༅། །ྋགོང་ས་མཆོག་གིས་རྒྱ་ནག་སྲིད་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་བ།

 

      ༄༅། །ད་ལམ་བོད་བྱང་ཤར་ཨ་མདོ་རྔ་པ་ཁུལ་གྱི་ཀིརྟིའི་དགོན་པར་དྲག་ཤུགས་ཤིན་ཏུ་ཆེ་བའི་རྒྱ་ནག་གཞུང་གི་དམག་དཔུང་གིས་ས་གནས་བོད་རིགས་མི་མང་ལ་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དང། གྲྭ་ཤག་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་པའི་ཀིརྟིའི་དགོན་པ་ཡོངས་སུ་དྲག་ཆས་དམག་དཔུང་གིས་མཐའ་བསྐོར་ཏེ་བཟའ་བཅའ་དང་གཞན་རྒྱུན་ལྡན་དགོས་མཁོའི་རིགས་དགོན་པའི་ནང་འབྱོར་ཐུབ་ཀྱི་མེད། དེ་ལྟར་ཀིརྟི་དགོན་པ་དྲག་ཆས་དམག་དཔུང་གིས་མཐའ་བསྐོར་ཏེ་གྲྭ་པ་མང་པོ་དགོན་པའི་ནང་བཀག་སྐྱིལ་བྱས་པར་། འབྲེལ་ཡོད་སེར་སྐྱ་མི་མང་ལ་སེམས་འཚབ་དང་འཇིགས་སྣང་ཆེན་པོ་བཟོ་བཞིན་ཡོད། བོད་མི་ཚོས་དགེ་འདུན་པ་མང་པོ་འཛིན་བཟུང་བྱས་པར་དོགས་ཏེ་གཞུང་ལམ་དང་སྲང་ལམ་དུ་ཐོན་ནས་རྒྱའི་དམག་མིའི་སྣུམ་འཁོར་རིགས་དགོན་པའི་ཕྱི་ནང་དུ་འགྲོ་འོང་འཇུག་གི་མེད།

       ཟླ་ ༣ ཚེས་ ༡༦ ནས་བཟུང་ས་གནས་ཉེན་རྟོག་པས་ཀིརྟི་དགོན་པར་དྲག་གནོན་དམ་བསྒྲགས་བྱེད་འགོ་ཚུགས་ཡོད། དེ་ནི་བོད་ས་ཁྱོན་ཡོངས་ལ་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བའི་དུས་དྲན་མཚོན་ཆེད་དུ་གྲྭ་པ་ན་གཞོན་ཞིག་གིས་རང་ཉིད་ཀྱི་ལུས་ཕུང་ལ་མེ་སྤར་ཏེ་ངོ་རྒོལ་བྱེད་སྐབས་རྒྱའི་ཉེན་རྟོག་མི་སྣས་གྲྭ་པ་ན་གཞོན་དེའི་ལུས་ཐོག་གི་མེ་བསད་དེ་སྐྱོབ་ཐབས་བྱེད་རྒྱུ་ལས་ལྡོག་སྟེ། ཁོང་ལ་ཉེས་རྡུང་ཚད་མེད་བཏང་སྟབས་དེའི་ཕྱི་ཉིན་ཁོང་འདས་གྲོངས་སུ་གྱུར་ཡོད། དེ་ནི་དོན་རྐྱེན་འདི་ལྷགས་པའི་འབྱུང་རྩ་གཙོ་བོ་ཡིན་ཞིང། དེ་ལ་བརྟེན་ནས་གྲྭ་དམངས་ཀྱི་སེམས་སུ་ཞེ་འཁོན་ཚད་མེད་བྱུང་ཡོད་པ་དང་། རྒྱའི་དྲག་ཆས་ཉེན་རྟོག་པས་ཀིརྟི་དགོན་པར་དྲག་གནོན་དམ་བསྒྲགས་བྱེད་འགོ་བཙུགས་ཡོད།

    གནས་ཚུལ་དེ་མུ་མཐུད་པ་ལས་ཡར་རྒྱས་ཀྱི་རྣམ་པ་མ་ཐོན་ཚེ་རྒྱའི་དམག་དཔུང་དང་རྔ་པའི་སེར་སྐྱ་མི་མང་དབར་གདོང་ཐུག་གིས་རྐྱེན་ངན་ཡོང་རྒྱུར་ངོས་ལ་བློ་འཚབ་ཆེན་པོ་ཡོང་གི་འདུག དེར་བརྟེན་ངོས་ནས་རྔ་པའི་སེར་སྐྱ་མི་མང་ཡོངས་ལ་རྒྱ་ནག་གཞུང་གིས་དྲག་གནོན་དམ་བསྒྲགས་ཤུགས་ཆེ་བྱེད་པའི་ཁག་འདོགས་བྱེད་ཡུལ་གྱི་ལས་འགུལ་རིགས་རྩ་བ་ནས་སྤེལ་མི་རུང་བའི་རེ་སྐུལ་ནན་པོ་བྱ་རྒྱུ་དང། དེ་བཞིན་རྒྱལ་སྤྱིའི་ཐོག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལའང་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམ་པར་མྱུར་དུ་དྲག་གནོན་བྱེད་མཚམས་བཞག་སྟེ་གནད་དོན་རྣམས་ཞི་འཇམ་ཐོག་ནས་སེལ་ཐབས་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན།

    འདས་པའི་མི་ལོ་དྲུག་ཅུ་བརྒལ་བའི་རིང་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དྲག་པོའི་ཐབས་ལམ་ལག་བསྟར་བྱས་པ་དེས་བོད་མི་རིགས་ཀྱི་སེམས་ནང་གི་དཀའ་སྡུག་དང་ཞེ་འཁོན་ཟབ་ཏུ་སོང་ཡོད། དེར་བརྟེན་ངོས་ནས་རྒྱ་ནག་གི་དཔོན་རིགས་ཚོས་དྲང་བདེན་དང་མཁས་ཤིང་མཛངས་པའི་རྣམ་དཔྱོད་ཀྱི་ལམ་ནས་བོད་མིའི་སེམས་ནང་གི་དངོས་ཡོད་དཀའ་ངལ་རྣམས་ཤེས་པར་བྱས་ཏེ་དྲག་ཤུགས་ཕྱིར་འཐེན་གྱི་ཐོག་ནས་གནད་དོན་འདི་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱི་ཟླ་ ༤ ཚེས་ ༡༥ ལ། ཞེས་གསུངས་སོ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php