ལས་ཤིག་མིན་ན་ལོས་ཐར།།

 

 

སྐྱབས་གཅིག་མཆོག་གསུམ་ལྷ་ལ།།ཡིད་རྟོན་སོ་སོར་བྱས་ཡོད།དམ་ཚིག་འཕྲིན་ལས་བཅོལ་ཡོད།།ལས་ཤིག་མིན་ན་ལོས་ཐར།།

ཤར་ཕྱོགས་རྒྱ་ནས་མཆེད་པ།། ཏོག་དབྱིབས་གློ་ཚད་འཇིགས་པོས།། འཛམ་གླིང་ཡོམ་ཡོམ་བཏང་སྟེ། ཉིན་མཚན་ཆོ་ངེས་གང་སོང་།།  ལས་ཤིག་མིན་ན་ལོས་ཐར།

ཆབ་སྲིད་དུང་ཞེན་ཅན་པོས།། སྲིད་ཀྱི་དར་ཐག་ནག་པོ།། ཁྱོས་འཐེན་ཁོས་འཕངས་ཟེར་གི།། ང་རྒྱལ་གཞན་ཕམ་རྨི་ལམ།། ལས་ཤིག་མིན་ན་ལོས་ཐར།། 

ནོར་བདག་རྣམ་སྲས་ཆེན་པོས།།སྐྱེ་འགྲོའི་མཁོ་དགུ་ཉམས་ཏེ།།གྲང་ལྟོགས་མི་འདོད་སྡུག་གིས།།    གྲངས་མེད་ལྔ་ལམ་འདྲེན་ཟེར།།ལས་ཤིག་མིན་ན་ལོས་ཐར།། 

གང་ལྟར་སྤྱི་མཐུན་ལས་ཀྱིས།།བསྐོས་པའི་ཐུན་མོང་དཀའ་ངལ།།ངན་སེམས་ཁག་དཀྲི་མེད་པར།།  ཐབས་ཤེས་མཉམ་དུ་སྤུངས་ན།།ལས་ཤིག་མིན་ན་ལོས་ཐར།།      

འཛམ་གླིང་འཇིགས་འཇིགས་རྔམ་རྔམ།།ཏོག་དབྱིབས་གཉན་རིམས་ཀུན་ཁྱབ།།མ་རུང་རྒྱུ་ལས་གྲུབ་པ།།མ་བརྟག་དྲན་ངོགས་རང་ཤར།།ལས་ཤིག་མིན་ན་ལོས་ཐར།།

རྣམ་དག་དམ་ཆོས་མདོ་སྔགས།།སྒོ་གསུམ་རབ་དཀར་གངས་རི།།སྨོན་འདུན་ཐབས་ཤེས་དྲི་མེད།།བྱིན་རླབས་ཟབ་ཀླུང་བརྗོད་འདས།།ལས་ཤིག་མིན་ན་ལོས་ཐར།།

འཆི་བདག་དགྲ་བོའི་གཤེད་མ།།སྨན་ལྷའི་ཕོ་ཉ་དཀར་པོ།།ཉིན་མཚན་སྦྲེལ་ནས་གཟིགས་པ།།ལས་ཤིག་མིན་ན་ལོས་ཐར།།

མི་དབང་ཆེན་པོའི་བཀའ་ཁྱབ།།གནམ་ལྕགས་ཐོག་ལས་བཙན་པ།།མངའ་འབངས་ནད་ལས་གྲོལ་ཐབས།།ལུས་སེམས་སྒྲིམ་དགོས་བཀའ་དབང་།།ལས་ཤིག་མིན་ན་ལོས་ཐར།།     

ཕྱོགས་འདུས་གནའ་དེང་ཉམས་མྱོང་།།ལེགས་བྱང་ཀུན་བཏུས་བླ་མེད།།ཚེ་སྦྱིན་འགོག་ཁབ་ལྕགས་རི།། རིང་མིན་མི་འགྲུབ་གནས་མེད།།ལས་ཤིག་མིན་ན་ལོས་ཐར།།

སྐྱེ་འགྲོ་ཐེར་འབུམ་བདུན་པོ།།ལས་བསོད་དགེ་བ་དམན་མོད།།ད་དུང་དགེ་སེམས་ལྷན་སྐྱེས།།ཤ་རུས་གཏིང་ན་འཁྱིལ་ལེ།།ལས་ཤིག་མིན་ན་ལོས་ཐར།།

མཆོག་གསུམ་དད་པ་རིན་ཆེན།།ལྷ་རྗེའི་ཐབས་རྩལ་ཆུ་རྒྱུན།།རྒྱལ་བློན་འཁོར་སྒྱུར་ཆེན་མོ།།སྐྱེ་འགྲོའི་ཧུར་བརྩོན་མཐའ་མེད།།ལས་ཤིག་མིན་ན་ལོས་ཐར།།

ལྷག་དོན་རྒྱལ་བསྟན་མངའ་བདག།ལྷ་སྐལ་ཕྱག་ན་པད་མོ།།དགའ་བདེའི་དཔལ་དུ་བཞུགས་པ།།    ལེགས་ཚོགས་སྟོང་གི་མཐུ་ཡིན།།ལས་ཤིག་མིན་ལོས་ཐར།། 

 

 

 ༢༠༢༠//༢༩      བོད་ཟླ་༢ཚེས་༥  མཁས་གྲུབ་སྟོང་གི་གཙུག་རྒྱན་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་དགོངས་རྫོགས་ཉིན་དགེ་སེམས་བཅོས་མ་ཞིག་གིས་ཡིད་དྲངས་མཐར་སྐལ་བ་བཟང་པོ་ཅན་སྙོམ་ལས་པ་ཧར་གདོང་ཨ་འཇིགས་ཀྱིས་ད་ལྟའི་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་འཇིགས་སྣང་ལས་མྱུར་དུ་ཐར་པར་ཡིད་ཆེས་གང་ཡོད་པ་དེ་བྱུང་རྒྱལ་དུ་བྲིས་སོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php