེ་དྲག་ཡག་པོ་རེད། གཞོན་སྐྱེས་ཁྱེད་རང་ཚོ་བོད་པ་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་སྤོབས་པ་སྐྱེས་པ་དང་། བོད་པ་ཞིག་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཡ་རབས་བྱེད་པ། བསམ་པ་རྣམ་དག་བྱེད་པ། མགོ་བདེ་དྲན་འཕྲུལ། སྐྱག་རྫུན། མ་བིན། ཧམ་པ་ཅན་དེ་འདྲ་མི་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།   
    དེ་རིང་འདི་ནས་ཕྱག་རྟགས་ཀྱི་ཚབ་ཏུ་ངོས་ནས་སེམས་བསྐྱེད་ཅིག་བྱས་ན་བསམ་སོང་། ངོས་རང་ཉིན་རྟག་པར་སེམས་བསྐྱེད་ཚར་བཅུ་གྲངས་ལེན་གྱི་ཡོད། དེ་རིང་འདི་ནས་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།། གསུངས་པ་བཞིན་བཀྲ་ཤིས་རིམ་པ་མང་པོ་ཡོད་པ་རེད། མངོན་འདོད་འགྲུབ་པའི་བཀྲ་ཤིས། ངེས་ལེགས་འགྲུབ་པའི་བཀྲ་ཤིས་སོགས་མང་པོ་ཞིག་ཡོད་རེད། བློ་ལ་འགྱུར་བ་བཏང་ནས་བློ་བཟང་དུ་བཟང་དུ་བཅོས་པའི་རིམ་པའི་ནང་དུ་བཀྲ་ཤིས་ཟེར་བའི་གོ་བ་དེ་སླེབས་ཀྱི་འདུག  ལོ་གསར་ལ་ཉི་མ་བསྐྱལ་བ་ལ་ཆང་འཐུང་ཨ་རག་འཐུང་། གང་འཚམས་ཤིག་ནས་རྒྱག་རེས་རྒྱབ་རྒྱུ་དེ་འདྲ་མ་རེད། ང་ཚོའི་ངོས་ནས་བཀྲ་ཤིས་བདེ་ལེགས་དེ་སེམས་བཟང་པོ་བྱུང་བ་དང་། སེམས་བཟང་པོ་བྱུང་ན་རང་སྐྱིད་པ་རོགས་སྐྱིད་པ། འཕྲལ་སྐྱིད་པ་ཕུགས་སྐྱིད་པ། དེ་འདྲ་ཡིན་པས་སེམས་བསྐྱེད་ཅིག་བྱས་ན་བསམ་པ་རེད། སེམས་བསྐྱེད་བྱེད་པ་ལ་སངས་རྒྱས་ཆོས་ཚོགས་མ་ལྟ་བུ་ཤོ་ལོ་ཀ་གཅིག་མར་བཏོན་པ་ཙམ་གྱིས་ཡོང་གི་ཡོད་མ་རེད། སྐྱབས་འགྲོའི་གཞི་ཟིན་པའི་ཐོག་ནས་སེམས་བསྐྱེད་དགོས་ཀྱི་ཡོད་པ་རེད། སྐྱབས་འགྲོ་ལ་རང་དོན་ཡིད་བྱེད་ཀྱི་ཐོག་ནས་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དང་། གཞན་ཕན་གྱི་བསམ་པའི་ཐོག་ནས་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་སོགས་སྐྱབས་འགྲོ་ལའང་རིམ་པ་མང་པོ་ཡོད་པ་རེད། ཅེས་སོགས་སེམས་བསྐྱེད་སྩལ་རྗེས་འགྲོ་བ་སེམས་ཅན་སྤྱི་དང་ཡང་དགོས་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོའི་ཆེད་དུ་དམིགས་ནས་མ་ཎི་ཕྲེང་སྐོར་གཅིག་ཚང་མས་མཉམ་དུ་གསོག་སྒྲུབ་དགོས་པའི་བཀའ་གནང་བ་སོགས་བཀའ་སློབ་ཟབ་རྒྱས་གནང་སྟེ་ལོ་གསར་མཛད་སྒོ་ལེགས་པར་གྲུབ་འདུག  
 
 
ཕྱི་ལོ་ ༢༠༡༤ ཟླ་ ༣  ཚེས་ ༡ ཉིན་གྱི་ཞོགས་པར་ཨ་རིའི་མི་ནི་སོ་ཀྲ་(Minnesota)མངའ་སྡེའི་མི་ནི་ཡ་ཕོ་ལི་སི་(Minneapolis)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མི་ནི་ཡ་ཕོ་ལི་སི་སྤྱི་སྡེ་ཚོམས་ཆེན་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱི་གླེང་སྟེགས་དང་ཨོ་གྷོ་སི་བྷར་རྒ་མཐོ་སློབ་(Augsburg College)གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་བྱས་པ་ལྟར་ཐེངས་ཉེར་དྲུག་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་གླེང་སྟེགས་ལོ་འཁོར་ཚོགས་འདུའི་ཐོག་ཆིབས་བསྒྱུར་དང་བཀའ་སློབ་གནང་ཡོད་འདུག
 
   ལྷན་ཚོགས་འདི་ཉིན་བཞིའི་རིང་འཚོགས་རྒྱུར་ཉིན་དང་པོའི་ལྷན་ཚོགས་ཐོག་༸གོང་ས་མཆོག་གདན་འདྲེན་ཞུས་ཏེ་བཀའ་སློབ་སྩལ་ཡོད་པ་དང་།  ཚོགས་ཞུགས་མི་གྲངས་སུམ་སྟོང་ལྷག་གིས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག་པ་དང་།   
 
   
   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བྱམས་བརྩེ་གལ་ཆེ་བའི་སྐོར་དང་། ང་དང་གཞན་ཞེས་ཤུགས་ཆེ་དྲགས་ན་རང་བཞིན་གཉིས་ཀར་དཀའ་ངལ་ཡོང་རྒྱུ་རེད།  གཙོ་ཆེ་ཤོས་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཡ་རབས་ཀུན་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཡིན་པ་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སློབ་གསུང་བཤད་གྲུབ་རྗེས། དྲ་ལམ་བརྒྱུད་ནས་འཛམ་གླིང་གི་ས་ཁུལ་གང་ས་ནས་མི་ཧ་ཅང་མང་པོས་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་གནས་སྟངས་ག་འདྲ་ཞིག་ཡིན་ཡང་རེ་བ་བཟང་ས་ནས་རྒྱག་དགོས་ཞེས་དང་།  རང་ཉིད་ལ་བདེ་སྐྱིད་དང་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་རྒྱུའི་ཐབས་ལམ་གཙོ་བོ་ནི་གཞན་ཕན་གྱི་བསམ་བློ་གཏོང་དགོས་པ་རེད་སོགས་བཀའ་ལན་སྩལ་ཡོད་པ་རེད།

 

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་ཉིན་གྲངས་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཆ་ཏི་སི་གྷར་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་གོང་ཚེས་ཉིན་རྒྱལ་ས་ར་ཡེ་པུར་དུ་༸ཞབས་སོར་བདེ་བར་འཁོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་གིས་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་(Pt Ravishankar Shukla University) དང་། ཝར་ཎ་དབུས་བོད་ཀྱི་2014-01-13-05གཙུག་ལག་སློབ་གཉེར་ཁང་། ཆ་ཏི་སི་གྷར་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་དང་འབྲེལ་བཀའ་སློབ་ཕེབས་དོན། རྒྱ་གར་ནི་གནའ་བོའི་རིག་གནས་ཀྱི་ཕྱུག་པའི་ཡུལ་ཞིག་ཡིན། རྒྱ་གར་གྱི་མཐོ་སློབ་ཁག་ནང་གནའ་བོའི་རིག་གནས་དེ་དག་གཏིང་ཟབ་ཁྱབ་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉི་ཧོང་དང་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་རིག་གཞུང་གི་གོ་རྟོགས་ནམ་རྒྱུན་དུ་ཆོས་བྱེད་མཁན་དགེ་འདུན་པ་ཚོ་ལས་ཡག་པ་ཡོད། ངོས་རང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ནང་རྒྱ་གར་གྱི་རིག་གཞུང་གོང་འཕེལ་གཏོང་རྒྱུའི་འདོད་མོས་ཡོད།

2014-01-13-07འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་ཚང་མ་དབུལ་ཕྱུག་ལ་མ་ལྟོས་པར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་འདོད་ཡོད་པ་ཤ་སྟག་རེད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་རྒྱུ་ནི་ང་ཚོའི་གཞི་རྩའི་ཐོབ་ཐང་ཡིན། ཁྱེད་རང་ཚོས་བདེ་སྐྱིད་སྒྲུབ་ཐབས་སུ་བྱམས་བརྩེ་གོང་སྤེལ་གཏོང་དགོས། མདོར་ན། ང་ཚོས་བདེ་སྐྱིད་སྒྲུབ་ཐབས་སུ་སོ་སོའི་ཉིན་རེའི་མི་ཚེ་ནང་སྙིང་རྗེ་དང་བཟོད་བསྲན་སོགས་ལག་བསྟར་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

དེ་བཞིན་ཆ་ཏི་སི་གྷར་མངའ་སྡེའི་བློན་ཆེན་རཱ་མན་སིངྒ་ (Dr.Raman Singh) མཆོག་དང་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ངག་དབང་བསམ་2014-01-14-18གཏན་ལགས། པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཨེས་ཀེ་པཱན་ཌེ་(SK Pandey)ལགས་བཅས་ཀྱིས་ཀྱང་གསུང་བཤད་གནང་འདུག

2014-01-14-25

སིར་པུར་ས་གནས་མི་མང་དང་སློབ་ཕྲུག་ཚོར་བཀའ་སློབ་སྩོལ་བཞིན་པ།

ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་རྒྱལ་ས་ར་ཡེ་པུར་ནས་རྒྱང་ཐག་སྤྱི་ལེ་ ༧༨ བརྒལ་བའི་སར་ཡོད་པའི་སིར་པུར་(Sirpur)ས་གནས་སུ་ཆིབས་སྒྱུར་གྱིས། ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་མཛད་གྲུབ་མཚམས། ཕྱི་དྲོ་སིར་པུར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཞིག་ཏུ་ཆིབས་སྒྱུར་བསྐྱང་སྟེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་ར་ཡེ་པུར་ནང་ཡོད་པའི་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་གཞིས་མི་ཚོར་བཀའ་སློབ་སྩལ་བ།

5༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་གཞིས་འགོས་གཙོས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གཞིས་ཁུལ་དེའི་བོད་མི་སེར་སྐྱ་མི་དམངས་སོགས་དད་ལྡན་པ་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ངོས་རང་ཆུང་དུས་ར་སྒྲེང་དང་སྟག་བྲག་རྒྱལ་ཐོག་གིས་གནང་བ་རེད། ཁྱེད་རང་ཚོ་མི་རབས་རྒན་པ་ཡོད་ན་མཐོང་ཐོས་མྱོང་གསུམ་ཡོད་ཤས་ཆེ། སྤྱིར་བཏང་རྒྱལ་ཐོག་སོ་སོའི་གཙོ་བོ་ཞབས་གྲས་ཚོས་ཕྱོགས་ལྷུང་ཐོག་ནས་ཕྱིན་ཡོད། གང་ལྟར་དཔོན་པོ་རེ་ཟུང་གི་ལག་པར་དབང་ཆ་ཡོངས་རྫོགས་ཡོད་སྟབས། ཁྲིམས་ཀྱི་དབང་སྒྱུར་མེད་པར་མི་མང་ཚོར་བཀའ་གཏོང་གི་ཡོད་པ་གཏོགས་མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་བསམས་པ་ཕལ་ཆེར་མེད། ངོས་ཀྱིས་དེ་དུས་ནས་བྱེད་ཕྱོགས་དེར་སྐྱོན་འདུག་བསམས་པ་དྲན་བཞིན་ཡོད། མང་གཙོར་དགེ་མཚན་ཆེན་པོ་ཞིག་ཡོད་པར་བརྟེན། ངོས་ཀྱིས་དགའ་བཞིན་སྤྲོ་བཞིན་དང་དུ་བླངས་ཏེ་དགའ་ལྡན་ཕོ་བྲང་གིས་སྲིད་དབང་འཛིན་རྒྱུ་མཇུག་སྒྲིལ་བྱས་པ་ཡིན།

ང་ཚོ་མང་གཙོའི་འཕེལ་རིམ་དང་ལག་བསྟར་བྱེད་རྒྱུའི་ཐོག་ནས་བརྗོད་ན། པེ་ཅིང་སྲིད་གཞུང་གི་འགྲོ་སྟངས་དང་ང་ཚོ་རྡ་སར་སྒྲིག་འཛུགས་ཆུང་ཆུང་ཞིག་ལས་མེད་ཀྱང་འགྲོ་སྟངས་ཚད་ལོང་བ་ཞིག་ཆགས་ཀྱི་ཡོད། རྒྱ་མི་གུང་ཁྲན་མཁྲེགས་བཟུང་ཅན་ཚོས་ནམ་རྒྱུན་ཞིང་བྲན་ལམ་ལུགས་དང་སྤྱི་ཚོགས་རྙིང་པ། རྗེས་ལུས་རེད། ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རྣམས་གཞི་གང་ཡང་མེད་པ་ཆགས་ཡོད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ནས་དགོངས་ཞུ་བྱེད་དགོས་དོན་ནི། ངོས་རང་སེམས་ཤུགས་ཆག་པ་དང་བོད་དོན་རེ་བ་བརླགས་པ་ལྟ་བུའི་ཐོག་ནས་བྱས་མེད། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་ཡོད་ཀྱང་ང་ཚོས་འབྲེལ་བ་བྱེད་ཡུལ་དེ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་རེད། ལས་ཁུངས་དེའི་ནང་གི་མི་དེ་དག་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་མཁན་དང་། རང་ཉིད་ལ་དབང་ཆ་ཡོད་སྟབས་ཧ་ཅང་མཁྲེགས་པོ་བྱས་ནས་སྡོད་མཁན་ཞིག་ཆགས་འདུག་པར་བརྟེན་གང་ཡང་བྱུང་མེད།

དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་དང་ང་ཚོ་འབྲེལ་བ་བྱས་ནས་གྲུབ་འབྲས་གང་ཡང་ཐོན་མེད་ཀྱང་རྒྱ་ནག་མི་དམངས་ཁྲོད་བོད་ཀྱི་གནས་ཚུལ་གོ་རྟོགས་ཡོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ལྷག་པར་ཤེས་ཡོན་ཅན་ཚོའི་ནང་ནས་བོད་ཀྱི་གནས་ཚུལ་ལ་དོ་སྣང་གསར་པ་སླེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་འདུག དཔེར་ན། འདས་པའི་ལོ་གསུམ་བཞིའི་ནང་ལ་བོད་དོན་སྐོར་རྒྱ་མི་རང་ཉིད་ཀྱིས་བྲིས་ཡོད་པ་རྩོམ་ཡིག་སྟོང་ཕྲག་གཅིག་ཙམ་བྱུང་ཡོད། དེང་སྐབས་རྒྱ་མིས་ང་ཚོར་ཁ་བྲལ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་ཁ་བྲལ་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་ཀྱི་ཡིན། ཞེས་བརྗོད་བཞིན་ཡོད། རྒྱལ་པོ་གླང་དར་རྗེས་བོད་ཁ་བྲལ་ཕྱིན་འདུག དེ་ནས་ལོ་སྟོང་ཕྲག་ལྷག་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བྱུང་མྱོང་མེད།

རྒྱ་གུང་ཁྲན་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་བོད་ཆོལ་གསུམ་གྱི་མི་དམངས་ཚང་མར་གཅིག་སྒྲིལ་གྱི༌ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་འདུག དེ་ལྟ་བུ་ཞིག་ཡོད་བཞིན་པ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། ང་ཚོ་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་ཆོལ་ཁ་གསུམ་མཉམ་ཟ་མཉམ་འཐུང་དང་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡིན་མ་གཏོགས་ང་ཚོ་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད། མང་ཚོགས་ལ་བསམ་ཚུལ་4ཤུགས་ཆེ་ཡོད་སྟབས། མཁྲེགས་བཟུང་བྱེད་མཁན་གྱི་རིགས་ག་ལེར་ག་ལེར་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་ཆགས་ཀྱི་འདུག དེ་ལྟ་བུའི་གནས་སྟངས་འོག་ད་ལྟའི་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གསར་པའི་བསམ་བློ་ཕྲན་བུ་གུ་ཡངས་པ་ཡོད་སྐོར་རྒྱ་མི་མང་པོས་ངོས་ལ་བརྗོད་བྱུང་། རིམ་བཞིན་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་འདུག དེར་བརྟེན་ང་ཚོ་ཚང་མས་དུས་ད་བར་དུ་དཀའ་ལས་བརྒྱབ་སྟེ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཐོག་བསྡད་ཡོད།

གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནས་ཧ་ལས་པའི་སེམས་ཤུགས་བྱས་ཏེ་བསྡད་པ་རེད། སེམས་ཤུགས་དང་མཁྲེགས་པོ་བྱས་ནས་བསྡད་སྟབས། རྒྱ་རིགས་མི་དམངས་ནང་དང་ལྷག་པར་ཤེས་ཡོན་ཅན་མང་དག་ཅིག་གིས་བདེན་པ་མཐོང་སྐབས། རྒྱ་ནག་གཞུང་གི་སྲིད་བྱུས་ནོར་བའི་བསམ་ཚུལ་ཤུགས་ཆེ་སླེབས་ཀྱི་འདུག དེ་ལྟ་བུའི་ཤུགས་རྐྱེན་འགོ་ཁྲིད་ཚོའི་ཐོག་ལ་ཏན་ཏན་སླེབས་ཀྱི་ཡོད། སྤྱིར་བཏང་ངོས་རང་རྒན་ཡོལ་དུ་ཕྱིན་ཏེ་འགན་མེད་ཀྱང་ངོས་རང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ངོས་ཀྱིས་འགན་འཁྱེར་ནས་བསྡད་པ་རེད། རྒྱ་བོད་འབྲེལ་བ་བྱེད་རྒྱུའི་དབུ་མའི་ལམ་ཡང་ངོས་ཀྱིས་ཉམས་མྱོང་མང་པོ་ཕྱོགས་བསྡུས་དང་འབད་བརྩོན་བྱས་ཏེ་མཐའ་བསྡོམས་བརྒྱབ་ནས་ཕྱིན་པ་རེད། དེར་བརྟེན་གཏམ་འགོ་ངོས་ཀྱིས་བཙུགས་སྟབས་མི་མང་ཚོར་གསལ་བཤད་མ་བྱས་ན་མི་འགྲིགས་པ་ལྟ་བུ་འདུག

དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང་། རང་སྐྱོང་བརྗོད་ན་སེམས་ཤུགས་མེད་པའི་སྐད་ཆ་ཤོད་མཁན་ཡོང་གི་འདུག དེ་ལྟར་མིན་པས་ཁྱེད་རང་ཚོ་མགོ་སྐོར་ཐེབས་རྒྱུ་མེད། ཁྱེད་རང་ཚོ་རང་བཙན་གྱི་བསམ་བློ་ཡོད་མཁན་ཡིན་ན། རང་བཙན་སྒྲུབ་ཆོག་གི་རེད་ཀྱང་གང་འདྲ་བྱས་ནས་སྒྲུབ་བམ། རང་བཙན་དགོས་ཞེས་སྐད་བརྒྱབ་པ་ཁོ་ནས་འགྲིགས་ཀྱི་མེད། རང་བཙན་སྒྲུབ་ན་དང་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་རེད་མ་གཏོགས་འཆམ་མཐུན་དང་སྐད་ཆ་བཤད་ནས་ཡོང་རྒྱུ་མེད། རྒྱ་མི་དགྲ་ཁ་གཏད་བཟོས་ན་ང་ཚོས་རྒྱ་མིར་ཐུབ་ཀྱི་རེད་དམ་མ་རེད། བསམ་བློ་ཡག་པོ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

ལོ་གསར་བའི་བཀའ་སློབ།

ཉིན་འདི་གར་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་ཆོས་རྭར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་སྩོལ་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་སྨར་ཁམས་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང༌། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་༼ཀུན་ཁྱབ་མཛད་ཆེན༽ཞེས་པའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་ཕྱི་རྒྱལ་བ་ཚོར་ཕྱི་ལོ་གསར་པར་འཚམས་འདྲི་དང་སྦྲགས། གསར་དུ་བཞད་པའི་ལོ་འདི་སྤྲོ་སྣང་ལྡན་པ་ཞིག་དང་སྡུག་བསྔལ་གྱི་ལོ་ཞིག་ཡོང་མིན་ང་ཚོར་རག་ལས་ཡོད་སྟབས། ང་ཚོ་མི་སྒེར་སོ་སོའི་ངོས་ནས་སེམས་པ་བཟང་པོ་ཞིག་དང་འཚེ་བ་མེད་པ། ཡ་རབས་སྤྱོད་བཟང་བྱས་པ་ཡིན་ན་བདེ་སྐྱིད་ལྡན་པའི་ལོ་ཞིག་ཡོང་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག

༧གོང་ས་མཆོག་གིས་ཐེངས་འདིའི་བརྟན་བཞུཊ་ཀྱི་ཐོག་མའི་སྐུལ་མ་སྨར་ཁམས་གཞིས་བྱེས་གཉིས་ཡིན་ཡང༌། གདན་ས་གསུམ་གཙོས་པའི་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་རབ་བྱུང་ཕོ་མོ་དང༌། ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་ཐུན་མོང་ཐོག་ངོས་རང་ཚེ་རིང་དུ་འཚོ་རྒྱུར་སྐྱབས་འཇུག་གནང་བ་དང་མཉམ་དུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང༌། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང་བླ་མ་སྤྲུལ་སྐུའི་མིང་ཡོད་པ། མཁན་པོ་ལས་ཟུར་དཔེ་ཁྲིད་སླད་དུ་གདན་བཞུགས་པ་ཡོངས་ཀྱི་སྐུ་ཚེ་ཡུན་དུ་གནས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྟབས་དགེ་འདུན་འདུས་པ་རྒྱ་མཚོས་ཐུགས་སྨོན་གནང་ན་ཡག་པོ་ཡོད་པ་མ་ཟད། ལོ་འདིའི་ནང་འཛམ་གླིང་སྤྱིས་བརྩི་བཞིན་པའི་མི་སྣ་གཞན་ཕན་དང་སྤྱི་སེམས་ཀྱི་བླ་ཡོད་ལ་བྱ་བ་དངོས་སུ་སྒྲུབ་མཁན་དེ་དག་ཚང་མ་ཚེ་རིང་བ་དང་ནད་མེད་བྱ་བ་ལམ་འགྲོ་ཡོང་བར་ཚང་མས་སྨོན་ལམ་བརྒྱབ་ན་ཡག་པོ་ཡོད་ཚུལ་གསུངས་འདུག 

༧གོང་ས་མཆོག་གིས་བོད་ནང་དཀའ་སྡུག་མྱོང་བཞིན་པ་ཚོར་སྨོན་ལམ་རྒྱག་དགོས་སྐོར་གསུངས་པ་དང་སྦྲགས་རང་ལུས་མེར་བསྲེགས་སྐོར་ལ། འུ་ཐུག་སྟེ་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཞིག་བྱུང་བ་རེད། དེ་དག་ཆེད་ངེས་པར་དུ་སྨོན་ལམ་རྒྱག་དགོས། གནས་ཚུལ་བྱུང་ཟིན་པ་རེད། དེས་བོད་བསྟན་སྲིད་ལ་ཕན་དང་མི་ཕན་ཞེས་པ་དེ་དྲི་བ་ཆེན་པོ་ཞིག་རེད། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད། གང་ལྟར་རྒྱ་དང་གྲོགས་པོ་བསྒྲིགས་ཏེ་བོད་དོན་བསྒྲུབ་རྒྱུའི་བསམ་བློ་གཏོང་གི་ཡོད། དངོས་ཡོད་གནས་ཚུལ་དེའི་ཐོག་ནས་བསྒྲུབ་དགོས་པ་རེད། གང་ལྟར་སྙིང་སྟོབས་འདི་ཙམ་ཞིག་གི་ཐོག་ནས་སོ་སོའི་སྲོག་བློས་གཏོང་བྱས་ཡོད། དེ་དག་གིས་སོ་སོའི་སྲོག་བློས་གཏོང་ཐུབ་མཁན་གྱི་མི་ཞིག་གིས་སོ་སོ་ཤི་བ་དང་ཆབས་ཅིག་རོགས་པ་འགའ་འཁྲིད་ཐུབ་རྒྱུ་ཏན་ཏན་ཡོང་གི་རེད། འོན་ཀྱང་འདི་མི་བྱེད་པ་དེ་ནི་བོད་ཆོས་ལྡན་གྱི་ཞིང་འདི་འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་ཐོག་ནས་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་དང་ལག་ལེན་བསྟར་གྱི་ཡོད་པ་གསལ་པོ་རེད” ཞེས་གསུངས་འདུག 

དེའི་རྗེས་སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་བཟང་རྒྱས་ཁྲི་ལགས་ཀྱིས། ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་སྨར་ཁམས་ཡུལ་གྱི་ཆབ་འབངས་ཡོངས་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་བཀའ་དགོངས་འོག་ཤར་སྐྱོད་བྱས་ཡོད་པ་མ་ཟད། ༧གོང་ས་སྐུ་ཕྲེང་བཅུ་བཞི་བའི་དུས་ནས་དུས་སུ་ཕེབས་པའི་བཀའ་དགོངས་འོག་ཤར་བསྐྱོད་བྱས་དང་བྱེད་མུས་ཡིན་པ་དང༌། ༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མིན་ཇི་ལྟར་ཡང༌། གང་གིས་ཟབ་ཅིང་གསལ་བའི་ཆོས་སྲིད་ཀྱི་བཀའ་སློབ་དགོངས་དོན་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འོག་ཡིད་གཉིས་ཐེ་ཚོམ་མེད་པར་མདུན་སྐྱོད་བྱ་རྒྱུར་དམ་བཅའ་གཙང་མ་ཡོད་པ་དང༌། ལྷག་པར་དུ་མགོན་པོ་ཉིད་ཀྱིས་དོལ་རྒྱལ་སྐོར་ལ་ཕེབས་པའི་བཀའ་དགོངས་བཞིན། སྨར་ཁམས་ཡུལ་དགོན་ཁག་གི་བླ་སྤྲུལ་རྣམ་པས་གཙོས་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་དུས་ནས་དུས་སུ་མི་མང་ལ་བླང་དོར་ལམ་སྟོན་གནང་བ་དང༌། ༢༠༠༠ ལོ་ཙམ་ནས་གཞིས་སྡོད་སྨར་ཁམས་ཁུལ་གྱི་བོད་མི་རང་ངོས་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་པ་སོགས་ལ་བརྟེན་ནས། ད་གཟོད་སྨར་ཁམས་ཁུལ་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བརྒྱ་ཆ་རེ་གཉིས་ཙམ་ལས་མེད་ཀྱང༌། ད་དུང་རེ་གཉིས་ཡོད་པ་དེ་དག་གིས་ཀྱང་ལམ་ནོར་ཟློག་ཤེས་ཡོང་ཐབས་ལ་དད་དམ་གཙང་མ་ལྡན་པའི་སྨར་ཁམས་ཡུལ་དགོན་ཡོངས་ཀྱིས་ཐབས་ཤེས་ཡོད་རྒུ་བྱས་ཏེ་གཙང་བཟོ་བྱ་རྒྱའི་དམ་བཅའ་ཡང་འཇོག་རྒྱུ་ཡིན་ཚུལ་དང་། ཅི་སྟེ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་ཟློག་ཤེས་མེད་པར་མཁྲེགས་འཛིན་བྱེད་མཁན་བྱུང་ཚེ། སྔར་རྒྱུན་བཞིན་ཆོས་དང་ཟང་ཟིང་གི་འབྲེལ་བ་སྤངས་ཏེ། མི་རབས་རྒྱུད་བཅས་ཀྱིས་མུ་མཐུད་རྒྱུན་འཁྱོངས་ཞུ་རྒྱུ་དམ་བཅའ་འབུལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

མཇུག་ཏུ་༧གོང་ས་མཆོག་གིས། “ ཁྱེད་ཚོ་སྨར་ཁམས་གཞིས་བྱེས་གཉིས་ཐུན་མོང་ཐོག་བརྟན་བཞུགས་དང་གཟེངས་རྟགས་ཤིག་ཀྱང་འབད་བརྩོན་ཆེན་པོ་བྱས་ཏེ་བྱུང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཁྱེད་ཚོས་སྔ་མོའི་ལོ་རྒྱུས་ནས་མར་བགྲང་ནས་ཁྱེད་རང་ཚོ་དེ་དག་དགའ་ལྡན་ཕོ་བྲང་གི་ཆབ་འབངས་སྨོས་མེད་ཞིག་ཡིན་པ་དང་རྒྱལ་བ་གོང་མ་ཚོས་གཟིགས་པ་ཆེན་པོ་ཡོད་སྐོར་ལོ་རྒྱུས་མར་བཤད་པ་དེར། བོད་སྤྱི་པའི་དོན་དུ་ལམ་སྟོན་ག་རེ་ཡོད་པ་དེ་དག་རྒྱབ་མདུན་ངོ་ལྐོག་མེད་པ་བྱས་ཏེ་འགྲོ་གི་ཡིན་ཞེས་བརྗོད་པར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཁྱེད་ཚོས་ལོ་རྒྱུས་བརྗོད་སྐབས་ངོས་རང་ཆུང་ཆུང་སྐབས་ལ་གཟིམ་འགག་ཁྲི་པ་དེ་དགའ་ལྡན་བྱང་རྩེ་ནས་ཡིན་པ་བྱང་ཆུབ་ལགས་ཟེར་བ་སྐད་ཆ་སྙན་པོ་ཞེ་དྲག་གཅིག་ཡོད། རྒྱ་དཀར་པོ་ཞིག་ཡོད་པར་དང་འདོད་བྱས་ཏེ་ཁོང་ལ་རྒྱ་གར་ནས་ཐོན་པའི་སྐྲ་སེལ་རྒྱུ་ཞིག་ཡོད་པ་དེས་རྒྱ་དེ་བཟོ་བ་གནང་གི་རེད། ངོས་ནས་ཁོང་གི་པང་དུ་ཉལ་ནས་སྒྲུང་ཉན་ནས་སྡོད་མྱོང་ཡོད། ཕལ་ཆེར་ལོ་བདུན་བརྒྱད་སྐབས་ཡིན་པ་རེད། དེ་ནས་ཕྱིས་སུ་སྤོ་མདའ་སྟོབས་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་གཞོན་པའི་གྲས་ཤིག་རེད། ཁོ་རང་དངོས་ནས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པ་རེད་འདུག སྐུ་མདུན་སྐུ་གོང་མར་སྨར་ཁམས་ཁུལ་ནས་སྤོ་མདའ་སྟོབས་རྒྱལ་གྱི་མགོ་ལྟ་བུ་འཁྲིད་དེ་སྐུ་མདུན་སྐུ་གོང་མ་གཤེགས་རྗེས་ཕྲན་བུ་ཟིང་ཙམ་ཞིག་བྱུང་བ་རེད། དེ་ཚོའི་གྲས་དེ་སྐུ་གོང་མ་དགོངས་པ་རྫོགས་རྗེས་སྤྱན་གསལ་ཀུན་འཕེལ་ལགས་སོགས་སུ་དཀའ་ངལ་འཕྲད་པ་རེད། དེ་ཚོའི་གྲས་ཀྱིས་སྐུ་གོང་མར་ཞེན་ཁོག་ལྟ་བུ་བྱས་པར་བརྟེན་གནས་ཚུལ་ཐོན་པའི་སྐོར་མང་པོ་ཤོད་མྱོང་ཡོད། ལྷག་བསམ་རྣམ་དག་ཧ་ཅང་ཡག་པོ་ཡིན། དེར་བརྟེན། ཁྱེད་ཚོ་སྨར་ཁམས་པས་བརྟན་བཞུགས་བྱེད་སྐབས་ངོས་ལ་དེ་དག་བསམ་བློ་འཁོར་བྱུང༌། ཞེ་དྲག་ཡག་པོ་ཡིན། "ཞེས་གསུངས་ཡོད་འདུག

 


༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་གིས་གཙོས་དགེ་བཙུན་གྲངས་ཉིས་སྟོང་ལ་ཉེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་བཀའ་ཟུར་ཁག་གཅིག་དང་གཞུང་ཞབས་ལས་སུར་ཁག་གཅིག བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་གཅིག་སོགས་སྐྱ་བོ་གྲངས་ཁྲི་ལ་ཉེ་བ་བཅས་ཁྱོན་སེར་སྐྱ་མི་མང་གྲངས་ ༢༨༥༠༠ བརྒལ་བར་ཆོས་འབྲེལ་མཇུག་སྒྲིལ་གྱི་བཀའ་སློབ་ཕེབས་དོན།

        ངོས་རང་གཅིག་བརྗོད་འདོད་བྱུང། ཆོས་རིག་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ། བཀའ་ཟུར་ཟམ་གདོང་རིན་ཆེ་ཁོང་རྣམ་པ་གསུམ་གྱིས་ལྷག་བསམ་དང་སྤོབས་པ་ལྷད་མེད་ཐོག་ནས་སོ་སོའི་དགོངས་འཆར་དང་ལས་བསྡོམས་ལྟ་བུ་གསུངས་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་གསར་འབྱོར་གང་ཙམ་ཞིག་ཡོད་པ་རེད། ཁྱེད་རང་ཚོ་ད་དེ་དག་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཆགས་ཡོད། ངོས་ཀྱིས་དུས་རྒྱུན་ནས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་བོད་ཀྱི་དོན་གྱི་བདག་པོ་རེད། ཅེས་ཤོད་ཀྱི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་རང་དབང་མེད་པར་བསྡད་ཡོད། ང་ཚོ་བོད་པའི་དཔེར། ཁོག་པར་མེར་འབར་ཡང་། །ཁ་ནང་ནས་དུ་བ་མི་ཐོན་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་རང་དབང་ལུང་པར་བསྡད་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་ང་ཚོ་བོད་པ་ཉུང་ཤས་ཤིག་རང་དབང་ལུང་པར་ཡོད་པ་དེ་དག་གིས་ང་ཚོ་བརྗེད་ཀྱི་མ་རེད་བསམས་ཏེ་བསྡད་ཡོད།

དེར་བརྟེན་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་མཁན་མཆིས་སུ་ཅོག་ནས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་ལས་འགན་ཞིག་བསྐུར་ཡོད་བསམ་པ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་མཚོན་ན། དུས་ད་ལྟ་བར་དུ་ལོ་ལྔ་བཅུ་དྲུག་ཅུ་ལྷག་ཕྱིན་པའི་རིང་སྲོག་ལ་ཐུག་རྒྱུའི་དཀའ་ངལ་འཕྲད་ཡོད། ཕྱི་ལོ་ ༡༩༤༩ དང་ ༥༥།༥༦། ༦༠ ནང་མི་མང་པོ་ཞིག་རྐྱེན་ངན་འོག་འདས་གྲོངས་སུ་གྱུར་བ་རེད། ཧ་ཅང་དཀའ་ངལ་འཕྲད་ཡོད། དཔལ་འབྱོར་ཡར་རྒྱས་བཏང་སྟེ་ཕལ་ཆེར་བསླུ་བྲིད་བརྗོད་ཐུབ་ཀྱི་རེད། བསླུ་བྲིད་བྱ་རྒྱུ་མང་པོ་ཞིག་ཡོང་གི་འདུག ཆུང་དུས་ནས་བོད་པའི་སྤྱི་ཚོགས་དང་ཁ་འཕྲལ་ཏེ་སློབ་གསོ་བཏང་བའི་ཐོག་ནས་ཐབས་ཤེས་བྱེད་ཀྱི་ཡོད། གང་ལྟར་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་བྱས་ཡོད། འོན་ཀྱང་བོད་རྒྱ་ཆེའི་མི་མང་གི་བློ་བསྒྱུར་ཐུབ་མེད། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་རི་བཙུགས་པ་ལྟར་བསྡད་པ་རེད། མི་ཐོག་གོང་མ་རྣམས་རྫོགས་འགྲོ་གི་ཡོད། མི་ཐོག་གསར་པ་ཡོང་མཁན་དང་མདོར་ན། བྱིས་པའི་གྲས་ཀྱིས་བོད་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཟིན་ནས་སྡོད་ཀྱི་འདུག རྒྱ་མི་གུང་ཁྲན་བསམ་བློ་གུ་དོག་པའི་གྲས་ཀྱིས་ཇི་ཙམ་གྱིས་གདུག་རྩུབ་བྱས་པ་དེའི་ཚོད་ཀྱིས་བོད་མིའི་སེམས་ཤུགས་མཁྲེགས་སུ་དང་ཤུགས་ཆེ་རུ་འགྲོ་གི་འདུག མི་ལོ་ལྔ༌བཅུ་དྲུག་ཅུ་ཕྱིན་ཡང་བོད་ཞེས་པ་འདི་འཛམ་གླིང་འདིའི་སྟེང་གོ་བ་དང་དོ་སྣང་ཡོང་གི་ཡོད། ལྷག་པར་རྒྱ་རིགས་ནང་ལ་བོད་ཐོག་དོ་སྣང་དང་ཤ་ཚ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས། དེ་བཞིན་དཀའ་ངལ་ལ་གདོང་ལེན་བྱས་པའི་འབྲས་བུ་རེད། དེར་བརྟེན་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་དུམ་བུ་ཆུང་ཆུང་ཞིག་འདི་གར་བསླེབས་ཡོད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ཁྱེད་རང་ཚོ་བརྒྱུད་ནས་གཞིས་ལུས་རྒྱ་ཆེའི་མི་མང་ཚང་མར་བསྔགས་བརྗོད་དང་སྙིང་སྟོབས་ལ་ངོ་མཚར་སྐྱེད་བཞིན་ཡོད་ལ་ཐུགས་རྗེ་ཆེའང་བརྗོད་རྒྱུ་ཡིན། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་བོད་རྒྱ་ཆེའི་མི་མང་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་བྱེད་ཐུབ་པ་ཞིག་དགོས། ང་རང་ཚོ་རང་དབང་ལུང་པར་བསླེབས་ཏེ་སོ་སོ་རང་མགོ་གང་ཐོན་ཐོག་ཕྱིན་ན། ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད།

དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་གང་ལྟར་བོད་མིའི་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་འདི་མ་དོར་བར་དུ་མིང་བོད་པ་ཞེས་པ་འདི་བརྗེད་རྒྱུ་མེད། ཆ་ལུགས་དང་ལྟ་སྤྱོད་བརྗེ་ཆོག་གི་རེད་ཀྱང་བོད་པ་ཞེས་པ་འདི་འགྱུར་བ་འགྲོ་རྒྱུ་མེད། ཇི་སྲིད་བོད་མིའི་ཤ་ཁྲག་རུས་གསུམ་འདི་གནས་པའི་རིང་ལ་བོད་མི་ཡིན་བསམས་པའི་འདུ་ཤེས་མ་བྲལ་བའི་ཐོག་བོད་རྒྱ་ཆེའི་མི་མང་གི་དཀའ་ཐུབ་དང་སྙིང་སྟོབས་རྣམས་དྲན་པ་བྱེད་དགོས། བོད་མི་རིགས་ཀྱི་ཞེན་ཁོག་དགོས་ཞེས་པ་འདི་གླེན་རྟགས་དང་ཕྱོགས་ལྷུང་གི་ཞེན་ཁོག་ཕལ་ཆེར་མ་རེད། ང་ཚོ་བོད་མི་རིགས་ད་ལྟ་ཆ་བཞག་ན། འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ལྟ་གྲུབ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་བོད་པའི་སྐད་ཡིག་ཡག་ཤོས་རེད་འདུག སྐད་ཡིག་འདི་བརྒྱུད་ནས་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་སྐད་ཡིག་འདིའི་ནང་ཡོད། ཕལ་ཆེར་འཛམ་གླིང་འདིའི་ནང་དུ་ནང་པའི་ལུང་པ་མང་པོ་ཞིག་ཡོད་ཀྱང་ཆ་ཚང་བ་ཞིག་ཕལ་ཆེར་ཁག་པོ་འདུག དེ་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་དང་བོད་མི་རིགས་འཚོ་དགོས་རྒྱུའི་རྒྱུ་མཚན་གཅིག་ཆགས་ཡོད། དེ་དང་འབྲེལ་ནས་བོད་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ངོ་ཐོག་འཚེ་བ་མེད་པའི་ལྟ་སྤྱོད། འཚེ་བ་མེད་པའི་གོམས་གཤིས་རང་བཞིན་དང་མ་ནུས་པའི་ཐོག་ནས་མ་ཡིན་པར། ང་ཚོ་བོད་མི་ཆུང་ཆུང་གིས་ཀྱང་སྙིང་རྗེ་ཞེས་པ་རྣ་ཅོག་ལ་གོ་བ་ཞིག་དང་། འབུ་སྲིན་ཆུང་ཆུང་ཚུན་ཆད་སྲོག་གཅོད་རྒྱུ་མེད། ཅེས་ཆུང་ཆུང་སྐབས་ནས་ཕ་མས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པའི་སྤྱི་ཚོགས་འདི་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཏན་ཏན་ཆགས་ཡོད།

སྤྱིར་བཏང་བོད་ལ་ནང་པ་སངས་རྒྱས་པའི་ཆོས་མ་དར་གོང་བོད་མི་ཚོ་ཕལ་ཆེར་སྙིང་རྗེ་ལྡན་པ་ཞིག་ཨེ་ཡིན་མ་ཡིན། ང་ཚོ་འབྲོག་པ་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་སྐབས་འགལ་རྐྱེན་གང་འདྲ་ཞིག་འཕྲད་ཀྱང་གསད་བཏུབ་བྱེད་མཁན་ཞིག་ཕལ་ཆེར་རེད། ནང་པའི་ཆོས་བོད་ལ་དར་རྗེས་བོད་པའི་གོམས་གཤིས་ལ་འགྱུར་བ་ཕྱིན་པ་མ་ཟད། སྙིང་རྗེའི་རྩ་བར་འགྱུར་བའི་སྤྱི་ཚོགས་ཤིག་ཆགས་ཡོད། དེ་ལྟ་བུའི་སྙིང་རྗེའི་རྩ་བར་འགྱུར་བའི་གོམས་གཤིས་དང་རིག་གཞུང་ཞེས་པ་འདིས་དེང་སྐབས་སྙིང་རྗེས་ཕོངས་པའི་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར། ང་ཚོའི་རིག་གཞུང་དང་གོམས་གཤིས་ཀྱིས་ཕན་ཐོགས་ཡོད་པ་ལྟ་བུ་རེད། དེར་བརྟེན་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱ་རྒྱུ་དེ་རྒྱུ་མཚན་ཡོད་པའི་ཐོག་ནས་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ཕྱོགས་ལྷུང་གི་ཞེན་ཁོག་ཕལ་ཆེར་མ་རེད། ང་ཚོ་ཚང་མས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་འཚོ་གཞེས་གནས་པའི་ཐོག་ནས་འཛམ་གླིང་སྤྱི་ལ་ང་ཚོས་ཞབས་འདེགས་ག་རེ་སྒྲུབ་ཐུབ་རྒྱུ་འདུག་གམ། སྒྲུབ་ཐུབ་རྒྱུའི་ཆ་རྐྱེན་ཕྲན་བུ་ཡོད་པ་དེའི་ཐོག་ནས་ཞབས་འདེགས་ག་རེ་སྒྲུབ་ཐུབ་རྒྱུ་འདུག དེ་ལྟར་བྱས་ཏེ་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ནང་ལ་ཡིན་རུང་ཁ་སྔོན་ཞུས་པ་ལྟར། བོད་ལ་ཡུལ་སྐོར་སྤྲོ་འཆམ་རྒྱ་རིགས་མང་པོ་ཞིག་ཡོང་གི་ཡོད། རྒྱ་མི་རིགས་ཡོང་སྐབས་ང་ཚོ་བོད་པའི་ངོས་ནས་སོ་སོའི་གཤིས་ཀ་དྲང་པོ་དང་སྙིང་རྗེ་ཅན་འདི་བསྟན་ཐུབ་པ་དགོས། བར་སྐབས་ངོས་ཀྱིས་གོ་ཐོས་ལ། བོད་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་སྐབས། དངུལ་ཡོང་རྒྱུའི་འདོད་རྔམ་བྱས་ཏེ་གོང་ཚད་ཆེན་པོ་ལེན་བཞིན་ཡོད་པའི་སྐད་ཆ་གོ་རྒྱུ་འདུག སྔ་མོ་ཕལ་ཆེར་རྒྱ་རིགས་ལས་བྱེད་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཡོད་པ་དང་། བོད་རིགས་ནང་ཕྲན་བུ་ཉུང་བ་ཡོད་སྐོར་ཤོད་ཀྱི་འདུག བར་སྐབས་ནས་བོད་རིགས་ནང་ལ་ལྐོག་ཟ་བྱེད་མཁན་ཡོད་སྐོར་གོ་རྒྱུ་འདུག དེ་དག་བོད་པའི་ཤ་ཁྲག་རུས་གསུམ་ཡོད་པའི་ཞེན་ཁོག་ཐོག་ནས་ཆོས་དང་ཚེ་ཕྱི་མའི་སྐད་ཆ་མ་རེད། སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱ་གོང་ནས་གོང་དུ་འགྲོ་རྒྱུར་ཆོས་ཡོད་མེད་ལ་མ་ལྟོས་པར་ཚང་མས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ཡིན་རུང་སོ་སོ་སྒེར་ངོས་ནས་ཆོས་ལ་དད་པ་ཡོད་མེད་སྣ་ཚོགས་ཡོང་གི་རེད། ཆོས་ལ་དད་པ་མེད་ནའང་འགྲིག་གི་འདུག ཕྱི་ལོ་ ༡༩༥༠ ནང་ངོས་ཀྱི་ངོ་ཤེས་བོད་མི་གུང་ཁྲན་ཏང་ཡོན་ལྷག་བསམ་རྣམ་དག་ཡིན་མཁན་གང་ཙམ་ཡོད། མི་རིགས་ཀྱི་ཞེན་ཁོག་དང་ལྟ་བའི་ཐོག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། དེང་སང་ཡིན་ནའང་འདི་ལྟ་བུ་ཡོང་གི་ཡོད་ལ་ཡོང་དགོས་རྒྱུ་ཞིག་ཀྱང་རེད།

དེར་བརྟེན་སོ་སོའི་སྒེར་ཆོས་ལ་དད་པ་ཡོད་རུང་མེད་རུང་། གང་ལྟར་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ལ་ང་ཚོ་ཚང་མས་དོ་སྣང་བྱས་པ་ཙམ་མ་ཟད། སོ་སོའི་ངོས་ནས་འདི་ལྟ་བུའི་གོམས་གཤིས་བཟང་པོ་ཡོད་པ་དེ་ལག་ལེན་སྐྱེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་གཅིག་བཤད་འདོད་བྱུང་། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་དེ་དེབཞིན་བྱེད་དགོས། སོ་སོའི་སྒེར་ཆོས་ལ་དད་པ་ཡོད་རུང་མེད་རུང་བོད་མི་རིགས་སྔར་དུས་རབས་བདུན་པ་དང་བརྒྱད་པ། དགུ་པའི་སྐབས་སྟོབས་ལྡན་གྱི་རྒྱལ་ཁབ་གཅིག་ཆགས་ཡོད། དེ་ནི་གཙོ་བོ་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་ནས་ཕལ་ཆེར་ཟིན་པ་ལྟ་བུ་འདུག བོད་སིལ་བུར་ཐོར་ནས་ཆབ་སྲིད་ཀྱི་ཐོག་གནས་སྟངས་སྐྱོ་བོའི་ཐོག་བསྡད་ཡོད། ཁ་སྔོན་རོབ་ཙམ་ཞུ་རྒྱུ་དེ་རེད། ང་ཚོས་མངའ་རིས་ཆོས་རྒྱལ་ཞེས་ཁ་ཐུག་ཁོ་ན་ཤོད་སྐབས་རླབས་ཆེ་མདོག་གསུངས་ཀྱི་ཡོད། བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་ཐོག་ནས་བལྟས་ན་ཆུང་ཆུང་རེད་འདུག ཆོས་རྒྱལ་ཚོའི་སྐབས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ཆགས་ཡོད། བོད་སིལ་བུར་ཐོར་སྐབས་ཧ་ཅང་སྐྱོ་བོ་ཆགས་ཡོད། འོན་ཀྱང་བོད་གངས་ཅན་པ་ཞེས་རྡོག་ལ་བསྒྲིལ་པ་དང་རུག་རུག་བྱ་རྒྱུ་དེ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱིས་བཟོས་པ་རེད་མ་གཏོགས་ཆབ་སྲིད་ཀྱི་བཟོས་པ་མ་རེད། དུས་ད་ལྟ་ཆ་བཞག་ན་བོད་མི་རིགས་ཧ་ལས་པའི་སེམས་ཤུགས་སླེབ་རྒྱུ་དེ་བོད་ཀྱི་སངས་པའི་ཆོས་དང་བོད་ཀྱི་སྐད་ཡིག་ཐོག་ནས་ཡོང་གི་ཡོད། དེར་བརྟེན་སོ་སོ་སྒེར་ཆོས་ལ་དད་པ་མེད་ནའང་། སོ་སོའི་མི་རིགས་ཀྱི་རྣམ་པ་གཙོ་ཆེ་བ་དེ་གང་ལྟར་བོད་ཀྱི་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ཆགས་ཡོད། བོད་མི་གཅིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱས་ནས་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་རིང་འདིར་བོད་ཀྱི་ཆོས་གྲོགས་མང་པོ་ཞིག་ཡུལ་ལུང་འདྲ་མིན་ནས་ཕེབས་ཡོད། ཁྱེད་རང་ཚོ་དེ་དག་ཕྱོགས་གཅིག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཡིད་འཕྲོག་ནས་དོ་སྣང་བསླེབས་པ་ཞིག་རེད། དེང་སང་ཁྱེད་རང་ཚོའི་དོ་སྣང་དང་ཡིད་འཕྲོག་སའི་ཆོས་ལུགས་འདི་འཛམ་གླིང་འདིའི་སྟེང་གནས་དང་མ་གནས་ཀྱི་མཚམས་ལ་བསླེབས་ཡོད། མ་གཞི་དེང་སྐབས་འགྱུར་བ་ཧ་ཅང་འགྲོ་བཞིན་འདུག གཙོ་ཆེ་ཤོས་རྒྱ་ནག་ནང་དུ་ནང་པ་མང་པོ་ཞིག་ཡོད། ཁོང་ཚོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཤེས་ནས་དོ་སྣང་དང་རྒྱུ་མཚན་མཐོང་སྟེ་དོ་སྣང་བསླེབ་རྒྱུ་ཞིག་ཆགས་ཡོད། དེར་བརྟེན་གཅིག་བྱས་ན་ཧ་ཅང་ཉེན་ཁ་ཆེ་བའི་གནས་སྟངས་ལས་ཕལ་ཆེར་གྲོལ་འགྲོ་གི་ཡོད་པ་ལྟ་བུ་རེད། བར་སྐབས་ཤིག་བོད་ཀྱི་གནས་ཚུལ་དེ་འཆི་གསོན་གྱི་མཚམས་ལ་བསླེབས་པ་ལྟ་བུ་བྱུང་བ་རེད། ཁྱེད་རང་ཚོ་ད་དག་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པ་ཡིན་སྟབས། དོ་སྣང་བྱེད་སའི་བོད་ཀྱི་ཆོས་དང་རིག་གཞུང་གནས་དང་མ་གནས་ཀྱི་རྩ་བ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆོས་དད་རང་དབང་དང་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་རང་དབང་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོས་དབུ་མའི་ལམ་ཞེས་པ་འདི་ཆབ་སྲིད་ཀྱི་ཨུ་ཚུགས་རྒྱག་གི་མེད། ངོས་རང་སྒེར་གྱི་ཆ་ནས་བཤད་ན། དེ་དག་ཉམས་མྱོང་ཆ་ཚང་བསགས་ནས་ཐབས་ཤེས་མ་བྱས་པའི་བསམས་པ་མེད། ཕྱི་ལོ་ ༡༩༥༠།༥༡ ནས་བཟུང་། དེ་བཞིན་པན་ཌི་ནེ་རུས་(Pandit Nehru)མཚོན་པས་དངོས་གནས་དྲང་གནས་ཀྱི་འཛམ་གླིང་གི་ཉམས་མྱོང་ཡོད་པ་དང་། འཛམ་གླིང་སྤྱིའི་གནས་ཚུལ་མཁྱེན་མཁན་ཚོའི་འགྲམ་ནས་བཀའ་སློབ་ཞུས་ཏེ། མཐའ་མའི་འདུས་ད་ལྟ་དབུ་མའི་ལམ་ཞེས་པ་གཏན་འབེབས་བྱས་པ་རེད། ཕྱོགས་གཅིག་ནས་འཛམ་གླིང་འདིའི་སྒང་མི་ཐུག་ནས་སྐད་ཆ་བཤད་དེ་དྲི་བ་དྲིས་ལན་བྱེད་སྐབས། དུས་རབས་ཉེར་གཅིག་པ་འདི་འཚེ་བ་མེད་པའི་ཞི་བདེའི་དུས་རབས་ཤིག་ཚང་མས་འདོད་ཀྱི་ཡོད། དེ་ལྟ་བུ་བཟོ་དགོས་བྱུང་ན། ཞི་བདེ་དང་འཚེ་བ་མེད་པའི་དུས་རབས་དེ་རྙོག་གྲ་རྩ་ནས་མེད་པའི་དུས་རབས་ཤིག་ཡོང་ཐབས་མེད། རྙོག་གྲ་རུ་འཛིན་པ་ཞིག་ཡོད་མུས་ཀྱིས་དེར་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་ཀྱི་ཡོད། དེར་བརྟེན་དེ་སྔ་ཕན་ཆད་རྙོག་གྲ་འཕྲད་ཚེ་ལམ་སེང་དཔུང་ངོམ་སྟེ་དྲག་ཤུགས་ཐོག་ནས་ཐག་གཅོད་བྱེད་རྒྱུའི་གོམས་གཤིས་ཤིག་ཡོད། མིའི་ལོ་རྒྱུས་ནང་ལོ་སྟོང་ཕྲག་མང་པོ་འདི་ལྟར་ཕྱིན་པ་རེད། སོ་སོའི་དགྲ་བོར་འགལ་ཟླ་ཞིག་བསླེབས་ན་དཔུང་ཤུགས་ཐོག་ནས་མེད་པ་བཟོ་རྒྱུའི་གོམས་གཤིས་ཆགས་ཡོད། དེ་ལྟ་བུ་བྱས་པའི་ལག་རྗེས་ལ་འཛམ་གླིང་འདིའི་སྟེང་ཉམ་ཐག་མགོན་མེད་སྐྱབས་མེད་བྱིས་པ་དང་བུད་མེད། རྒས་གཅོང་སོགས་ཧ་ལས་པའི་སྡུག་བསྔལ་འོག་ཚུད་ཡོད། འཚེ་བའི་ཐོག་ནས་ཐབས་ཤེས་བྱས་ན་ཕར་ཕྱོགས་ཀྱིས་དེ་ལྟར་བྱེད་སྟབས་འཚེ་བ་ལུ་གུ་རྒྱུད་ནས་ཡོང་གི་འདུག འཛམ་གླིང་འདིའི་ཐོག་དེང་སྐབས་མི་མང་དག་ཅིག་འཚེ་བར་ཡིད་ཐང་ཆད་པའི་རྣམ་པ་ཤུགས་ཆེན་པོ་འདུག རྙོག་གྲ་མུ་མཐུད་ནས་ཡོད་མུས་རེད། འཚེ་བའི་ཐབས་ལམ་ལ་བརྟེན་ནས་ཕན་ཐོགས་མེད་སྟབས་གྲོས་མོལ་དང་། མི་ཕན་ཚུན་བར་ཐུག་སྟེ་སྐད་ཆ་བཤད་ནས་དཀའ་ངལ་སེལ་རྒྱུ་མ་གཏོགས་ཐབས་ལམ་གཞན་མི་འདུག

དུས་རབས་ཉི་ཤུ་དེ་འཚེ་བའི་ཐོག་ཕྱིན་ཡོད། དུས་རབས་ཉེར་གཅིག་འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས་རེད། ཅེས་ངོས་ཀྱིས་ཤོད་བཞིན་ཡོད། མིར་དེ་ལྟར་ཤོད་མུར་ང་ཚོ་བོད་པའི་དོན་དག་གདོང་ཐུག་ཐོག་ཕྱིན་ན། དོན་སྤྱོད་པ་དང་དོན་མཐུན་པ་ཞིག་ཡོང་གི་མེད། དེར་བརྟེན་ང་ཚོ་བོད་པའི་དོན་དག་ཀྱང་རྒྱ་གུང་ཁྲན་ཏང་དང་གདོང་ཐུག་མ་ཡིན་པར་ཕར་ཕྱོགས་དེ་མི་རེད་ལ་ཚུར་ཕྱོགས་འདི་ཡང་མི་རེད། ཕན་ཚུན་གཉིས་ཀར་རླུངས་མ་ལངས་པར་ལྷོད་ལྷོད་ཐོག་སྐད་ཆ་བཤད་ན་བཤད་ས་ཡོད། གདོང་ཐུག་ཏུ་འགྲོ་རྒྱུའི་རང་བཙན་ཁ་བྲལ་མི་དགོས་པ་དང་། གདོང་དང་གདོང་བསྟན་ནས་རང་རྒྱལ་གཞན་ཕམ་མ་ཡིན་པར་གཉིས་ཕན་གྱི་ཐབས་ལམ་བརྒྱུད་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་ཀྱི་རེད་བསམས་པའི་ཡིད་ཆེས་ཡོད་ལ་ཡོང་གི་ཡོད་པའི་མཚན་མ་གང་ཙམ་ཡོང་གི་འདུག དེར་བརྟེན་དབུ་མའི་ལམ་ཤོད་རྒྱུ་དེ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་གནས་སྟངས་དེ་ལྟར་རེད། དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང་། རང་བཙན་མ་བཤད་ན་སེམས་ཤུགས་མེད་པ་ལྟ་བུ་ཤོད་ཀྱི་འདུག དེ་ལྟར་མ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་དགོས། ང་ཚོས་དབུ་མའི་ལམ་བརྗོད་བཞིན་པ་དེ་ཁྱེད་རང་ཚོ་བོད་ནང་ལ་འབྲེལ་བ་མང་པོ་ཞིག་ཡོང་གི་ཡོད། ཁ་ཤས་འཕྲིན་ངག་གཉིས་ཐོག་ནས་འབྲེལ་བ་ཡོང་གི་ཡོད།

མང་པོ་ཞིག་རྒྱ་གར་དང་ཕྱི་རྒྱལ་ལ་ཐུག་གི་ཡོད། ཁོང་ཚོ་ཚང་མས་དབུ་མའི་ལམ་ནི་གཉིས་ཕན་གྱི་སྐད་ཆ་ཤོད་རྒྱུ་དེ་ད་ལྟའི་དངོས་ཡོད་གནས་ཚུལ་དང་འཚམ་པ་སྒྲུབ་ཐུབ་རྒྱུ་ཡོད་འདུག དེ་ཡག་ཤོས་རེད་འདུག་ཅེས་ཞིང་འབྲོག་མི་རེ་ངོ་རེར་སྐད་ཆ་དྲིས་ཡོད། བོད་རྒྱ་ཆེའི་མི་མང་ཡོངས་རྫོགས་ཀྱིས་མོས་མཐུན་ཡོད། ཅེས་བརྗོད་ཀྱི་མེད། ཕྲན་བུ་ལྷག་བསམ་དང་ཤེས་ཡོན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་གནས་ཚུལ་ཐོག་དོ་སྣང་བྱས་ཏེ་སེམས་ཁུར་ཡོད་མཁན་བརྒྱ་ཆ་དགུ་བཅུ་གོ་དགུས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་འདུག ཡང་རིགས་ཁ་ཤས་ཀྱིས་བོད་རྒྱ་ཆེའི་མི་མང་གིས་རང་བཙན་འདོད་ཀྱི་ཡོད། འདི་གར་ང་ཚོ་ཉུང་ཤས་ཤིག་གིས་རང་སྐྱོང་དབུ་མའི་ལམ་ཤོད་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག ཕལ་ཆེར་འདི་བདེན་པ་མ་རེད། ལྷག་པར་ཁྱེད་རང་ཚོས་བོད་དོན་ཐོག་སེམས་ཤུགས་དང་དོ་སྣང་བྱེད་ཀྱི་ཡོད། ད་དུང་ཁྱེད་རང་ཚོས་ཞིབ་འཇུག་ཡག་པོ་བྱེད་དགོས། བོད་ཀྱི་བདེན་པའི་གནས་ཚུལ་འདི་སོ་སོའི་ཡུལ་ནང་གསལ་བཤད་བྱེད་དགོས། ནམ་རྒྱུན་ནས་ངོས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་བོད་ཀྱི་ཕྱོགས་སུ་གཏོགས་པ་མ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད། ཅེས་ཤོད་ཀྱི་ཡོད། ཚང་མས་དེ་དགོངས་འཇགས་གནང་རོགས། ཐུགས་རྗེ་ཆེ་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས་སོ།

གསར་འགོད་པ། དོན་གོ

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པའི་སློབ་གཉེར་སྐོར་དང་བོད་པའི་འཐབ་རྩོད་སྐོར་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།

 

IMG_0897༄ ༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ ལགས་དང་། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་སོགས་ཀྱིས་སྤོས་སྣེས་སྔོན་ བསུས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་ར་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་ འཁོད་རྗེས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པ་ཆེ་མཆོག་དང་ཌོཀ་ཊར་སྦེ་ རི་ལགས་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་ཆོས་དབུ་འཛུགས་མ་མཛད་གོང་གདན་ས་ཁག་དང་དེ་བཞིན་ བཤད་གྲྭ་ཁག་གི་དགེ་འདུན་པ་རྣམས་ཀྱིས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་བྱེད་ དགོས་སྐོར་བཀའ་སློབ་ཕེབས་དོན། དེ་སྔ་གདན་སའི་རྒན་པདྨ་རྒྱལ་མཚན་གྱིས་མཚོན་པའི་རྒན་རབས་པ་ཚོས་དངོས་གནས་ ཐུགས་འཁུར་བསྐྱེད་དེ་ཧུར་ཐག་འབད་ཐག་གནང་སོང་།

DSC03052སྐབས་ དེ་དུས་དཀའ་ངལ་ཡོད་པ་རེད།  འོན་ཀྱང་ཧུར་ཐག་འབད་ཐག་གནང་ཡོད། དེ་དུས་སློབ་གཉེར་བྱེད་མཁན་དགེ་འདུན་པ་ཧྲག་ཧྲག་ཡོད་པའི་སྐབས་དེར་ངོས་ནས་ སྨྱུག་ཁང་ཞིག་གི་ནང་རུག་རུག་བྱས་ཏེ་ཆོས་འབྲེལ་བྱེད་རྒྱུ་བྱུང་ན་སྙམ་པ་བྱུང་ ལ་ངོས་ནས་དེ་དུས་བརྗོད་རྒྱུ་ཡང་བྱུང་། ཁྱེད་ཚོར་དགེ་རྒན་སྤུས་དག་པོ་འདི་དག་གི་མདུན་ནས་སློབ་གཉེར་སྤུས་དག་པོ་བྱེད་ རྒྱུ་བྱུང་བ་རེད།

དེ་དུས་ངོས་རང་ཡང་དུས་ཚོད་མེད་པ་དང་སྟབས་བདེ་མེད་པ་རེད་མ་གཏོགས་དེར་ བསྡད་དེ་སློབ་གཉེར་ཞིག་བྱས་ན་སྙམ་པ་དྲན་མྱོང་ཡོད། དེ་ནས་མི་རབས་བརྗེ་འགྲོ་གི་ཡོད་པ་བཞིན་མི་རབས་རྗེས་མ་གསར་པ་སླེབ་གིན་སླེབ་ གིན་བྱེད་ཀྱི་ཡོད་ལ་བར་སྐབས་གཞིས་བྱེས་གཉིས་འབྲེལ་བ་གསར་པ་ཞིག་མཐུད་པའི་ རྗེས་ལ་བོད་ནས་གྲྭ་རྒྱུན་མང་པོ་ཞིག་མུ་མཐུད་འབྱོར་ཏེ་དེ་དག་ཚང་མས་ཧུར་ཐག་ འབད་ཐག་གིས་དཔེ་ཆ་བལྟས་ནས་དགེ་བཤེས་ཐོན་ཏེ་དཔེ་ཆ་གང་ཙམ་ཤེས་རྗེས་རང་རང་གི་ ལུང་པར་ཕྱིན་ཏེ་དེ་སྔ་དགོན་པ་དེ་ཚོའི་ནང་གཞུང་ཆེན་སློབ་གཉེར་མེད་མཁན་ཚོར་ གསར་དུ་ཚུགས་ཐུབ་པ་དང་ཡོད་པ་ཚོ་གོང་འཕེལ་གཏོང་རྒྱུ། ཡུལ་པ་ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཚོན་པའི་ཁུར་བླངས་ཏེ་བསྟན་པའི་ཞབས་འདེགས་ མིག་མཐོང་ལག་ཟིན་ཡག་པོ་བྱུང་འདུག་པར་རྗེས་སུ་ཡི་རང་ཡོད། ད་ལྟ་སློབ་གཉེར་བྱས་དང་བྱེད་བཞིན་པ་ཁྱེད་རྣམས་སོ་སོའི་མི་ཚེའི་དོན་ཁོ་ན་མ་ རེད། རྗེ་རིན་པོ་ཆེས་ཐུགས་སྨོན་མཛད་ཡོད་པ་ལྟར། བསྟན་པ་རིན་ཆེན་མ་ཁྱབ་པའི་གནས་དང་ཁྱབ་ནས་ཡོད་ཀྱང་དེ་དག་མི་ཉམས་གོང་འཕེལ་ གཏོང་རྒྱུའི་སླད་ལས་འགན་འཁྱེར་མཁན་དེ་ཁྱེད་རྣམས་ཆགས་ཡོད། དེ་ཡང་གདན་སའི་ནང་བསྡད་དེ་དཔེ་ཆ་ལྟ་མཁན་ཁྱེད་རྣམ་པ་དཔེ་མི་སྲིད་པའི་གལ་ཆེན་ པོ་ཆགས་ཡོད། མཁས་གྲུབ་གཉིས་ལྡན་གྱི་དགེ་རྒན་ཧ་ཅང་གལ་ཆེན་པོ་རེད། དུས་རབས་རྫོགས་འགྲོ་གི་ཡོད་ཀྱང་མི་རབས་གསར་པའི་ནང་གི་དཔེ་ཆ་ཤེས་མཁན་ཚོ་རིམ་ བཞིན་ཡོང་གི་ཡོད། ཁྱེད་རང་ཚོ་ཚང་མར་བསྔགས་བརྗོད་ཡོད། ངོས་རང་རྡ་ས་དང་ཕྱི་རྒྱལ་སོགས་སུ་བསྐྱོད་སྐབས་གདན་ས་ཚོའི་ནང་དཔེ་ཆ་ལྟ་མཁན་ ཧ་ཅང་ཡག་པོ་ཡོད་སྙམ་སྟེ་སྤོབས་སེམས་དང་སྤྲོ་སྣང་བསླེབ་རྒྱུ་ཞིག་ཡོང་བཞིན་ འདུག དེར་བརྟེན་ཁྱེད་ཚོས་ད་བར་ཧུར་ཐག་འབད་ཐག་བྱས་ཡོད།

IMG_0974དེ་ ནས་བོད་སྤྱི་པའི་དོན་ལ་ཆ་བཞག་ན། ང་ཚོའི་འཐབ་རྩོད་དེ་ནི་མེ་མདའི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་ཀྱི་འཐབ་ རྩོད་རེད། མེ་མདའི་སྟོབས་ཤུགས་ཟེར་བ་དེར་འཕྲལ་སེལ་གྱི་ཆ་འཇོག་ཆེན་པོ་ཡོང་གི་རེད།  འོན་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་གལ་ཆེ་གི་རེད་མ་ གཏོགས་མེ་མདའི་སྟོབས་ཤུགས་ཟེར་བ་དེ་ཁག་པོ་རེད། ཕྱི་ལོ་ ༡༩༤༩ ། ༡༩༥༠ ནས་བརྩིས་ན་བདེན་པའི་སྟོབས་ཤུགས་དེ་ལོ་ངོ་དྲུག་ཅུ་བརྒལ་འགྲོ་གི་ཡོད། འོན་ཀྱང་བོད་ནང་གི་མི་མང་ཚོ་ཡིན་ནའང་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། ད་ཆ་བདེན་པའི་སྟོབས་ཤུགས་གསལ་ཏེ་རྒྱ་རིགས་གྲོགས་པོ་ཚོའི་ནང་དུ་ཡིན་ཡང་རྩོམ་ ཡིག་འབྲི་མཁན་དང་སྒྱུ་རྩལ་མཁན། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོ་བཅས་ཀྱི་བོད་ཀྱི་བདེན་དོན་ལ་ཤ་ཚ་དང་སེམས་ཁུར་ བྱེད་མཁན། དཔེར་ན།  འདས་པའི་ལོ་ངོ་གསུམ་ཙམ་ནང་བོད་ཀྱི་གནད་དོན་རྒྱ་ཡིག་ནང་རྩོམ་ཡིག་རྒྱ་ནག་རང་ ནས་རྒྱ་མི་རིགས་ཀྱིས་བྲིས་པའི་རྩོམ་ཡིག་ཉིས་བརྒྱ་ཙམ་དང་།  དེ་བཞིན་ཐེ་ཝན་དང་ཕྱི་རྒྱལ་ཁག་བཅས་ནས་བྲིས་པ་སྟོང་ཕྲག་ལྷག་ཙམ་ཡོད། དེ་དག་ཚང་མའི་ནང་ང་ཚོས་དབུ་མའི་ལམ་ཞེས་པའི་གཉིས་སྨན་རང་རྒྱལ་གཞན་ཕམ་ཟེར་ རྒྱུ་མིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་མ་ཟད།  རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པའི་རྩོམ་ཡིག་ང་ཚོས་དོ་ སྣང་བྱུང་བ་སྟོང་ཕྲག་ལྷག་ཙམ་འདུག དེ་དག་ནི་ང་ཚོའི་བདེན་པའི་སྟོབས་ཤུགས་ཀྱི་ནུས་པ་དེ་གསལ་ཡོང་གི་ཡོད། བོད་མིར་བདེན་པའི་སྟོབས་ཤུགས་ཡོད་པར་སོང་ཡུན་རིང་པོའི་ཆ་ནས་དེ་ངེས་པར་དུ་ མཐའ་གསལ་རྒྱུ་རེད། བོད་རྒྱ་ཆེའི་མི་མང་གིས་སྙིང་སྟོབས་དང་སེམས་ཤུགས་དེ་འདྲ་ཞིག་དུས་ད་ལྟ་བར་ དུ་གནས་ཡོད། སོ་སོའི་མི་རིགས་ཀྱི་སྐད་ཡིག་དེའི་ནང་དུ་སངས་རྒྱས་པའི་ཆོས་ཕྱུག་ཤོས་དེ་གནས་ ཡོད། བོད་དབུས་གཙང་མདོ་སྟོད་སྨད་ཀྱི་ས་ཁུལ་ཡོངས་རྫོགས་ནང་སོ་སོའི་མི་རིགས་ཀྱི་ ལར་ཞེན་དང་ལྟ་བ། རང་ཉིད་ཆོས་ལུགས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་བསམ་བློ་ཡོད་མཁན་ངོས་ཀྱི་ངོ་ ཤེས་མང་པོ་ཡོད། གུང་ཁྲན་ཏང་ཡོན་འབའ་བ་ཕུགས་ཚོགས་དབང་རྒྱལ་དང་ཡང་གླིང་རྡོ་རྗེས་མཚོན་གུང་ ཁྲན་ཏང་ཡོན་རེད། ཁོ་ཚོ་ཆོས་ལ་དད་པ་མེད་ཀྱང་མི་རིགས་ཀྱི་ཞེན་ཁོག་དང་ལྷག་བསམ་ཧ་ལས་པ་རེད།

DSC03057(1)ཕྱོགས་ གཅིག་ནས་བསམ་བློ་བཏང་ན་ཆོས་ཕྱོགས་ཀྱི་གནས་ཚུལ་དེས་ཆབ་སྲིད་གནས་ཚུལ་ཐོག་ཕན་ ཐོགས་བྱུང་ཡོད་དམ་བརྗོད་ན། ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་རྡོག་ལ་བསྒྲིལ་ནས་བསྡད་ཐུབ་པ་དེ་སངས་རྒྱས་པའི་ ཆོས་དང་བོད་ཀྱི་སྐད་ཡིག་གིས་ཡིན་འདུག དེར་བརྟེན་ཆབ་སྲིད་གནས་ཚུལ་མ་རེད།  ཆབ་སྲིད་གནད་དོན་ཐོག་ཕན་ཐོགས་ཤུགས་ཆེ་ཡོད་པ་གསལ་པོ་ཆགས་ཡོད། གང་ལྟར་བོད་པའི་ཆེ་མཐོང་ལྟ་བུ་དེ་སངས་རྒྱས་པའི་ལྟ་གྲུབ་རྣམས་ཆགས་ཡོད། ངོས་ཀྱིས་ལྟ་གྲུབ་དང་ཆོས་གཉིས་དབྱེ་བ་འབྱེད་ཀྱི་ཡོད། སངས་རྒྱས་པའི་གཞུང་ནས་གསུངས་པའི་ཚན་རིག་དང་། སངས་རྒྱས་པའི་གཞུང་ནས་གསུངས་པའི་ལྟ་གྲུབ། དེ་ནས་སངས་རྒྱས་པའི་ཆོས་བཅས་དུམ་བུ་གསུམ་ལ་དབྱེ་གི་ཡོད། སངས་རྒྱས་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་དང་ཚན་རིག་དེ་དག་སྤྱི་ཡོངས་ཐུན་ མོང་གི་བསྒྲུབ་རྒྱུ་ཞིག་ཡིན། སངས་རྒྱས་པའི་ཆོས་དེ་ནང་པ་ཡོངས་སུ་རྫོགས་པས་བདག་པོ་རྒྱག་དགོས་པ་རེད། དེ་ལྟར་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ཡས་མས་ཡོད་པ་དེ་རྣམས་དུམ་བུ་ གསུམ་དུ་དབྱེ་བ་ཕྱེ་ཡི་ཡོད། ལྟ་གྲུབ་དང་ཚན་རིག ནང་ཆོས་བཅས་དུམ་བུ་གསུམ་ཕྱེ་རྒྱུ་དེ་འགོ་བཙུགས་ཏེ་ཚན་རིག་གི་སྡེ་ཚན་དེ་ལོ་ གསར་པའི་ནང་ཐོན་ཐུབ་རེ་ཡོད་པ་ཡིན།

ཅེས་དང་ཡང་༸གོང་ས་མཆོག་གིས་དེང་རབས་ཀྱི་སློབ་གསོའི་སྐོར་བཀའ་སློབ་ཕེབས་ དོན། སྐུ་མདུན་སྐུ་གོང་མས་བོད་ཕྲུག་གཞུང་ཞབས་གཞོན་པ་ཁག་གཅིག་དབྱིན་ཡུལ་དུ་སློབ་ སྦྱོང་ལ་གཏོང་གནང་མཛད་པ་ལག་ལེན་མཐའ་འཁྱོལ་མེད། གདན་སའི་མཁན་པོ་ཚོའི་ནང་ནས་བསྟན་དགྲ་ཕྱི་གླིང་བའི་སྐད་ཡིག་བསླབ་ན་སངས་རྒྱས་ ཀྱི་བསྟན་པར་གནོད་ཀྱི་རེད།  ཅེས་བརྗོད་ཡོད། འོན་ཀྱང་དེ་རིང་ཁ་སང་མཁན་པོ་ཚོའི་ནང་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ བརྒྱུགས་དགོས་ཀྱི་འདུག ད་ཆ་ཕྱི་མིག་ལྟ་སྐབས་ནོར་འཁྲུལ་མང་པོ་ཞིག་ང་ཚོས་ལྷོད་གཡེང་དང་འཐུས་ཤོར་ ཕྱིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་བཀའ་ཆོས་ལྷག་འཕྲོ་ནས་ཆོས་འབྲེལ་བཀའ་དྲིན་ ཆེ་བ་སྩལ།།

༸གོང་ས་མཆོག་གིས་ཉི་ཧོང་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༡༡ ཚེས་ ༢༧ རེས་གཟའ་ལྷག་པ།

2013-11-26-Tokyo-N04༄ ༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་ཉིན་ མཐའ་མར་ཉི་ཧོང་དུ་གནས་སྡོད་བོད་རིགས་ཁྱོན་མི་གྲངས་ ༡༠༣ ཙམ་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན། ད་ལྟའི་ཆར་ང་ཚོ་བོད་མི་རྣམས་བོད་ཀྱི་ལོ་རྒྱུས་ནང་དུས་ཚོད་གཉན་འཕྲང་ཧ་ཅང་ཆེ་ བའི་སྐབས་ཤིག་ལ་བསླེབས་ཡོད། དེར་བརྟེན་ཁྱེད་རང་ཚོ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་ཡོད་ཀྱང་སོ་སོ་ བོད་པའི་སྙིང་སྟོབས་དེ་ནམ་ཡང་ཞུམ་པ་མེད་པའི་ཐོག་གནས་ཐུབ་དགོས། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་སྟེ་བོད་ཀྱི་དཀའ་རྙོག་སེལ་ རྒྱུའི་རེ་བ་བྱེད་བཞིན་ཡོད། དེང་སྐབས་རྒྱ་ནག་ནང་དུ་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པའི་ཁོངས་སུ་མང་ཆེ་བ་ཤེས་ལྡན་པ་དང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་ མཁན་ཤ་སྟག་རེད། དེར་བརྟེན་རྒྱ་རིགས་ནང་པ་ཁ་ཤས་རྒྱ་གར་དུ་ཆེད་མངགས་ངོས་རང་ཐུག་ཆེད་ཡོང་སྐབས་ ཁོང་ཚོ་མང་ཆེ་བས་ངོས་དང་ཐུག་སྐབས་མིག་ཆུ་གཏོང་གི་འདུག རྒྱ་ནག་གཞུང་གི་དཔོན་རིགས་ཁག་གཅིག་བསམ་བློ་ཕྲན་བུ་གུ་ཡངས་དང་དངོས་ཡོད་གནས་ ཚུལ་ཁས་ལེན་མཁན་ཡིན་ནའང་གཞན་ཁག་གཅིག་གིས་མཁྲེགས་བཟུང་བྱེད་བཞིན་ཡོད། བོད་མི་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་བྱས་ དང་བྱེད་མུས་ལ་བརྟེན་ད་ལྟའི་ཆར་རྒྱ་རིགས་ཤེས་ལྡན་མི་སྣའི་ཁྲོད་བོད་དོན་ཐོག་ རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི་ང་ཚོར་བཟང་ཕྱོགས་ཀྱི་ གྲུབ་འབྲས་ཆེན་པོ་ཞིག་ཐོབ་པར་ངོས་འཛིན་བྱས་ཆོག

2013-11-26-Tokyo-N05 (copy)ཁྱེད་ རང་ཚོས་དུས་རྟག་ཏུ་མི་གཞན་ལ་མགོ་སྐོར་བསླུ་བྲིད་མ་བྱས་པར་ཡ་རབས་བཟང་སྤྱོད་ ལྡན་པའི་ཐོག་ནས་མི་ཚེ་སྐྱེལ་ཐབས་བྱེད་དགོས། བོད་མི་རྣམས་ལ་རང་བཞིན་གྱི་སེམས་པ་བཟང་པོ་བྱ་རྒྱུ་དང་། དྲང་བདེན་བྱ་རྒྱུའི་གོམས་གཤིས་དེ་དག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་གལ་ ཆེན་པོ་ཡིན། ཉེ་ཆར་ངོས་ཀྱི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་བོད་མི་ཚོར་ཡ་རབས་བཟང་སྤྱོད་ བྱེད་དགོས་སྐོར་ཤོད་སྐབས་ཀྱི་ཉིན་དེ་རང་ལ་བོད་མི་ཞིག་གིས་འཁྲུག་འཛིང་བྱས་ ཏེ་མི་གཅིག་བསད་པའི་གནས་ཚུལ་གོ་བྱུང་། དེ་དག་ཧ་ཅང་བློ་ཕམ་པའི་གནས་ཚུལ་རེད། དེར་བརྟེན་ཁྱེད་ཚོས་ཕྲལ་སེལ་གྱི་ཁེ་ཕན་ཕྲན་བུའི་ཆེད་བོད་མིའི་མཚན་མཐོང་ བློས་མ་བཏང་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་ནས་ཡོད་པའི་རྩ་ཆེའི་རིག་གཞུང་ རྒྱུན་འཁྱོངས་ཡོང་ཐབས་བྱེད་དགོས། ཁྱེད་ཚོའི་ཕྲུ་གུ་ཚོས་བོད་སྐད་རྒྱག་རྒྱུ་དང་འབྲི་ཀློག་སྦྱང་རྒྱུ་ཧ་ཅང་གལ་ ཆེན་པོ་ཡིན། ཀ་ཤི་མིར་བོད་རིགས་ཁ་ཆེ་བ་གཞོན་སྐྱེས་རྣམས་ཀྱིས་བོད་སྐད་དང་བོད་ཡིག་སློབ་ གྲྭ་མེད་ཀྱང་ཁོང་ཚོའི་བོད་སྐད་ཧ་ལས་པའི་ཡག་པོ་རྒྱག་བཞིན་འདུག་པ་དེར་ངོས་རང་ ཧ་ལས་བྱུང་། ཁོང་ཚོས་རང་གི་ཕ་མེས་ཡང་མེས་ནས་བོད་སྐད་བཤད་པ་རེད། འོན་ཀྱང་ཨ་རིའི་ནང་བོད་པའི་ནང་མི་གཅིག་གིས་རང་གི་ཕྲུ་གུ་ཚོར་དབྱིན་སྐད་ཁོ་ ན་བེད་སྤྱོད་བྱེད་མཁན་ཞིག་དང་ཐུག་བྱུང་། བོད་མི་གཞོན་སྐྱེས་ཁག་གཅིག་གིས་རང་བཙན་རྩོད་བཞིན་ཡོད། རང་བཙན་དེ་ང་ཚོའི་ཐོབ་ཐང་ཡིན། འོན་ཀྱང་༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོའི་སྐབས་ཀྱི་རང་བཙན་དེ་ཆོལ་ཁ་གསུམ་ཆ་ཚང་བ་ཞིག་ཚུད་ཀྱི་མེད། འོན་ཀྱང་དུས་རབས་ ༧ དང་ ༩ སྐབས་ཀྱི་བོད་རང་བཙན་གྱི་གནས་སྟངས་དེ་ང་ཚོ་ཙམ་མ་ཟད། རྒྱ་ནག་གི་ལོ་རྒྱུས་ནང་དུའང་གསལ་པོར་འཁོད་ཡོད། ཁ་ཤས་ཀྱིས་ང་ཚོའི་ལངས་ཕྱོགས་དེ་དབུ་མའི་ལམ་ནས་རང་བཙན་ལ་ཁ་འགྱུར་དགོས་ཀྱི་ འདུག་ཅེས་བསམ་འཆར་འདོན་བཞིན་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རང་བཙན་དགོས་ཞེས་ཨུ་ཚུགས་བརྒྱབ་ པ་དེས་གཞིས་བཞུགས་བོད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན། སྟོབས་ཆེན་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་ལ་བསྟུན་དགོས་ན་ང་ཚོ་དེ་བས་ལོས་བསྟུན་ དགོས། ཕྱི་ལོ་ ༡༩༥༦ དང་ཕྱི་ལོ ༡༩༥༩ ལོ་སོ་སོར་ངོས་ནས་རྒྱ་གར་གྱི་སྲིད་བློན་པན་ཌི་ཏ་ནེ་རུ་མཆོག་དང་མཇལ་འཕྲད་ སྐབས་ཨ་རིས་བོད་དོན་ཆེད་རྒྱ་ནག་དང་དམག་ནམ་ཡང་རྒྱག་རྒྱུ་མ་རེད་ཅེས་གསུངས་ བྱུང་།

ང་ཚོས་རང་བཙན་དགོས་ཞེས་བརྗོད་ན་འབྲས་བུ་གང་ཡང་ཐོབ་རྒྱུ་མེད་ཁར་དོན་མེད་ རྒྱ་ནག་ཁོང་ཁྲོ་སློང་རོགས་རེད། རྒྱ་གར་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་ང་ཚོས་མིག་དཔེར་ལེན་ཆོག བོད་པ་ཚོ་ལའང་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་དགོས། བོད་པ་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་གཅིག་རག་པ་ཡིན་ན་ བདེ་སྲུང་དང་ཕྱི་འབྲེལ་མ་གཏོགས་གཞན་ཤེས་ཡོན་དང་སྐད་ཡིག ཆོས། ཁོར་ཡུག་སོགས་ལ་བོད་པ་རང་གིས་འགན་འཁྱེར་རྒྱུ་ཡོང་གི་རེད། ང་ཚོས་ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་ བྲལ་བ་ཤོག ཅེས་སྨོན་ལམ་ནང་རྒྱ་རིགས་ཚོའང་ཚུད་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ནང་ནས་རྒྱ་རིགས་ཚོ་ཕུད་ཀྱི་མེད། ཅེས་བཀའ་སློབ་སྩལ་བསྟུན་༸གོང་ས་མཆོག་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཆིབས་ སྒྱུར་བསྐྱངས་ཏེ་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད།།

བོད་གཞུང་དྲ་བ་ལས།

གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ།

668༄ ༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་Japanese Parliament ཀྱི་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་ བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ཚོགས་ཁང་དུ་ཐོག་མར་༸ཞབས་སོར་འཁོད་སྐབས་གདན་ཞུ་ཚོགས་ཆུང་ གི་ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ Eriko Yamatani མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་བགྲེས་པ་སྐུ་ཞབས་ཏ་ཀིའོ་ཧི་ར་ནུ་མ་ Takeo Hiranuma མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་ཚོགས་ཁང་ནང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཉི་ཧོང་གྲོས་ ཚོགས་ཀྱི་ཆབ་སྲིད་ཚོགས་པ་བརྒྱད་ཀྱིས་གྲོས་ཚོགས་འཐུས་མི་ཁྱོན་མི་གྲངས་ ༡༥༠ དང་གྲོས་ཚོགས་འཐུས་མི་ ༥༠ ཕེབས་བཅར་ཐུབ་མེད་ཀྱང་སྐུ་ཚབ་ཏུ་འབྲེལ་ཡོད་དྲུང་ཆེ་ ༥༠ མངགས་གཏོང་གནང་བ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་ལ་ཕེབས་བསུའི་གསུང་བཤད་དང་སྦྲགས་ངོ་སྤྲོད་གནང་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བརྩེ་བའི་མཛའ་གྲོགས་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདི་ག་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་མགྲོན་འབོད་གནང་བ་ལྟར་ སླར་ཡང་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་།

HH addressing Parliamentarians1དེར་ བརྟེན་ངོས་ལ་མགྲོན་འབོད་གནང་མཁན་འབྲེལ་ཡོད་ཚང་མས་མཛའ་བརྩེའི་འདུ་ཤེས་ཤུགས་ ཆེ་འཛིན་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། ང་ཚོས་མི་ཕན་ཚུན་དབར་གྱི་མི་འདྲ་བའི་ཁྱད་པར་ཕལ་པ་རྣམས་གཙོ་བཟུང་བྱས་པར་ བརྟེན་དཀའ་ངལ་མང་དག་གཅིག་འཕྲད་བཞིན་ཡོད། སྤྱིར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ ཞིག་སྐྱེལ་འདོད་ཡོད་པ་མ་ཟད། བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། དེར་བརྟེན་གནས་སྟངས་དེའི་འོག་མི་ཕན་ཚུན་གཅིག་གིས་གཅིག་ལ་གནོད་སྐྱེལ་རྒྱུའི་ གཞི་རྩ་གང་ཡང་ལྷག་མེད། འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཁྲོད་ང་ཚོ་དང་ཁྱེད་ཚོ་ཞེས་ས་མཚམས་དབྱེ་ནས་ མཐར་རྙོག་གྲ་ཡོང་གཞི་ཆགས་ཡོད། འགྲོ་བ་མིའི་གཞི་རིམ་གྱི་གནས་སྟངས་ཐོག་ནས་ལྟ་སྐབས་ཁྱེད་ཚོ་དང་ང་ཚོ་ཞེས་ཐ་ དད་དབྱེ་གཞི་གང་ཡང་མེད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཆགས་ཡོད། སྤྱིར་མི་ཕན་ཚུན་དབར་ཁྱད་པར་གང་ཡང་མེད་པ་མིན། ང་ཚོ་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ཕལ་པ་ཆགས་ཡོད། གཙོ་བོ་ང་ཚོ་ཚང་མ་གོ་ལ་སྔོན་པོ་འདིའི་སྟེང་འགྲོ་བ་མི་རིགས་ཁྱིམ་ཚང་གཅིག་ནང་ གནས་ཡོད། གོ་ལ་སྔོན་པོ་འདི་ཁོ་ན་ང་ཚོའི་ཁྱིམ་ཚང་ཆགས་ཡོད། དེར་བརྟེན་ང་ཚོས་འགྲོ་བ་མིའི་ཁྱིམ་ཚང་འདི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་ འབད་བརྩོན་བྱེད་དགོས།

Japan Parliamentཞེས་ བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་དུས་རབས་ ༢༡ འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང་། འཛམ་གླིང་ནང་མི་འབོར་འཕེལ་རྒྱས་ཧ་ཅང་འགྲོ་བཞིན་པ་དང་གོ་ལའི་གནམ་གཤིས་འགྱུར་ ལྡོག་འགྲོ་བཞིན་པ། དེ་བཞིན་རང་བྱུང་གོད་ཆག་གི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས་ང་ ཚོར་དཀའ་ངལ་མུ་མཐུད་འཕྲད་ངེས་ཡིན་པ་དང་། དཀའ་ངལ་དེ་དག་ལ་ང་ཚོས་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས། འོན་ཀྱང་དེ་སྔ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ ཚོགས་ཤིག་ཌེན་མག་རྒྱལ་ས་ཀོ་པན་ཧེ་གན་ནང་འཚོགས་སྐབས་རྒྱལ་ཁབ་སོ་སོའི་སྒེར་ གྱི་དོན་དག་དེ་གོ་ལ་སྤྱི་ཡོངས་ཀྱི་དོན་དག་ལས་གལ་ཆེ་བར་འཛིན་པར་བརྟེན་ལྷན་ ཚོགས་ལམ་ལྷོང་ལྡན་པ་ཞིག་བྱུང་མེད། དཀའ་ངལ་དེ་དག་ཕན་ཚུན་གོ་བསྡུར་དང་སྦྱངས་བཤད་བྱས་ནས་སེལ་དགོས། ཞེས་དང་། ཡང་༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་དུས་རབས་ ༢༡ འདི་གྲོས་མོལ་གྱི་དུས་རབས་ཤིག་སྐྲུན་ཆེད་སེམས་ཤུགས་སྤེལ་གནང་མཛད་བཞིན་ཡོད་ སྐོར་བཀའ་སློབ་སྩལ་དོན། ཉི་ཧོང་རྒྱལ་ཁབ་འདི་ནི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ཨེ་ཤི་ཡའི་རྒྱལ་ཁབ་ནང་གི་རྒྱལ་ཁབ་རྩེ་ཕུད་གྲས་ཤིག་ཡིན་པ་མ་ཟད། ཞི་བདེའི་རིན་ཐང་གཙིགས་ཆེར་འཛིན་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་རྒྱལ་ ཁབ་གཅིག་ཆགས་ཡོད།

དེར་བརྟེན་ངོས་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་རྒྱུའི་རེ་བ་བྱེད་ བཞིན་པ་དེར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འཛམ་གླིང་ནང་འཚོ་གནས་བྱེད་བཞིན་ པའི་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁྱིམ་ཚང་གཅིག་གི་ཆ་ཤས་ཡིན་པའི་འདུ་ཤེས་ འཛིན་རྒྱུའི་གོམས་གཤིས་སྤེལ་ཐབས་བྱེད་བཞིན་ཡོད། ངོས་རང་ལ་ཆ་མཚོན་ན་ནང་པའི་དགེ་སློང་ཞིག་ཡིན། དེར་བརྟེན་ཆོས་ལུགས་ཕན་ཚུན་དབར་རྙོག་ཕྲ་འབྱུང་སྐབས་བློ་ཕམ་ཡོང་གི་འདུག གནས་ཚུལ་འདི་རིགས་ཉེ་ལམ་འབར་བའི་ནང་པ་དང་ཁ་ཆེའི་དབར་བྱུང་བ་འདི་ནི་ཧ་ཅང་ བློ་ཕམ་པོ་རེད། ངོས་ཀྱིས་སྐབས་དེར་ནང་པའི་དགེ་འདུན་པ་ཚོར་ཁོང་ཁྲོ་ལང་སྐབས་སངས་རྒྱས་བཅོམ་ ལྡན་འདས་ཀྱི་ཞལ་རས་སེམས་ནང་དྲན་གསོ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། གལ་ཏེ་སྟོན་པ་བཅོམ་ལྡན་འདས་རང་ཉིད་སྐབས་དེར་ཞལ་བཞུགས་ཡོད་ཚེ་ཁ་ཆེ་མགོན་མེད་ དེ་དག་འཇིགས་པ་ལས་སྐྱོབ་ངེས་ཡིན། ཞེས་བཀའ་སློབ་སླ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་ འགན་གཉིས་པའི་སྐོར་བཀའ་སློབ་སྩལ། དེ་ནས་༸གོང་ས་མཆོག་གིས་ཉི་ཧོང་སློབ་ཕྲུག་ཚོས་དབྱིན་སྐད་སྦྱང་རྒྱུ་གལ་ཆེ་ ཡིན་པ་དང་། དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིག་ཞིག་ཆགས་ཟིན་སྟབས་སྐད་ཡིག་འདི་བརྒྱུད་ འཛམ་གླིང་ནང་ཕན་ཐོགས་རྒྱ་ཆེ་བ་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་བཀའ་སྩལ་རྗེས། མཐར་༸གོང་ས་མཆོག་གིས་བོད་དོན་ཐོག་བཀའ་སློབ་སྩལ་དོན། ངོས་རང་མི་ལོ་ ༥༥ ཙམ་བཙན་བྱོལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན། བཙན་བྱོལ་དུ་སྡོད་རིང་མི་སྣ་ཧ་ཅང་མང་པོས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་ སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ངོས་ཀྱིས་སྙིང་ཐག་པ་ནས་བསྔགས་བརྗོད་དང་ བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༡ ནས་ངོས་རང་བོད་མིའི་ཆབ་སྲིད་ལས་འགན་ནས་ཕྱེད་བགྲེས་ཡོལ་ཞུས་ཡོད།

དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་བོད་མི་ཚོས་མང་གཙོའི་ལམ་ནས་ཆབ་སྲིད་འགོ་ཁྲིད་ཐད་ཀར་འོས་འདེམས་བྱས་པར་ བརྟེན་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཆ་ཚང་ ཞུས་པ་ཙམ་མ་ཟད། ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བྱ་རྒྱུའི་ལུགས་སྲོལ་མཇུག་ སྒྲིལ་བ་ཡིན། འདི་ནི་ངོས་ཀྱི་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་ལམ་སྲོལ་གོང་འཕེལ་གཏོང་ ཆེད་ཞབས་འདེགས་ཕྲན་བུ་ཞུ་ཁུལ་ཡིན། ཞེས་བཀའ་སློབ་སྩལ་རྗེས་བོད་ཀྱི་ཁོར་ཡུག་ཐོག་བཀའ་སློབ་སྩལ་དོན། རྒྱ་རིགས་ཁོར་ཡུག་ཁྱད་ལས་པ་ཞིག་གིས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་ འཛིན་བྱས་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་གནས་སྟངས་དེས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཁྱད་ པར་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད། བོད་ཀྱི་ཁོར་ཡུག་འདི་བོད་མི་ཙམ་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་འཚོ་ གནས་བྱེད་བཞིན་པའི་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ ཡོད་པ་ནི་བོད་ཀྱི་རྒྱུག་ཆུ་དང་ཆུ་རྒྱུན་དེ་དག་ཆགས་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོའི་སྐོར་བཀའ་སློབ་སྩལ་དོན། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་མཚོན་ན་ཁོང་ཚོ་དངོས་ཡོད་གནས་ཚུལ་ཁས་ལེན་མཁན་ དང་གནས་ཚུལ་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཡིན་སྐོར་ངོས་ཀྱི་ གྲོགས་པོ་མང་པོས་གསུངས་བྱུང་། ལྐོག་ཟའི་ཐོག་ད་སྟའི་སྲིད་འཛིན་སྐུ་ཞབས་ཞི་ཅིང་པིང་གིས་དམ་བསྒྲགས་ཧ་ཅང་ བྱེད་བཞིན་ཡོད་པར་བརྟེན། གནད་དོན་དེའི་ཐོག་ཁོང་གིས་སྙིང་སྟོབས་ཆེན་པོས་ལག་བསྟར་བྱས་ཡོད། ཉེ་ལམ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་ཀྱི་གྲོས་ཚོགས་མཇུག་སྒྲིལ་བ་ རེད། གྲོས་ཚོགས་སྐབས་རྒྱ་ནག་གྲོང་གསེབ་ས་ཁུལ་གྱི་མི་མང་ཉམས་ཐག་ཚོ་དང་ངལ་རྩོལ་བ་ རྣམས་ཡར་རྒྱས་ཇི་འདྲ་གཏོང་དགོན་མིན་ཐོག་སེམས་འཚབ་ཆེན་པོ་བྱས་པ་མ་ཟད། ཁྲིམས་ལུགས་འགྲོ་སྟངས་འདི་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་ལ་བསླེབ་རྒྱུ་ གལ་ཆེ་ཡིན་པར་ངོས་འཛིན་བྱས་ཡོད། རྒྱ་མི་རིགས་ཚོ་ངལ་རྩོལ་བྱེད་མཁན་གྱི་རིགས་ཤིག་ཡིན་པ་མ་ཟད། དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་མཁན་ཞིག་ཡིན་པར་བརྟེན་རྒྱ་ནག་ནང་མ་འོངས་པར་ བཟང་ཕྱོགས་ཀྱི་རེ་བ་ཁོང་ཚོར་རྒྱག་ཆོག ཅེས་བཀའ་སློབ་སྩལ་རྗེས་དྲི་བ་གཅིག་གཏོང་རྒྱུའི་གོ་སྐབས་སྩལ་སྐབས་བོད་ནང་དུ་ རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་དྲི་བ་ཞུ་སྐབས་བཀའ་ལན་སྩལ་དོན།

གནས་ཚུལ་འདི་ནི་ཧ་ཅང་བློ་ཕམ་པོ་ཞིག་ཡིན། གནས་སྟངས་འདིས་བོད་མི་དེ་དག་གིས་རང་སྲོག་ཚུན་ཆད་བློས་བཏང་བྱེད་དགོས་པའི་ དཀའ་སྡུག་ཧ་ཅང་འོག་གནས་ཡོད་པ་ནི་ཤིན་ཏུ་གསལ་པོ་མཚོན་ཐུབ། བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་ནང་མིའི་རྙོག་གྲ་བྱུང་བ་སོགས་ཀྱི་དཀའ་ ངལ་འོག་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན། ངོས་ཀྱིས་ཁོང་ཚོར་འདམ་ག་ཞིག་སྤྲོད་རྒྱུ་ཡོད་ན་རང་སྲེག་མཚམས་འཇོག་བྱེད་དགོས་ ཞེས་བརྗོད་ཐུབ་ཀྱང་། དེ་འདྲ་ཞིག་ངོས་ལ་གང་ཡང་སྤྲོད་རྒྱུའི་ཆ་རྐྱེན་མེད་སྟབས་ངོས་ཀྱིས་ཁོང་ཚོར་ རང་སྲེག་མཚམས་འཇོག་བྱེད་དགོས་ཞེས་ཇི་ལྟར་བརྗོད་ཐུབ་བམ། དེ་ནི་གཙོ་བོ་རྒྱ་ནག་འགོ་ཁྲིད་ཚོས་བོད་མི་ཧ་ཅང་མང་པོས་རང་ལུས་མེར་གཏོང་ དགོས་པའི་དངོས་ཡོད་གནས་ཚུལ་གང་ཡིན་རྟོག་ཞིབ་ནན་པོ་བྱེད་དགོས། གནས་ཚུལ་འདི་ཧ་ཅང་སེམས་སྐྱོ་བོ་ཡིན། ལྷག་པར་ཕྲུ་གུ་ཆུང་ཆུང་གི་ཨ་མ་གཞོན་སྐྱེས་ཚོས་དེ་ལྟར་བྱས་པ་ནི་ཧ་ཅང་བློ་ཕམ་ པོ་རེད། ཅེས་བཀའ་ལན་སྩལ་རྗེས་ཚོགས་ཁང་ནས་ཆིབས་སྒྱུར་བསྐྱངས།

ཚོགས་ཁང་དེའི་ནང་མགོན་པོ་གང་ཉིད་མཆོག་གིས་རྒྱ་ལྕོག་ཉེ་འགྲམ་དུ་བོད་ཀྱི་ རྒྱལ་དར་སྒྲེང་འཛུགས་བྱས་པ་ཞིག་ལ་གཟིགས་ནས་བཀའ་སློབ་སྩལ་དོན། ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཀིང་དུ་མའོ་ཀྲུ་ཞི་དང་མཇལ་འཕྲད་སྐབས་ཁོང་གིས་བོད་ ལ་རྒྱལ་དར་ཡོད་དམ། ཞེས་སྐད་ཆ་དྲིས་བྱུང་བར་སྐབས་དེར་ངོས་ཀྱིས་བོད་ལ་རྒྱལ་དར་ཡོད་སྐོར་ཞུས་པ་ ཡིན། སྐབས་དེར་ཁོང་གིས་དེ་འདྲ་ཡིན་ན་ཧ་ཅང་ཡག་པོ་རེད། རྒྱ་ནག་གི་རྒྱལ་དར་དང་ལྷན་དུ་སྒྲེང་འཛུགས་བྱེད་དགོས་པའི་ལམ་སྟོན་གནང་བྱུང་། དེར་བརྟེན་དེང་སྐབས་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་བོད་ཀྱི་རྒྱལ་དར་ འདི་ཁ་བྲལ་བའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ངོས་ཀྱིས་བསམ་པར་འདི་ནི་མའོ་ཙེ་ཏུང་གིས་ཆོག་མཆན་ཐོབ་ཡོད་བསམ་དྲན་གྱི་འདུག་ ཅེས་བཀའ་སློབ་སྩལ།

སྤྱིར་དེ་ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་ཉི་ཧོང་དུ་སློབ་སྦྱོང་བྱེད་ བཞིན་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་མཇལ་ཁ་སྩལ་ནས་བོད་ཀྱི་རིག་གཞུང་ སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ།  དེ་རྗེས་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་ནས་ནང་ཆོས་ནས་གསུང་པའི་ཆོས་དང་ལྟ་ གྲུབ་ཀྱི་རྣམ་གཞག དེ་བཞིན་ཚན་རིག་གི་རྣམ་གཞག་སོགས་དབྱེ་འབྱེད་མཛད་ནས་ནང་ཆོས་ཉམས་ལེན་པ་ཚོའི་ དམིགས་ཡུལ་གཙོ་བོ་ནི་མི་ཤེས་པའི་རྨོངས་པ་སེལ་ནས་ཤེས་བྱ་བློ་གྲོས་རྒྱས་ཐབས་ བྱ་རྒྱུ་ཡིན་པར་བརྟེན་དེང་སྐབས་ནང་པ་ཚོར་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་སྩོལ་བཞིན་ཡོད་སྐོར་བཀའ་སློབ་ སྩལ།།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་ལམ་ནས་སྡུག་བསྔལ་ལས་གྲོལ་ཐབས་སྐོར་བླང་དོར་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༡༡ ཚེས་ ༡༩ རེས་གཟའ་མིག་དམར།

2013-11-19-Tokyo-G02༄ ༅། །འདི་གའི་ཆེད་གཉེར་གསར་འགོད་པ་པདྨ་ཚེ་རིང་གིས་ཉི་ཧོང་ནས་བཏང་གནས་ནང་འཁོད་ དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཊོག་ཁྱིའོ་མི་ན་ཏོ་ Minato གྲོང་ཁྱེར་ཁུལ་དུ་རྟེན་གཞི་བྱས་པའི་ཛོ་ཇོ་ཇི་ Zojoji Temple ནང་པའི་དགོན་པར་ཆིབས་སྒྱུར་བསྐྱངས་ཡོད། ཉི་ཧོང་ནང་པའི་དགོན་པ་དེར་༸ཞབས་སོར་འཁོད་སྐབས་དགོན་པའི་མཁན་རིན་པོ་ཆེས་ དབུས་དགེ་འདུན་པ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་དགོན་པའི་ལྷ་ཁང་གཙོ་བོར་༸ཞབས་སོར་འཁོད་རྗེས་མཁན་རིན་པོ་ཆེ་ མཆོག་གིས་འཚམས་འདྲི་ཞུས་པ་དང་སྦྲགས་དགོན་དེར་གནས་གཟིགས་དང་སྨོན་ལམ་གསུང་ འདོན་དབུ་འཛུགས་ཀྱིས་དེག་འདུན་པ་ ༡༥༠ ཙམ་ཡོད་པ་རྣམ་ཀྱིས་སྨོན་ལམ་གསུང་འདོན་གནང་། སྨོན་ལམ་ལས་རིམ་དེ་གྲུབ་མཚམས་༸གོང་ས་མཆོག་གིས་ཉི་ཧོང་གི་དགེ་འདུན་པ་གཉིས་ དང་། མི་སྐྱ་བུད་མེད་གཉིས་བཅས་ལྷན་དུ་བྱམས་བརྩེའི་ལམ་ནས་སྡུག་བསྔལ་ལས་གྲོལ་ཐབས་ དང་འབྲེལ་བའི་བརྗོད་གཞིའི་ཐོག་བཀའ་འདྲི་དགོངས་སྐོར་དང་བཀའ་སློབ་སྩལ།

2013-11-19-Tokyo-G08སྐབས་ དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། འཛམ་གླིང་འདིའི་སྟེང་འགྲོ་བ་མི་གཙོ་བོར་གྱུར་བའི་སྲོག་ཆགས་གྲངས་ལས་འདས་པ་ ཡོད། དེ་ཚོའི་ནང་ནས་སྡུག་བསྔལ་སེལ་རྒྱུའི་ཐབས་ཤེས་གཙོ་བོ་མི་མ་གཏོགས་སྲོག་ཆགས་ གཞན་གྱིས་བྱེད་མི་ཐུབ། མི་རྣམས་ལ་ཤེས་ཡོན་དང་རྣམ་དཔྱོད་ཡོད་པ་ཙམ་གྱི་ཕན་གྱི་མེད། སྐབས་རེ་མིས་སྡུག་བསྔལ་འཕར་མ་བཟོ་བཞིན་ཡོད། གཞན་ཕན་གྱི་བསམ་པ་དེ་རྩ་བར་ཐུག་གི་ཡོད། ཇི་ཙམ་གྱི་གཞན་ཕན་གྱི་བསམ་པ་དང་གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ བྱེད་ཐུབ་ན་སོ་སོ་རང་ཉིད་ཡིད་ཚིམ་པོ་དང་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུར་ཕན་ ཐོགས་ཡོད་པ་དང་། འཆི་ཁར་ཡང་སེམས་ནང་འདེང་ཚོད་དང་སྤོབས་པ་ལྡན་པའི་ཐོག་ནས་ཤི་རྒྱུ་ཡོང་གི་ཡོད། དེ་འདྲ་ཡིན་དུས་བསྟན་བཅོས་ནང་བསམ་པ་གཞན་དོན་བསམ་ནས་རང་དོན་ཞོར་ལ་གྲུབ་ཡོང་ གི་རེད་ཅེས་གསུངས་ཡོད། རང་དོན་འབའ་ཤིག་བསམས་ནས་བསྡད་ན་སོ་སོར་སེམས་ཁྲལ་མང་བ་དང་དངངས་སྐྲག་ཆེ་རུ་ འགྲོ་གི་ཡོད་པ་མ་ཟད། མ་སྐྱིད་པའང་ཡོང་གི་ཡོད། དེས་རྐྱེན་པས་སོ་སོའི་གཟུགས་པོའང་ནད་ན་ཚ་ཡོང་རྒྱུ་དང་ཚེ་ཐུང་དུ་འགྲོ་རྒྱུ་ ཡོང་གི་ཡོད། དེ་རིང་ཁ་སང་སྨན་བཅོས་ཚན་རིག་པ་ཚོས་སེམས་ལ་དངངས་སྐྲག་ཤུགས་ཆེ་བྱུང་ན་གཟུགས་ པོར་ཧ་ཅང་གནོད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། ཡང་སེམས་ལ་ཡིད་ཆེས་དང་སྤོབས་པ་ཡོད་པ་བཅས་བྱས་ན་སེམས་ལ་ཞི་བདེ་ཡོང་གི་ཡོད། དེས་གཟུགས་པོར་ཕན་གྱི་ཡོད།

དེར་བརྟེན་ཇི་ཙམ་གྱི་ང་ཞེས་རང་དོན་གཅིག་པུ་བསམ་ནས་བསྡད་ན་དངངས་སྐྲག་ཆེ་ བ་ཡོང་གི་ཡོད། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ལྟ་གྲུབ་ཡོད་པ་ཚང་མས་བྱམས་པ་དང་བརྩེ་བ་ ཉམས་ལེན་བྱེད་དགོས་པ་གསུང་གི་ཡོད། འོན་ཀྱང་ལྟ་བ་མི་འདྲ་བ་ཡོང་གི་ཡོད། དེ་ག་རེ་རེད་ཟེར་དུས་ས་གནས་དང། གོམས་སྲོལ་མི་འདྲ་བར་བརྟེན་ནས་བྱུང་བ་ཡིན། དེ་འདྲ་ཡིན་དུས་ཁམས་དང་མོད་པ་མི་འདྲ་བ་ལ་བྱམས་བརྩེ་གོང་འཕེལ་གཏོང་རྒྱུར་ ཐབས་ལམ་མི་འདྲ་བ་ཡོང་གི་ཡོད། བྱས་ཙང་ཇི་ཙམ་གྱི་གཞན་ལ་ཕན་བདེ་བསྒྲུབས་ན་བདག་ལ་ཕན་པ་དང་། ཇི་ཙམ་གྱི་གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད། སྡུག་བསྔལ་བྱུང་སྐབས་སེམས་སྐྱོ་ནས་རེ་བ་བྲལ་པ་ལྟ་བུ་བྱས་ཏེ་མ་བསྡད་པར་གདོང་ ལེན་བྱེད་དགོས། ཡང་སྡུག་བསྔལ་ལ་མི་འདོད་པ་བྱེད་པ་ཙམ་གྱི་འགྲིག་གི་མེད། སྡུག་བསྔལ་གྱི་རྒྱུ་གང་ཡིན་རྩད་གཅོད་བྱས་ནས་འགོག་ཐབས་བྱེད་པའི་རྒྱུ་སྡུག་ བསྔལ་སེལ་རྒྱུའི་ཐབས་ཤེས་བྱེད་དགོས་ཅེས་བླང་དོར་བཀའ་སློབ་སྩལ་ཡོད།

ལས་རིམ་དེའི་ནང་གི་གཏམ་བཤད་གནང་མཁན་བུད་མེད་ཏེ་རུ་མི་ཨོ་ཀ་ཀུ་ Terumi Okaku ཁོང་རང་ཉིད་ཀྱི་ཨ་མ་ལགས་དང་བུ་སྤུན་གཉིས་དེ་སྔ་འདས་གྲོངས་སུ་གྱུར་སྟབས་ སྡུག་བསྔལ་ཤུགས་ཆེ་མྱངས་རྗེས་ཁོང་གིས་དེ་འདྲའི་སྡུག་བསྔལ་མནར་མཁན་མི་གཞན་ ལའང་སྙིང་སྟོབས་སྐྱེས་རྒྱུར་ཕན་གྲོགས་གནང་ཆེད་འཚོ་གནས་བྱེད་དགོས། ‘Live On’ཞེས་པའི་ཚོགས་པ་གསར་འཛུགས་ཀྱིས་བྱུང་བའོ་གོད་ཆག་དང་། དམག་འཁྲུག ནད་ཡམས་སོགས་ཀྱི་རྐྱེན་ངན་འོག་ཕ་མ་འདས་གྲོངས་སུ་གྱུར་བའི་དྭ་ཕྲུག་རྣམས་དཀའ་ ངལ་ཧ་ཅང་མྱངས་ནས་རང་ཤི་རྒྱག་འདོད་བྱེད་མཁན་དང་། སེམས་ཤུགས་ཆག་ནས་མྱོས་རྫས་རིགས་ལོངས་སྤྱོད་མཁན་སོགས་ལ་ལམ་སྟོན་རོགས་རམ་གནང་ བཞིན་ཡོད། ༸གོང་ས་མཆོག་ནས་ཀྱང་ཁོ་མོས་རྐྱེན་ངན་བྱུང་བ་དེས་གཞན་ཕན་གྲུབ་རྒྱུའི་སྙིང་ སྟོབས་སུ་གྱུར་ནས་ད་བར་སྡུག་བསྔལ་མནར་མཁན་གཞན་ཚོར་གང་ཐུབ་རོགས་བྱས་པར་ བསྔགས་བརྗོད་ཤུགས་ཆེ་མཛད་ཡོད།

དེ་རྗེས་མང་ཚོགས་ནས་སེམས་ཀྱི་སྡུག་བསྔལ་སྐོར་སོགས་དང་ལྷག་པར་དུ་རང་ལུས་ མེར་སྲེག་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ལུས་སྲོག་བློས་གཏོང་བྱེད་རྒྱུ་ཟེར་བ་དེ་སྔ་མོ་རྒྱ་ནག་ལ་རིག་གནས་གསར་བརྗེའི་ སྐབས་དམར་སྲུང་དམག་གིས་གཏོར་བཤིག་གཏོང་བར་ཡོང་སྐབས་དགོན་པའི་མཁན་པོ་ཡག་པོ་ ཞིག་ཡོད་པ་ཁོང་གིས་སོ་སོ་མེར་སྲེག་བཏང་ཡོད། དེ་ནས་ཝི་ཏི་ནམ་ནང་གང་ཙམ་བྱུང་ཡོད། ད་ཆ་བོད་ནང་ཡོང་གི་འདུག དེ་ཚོ་ནི་སོ་སོ་བློས་གཏོང་བྱེད་ཐུབ་མཁན་ཞིག་གིས་མི་ལ་འཚེ་བ་བྱེད་ཐུབ་ཀྱི་ རེད། ཡིན་ནའང་གཞན་ལ་འཚེ་བ་མ་ཡིན་པར་རང་ལུས་མེར་སྲེག་པ་ཞིག་ཆགས་ཡོད། ཛ་དྲག་དེ་འདྲའི་འོག་གཞན་ལ་འཚེ་བ་མི་བྱེད་པའི་ལག་ལེན་བཀལ་བ་ཞིག་རེད། དེ་ཧ་ཅང་སེམས་སྐྱོ་བོ་རེད། ངོས་རང་བོད་པ་ཞིག་ཡིན་པའི་ཆ་ནས་ཧ་ལས་པའི་སེམས་སྐྱོ་བོ་རེད། ཡིན་ནའང་འདི་ཆབ་སྲིད་ཀྱི་གནས་ཚུལ་ཞིག་རེད། ངས་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་བཞག་ཏེ་ལོ་གཉིས་ཕྱིན་ཡོད་ཅེས་བཀའ་ལན་སྩལ་ ཡོད།      དེ་ཉིན་གྱི་ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་བོད་རིག་ པའི་མཁས་དབང་ཉི་ཧོང་བ་གཞོན་སྐྱེས་ ༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་ནི་འཚེ་མེད་ཞི་བའི་རིག་གཞུང་ ཞིག་ཡིན་པ་བཅས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྐོར་ངོ་སྤྲོད་ཡང་མཛད་ ཡོད།

སྤཡིར་ཛོ་ཇོ་ཇི་ Zojoji Temple ནང་པའི་དགོན་པ་འདི་ནི་ཉི་ཧོང་ནང་རྒྱལ་བ་འོད་དཔག་མེད་  Amitabha Buddha ཀྱི་རྗེས་འབྲང་པའི་ནང་པ་ ཇོ་ཌུ་ཤུ་ Jodo shu ཞེས་པ་དེ་ཁོངས་སུ་གཏོགས་པ་ཞིག་ཡིན་འདུག དགོན་པ་འདི་ཕྱག་བཏབས་ནས་ལོ་ངོ་ལྔ་བརྒྱ་ལྷག་ཙམ་ཕྱིན་ཡོད་པ་དང་། འཛམ་གླིང་དམག་ཆེན་སྐབས་དགོན་པ་འདིར་གཏོར་སྐྱོན་ཕོག་པར་བརྟེན་ཐེངས་འདིར་༸ གོང་ས་མཆོག་༸ཞབས་སོར་འཁོད་སའི་ལྷ་ཁང་ཌའི་ཌེན་Daiden ཞེས་པ་འདི་གནའ་དེང་ཟུང་འབྲེལ་གྱི་བཀོད་པ་གཉིས་འཛོམས་ཐོག་ནས་ཕྱི་ལོ་ ༡༩༧༤ ལོར་གསར་དུ་བཞེངས་པ་ཞིག་ཡིན་འདུག

༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་གསར་འགོད་པས་དྲི་འི་ལན་དུ་ཁོང་ཉིད་ས་ཆ་གང་དུ་ཕེབས་ཀྱང་ འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་འཆམ་མཐུན་གོང་མཐོིར་གཏོང་རྒྱུ་ལསཆབ་སྲིད་དང་འབྲེལ་བའི་ལས་དོན་གང་ཡང་སྤེལ་གྱི་མེད་ཅེས་གསུངས་འདུག   

ཟླ་འདིའི་ཚེས་ ༡༥ ཉིན་ནས་བཟུང་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཉིན་དེར་ཉི་ཧོང་ནཱ་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བཀོད་སྐབས། གསར་འགོད་པ་ཁག་ཅིག་གིས་ཐེངས་འདིར་ཉི་ཧོང་ནང་མཛད་འཕྲིན་གང་འདྲ་ཡོད་མེད་བཅར་འདྲིཞུས་པའི་ལན་དུ། ༧གོང་ས་མཆོག་གིས་ཁོང་ཉིད་ས་ཕྱོགས་གང་དུ་ཕེབས་ཀྱང་འགྲོ་བ་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཡིན་པའི་ཆ་ས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་གི་ཆོས་ལུགས་འཆམ་མཐུན་གོང་མཐོར་གཏོངཐབས་གཉིས་ཀྱི་ལས་འགན་ཐོག་ཤུགས་རྒྱག་གི་ཡོད་པ་དང་། ཐེངས་འདིའི་ཆིབས་བསྒྱུར་ཡང་གནད་དོན་དེ་གཉིས་ལས་ཆབ་སྲིད་དང་འབྲེལ་བ་མེད་པ། ཁོང་གཉིས་ལོ་ ༢ གོང་ནས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ནས་བགྲེས་ཡོལ་ཆ་ཚང་ཞུས་ཟིན་སྟབས། ཆབ་སྲིད་དང་འབྲེལ་བའི་ལས་དོན་གང་ཡང་སྤེལ་གྱི་མེད་ཅེས་གསུངས་ཡོད་འདུག

ཚེས་ ༡༦ ཉིན་ཆི་བྷ་འཕྲུལ་རིག་སློབ་གཉེར་ཁང་(Chiba Institute of Technology)དུ་ཆིབས་སྒྱུར་བསྐྱངས་ཏེ། ཉི་ཧོང་གི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཡོ་ཤི་ཀོ་ས་ཀུ་རའི་ (Ms. Yoshiko Sakurai)ལགས་ཀྱི་གཙོ་སྐྱོང་འོག དགེ་ལས་སློབ་ཕྲུག་དང་ཉམས་ཞིབ་པ་སོགས་མི་ ༦༠༠ ཙམ་ལ། ནང་ཆོས་ཉམས་ལེན་གནང་མཁན་གྱིས་ཚན་རིག་ཐོག་འཛིན་པའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག འདས་པའི་དུས་རབས་ཉི་ཤུ་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་སྟབས། འགྲོ་བ་མིའི་རིགས་ཀྱི་རྒྱུད་ཀྱི་རྣམ་དཔྱོད་དང་ནུས་པས་མ་འོངས་དུས་རབས་དེ་འཚེ་བ་མེད་པ་དང་ཞི་བདེའི་དུས་རབས་ཤིག་བསྐྲུན་ཐུབ་བྱ་རྒྱུར་གཞོན་སྐྱེས་ཚོར་འགན་ཡོད་པ་དང་། སྤྱིར་འཕྲུལ་ཆས་ཀྱིས་མི་ཚེ་ལས་སླ་པོ་བཟོས་ཡོད་ཀྱང་། དོན་དངོས་སུ་དེང་སྐབས་ཚང་མས་ལག་འཁྱེར་ཁ་པར་དང་བརྙན་འཕྲིན་སོགས་ཀྱི་ཐོག་དུས་ཚོད་ཤུགས་ཆེའཕྲོ་བརླག་གཏོང་གི་ཡོད་པ། འཕྲུལ་ཆས་ཀྱིས་ཕྱིའི་ལུས་པོར་བདེ་བ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ནའང་ནང་སེམས་ལ་བདེ་སྐྱིད་སྤྲོད་མི་ཐུབ་མ་ཟད། འཕྲུལ་ཆས་ཀྱིས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཡང་བསྐྲུན་མི་ཐུབ་ཅེས་སོགས་གསུངས་འདུག

དེའི་རྗེས་ཨ་རིའི་པི་པི་ཨེན་རོལ་དབྱངས་ཚོགས་པའི་གཞས་པ་སྐུ་ཞབས་ཕེ་ཁྲིེར་ཡཱ་རོའུ་ (Peter Yarou) ལགས་ཀྱིས། ༸གོང་ས་མཆོག་གི་གསུང་ལས་གཞས་ཚིག་བཟོས་པའི་སེམས་ཤུཊ་ནམ་ཡང་མ་ཆགས་ (Never Give Up) ཞེས་པའི་གླུ་གཞས་གཟིགས་འབུལ་ཞུས་ཤིང་། ཉིན་རྒྱབ་མིའི་ཚབ་ཏུ་ལས་རིགས་སྣ་ཚོགས་བྱེད་རྒྱུར་བཀོལ་སྤྱོད་ཆོག་པའི་འཕྲུལ་ཆས་ (Robot) ཁག་ཅིག་ལ་གཟིགས་ཞིབ་གནང་ཡོད་འདུག  

ཚེས་ ༡༧ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག རྒྱལ་ས་ཊོག་ཀྱོའོ་ཨོ་ཀོའུ་རཱ་མགྲོན་ཁང་ (Hotel Okura)དུ། ཉི་ཧོང་གི་བརྙན་འཕྲིན་ལས་རིམ་གཙོ་སྐྱོང་བ་དང་གསར་འགོད་པ་སྐུ་ཞབས་ཨི་ཀི་གྷ་མེ་ཨ་ཀེ་ར་ (Prof. Ikegami Akira) ལགས་ཀྱིས་གཙོ་སྐྱོང་འོག ༼ འཇིག་རྟེན་དང་ཚེ་སྲོག ཤེས་ཡོན་ (The Universe, Life and Education) ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་ཁག་ཅིག་དང་བགྲོ་གླེང་གནང་ཡོད་ཅིང་། དེར་ཀོ་ཡྰ་སན་དགོན་པའི་ (Koyasan Monastery)མཁན་རིན་པོ་ཆེདང་། ཉི་ཧོང་གི་ཚན་རིག་དང་འཕྲུལ་རིགས། ཆོས་ལུགས་སློབ་གཉེར་ཁང་། གནམ་རིག་ཞིབ་འཇུག་ཁང་སོགས་ཀྱི་ཚན་རིག་པ་དང་ངེས་སྟོན་པ་སོགས་འཛོམས་ཡོད་འདུག སྐབས་དེར་༸གོང་ས་མཆོག་གིས་འདས་པའི་ལོ་སུམ་ཅུ་ལྷག་རིང་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་དབུ་འཛུཊ་ཀྱིས། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་དེང་གི་ཚན་རིག་པའི་བར་ཕན་ཚུན་རོགས་བྱེད་ཐུབ་པ་ཞིག་ཆགས་ཡོད་པ་དང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་ངོ་སྤྲོད་བཅས་གནང་ཡོད་འདུག

ཚེས་ ༡༨ ཉིན་༸གོང་ས་མཆོག་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོའོ་མེ་གྷུ་རོ་ (Meguro) གྲོང་ཁྱེར་དུ་ཡོད་པའི་ཡཱ་ཀུ་མོ་བུ་མོའི་སློབ་གྲྭའི་ (Yakumo Girls Hig School) སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་དང་ཕ་མ་རྣམས་ཀྱིས་ཕེབས་བསུའི་ཁྲོད་ཆིབས་སྒྱུར་གནང་སྟེ། འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་སུ་གཞོན་སྐྱེས་ཚོར་འགན་གང་འདྲ་ཡོད་མེད་ཀྱི་བརྗོད་གཞིའི་ཐོག ཉི་ཧོང་དང་འཇར་མན་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དཀའ་སྡུག་མྱངས་ཡོད་ཀྱང་། ད་ཆར་དེ་སྔ་དམག་ཆེན་སྐབས་གཏོར་བཤིག་བཏང་བའི་ཤུལ་ཙམ་མཐོང་རྒྱུ་མེད་པ་མ་ཟད། འཛམ་གླིང་ནང་ཆེས་ཡར་ཐོན་ཅན་གྱི་ཁོངས་སུ་ཚུད་ཐུབ་པ་དེ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་ཆོད་སེམས་བརྟན་པོས་གདོང་ལེན་བྱས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། དུས་རབས་ ༢༡ དེ་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་འགྱུར་རྒྱུའི་བཟང་ཕྱོགས་ནས་རེ་བ་རྒྱག་མི་ཆོག་པ་གཏན་ནས་མིན་སྐོར་སོགས་གསུངས་ཡོད་འདུག

༸གོང་ས་མཆོག་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་དུ་ཆིབས་བསྒྱུར་ཐོག་མ་བསྐྱངས་ཡོད་པ་དང་། ཐེངས་འདི་ནི་ཉི་ཧོང་དུ་ཆིབས་སྒྱུར་གནང་ཐེངས་ ༡༩ པ་ཆགས་ཡོད་ཅིང་། ཚན་རིག་པ་དང་བགྲོ་གླེང་གནང་བ་ཐེངས་ ༥ པ་དེ་ཆགས་ཡོད་འདུག ཟླ་འདིའི་ཚེས་ ༢༦ ཉིན་བར་མུ་མཐུད་ཚན་རིག་པ་དང་མཇལ་འཕྲད་ཀྱི་བགྲོ་གླེང་དང་ས་གནས་མང་ཚོགས་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

༸གོང་ས་མཆོག་གིས་ཞི་བདེའི་ལྷན་ཚོགས་སུ་བཀའ་སློབ་སྩལ་བ།

༢༠༡༣ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཕུར་བུ།

2013-10-23-Warsaw-G02

་གསར་འགོད་པ་སྐུ་ཞབས་ཇེག་ཀེཀ་ཛ་ཀོ་ཝས་ཀི་ལགས་ཀྱིས་ཆེད་དོན་དྲི་བར་བཀའ་ལན་མཛད་བཞིན་པ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་གཟའ་འཁོར་གསུམ་ རིང་མེཀ་སི་ཁོ་དང་ཨ་རི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ་ ཕྱི་ཚེས་ ༢༢ ཉིན་པོ་ལེན་ཌིའི་རྒྱལ་ས་ཝར་སོའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབུང་ཕྱུག་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ ཞུས་ཡོད། དེ་རྗེས་བཞུགས་གནས་མགྲོན་ཁང་དུཆིབས་སྒྱུར་བསྐྱངས་སྐབས་རྒྱལ་སྒོའི་མདུན་དུ་ བོད་རིགས་དང་སོག་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་ཁག་གཅིག་གིས་ སྲོལ་རྒྱུན་གྱི་ལམ་ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གི་པོ་ལེན་ཌིའི་རྒྱལ་ས་ཝར་སོའི་ Warsaw ནང་འཚོགས་བཞིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ཞི་བདེའི་ ལྷན་ཚོགས་ཐེངས་ ༡༣ པར་ 13th Nobel Peac2013-10-23-Warsaw-G13e Laureates’ Summit ཆིབས་བསྒྱུར་བསྐྱངས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ལྷན་ཚོགས་ཚུགས་ཡུལ་ཀྱི་ཚོགས་ཁང་ National Opera House ནང་ཆིབས་སྒྱུར་མ་བསྐྱངས་གོང་ཡུལ་དེའི་རྒྱལ་ཡོངས་རླུང་འཕྲིན་ Polish Television གྱི་གསར་འགོད་པ་སྐུ་ཞབས་ཇེག་ཀེཀ་ཛ་ཀོ་ཝས་ཀི་ Jackec Zakowsk ལགས་ཀྱིས་ཆེད་དོན་དྲི་བར་བཀའ་ལན་མཛད།

2013-10-23-Warsaw-G09དེ་རྗེས་༸གོང་ས་མཆོག་ཞི་བདེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཡོད།

2013-10-23-Warsaw-G01དེ་ ཡང་ལྷན་ཚོགས་དེའི་ཚོགས་ཐུན་ལྔ་པའི་སྐབས་༸གོང་ས་མཆོག་གིས་དམག་འཐབ་མེད་པའི་ འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཇི་ལྟར་སྐྲུན་ཐུབ་སྐོར་བཀའ་སློབ་སྩལ། ལྷན་ཚོགས་དེ་བཞིན་ལོ་ལྟར་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་ གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལི་ཝ་ལེ་ས་(Lea Walesa) མཆོག་གི་ཐེབས་རྩ་ཁང་ནས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ ཡོད་ཅིང་། དེ་སྔོན་ཡང་༸གོང་ས་མཆོག་ལྷན་ཚོགས་དེའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་ མཛད་ཡོད།

ཐེངས་འདིར་ལྷན་ཚོགས་སྐབས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ སྐུ་བྷེ་ཊི་ཝིལ་ལེམ་སི་ Betty Williams མཆོག་དང་། ༸གོང་ས་མཆོག བྱང་ཕྱོགས་ཨ་ཡིར་ལེན་ཌིའི་ལྕམ་སྐུ་མ་རི་ཌི་མ་གྷུ་ཝེར་ Mairead Maguireམཆོག དེ་བཞིན་པོ་ལེན་ཌིའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ མྱོང་མཁན་སྐུ་ཞབས་ལི་ཝ་ལེ་ས་ (Lea Walesa) མཆོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ལྕམ་སྐུ་ཤེ་རོན་སི་ཊོན་ Sharon Stone ལགས། དེ་བཞིན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་ མྱོང་མཁན་སྐུ་ཞབས་ཕེ་རེ་ཌིཀ་ཝིལ་ཡེམ་ཌི་ཀ་ལཀ་ Frederik Willem de Klerkམཆོག་བཅས་ཕེབས་ཡོད།

མཛད་འཕྲིན་ནོར་བུའི་འོད་སྣང། འཇིག་རྟེན་ཞི་བདེའི་དཔལ་ཡོན།

 

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་༢༠༡༤་ལོའི་ཕྱི་ཟླ་  པའི་ཚེས་  ནས་ ༡༤ ཉིན་བར། ལ་དྭཊ་རྒྱལ་ས་སླེ་ཡི་ཞི་བ་ཚལ་དུ་བསྩལ་གཏན་ཁེལ་འདུག

 

འཛམ་གླིང་གི་ནུས་པ་ཆེ་ཤོས་ཀྱི་མི་སྣ་ལྔ་བརྒྱའི་ཁྲོད་ན་ཡང་བོད་མི་གཅིག


༄༅། །ཕྱི་འབྲེལ་སྲིད་བྱུས། (Foreign Policy) ཞེས་པའི་དུས་དེབ་ནང་འཁོད་དོན། "སའི་གོ་ལ་འདིར་ནུས་སྟོབས་ཆེ་ཤོས་ཀྱི་མི་སྣ་ལྔ་བརྒྱ་རྣམས་སུ་ཡིན་ངོས་འཛིན་བྱེད་ཐུབ་བམ། ངོས་འཛིན་དེ་ནི་མི་གྲངས་ས་ཡ་བཅུ་བཞིའི་ཁྲོད་ནས་མི་རེ་ལ་ཐོབ། དེ་ལྟར་བྱས་ཏེ་ང་ཚོས་ཕྱི་འབྲེལ་སྲིད་བྱུས་ཀྱི་དུས་དེབ་ཏུ་སའི་གོ་ལ་འདིའི་སྟེང་ཆབ་སྲིད་དང་དཔལ་འབྱོར། གསར་འགྱུར་བརྒྱུད་ལམ། ནུས་ཤུགས་ཐོན་སྐྱེད། དམག་འཐབ། ཆོས་ལུགས་སོགས་ཁོར་ཡུག་འདྲ་མིན་ནང་ནུས་སྟོབས་ཆེ་ཤོས་ཀྱི་མི་སྣ་ངོས་འཛིན་བྱ་ཐབས་བྱེད་བཞིན་ཡོད།" ཅེས་འཁོད་འདུག་ཟེར།
ད་དུང་དེ་སྔོན་ཨ་རིའི་དུས་བབ་གསར་ཤོག་ (TIME magazine) ནང་གི་ཆབ་སྲིད་ཀྱི་མི་སྣ་གྲགས་ཆེ་ཤོས་ ༢༥ ནང་ལ་ཡང་བོད་མི་ཞིག་ཡོད།

 

༢༠༡༣ཟླ་༡༠ཚེས་ ༦ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཡོད་པའི་གྷིར་གྷང་མངའ་སྡེའི་ནང་ཚོགས་བཞིན་པའི་ ༢༠༡༣ ལོའི་གོ་ལའི་འཕྲོད་བསྟེན་ལྷན་ཚོགས་ (Global Spa & Wellness Summit)ཞེས་པའི་སྟེང་བཀའ་སློབ་གནང་ཡོད་པ་དང་། ཕྱི་ཚེས་ ཉིན་མཁའ་ལམ་བརྒྱུད་ཨ་རིའི་ཇོར་ཇི་ཡ་མངའ་སྡེའི་གྲོང་ཁྱེར་ཨེ་ཌེ་ལན་ཌར་(Atlanta) ནང་གི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་བཀོད་ཡོདའདུག

ཕྱི་ཚེས་ཉིན་གྱི་སྔ་དྲོཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དུ་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་མི་མང་གི་འགན་འཁྲི་(Pillars of Responsible Citizenship in the 21st Century Global Village) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་སྐབས་དེར་ཁོང་གིས་སྤྱི་ཚོནང་བཟང་ཕྱོགས་ཀྱིས་འགྱུར་བ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། དེ་ལྟར་ཡོང་བར་ཐོག་མར་མི་རང་ཉིད་ནས་བསྒྱུར་བཅོས་གཏོང་རྒྱུ་དང་། མི་རང་ཉིད་ཀྱི་ནང་བསམ་བློར་བསྒྱུར་བཅོས་མ་བཏང་ཚེ། སྤྱི་ཚོགས་ནང་ཞི་བདེ་བརྟན་ལྷིང་མེད་ར་རྙོག་དྲ་ཡོད་སྐོར་ཇི་ཙམ་བཤད་ཀྱང་ཕན་ཐོགས་མེད་པ་དང་། དེ་ལ་འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་པས་ཀྱང་མི་ཕན་པར། ཐོག་མར་རང་རྒྱུད་ཀྱི་ཉོན་མོངས་པའི་བསམ་བློ་དེ་དག་ལ་གཉེན་པོ་བསྟེན་ནས་བཏུལ་བ་དང་ གང་ཐུབ་ཀྱིས་གཞན་ཕན་གྱི་བསམ་བློས་ཀུན་ནས་བླངས་ཏེ་གཞན་གྱི་བདེ་དོན་ལ་བསམ་ བློ་མང་ཙམ་གཏོང་རྒྱུ་གལ་ཆེཡིན་པ། མི་སྒེར་གྱི་བསམ་བློར་འགྱུར་བ་བཏང་བ་བརྒྱུད་ནས་ཁྱིམ་ཚང་དང་སྤྱི་ཚོགས། རིམ་གྱིས་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་གཅིག་སྐྲུན་ཐུབ་སྐོར་སོགས་ཀྱི་བཀའ་གནང་ཡོད་འདུག   

ཉིན་དེའི་དྲི་བ་དྲི་ལན་སྐབས་༸གོང་ས་མཆོག་གིས་རང་ལུས་མེར་བསྲེཊ་སྐོར་ལ་ རང་ལུས་མེར་བསྲེཊ་གྱི་ཐད་ནས་གཅིག་ནས་གནས་ཚུལ་འདི་རྙོག་དྲ་ཚ་པོ་རེད། ནད་རྟགས་ལྟ་བུ་ཞིག་ཆགས་ཡོད། གནས་ཚུལ་ཐབས་སྐྱོ་བོ་དེ་དག་བྱུང་སྐབས་ངོས་ཀྱིས་གསལ་བཤད་འདི་ལྟར་བྱེད་བཞིན་ཡོད། དྲག་གནོན་ཤུགས་ཆེའོག་ཧ་ཅང་དཀའ་སྡུག་མྱངས་པའི་ན་ཚ་རྙིང་པ་ཡར་ལངས་པ་ལྟ་བུ་ཆགས་ཡོད། མི་བཟོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་གསལ་པོ་རེད། གཉིས་ནས་ལས་འགུལ་དེ་རིགས་འཚེ་བའི་བྱ་སྤྱོད་ཡིན་མིན་དེ་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད། དཔེར་ན། རང་ལུས་མེར་སྲེགགཏོང་མཁན་གཅིག་གིས་རང་ཉིད་མ་འཆི་བའི་སྔོན་དུ་བཞག་པའི་ཁ་ཆེམས་ནང་གཞན་ཕན་གྱི་བསམ་བློ་རྒྱ་ཆེན་པོ་བཏང་ཡོད། དེ་དག་ནི་འཚེ་བའི་ལས་རེད་ཅེས་བརྗོད་མི་ཐུབ། ཐོག་མ་ཉིད་ནས་རང་ལུས་མེར་སྲེགབཏང་བ་དེས་ཕན་ཐོགས་ཇི་ཙམ་ཡོང་བཞིན་ཡོད་མེད་ཐོག་ངོས་ལ་ཐེ་ཚོམ་ཡོད་པའི་བསམ་ཚུལ་བརྗོད་ཟིན་པ་མ་ཟད། ད་ཆ་ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་ཡོངས་སུ་རྒས་ཡོལ་ཞུས་ཟིན་སྟབས། ཆབ་སྲིད་ཐོག་སྐད་ཆ་ཤོད་རྒྱུ་མེད། ལྷག་པར་རྒྱ་ནག་གཞུང་ནས་ངོས་ཀྱི་སྐད་ཆ་དེ་ཚོར་དོནན་པོའི་ཐོག་ནས་ལྟ་བཞིན་ཡོད། ཅེས་གསུངས་ཡོད་འདུག

ཉིན་དེའི་ཕྱི་དྲོཚན་རིག་པ་དང་སློབ་གསོའི་མི་སྣ་བཅས་མཁས་དབང་ཁག་དང་ལྷན་དུ་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་རིས་མེད་ཀྱི་བཟང་པོའི་བསླབ་བྱའི་སློབ་གསོ་སྤྲོད་སྟངས་ཞེས་པའི་བགྲོ་གླེང་སྟེང་མཉམ་ཞུགས་གནང་སྟེ། ད་ཆར་ཚན་རིག་གི་གནས་ཚད་ཧ་ལས་པའི་ཡར་རྒྱས་ཕྱིན་ཏེ མིའི་ཀླད་པ་ཡར་རྒྱས་གཏོང་བར་གྲུབ་འབྲས་ཐོན་ཡོད་སྟབས། ད་ཆ་ནངབསམ་བློའི་རྣམ་གཞག་དང་འབྲེལ་བའི་སེམས་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་གནང་ཡོདའདུག ཁ་སང་ཚེས་  ༩ ཉིན་མཁས་དབང་ཁག་མཉམ་འཛོམས་ཐོག་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོདཅིང་ དེ་རིང་ཚེས་ ༡༠ཉིན་མང་ཚོགས་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་༼དགེ་ལྡན་ཕྱག་རྒྱ་ཆེན་མོ༽ཆོས་འབྲེལ་འཇོག་རྒྱུ་ཡིན་འདུག

ཐེངས་འདིའི་ཉིན་གསུམ་རིང་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་མཛད་འཕྲིན་གྲུབ་རྗེས།ཚེས་༡༢ནས་༡༦མེག་སི་ཀོ་ (Mexico) ནང་ཆིབས་བསྒྱུར་གྱིས་བདུན་ཕྲག་གཅིག་རིང་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་དང་ཚེས་ ༡༨ ནས་  ༢༠བར་ནེའུ་ཡོག་གྲོང་ཁྱེར་དུ་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ།དོན་གོ

ཟླ་༩ཚེས་ ༢༣ ཉིན་བཞུགས་སྒར་ཕོ་བྲང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་ཡང་སྟེང་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་པའི་༼ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ༽ རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་བླ་སྤྲུལ་དགེ་བཤེས་ ༨ འདུ་འཛོམས་གནང་སྟེ། ནང་པའི་གཞུང་ལས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ཀུན་ལས་བཏུས་པའི་གླེགས་བམ་བསྐྱར་ཞིབ་མཛད་པའི་ཐོག

༧གོང་ས་མཆོག་གིས་བཀའ་སློབ་གནང་བ། ཚན་རིག་སྐོར་གྱི་ལེ་ཚན་དེར་གཟིགས་རོགས།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཊ་ཡིམ་སི་ནའོ་ (Times Now) ཞེས་པའི་རྒྱ་གར་གསར་འགྱུར་བརྙན་འཕྲིན་ལས་ཁང་གི་ཆེད་གཉེར་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་སྩལ་ཡོད།
 

དྲི་བ། སྐུ་ཉིད་མཆོག་གི་འདས་པའི་སྐུ་ཚེའི་ལོ་རྒྱུས་ཀྱི་ལམ་བུའི་ནང་བཟང་ངན་གྱི་གནས་སྟངས་དང་སྐབས་རེ་སྙིང་སྟོབས་ཆེན་པོས་གདོང་ལེན་མཛད་དགོས་པའི་གནས་ཚུལ་འདྲ་མིན་བྱུང་ཡོད། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྐུ་ཉིད་མཆོག་གི་སྐུ་ཚེ་སྐྱེལ་སྟངས་དང། དགོངས་པ་བཞེས་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་དམ།

བཀའ་ལན། གཞི་རྩའི་ངོས་རང་ནང་ཆོས་ཉམས་ལེན་བྱེད་མཁན་ནང་པའི་དགེ་སློང་ཞིག་ཡིན་པར་བརྟེན། ཆུང་དུས་ནས་འགྲོ་བ་མིའི་རིགས་གཙོ་བོར་གྱུར་བའི་སྐྱེ་འགྲོ་ཀུན་གྱི་དོན་དུ་བསམ་བློ་གཏོང་དགོས་པའི་སློབ་གསོ་ཞིག་ཐེབས་པར་བརྟེན། སྐྱབས་བཅོལ་དུ་འགྲོ་རྒྱུས་མཚོན་མི་ཚེའི་ནང་དཀའ་ངལ་འཕྲད་ཚེ་སེམས་ནང་དེ་ཙམ་དངངས་སྐྲག་ཡོང་གི་མི་འདུག གང་ལ་ཞེ་ན་སྐྱབས་བཅོལ་ལ་འགྲོ་བ་དེ། མི་ཞིག་རང་ཉིད་དང་འདྲ་བའི་མི་གཞན་ཞིག་གི་སར་ཕྱིན་པར་བརྟེན། གཞི་རྩའི་དེ་ཙམ་ཁྱད་པར་མེད། ལྷག་པར་རྒྱ་གར་ལྟ་བུར་ཆ་མཚོན་ན། ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། ང་ཚོའི་ཤེས་ཡོན་དེ་དག་རྒྱ་གར་ནས་ཡོང་བར་བརྟེན། སྲོལ་རྒྱུན་ཐོག་ནས་ང་ཚོས་བླ་མར་ངོས་འཛིན་ཞུ་བཞིན་ཡོད། ཕྱོགས་མཚུངས་རྒྱ་གར་ནི་རང་དབང་ཡུལ་ཞིག་ཡིན། ངོས་སྒེར་གྱི་བསམ་བློའི་གནས་སྟངས་ལ་དེ་ཙམ་འགྱུར་བ་མེད། དུས་ཀྱི་གནས་སྟངས་ལ་ཏན་ཏན་འགྱུར་བ་འགྲོ་བཞིན་ཡོད།

དྲི་བ། སྐུ་ཉིད་མཆོག་གིས་ཉེ་ལམ་འཚེ་མེད་ཞི་བ་གལ་ཆེ་ཚུལ་སྐོར་བཀའ་སློབ་སྩལ་བ་ཙམ་མ་ཟད། དངོས་སུ་ལག་བསྟར་མཛད་མཁན་ཞིག་ཀྱང་ཡིན། དེར་བརྟེན་བོད་ནང་དུ་དགེ་འདུན་པ་ཚོས་རང་སྲེག་ལས་འགུལ་སྤེལ་བ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་དམ། རང་ལུས་མེར་སྲེག་གི་གནས་ཚུལ་དེར་མོས་མཐུན་མཛད་ཀྱི་ཡོད་དམ།

བཀའ་ལན། སྤྱིར་བཏང་རང་ཤི་བརྒྱབ་པ་ནི་གཞི་རྩའི་ཆ་ནས་འཚེ་བ་ལྟ་བུ་རེད། འོན་ཀྱང་བྱེད་ལས་བཟང་ངན་གང་ཡིན་གཙོ་བོ་ཀུན་སློང་དང་དམིགས་ཡུལ་ལ་རག་ལུས་ཡོད། ངོས་ཀྱིས་བསམ་པར་རང་ལུས་མེར་སྲེག་བྱེད་མཁན་ཚོའི་དམིགས་ཡུལ་ལ་ཆ་མཚོན་ན། ཁོང་ཚོ་ར་བཟི་བ་དང། བཟའ་ཚང་གི་དཀའ་ངལ་ཡོད་པ་དེ་འདྲ་མིན་པར་ཁོང་ཚོའི་དམིགས་ཡུལ་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཡིན། འོན་ཀྱང་མཐར་ཐུག་ན་ཁོང་ཚོ་མི་སྒེར་སོ་སོའི་ཀུན་སློང་ལ་རག་ལུས་ཡོད། གལ་ཏེ་ཁོང་ཚོས་ཞེ་སྡང་དང་ཁོང་ཁྲོ་དྲག་པོས་ཀུན་ནས་བླང་པ་ཡིན་ན་མ་རུང་བའི་ལས་ཆགས་ཡོད། དེ་ལས་ལྡོག་སྟེ་ཀུན་སློང་བྱམས་བརྩེ་དང་སེམས་མ་འཁྲུག་པ་ཡིན་ན། བྱ་བ་དེ་དག་སྒྲིག་པ་ཞིག་ཡིན་ཆོག་གི་རེད། འདི་ནི་ནང་ཆོས་ཀྱི་ལྟ་ཚུལ་ཁོ་ནའི་ཐོག་ནས་རེད། བྱ་བ་གང་ཡིན་འཚེ་བ་ཡིན་མིན་ཀུན་སློང་ལ་རག་ལུས་ཡོད།

དྲི་བ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཆེད་སེམས་ཤུགས་སྤར་བ་ཙམ་མིན་པར། ད་ཆ་དཔལ་འབྱོར་གྱི་རོགས་རམ་ཡང་སྩོལ་བཞིན་ཡོད་པ་རྒྱ་ནག་གཞུང་ནས་ཁུངས་སྐྱེལ་དཔང་རྟགས་ཡོད་ཚུལ་ཤོད་བཞིན་ཡོད་པ་དེར་སྐུ་ཉིད་མཆོག་གི་བཀའ་ལན་ཞིག་སྩལ་རོགས།

བཀའ་ལན། ཤིན་ཏུ་ལེགས། དེ་ལྟར་ཡིན་ན་རྒྱ་ནག་སྐུ་ཚབ་ཚོས་འདི་ག་རྡ་སར་དངོས་སུ་ཕེབས་ཏེ་ང་ཚོའི་ལས་ཁུངས་ཀྱི་ཡིག་ཆ་ཡོད་ཚད་དང་། ངོས་ཀྱིས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་གཏམ་བཤད་བྱས་པ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་འབྱུང་སྐབས་རྒྱ་ནག་གི་སྲིད་བློན་ཟུར་པ་ཝུན་ཅཱ་པའོས་རྙོག་གྲ་དེ་དག་རྒྱ་གར་ནས་བརྒྱུད་སྐུལ་བྱས་སྐོར་བཤད་ནས་ངོས་ཀྱི་མིང་འབོད་ཀྱང་བྱས་ཡོད། སྐབས་དེར་ཡང་ངོས་ཀྱིས་དེ་མཚུངས་རྒྱ་ནག་གཞུང་གི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་འཐུས་མི་དངོས་སུ་རྡ་སར་ཕེབས་ཏེ་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུར་མཐའ་གཅིག་ཏུ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཞུ་རྒྱུ་བྱུང། དེ་རྗེས་ཐེངས་འགའ་ཤས་རྒྱ་ནག་གཞུང་གིས་ང་ཚོར་འགན་ཁག་དཀྲི་སྐབས་ཐག་རིང་ནས་ང་ཚོར་སྐྱོན་བརྗོད་བྱས་པ་ལས་དངོས་སུ་རྡ་སར་ཕེབས་ནས་ཞིབ་འཇུག་གནང་ན། ང་ཚོས་སྐུ་མགྲོན་གལ་ཆེ་ཤོས་སུ་ངོས་འཛིན་ཞུ་རྒྱུ་ཡིན།

དྲི་བ། རྒྱ་ནག་ནང་འགོ་ཁྲིད་གསར་པ་བསླེབས་ཡོད། དེར་བརྟེན་སྐུ་ཉིད་མཆོག་ལ་འབྱུང་འགྱུར་བོད་ཀྱི་གནད་དོན་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་དམ། ཡང་ན་དམ་བསྒྲགས་མུ་མཐུད་དེ་མུར་གནས་རྒྱུ་ཡིན།

བཀའ་ལན། རྒྱ་ནག་ནི་གཅིག་བསྡུས་དབང་འཛིན་ལམ་ལུགས་ཤིག་ཡིན། ལམ་ལུགས་དེ་འདྲ་ཞིག་ནང་མི་རེ་གཉིས་ཀྱིས་དེ་ཙམ་བྱེད་མི་ཐུབ། འོན་ཀྱང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བལྟས་ཚེ་འགྱུར་བ་འགྲོ་བཞིན་ཡོད། ལོ་ངོ་སུམ་ཅུ་བཞི་བཅུའི་གོང་གི་རྒྱ་ནག་དང་བསྡུར་བ་ཡིན་ན་འགྱུར་བ་ཧ་ཅང་ཕྱིན་ཡོད། དེ་ནི་འཛམ་གླིང་ཕྱི་ལ་འབྲེལ་བ་ཤུགས་ཆེ་རུ་ཕྱིན་པས་རེད་བསམ་པ་དྲན་གྱི་འདུག ལྷག་པར་རྒྱ་རིགས་སློབ་ཕྲུག་ཧ་ཅང་མང་པོ་ཞིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་རིགས་ཚོང་པ་དང་འགོ་ཁྲིད་མང་པོ་ཞིག་གི་ཕྲུ་གུ་རྣམས་ཨ་རི་གཙོ་བོར་གྱུར་བའི་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་དམ་བསྒྲགས་ཇི་ཙམ་བྱས་ཀྱང་དོན་དངོས་རྒྱ་ནག་མི་དམངས་ཀྱི་བསམ་བློ་གུ་ཡངས་འགྲོ་བཞིན་ཡོད། དེ་ནི་གཙོ་བོ་ཏིང་ཞའོ་ཕིང་གིས་དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་ལས་བྱུང་བ་ཞིག་ཡིན་པ་ངོས་ཀྱིས་དྲན་བཞིན་ཡོད། དེར་བརྟེན་གནས་སྟངས་འགྱུར་བ་འགྲོ་བཞིན་ཡོད། འགྱུར་བ་དེ་རྒྱ་ནག་རང་ཉིད་ཆེད་དུ་ཡིན། ངོས་ཀྱི་བསམ་པར་འཛམ་གླིང་ནང་མི་འབོར་མང་ཤོས་ཡིན་པ་དང་དཔལ་འབྱོར་ཡང་ཧ་ཅང་མྱུར་པོའི་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་ཨེ་ཤི་ཡ་དང། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལས་འགན་དེ་བས་གལ་ཆེ་བའི་གནད་དོན་ཐོག་ཞབས་འདེབས་བསྒྲུབ་ཐུབ།

 

དེ་འདྲ་ཞིག་ཡོང་བར་འཛམ་གླིང་ནང་རྒྱལ་ཁབ་གཞན་གྱིས་གུས་བཀུར་དང་ཡིད་ཆེས་བློས་འགེལ་བྱེད་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཀྱང་རྒྱ་ནག་ལ་དེང་སྐབས་དེས་འདང་གི་མེད། རྒྱ་ནག་ཤེས་ལྡན་མི་སྣ་ཚོས་གནས་སྟངས་དེ་རྟོགས་ཐུབ། འོན་ཀྱང་ད་ཆ་རྒྱ་ནག་འགོ་ཁྲིད་ཚོས་དངོས་ཡོད་གནས་སྟངས་དེ་ངོས་འཛིན་གྱིས་ལས་དོན་རྣམས་ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱི་ལམ་ལུགས་ཤུགས་ཆེ་རུ་གཏང་སྟེ། གསར་འགྱུར་རང་དབང་སྤྲོད་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་བྱུང་བ་ཡིན་ན། རྒྱ་ནག་རང་ཉིད་ལ་ཁེ་ཕན་ཡོད། ངོས་ཀྱི་རྒྱུན་དུ་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ལེགས་ཉེས་བླང་དོར་འབྱེད་རྒྱུའི་རྣམ་དཔྱོད་ལྡན་ཡོད་པ་བརྗོད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་སྡོམ་བྱ་རྒྱུ་ནི་བཟང་སྤྱོད་དང་འགལ་བ་ཞིག་ཡིན། གཉིས་ནས་རྒྱ་ནག་ནང་ཁྲིམས་ཀྱི་ལམ་ལུགས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་ལམ་ལུགས་དང་གནས་བབ་གཅིག་མཚུངས་བསླེབ་པ་ཞིག་བྱུང་ན། རྒྱ་རིགས་ཞིང་པ་ཉམ་ཆུང་དང་སྐྱོ་བོ་ཚོར་གཞི་ནས་སྲུང་སྐྱོབ་རག་རྒྱུ་ཡིན། དེ་ལྟར་མིན་ཚེ་གྲོང་གསེབ་ནང་ཞིང་པ་ཉམ་ཐག་ཚོའི་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་འདུག ངོས་ཀྱིས་རྒྱ་རིགས་ཞིང་པ་མང་དག་ཅིག་དང་ཐུག་བྱུང། སྐབས་དེར་ངོས་ཀྱིས་ཁོང་ཚོའི་གནས་སྟངས་སྐོར་འབྲི་སྐབས་གནས་སྟངས་ཧ་ཅང་ཡ་ང་བོ་རེད་འདུག

དྲི་བ། སྐུ་ཉིད་མཆོག་གིས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་གུ་ཡངས་ཀྱི་སྲིད་བྱུས་འཛིན་བཞིན་ཡོད། འོན་ཀྱང་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་རང་བཙན་རྩོད་བཞིན་ཡོད། དེར་བརྟེན་ལངས་ཕྱོགས་གཉིས་དབར་ཧེ་བབ་ཡོད་པ་མ་ཟད། རང་བཙན་རྩོད་མཁན་གྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། སྐུ་ཉིད་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དང་ཁོང་ཚོའི་ཐབས་ལམ་དབར་ཁྱད་པར་གཟིགས་ཀྱི་ཡོད་དམ།

བཀའ་ལན། ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་ང་ཚོས་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་རྒྱུའི་ཐག་གཅོད་བྱས་ཡོད། སྐབས་དེར་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བཞིན་ཡོད། ཕྱི་ལོ་ ༡༩༧༨ ལོ་མཇུག་དང་ཕྱི་ལོ་ ༡༩༧༩ ལོ་འགོར་ང་ཚོར་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིང་ནས་བརྡ་ལན་ཞིག་འབྱོར་ཡོད། སྐབས་དེར་ང་ཚོས་གྲ་སྒྲིག་བྱས་ཟིན། རང་བཙན་མ་རྩོད་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་རྩོད་རྒྱུའི་ཐབས་ལམ་བཟུང་ཡོད། ཐབས་ལམ་དེ་ནི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན། ཕྱི་ལོ་ ༡༩༧༩ ལོའི་ཟླ་བ་གཉིས་པའི་ནང་ངོས་ཀྱི་སྐུ་ཚབ་ཀྱིས་ཏིང་ཞའོ་ཕིང་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྲིད་འཛིན་ཏིང་ཞའོ་ཕིང་གིས་རང་བཙན་མིན་པའི་གནད་དོན་གང་ཞིག་ཡིན་རུང་ང་ཚོས་གྲོས་མོལ་བྱེད་ཆོག་པ་བཤད་ཡོད། དེར་བརྟེན་ང་ཚོའི་བསམ་བློ་དང་ཏིང་ཞའོ་ཕིང་གིས་བཤད་པ་གཉིས་ཏག་ཏག་མཚུངས་ཡོད། དེ་ནས་བཟུང་ང་ཚོ་རྒྱ་ནག་དང་ཐད་ཀར་འབྲེལ་བ་བྱུང་ཡོད། རྒྱ་ནག་སྐམ་སའི་ནང་མཐོ་རིམ་སློབ་མའི་སློབ་ཕྲུག་མང་པོ་ཞིག་གིས་མང་གཙོའི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་ནང་སྤྱི་ཡོངས་ནས་དམ་བསྒྲགས་ཤུགས་ཆེ་རུ་ཕྱིན་ཡོད། ཧུའུ་ཡོ་པང་གོ་གནས་ནས་གནས་དབྱུང་བཏང་བ་སོགས་གནས་ཚུལ་མང་པོ་བྱུང་ཡོད།

 

  ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦ ཉིན་གྲགས་ཅན་དུས་དེབ་ཊེམ་ཞེས་པའི་ནང། ྋགོང་ས་མཆོག་འཛམ་གླིང་ནང་མཚན་སྙན་ཆེ་བའི་རླབས་ཆེན་གྱི་དབུ་ཁྲིད་ཉེར་ལྔའི་ཁོངས་ཀྱི་བཅུ་གསུམ་པར་སླེབས་པ། དུས་དེབ་དེར།

     བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་གནང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་འབྱོར་རྗེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལྷོད་ལྷོད་མ་བཞུགས་པར་རྒྱ་བོད་བར་གྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་གནང་སྟེ། རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་དང་། ཨ་རིའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མཱ་ཌན་ལུ་ཐར་ཀིང་རྣམ་གཉིས་ལྟར་འཚེ་མེད་ཞི་བདེ་དང་། འཛམ་གླིང་ཁྱོན་ལ་ཆོས་ལུགས་མཐུན་སྒྲིལ་ཐོག་ཕྱག་ལས་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པར་ངོས་འཛིན་ཞུས་འདུག  དེ་ཡང་དེ་ཟླའི་ཚེས་ ༦ ཉིན་ཏེ་ཨ་རིའི་སྲིད་འཛིན་འདས་པོ་སྐུ་ཞབས་རོ་ནལ་ཌ་རི་གྷན་ Ronald Reagan དམ་པ་དེ་སྐུ་འཁྲུངས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གསལ་བསྒྲགས་གནང་འདུག 

   ཡང་། ཟླ་འདིའི་ཚེས་༡༠ ནས་༡༢ བར་ཉིན་གྲངས་གསུམ་གྱི་རིང་(USA Today) དང་(The Gallup Organisation) ཞེས་པའི་ཨ་རིའི་ནང་རྟེན་གཞི་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས། ལོ་འདིའི་ཨ་རི་བ་ཚོས་དགའ་མོས་ཆེ་ཤོས་བྱེད་སའིའཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུའིམཚན་གཞུང་གསལ་བསྒྲགས་བྱས་པའི་ནང། ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཨང་བཅུ་པར་༸གོང་ས་ཆེན་པོ་མཆོག་གོ

དེ་ནི་མི་མང་ཁྲོད་བསམ་ཚུལ་བསྡུ་བ་སོགས་ཉམས་ཞིབ་བྱེད་མཁན་གཙོ་བོ་ནི། ཨ་རིའི་གླིང་ཕྲན་ནང་གནས་སྡོད་བྱེད་མཁན་ལོ་ན་༡༨ ཡན་གྱི་རྒན་གཞོན་ཁྱོན་མི་གྲངས་༡༠༡༩ ཙམ་ལ་ཁ་པར་ཐོག་ཐད་ཀར་དྲི་བ་བྱས་པའི་བརྒྱ་ཆ་ཞིག་གོ

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php