{üÇÀôz-GÅôºÛ-¾ïºÞü

 

      ÇÀôz-GÅôº¤-ÁïÅ-»ôm-¼ÛG-q-mÛ-¤ÛºÛ-¼ÛGÅ-ˆÛ-uÛ-±ôGÅ-»¼-MÅ-hP-ŸÛ-zhï¼-º±ô-zºÛ-GŸÛ-¯ºÛ-¼ÛG-q-»Ûmü hï-»P-fôG-¤¼-ÇÀôz-IÔºÛ-mP-hÝ-ÇÀôz-¤-GP-ºi-ŸÛG-Bïh-zÆÛP-fÞz-¤Ûm-mÛ-Gmh-ºGG-G®ô-zô-ŸÛG-»Ûm-qÅü hGï-Lm-n¤-q¼-h¤ÛGÅ-zž-HÛ-ºGm-mÝÅ-»ôhü

     ym-HÛ-¤Û-±ï-mÛ-ÇÀôz-IкÛ-Dô¼-»ÞG-¾Å-m¤-»P-ƒ¾-¥ôP-¤ïh-TÛP.ü ÇÀôz-GÅôºÛ-¿eï-GmÅ-ºhÛ-mÛ-¼P-ZÛh-ˆÛ-EÛ¤-GŸÛ-G®ô-zô-»Ûmü PôÅ-º²Ûm-ºhÛºÛ-fôG-mÅ-EÛ¤-GŸÛ-ºhÛ-WÛ-¿e¼-M-zBïh-hP-ºwï¾-MÅ-ÅÞ-ºIô-z¼-ºzh-z¯ôm-hP-zŤ-GŸÛGÅ-¼ï-»P-¤Û-GbôP-;-¤ïh-¼ïhü

 

༄༅།།དགེ་རྒན་རིན་ཆེན་རྒྱ་མཚོ་སུ་ཞིག་ལགས།

 

གཅིག

          ཀྱེ། དགེ་རྒན་རིན་ཆེན་རྒྱ་མཚོ་ལགས། ཁྱེད་ནི་གཞན་ཞིག་མ་ཡིན་ཏེ། ཁྱེད་ནི་བདག་གི་དགེ་རྒན་བློ་བཟང་རྒྱ་མཚོ་ཉིད་ལགས་ཏེ། ཁྱེད་ཀྱིས་ཇི་ལྟར་བསླབ་བྱ་གནང་བ་ལྟར་བདག་གི་རྒན་དམ་པས་དེ་ལྟར་བཀའ་སློབ་གནང་ཞིང་དེ་ལྟར་ཕྱག་ལེན་གནང་ཡོད། ངོ་མ་རང་དོན་སྤུ་ཙམ་མེད་པར་གཞན་དོན་རྐྱང་རྐྱང་སྒྲུབ་པའི་མི་དམངས་ཀྱི་དགེ་རྒན་ཕུལ་དུ་བྱུང་བ་འདི་ལྟ་བུ་རྟོག་འཆར་ཙམ་མིན་པར་དངོས་སུ་བྱོན་མྱོང་བ་ནི་ཅི་འདྲའི་སྐལ་བ་བཟང་པོ་ཞིག་རེད་ཨང༌།

          བཀའ་སློབ་རྩོམ་ཡིག་འདི་ནི། རྒན་དམ་པའི་སྐུ་ཚེའི་ཉམས་ལེན་ཡིན་ལ། རླབས་ཆེན་གྱི་དགོངས་པའང་ཡིན། ང་ཚོར་གདམས་པའི་མན་ངག་ཡིན་ལ། ང་ཚོར་བཅོལ་བའི་ཐུགས་འདུན་ཡང་ཡིན།

          རྒན་དམ་པ་ལགས། ཁྱེད་ཉིད་མཚན་དོན་མཚུངས་པའི་རིན་ཆེན་རྒྱ་མཚོ་མཆོག་ལགས་མོད། ཁོ་བོ་ནི་ཁྱེད་ཀྱི་ཚ་བོ་སྐལ་ལྡན་ཕུལ་བྱུང་ལྟར་གྱི་བཀའ་གསུང་ཅི་སྒྲུབ་ཀྱི་ཕུལ་བྱུང་དགེ་རྒན་ཞིག་ཡོང་རེ་དཀའ། ངོ་མ་རླབས་ཆེན་ཞེས་པའི་ཆེ་བརྗོད་ཀྱི་ཡིག་འབྲུ་གཉིས་པོ་དེ་དོར་ཤུལ་གྱི་དགེ་རྒན་གྱི་མིང་ཙམ་ཁུར་བ་བདག་ལྟ་བུས་ཁྱེད་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་སྙན་ཚིག་རེ་འབུལ་རྒྱུ་དེ་ཙམ་ཞིག་ལས། གདམས་ངག་ལག་ལེན་གྱིས་ཁྱེད་ཐུགས་མཉེས་པའི་མཆོད་པ་ཞིག་འབུལ་རྒྱུ་ནི་ཧ་ཅང་དཀའ་མོད། འོན་ཏེ། ཁྱེད་ཀྱིས་ཇི་ལྟར་དགོངས་རེ་གནང་མྱོང་བ་ལྟར་གུས་པས་ཉིད་ཀྱི་མཛད་འཕྲོའི་ཆ་ཤས་ཙམ་ཞིག་སྐྱོང་ཕྱིར་སློབ་གླིང་འདིར་ཅི་ཕན་གང་ནུས་ཀྱི་ཞབས་འདེགས་རེ་ཞུ་ཁུལ་གྱིས་ཞབས་འདྲེན་དུ་མ་གྱུར་ཙམ་དུ་ཡོད་ན་མུ་མཐུད་རྗེས་འཛིན་འཚལ།

        རྒན་དམ་པ་ལགས། སྤང་འོས་པའི་སྐྱོན་ཆེན་པོ་དེ་གསུམ་རིང་ཙམ་དུ་བྲལ་མོད་ཀྱང༌། ཐོག་མཐའ་བར་གསུམ་གྱི་གལ་ཆེ་བའི་ཡོན་ཏན་གསུམ་པོ་དེ་བདག་གི་ལུས་ངག་ཡིད་གསུམ་ལ་དྲི་མ་ཙམ་རེ་ལས་མེད་པ་ཚོར་དུས། བདག་གིས་གནོང་འགྱོད་དང་ལྷན་དུ་ཁྱེད་རང་ལྷག་པར་དྲན་ཞིང༌། བདག་གིས་ང་དང་ང་ལྟ་བུའི་དགེ་རྒན་གྱི་མིང་འཛིན་པ་དག་ཙམ་མ་ཟད། དེང་གི་མི་རིགས་འདིར་ཡང་ཁྱེད་ཉིད་དང་ཁྱེད་ཉིད་ལྟ་བུ་ཧ་ཅང་མཁོ་བ་ཚོར། ཚོར་བ་འདི་འདྲ་འཕྱུར་ཐེངས་རེས་རང་གིས་རང་ལ་མཐོར་སྙེག་གི་འཕུར་མཆོང་རེ་ཡང་བྱེད་འཇུག་པས། ནམ་ཞིག་ན་མིང་དོན་མཚུངས་པའིཕུལ་བྱུངརྒས་པོ་ཞིག་ཏུ་འགྱུར་བའི་རེ་བ་ཟླ་རེར་འཕེལ་ཞིང་ལོ་རེར་རྒྱས་བཞིན་པ་འདི་ཡང་གང་གི་སྐུ་དྲིན་ཡིན་ལ་གང་གི་ཐུགས་དགྱེས་པའི་མཆོད་ཐིགས་ཙམ་དུ་བཞེས་རོགས་གནང༌།

གཉིས།

          ང་ཚོའི་སེམས་ནང་དུ་ནམ་ཡང་བརྗེད་ཐབས་བྲལ་བའི་སྐྱེས་ཆེན་དམ་པ་གང་མང་ཞིག་ཡོད། ཁོང་ཚོ་འཚོ་ཞིང་གཞེས་པའི་དུས་སུ་ཀུན་ལ་ཕན་པའི་ཞབས་རྗེས་ངོ་མཚར་མང་པོ་སྤར་མྱོང་བས། ང་ཚོས་ནམ་ཡང་ཁོང་ཚོའི་ཞབས་རྗེས་ཀྱི་རི་མོ་རེ་རེ་ཐོད་ཀྱིས་བླངས་ཏེ་རྒྱན་དུ་ཉར་འོས། དེ་དག་གི་ཁྲོད་དུ། རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་ཀྱང་ང་ཚོས་ཇི་སྲིད་བརྗེད་དཀའ་ཞིང་བརྗེད་མི་རུང་བའི་སྐྱེས་ཆེན་དམ་པ་ཞིག་ལགས་སོ།

          ང་ཚོས་ཅིའི་ཕྱིར་དམ་པ་རྣམས་དྲན་གསོ་ཞུ་དགོས་ཤཻ་ན། གཅིག་ནས་སྔོན་ཆད་ང་ཚོར་སྐུ་དྲིན་ཆེ་བ་དང༌།གཉིས་ནས་དམ་པ་དག་གི་མཛད་སྤྱོད་བླ་མེད་དེ་དག་ནི་ད་ལྟ་དང་འབྱུང་འགྱུར་ལའང་ང་ཚོར་སློབ་གསོ་དང་ལམ་སྟོན་གྱི་སྒྲོན་མེར་གྱུར་པ། གསུམ་ནས་གང་དག་གི་བཀའ་སློབ་གསུང་རྩོམ་དག་ནི་མི་རབས་ནས་མི་རབས་སུ་འགྲོ་བ་མི་ཐུན་མོང་གི་བགོ་སྐལ་དུ་སྤྱོད་འོས་པའི་བསམ་བློའི་འཚོ་བཅུད་བཟང་པོ་ཡིན་པས་སོ།

          འོ་ན། ང་ཚོས་ཇི་ལྟར་དྲན་གསོ་བྱ་འོས་སམ། ང་ཚོས་རང་ཉིད་དང་སྐྱེས་ཆེན་དེ་དག་ལ་གཤིབ་སྡུར་རེ་བྱས་ཚེ་རང་ཉིད་ཧ་ཅང་ཕལ་བ་ཞིག་ཡིན་པ་ངོ་ཤེས་ཤིང༌། དེའི་མཚུངས་ང་ཚོས་རང་ཉིད་ལ་ཇི་ལྟར་དག་ཐེར་དང༌། ཇི་ལྟར་ཡར་རྒྱས་སུ་གཏོང་དགོས་ལུགས་ཀྱང་རྟོགས་ཐུབ། དེས་ན་ང་ཚོས་ཁོང་ཅག་གི་མཛད་རྗེས་གླེང་བཞིན་དུ། ང་ཚོས་གང་དག་གི་ཞལ་ཆེམས་དྲན་བཞིན་དུ། ང་ཚོས་ཁོང་ཅག་གི་གསུང་རྩོམ་ཀློག་བཞིན་དུ། ང་ཚོས་རང་ཉིད་ལ་ཞུ་དག་དང་སྒྱུར་བཅོས་བྱེད་ཀྱིན་དུ་ཁོང་ཅག་གི་ཞབས་རྗེས་སྙེག་དགོས་སོ། །

།བཅོ་ལྔའི་དུང་ཟླའི་བསིལ་ཟེར་འཐོར་བའི་དུས།

།དུས་རབས་ཤིག་གི་སྐྱེས་ཆེན་དྲན་ཞིང་གདུང༌།

།གདུང་རྒྱུད་བཟང་པོའི་མཛད་པར་སྨོན་པའི་ཡིད།

།ཡིད་བཟང་གཞོན་སྐྱེས་དག་ལ་རི་མོར་ཕབ། །

༢༠༠༧།༡།༣། དགོང་མོར།

            རྒན་དམ་པའི<དགེ་རྒན་རིན་ཆེན་རྒྱ་མཚོའི་བསླབ་ཚིག>ཅེས་པའི་གདམས་ངག་ལྷུག་རྩོམ་བཀླགས་པའི་མྱོང་ཚོར། འདི་གའི<<གངས་ལྷ་མེ་ཏོག>>གི་རྗེས་དྲན་སེམས་ཤུགས་རང་འབར་ལེ་ཚན་དུ་བཀོད་ཡོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php