ང་ཚོ་ཆོས་གྲོགས་རྙིང་པ་ཚོ་དེ་རིང་ཡང་འཛོམས་རྒྱུ་བྱུང་བ་རེད། ས་སྐྱ་བདག་ཁྲི་རིན་པོ་ཆེ་ང་ཚོ་ཆོས་ཚོགས་དང་པོ་ཚོགས་སྐབས་ནས་ཡོད། དེ་དུས་ནས་དུས་ད་ལྟ་བར་ཚོགས་ཐེངས་ཚང་མའི་ནང་རིན་པོ་ཆེ་ཡོད་པ་རེད། སྔ་ཕྱིའི་གནས་ཚུལ་ཚང་མར་ཐུགས་རྒྱུས་ཡོད། དེ་རིང་ཡང་བསྐྱར་འདིར་མཉམ་དུ་འཛོམས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། མི་རབས་གསར་པ་གང་ཙམ་ཞིག་འདིར་ཕེབས་འདུག ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགའ་ལྡན་ཁྲི་རིན་པོ་ཆེ་དགུང་ལོ་མཐོ་ཙམ་ཡིན་ནའང་བསྟན་པའི་ཐུགས་ཁུར་བསྐྱེད་ དེ་ཞེ་དྲག་བཀའ་དྲིན་ཆེན་པོ་ཡིན། ངོས་སྒེར་ལ་ཆ་བཞག་ནའང་གསུང་ཆོས་མང་པོ་ཐོབ་ཡོད། དེ་རིང་འདིར་ཕེབས་ཐུབ་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་ལྟ་འདིར་བཀའ་བློན་གྱིས་གསུངས་པ་ལྟར་བོད་ཀྱི་གཅེས་ནོར་སངས་རྒྱས་པའི་ཆོས་ དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་དེ་དངོས་གནས་རིག་པ་ཡང་དག་གི་བསྒྲུབ་བྱེད་འགོད་ རྒྱུ་ཡོད་པ། མཐར་མྱོང་བ་ལ་གཏུག་ནས་ངོ་སྤྲོད་བྱེད་རྒྱུ་ཡོད་པ་གཅིག་ཆགས་ཡོད། དེ་ལྟ་བུའི་སངས་རྒྱས་པའི་ཆོས་དེར་དེ་རིང་ཁ་སང་དངོས་གནས་ཕྲན་བུ་སྤོབས་པའི་ ཐོག་ནས་འཛམ་གླིང་གི་གཅེས་ནོར་རེད་ཅེས་ཕལ་ཆེར་བརྗོད་ཆོག་པ་ལྟ་བུ་རེད་ཅེས་ ཤོད་ཀྱི་ཡོད།

འདས་ པའི་ལོ་ལྔ་བཅུ་ང་གྲངས་དེའི་རིང་ལ་མི་འདྲ་མིན་མང་དག་ཅིག་ཐུག་ཡོད། ཆོས་ལུགས་འདྲ་མིན་གྱི་ཉམས་ལེན་པ་དང་མཁས་པ་དབུ་ཁྲིད་སོགས་ཧ་ཅང་མང་པོ་ཐུག་ ཡོད། དེ་དག་ཐུག་སྐབས་ལྷག་བསམ་རྣམ་དག་བྱས་ནས་ཆོས་གྲོགས་རང་གི་འདུ་ཤེས་བཞག་སྟེ་ གུས་ཞབས་ལྡན་པའི་ཐོག་ནས་བགྲོ་གླེང་ཞུས། གང་ལྟར་ཕྱི་དངོས་པོའི་མཐུན་རྐྱེན་ཙམ་མ་ཡིན་པར་ནང་སེམས་ལ་ཞི་བདེ་ཡོང་རྒྱུའི་ ཐབས་ལམ་གཙོ་བོ་བྱམས་སྙིང་རྗེའི་ཉམས་ལེན་ཡོད་པ་གཅིག་གྱུར་ཡིན་པའི་ཆ་ནས་དེ་ དག་ཚང་མར་གུས་ཞབས་བྱེད་བཞིན་ཡོད། གཉིས་ནས་ནང་པའི་ཡུལ་གྲུ་ཁག་པཱ་ལིའི་ཆོས་བརྒྱུད་མཁས་དབང་དང་ཉམས་ལེན་པ། དེ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་མཁས་དབང་དང་ཉམས་ལེན་པ། རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་དེ་ཚོའི་གྲས་མང་པོ་ཞིག་ཆོས་གྲོགས་ལྟ་བུ་ཆགས་ཏེ་ངོ་ཤེས་རེད། དེ་འདྲ་བྱས་ནས་གཏུག་ཡོང་སྐབས་ཕལ་ཆེར་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་ཐེག་པ་ ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དེའི་དོན་དག་གཙོ་བོ་འདུལ་བའི་ཉམས་ལེན་བསླབ་པ་ གསུམ་གྱི་གཞི་མ་ལྟ་བུ་དེ་འདུལ་བའི་ཉམས་ལེན་རེད། སྡེ་པ་མི་འདྲ་བའི་ཁྱད་པར་རེད་མ་གཏོགས་འདུལ་བ་ཉམས་ལེན་ཆ་ཚང་ཡོད་པ། དེའི་ཐོག་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོ་ཤེར་ཕྱིན་གྱི་གཞུང་རྩ་བར་བཞག་ནས་ དེ་དང་འབྲེལ་ནས་དབུ་མའི་ལྟ་གྲུབ་རེད། དེའི་བརྡར་ཤ་གཅོད་རྒྱུ་ལ་རིགས་ལམ་ཚད་མའི་སྐྱེས་མཆོག་ཕྱོགས་གླང་ཡབ་སྲས་ཀྱི་ གཞུང་དེ་དག་ཀྱང་གཙོ་དོན་ལྟ་རྒྱུ་ཡོད་པ་ཞིག་དང་། དེའི་ཉམས་མྱོང་དེ་དག་གཞི་རྩར་བཞག་པའི་ཐོག་ནས་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཡང་ བརྒྱུད་སྡེ་བཞིའམ་བརྒྱུད་སྡེ་དྲུག་ཆ་ཚང་གི་ཉམས་ལེན་ཡོད་པ་ཆགས་ཡོད་སྟབས། ཕལ་ཆེར་བོད་བརྒྱུད་ནང་བསྟན་དེ་ཟབ་ཤོས་ཆགས་འདུག དེར་བརྟེན་སྤྱིར་འཛམ་གླིང་འདིའི་ཐོག་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་སྐབས་མི་ འདྲ་བ་ཞིག་ནམ་རྒྱུན་རྩི་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཞེས་ཞུས་ན་ཞི་བདེའི་སྟོན་པ་ཡིན་པ་མང་ཆེ་བ་ཞིག་གི་ བློ་ལ་ཤར་གྱི་ཡོད། དེའི་ནང་ཚན་ནས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གུང་སྒྲིག་ནས་འགྲེལ་བཤད་བརྒྱབ་ ཡོང་སྐབས་ཚན་རིག་པ་ཚོ་ཡང་ཡིད་འཕྲོག་རྒྱུ་ཞིག་ཆགས་ཡོད།

སྤྱིར་བཏང་འཛམ་གླིང་འདིའི་ཐོག་ཚན་རིག་པ་ཚོ་བློ་གཟུར་བོ་གནས་པ་ཧ་ཅང་ཡག་པོ་ རེད། བློ་གཟུ་བོར་གནས་པའི་ཐོག་ནས་དབྱིན་སྐད་ནང་བརྗོད་ན། (Object) རེད། སོ་སོའི་བློ་ཕྱོགས་སུ་མ་ལྷུང་བ། བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་དེ་ཚན་རིག་པའི་ཡོན་ཏན་ཞིག་ རེད། ཚན་རིག་པ་ཡག་པ་དང་ཚད་ལྡན་རྣམས་དེ་འདྲ་ཞིག་འདུག སྤྱིར་ཚན་རིག་པ་ཚོས་ཆོས་བརྒྱུད་ཅེས་བརྗོད་སྐབས་ཕྲན་བུ་ཐག་རིང་པོ་སྡོད་ཀྱི་ རེད། ཚན་རིག་པ་རང་ཉིད་ཆོས་དད་ཡོད་པ་ཡོང་གི་རེད། འོན་ཀྱང་སོ་སོའི་གཞི་རྩའི་ཉམས་ཞིབ་བྱེད་ས་དེའི་ཐོག་ནས་ཆོས་དང་ཚན་རིག་ཆོས་ ཞེས་པ་དེ་རི་ལི་ཇོན་ཟེར་རྒྱུ་དེ་རེད། (Religion) ཅེས་བརྗོད་ན། ཚན་རིག་དང་ཁག་ཁག་ཕྱེ་ནས་ཐག་རིང་པོ་སྡོད་ཀྱི་འདུག འདས་པའི་ལོ་སུམ་ཅུ་ཙམ་གྱི་རིང་ལ་ངོས་རང་ཚན་རིག་པ་དང་མཉམ་དུ་འབྲེལ་བ་དང་གོ་ བསྡུར་བྱ་རྒྱུའི་གནས་ཚུལ་གང་ཙམ་བྱུང་བ་རེད། དེ་འདྲའི་རྐྱེན་པས་ད་ཆ་ཚན་རིག་པ་ནང་ཆོས་ཕྲན་བུ་རྒྱུས་ཡོད་མཁན་དེ་དག་གིས་ སངས་རྒྱས་པའི་ཆོས་ཞེས་པ་དེ་དམིགས་བསལ་རེད་འདུག་ཅེས་པའི་མཐོང་ཚུལ་ཞིག་ཆགས་ ཡོད། སྔ་མོ་ཡིན་ན་ཕྱི་རྒྱལ་གྱི་མི་བོད་ལ་འགྲོ་མཁན་དེ་ཚོས་དཔར་བརྒྱབ་ནས་བོད་པ་ འཆམ་རྒྱག་མཁན་དང་གཏོར་མ་འཕེན་མཁན་གྱི་གྲས་ལ་ཕར་ལྟད་མོའི་འདུ་ཤེས་མ་གཏོགས་ དེ་ནས་ཚུར་ཁོང་རང་ཚོས་གཏོར་མ་དང་འཆམ་རྒྱག་སྟངས་བསླབ་བསམ་པ་ཞིག་རྩ་བ་ནས་མེད། དེ་རིང་ཁ་སང་ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ནས་ཡོང་སྐབས་ཚན་རིག་པ་ ཚོས་སངས་རྒྱས་ཀྱི་གཞུང་ནང་ནས་ལུས་སེམས་གཉིས་ཀྱི་འབྲེལ་བའི་རྣམ་གཞག་དང་། གཙོ་བོ་ནང་ཤེས་པའི་སེམས་དང་སེམས་ཆུང་གི་མཚོན་དེ་ཚོའི་གྲས་དེ་ཚུར་བསླབ་འདོད་ དང་སློབ་སྦྱོང་བྱེད་འདོད་བྱེད་རྒྱུར། ཁོང་རང་ཚོའི་ཉམས་ཞིབ་བྱ་རྒྱུའི་གཞི་རྩའི་ནང་ལ་སངས་རྒྱས་ཀྱི་གཞུང་ནས་གསུངས་ པའི་འགྲེལ་བཤད་ཞིབ་ཕྲ་དེ་ཚུར་ཕན་ཐོགས་ཡོང་རྒྱུའི་རེ་བ་བརྒྱབ་ནས་འབྲེལ་བ་ བྱེད་བཞིན་ཡོད། དེར་བརྟེན་བཀའ་བློན་གྱིས་བརྗོད་པ་བཞིན་ང་ཚོ་བོད་པའི་སངས་རྒྱས་པའི་ཆོས་དེ་ དངོས་གནས་བོད་པའི་ཁྱད་ནོར་རེད། འཛམ་གླིང་གི་གཅེས་ནོར་རེད་བརྗོད་ན་ཕལ་ཆེར་བརྗོད་ཆོག་གི་རེད།
གཉིས་ནས། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བར་ཐེག་པ་དང་ གྲུབ་མཐའ་ཐ་དད་དགོས་ཀྱི་ཡོད་པ་གསུངས་པ་དེ་ནས་ང་ཚོས་ཉམས་མྱོང་དང་བསླབ་བྱ་ ཆེན་པོ་ཞིག་བླང་སྟེ་ཆོས་བརྒྱུད་གཞན་དག་ལའང་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ ཡོད་པ་ཡིན་སྟབས། རྟག་པ་རང་བྱུང་གི་སྐྱེས་བུས་འདོད་པའི་ཆོས་བརྒྱུད་དེ་ཡང་དགོས་ཀྱི་ཡོད་པ་དང། དེ་དག་གི་སེམས་ནང་མི་བདེ་བ་མེད་པ་ཞིག་དགོས། རྟག་ཆད་ཀྱི་མཐའ་ལ་ལྷུང་བའི་ལྟ་གྲུབ་རེད་ཅེས་ཤོད་རྒྱུ་མེད། ནང་པ་རང་གི་ནང་ལ་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད།  བཅོམ་ལྡན་འདས་སྟོན་པ་གཅིག་གིས་བཀའ་གནང་བ་མཐོང་སྐབས་བཅོམ་ལྡན་འདས་ཀྱིས་རང་ དབང་ཐོག་ནས་ཞེ་ས་མ་ཞུས་ན་ཁྱེད་རང་ཚོས་མོས་པ་ཡོད་རུང་མེད་རུང་། འདི་དེ་འདྲ་ཡིན་ཞེས་གསུངས་པ་ཞིག་མིན་པར་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་ གང་ཕན་ཆེ་བ་དང་གང་ཕུགས་ལ་རླབས་ཆེ་བ་ཞིག་ལ་དགོངས་པ་བཞེས་ནས་གསུངས་བ་ཞིག་ཡིན་ སྟབས། ཆོས་བརྒྱུད་ཚང་མར་དག་སྣང་སྦྱང་ནས་དམ་ཚིག་གཅིག་གྱུར་ཡོང་བར་ཏན་ཏན་ཕན་ཐོགས་ ཡོད་པ་རེད།

དེ་ རིང་ང་ཚོ་ཚོགས་འདུ་ཚོགས་རྒྱུ་འདི་ཐོག་མར་ང་ཚོ་འཐོམ་མ་སངས་གོང་ལ་ཕྱི་ལོ་ ༡༩༦༠ ནང་རེད། ང་ཚོས་ས་ཝར་ག་ཨཤྲམ་ (Swarg Ashram) ལ་ཚོགས་པ་རེད།  དེ་དུས་ཚུར་ཞུ་སྐུལ་བྱེད་མཁན་སུ་ཡང་མེད། འོན་ཀྱང་ང་རང་ཚོས་བོད་ཀྱི་མེས་པོའི་ཆོས་བརྒྱུད། དེ་བཞིན་གཡུང་དྲུང་བོན་གྱི་གཤེན་རབ་བསྟན་པའི་རྒྱལ་མཚན་བགྲེས་སོང་ཞིག་ཡོད་པ་ ཁོང་དང་ཆོས་བརྒྱུད་ཆེན་པོ་བཞི་བཅས་པས་ཚོགས་ཡོད། ཚོགས་འདུ་འདི་ཚོགས་རྒྱུར་དགེ་མཚན་ཆེན་པོ་འདུག ང་ཚོ་བོད་ལ་ཡིན་ན་དཔེར་ན། བདག་ཁྲི་རིན་པོ་ཆེ་ལྟ་བུར་ཆ་མཚོན་ན་དུས་དུས་ལ་ལྷ་སར་ཕེབས་ཀྱི་རེད། ང་ཚོ་དང་མཇལ་རྒྱུ་ཡོང་གི་ཡོད།  དགའ་ལྡན་ཕོ་བྲང་དང་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་པ་རེད་མ་གཏོགས། གཞན་བླ་ཆེན་རྣམ་པ་གཞན་དག་ཚོས་ཆོས་སྒར་ལ་ཕར་ཕེབས་རྒྱུ་སྔར་བླ་སློབ་ཀྱི་ འབྲེལ་བ་དེ་འདྲ་བྱུང་ཡོད་པ་མ་གཏོགས་གཞན་ཉུང་ཉུང་རེད། ཀརྨ་པ་རིན་པོ་ཆེ་ལྟ་བུར་མཚོན་ན་ཚུར་ཕུར་བཞུགས་ཡོད། ཁམས་ཕྱོགས་ལ་ཧ་ཅང་འབྲེལ་བ་ཡོད་པ་མ་གཏོགས་གཞན་སོ་སོ་ལུང་ཆུང་ནང་གི་དཔོན་ཆུང་ ལྟ་བུ་བྱས་ཏེ་བཞུགས་ཀྱི་ཡོད། སྨན་རི་ཐོབ་རྒྱལ་མཁན་པོ་མཆོག་ཀྱང་དེ་མཚུངས་རེད་མ་གཏོགས་གཞན་ཕར་ཚུར་འབྲེལ་བ་ ཞེ་དྲག་མེད། དགའ་ལྡན་ཁྲི་པ་སྨོན་ལམ་ཚོགས་རྒྱུ་སོགས་ལ་མ་གཏོགས་ཆོས་བརྒྱུད་གཞན་དག་གི་བླ་ ཆེན་རྣམས་དང་ཕན་ཚུན་ངོ་ཤེས་དང་ཆོས་གྲོགས་བཟོས། གོ་བསྡུར་བྱེད་རྒྱུ་དེ་འདྲ་མེད། ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་དེ་འདྲ་བྱེད་རྒྱུ་བྱུང་བ་རེད། དེ་གལ་ཆེན་པོ་ཞེ་དྲག་འདུག ཆོས་བརྒྱུད་གཞན་དག་ཚོའི་མི་སྣ་གཅིག བར་སྐབས་ཨིན་ཊར་ཕེ་ཐི་ (Interfaith) ཟེར་ནས་ཐུག་རྒྱུ་དེ་འདྲ་ཡོང་གི་ཡོད། ཡེ་ཤུའི་ཆོས་པ་ནང་ཁུལ་ཚོས་དེ་རིང་ཏཱ་ལའི་བླ་མ་བསླེབས་ནས་ང་ཚོ་ཨིན་ཊར་ཕི་ཐི་ ཚོགས་རྒྱུའི་གོ་སྐབས་བྱུང་བར་བརྟེ། ད་ཆ་ང་ཚོ་ངོ་ཤེས་རྒྱུ་དང་འབྲེལ་བ་བྱེད་རྒྱུ་བྱུང་བ་མ་གཏོགས་ནམ་རྒྱུན་ང་ཚོ་ འབྲེལ་བ་མེད་ཅེས་བརྗོད་ཀྱི་འདུག  དེར་བརྟེན་ཆོས་བརྒྱུད་གཞན་དག་ཚོ་ལ་ཡིན་ནའང་ང་ཚོས་གཅིག་གིས་གཅིག་ལ་ངོ་ཤེས་ བཟོ་རྒྱུ་དང་། ཆོས་གྲོགས་ཀྱི་འདུ་ཤེས་བྱས་པ་དེ་འདྲའི་ཁ་ཐུག་ལ་ང་རང་ཚོ་བོད་པ་ནང་ཁུལ་ལྷག པར་དུའང་ངོ་ཤེས། ནང་ཚགས། སེམས་ཐག་ཉེ་པོ་དེ་འདྲ་ཞིག་བཟོ་དགོས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་འདུག དེ་འདྲ་ཡིན་དུས་དེ་རིང་ཆོས་ཚོགས་ཚོགས་རྒྱུ་འདི་ཕན་ཐོགས་དང་གལ་ཆེན་པོ་ཞེ་ དྲག་འདུག ངོས་རང་སྐད་ཆ་ཁ་རི་ཁ་ཐུག་ཞུ་མཁན་ཞིག་ཡིན། དྲང་པོ་དྲང་ཤག་མ་གཏོགས་འདྲ་ཆག་པོ་དེ་འདྲ་བྱས་ནས་ཞུ་ཤེས་ཀྱི་མེད་ལ། ཞུས་ནས་དགོས་པ་གང་ཡང་མི་འདུག  ཁ་ཉིན་རིན་པོ་ཆེ་དང་མཇལ་ནས་རིན་པོ་ཆེ་ཡང་འདིར་ཚོགས་འདུར་ངོ་བཞུགས་གནང་དུས་ སྐབས་རེ་གོ་བསྡུར་གནང་དུས་རིན་པོ་ཆེ་ཏོག་ཙམ་བདེ་མ་བདེ་ཡོང་ས་རེད་ཅེས་དེ་ འདྲ་བཀའ་གནང་གི་འདུག བདེན་པ་རེད། འབྲི་གུང་རིན་པོ་ཆེ་ཁ་སེང་ཐོག་མ་བྱས་ན་ཕེབས་རྒྱུ་ཡིན་པ་རེད། མཇུག་ཏུ་སྐུ་སྙུན་པ་ཡིན་ནའང་འདྲ་གང་ལྟར་ཕེབས་མ་ཐུབ་པ་རེད། འབྲུག་ཆེན་རིན་པོ་ཆེར་ཆ་གཞག་ནའང་མ་གཞི་འདི་འདྲ་འཛོམས་རྒྱུར་རིན་པོ་ཆེ་འཚེར་ པོ་གནང་གི་འདུག རིན་པོ་ཆེ་འཛོམས་ཀྱི་མེད། ང་ཚོས་ཚོགས་འདུ་ཚོགས་སྟངས་དེ་བླ་ཆེན་རྣམ་པ་ཚོ་དཀོན་མཆོག་གོང་ཕུད་ལྟ་བུ་རེད། འདི་གར་ཚོགས་འདུ་ཚོགས་སྐབས་ཚོགས་ཐུན་སོ་སོའི་ཁར་ཐུག་འཛིན་སྐྱོང་ཟེར་ནའང་མི་ འདུག སྒྲིག་འཛུགས་དེའི་འགན་བཞེས་གནང་རྒྱུ་དེ་ལན་པོའང་མི་འདུག བླ་ཆེན་རྣམ་པ་ཚོ་འདིར་འཛོམས་ནས་བཀའ་སློབ་གནང་རྒྱུ་ཡོད་པ་བྱས་ནས་གཟིགས་ བཞུགས་རྒྱུ་མ་གཏོགས། ཞིབ་ཕྲའི་གོ་བསྡུར་བྱེད་རྒྱུ་དེ་དག་འདིར་སྤྱི་འཐུས་ཀྱི་ཆོས་བརྒྱུད་འཐུས་མི་ ཚོ་ཡིན་ནའང་འདྲ། ཡང་ན་བླ་ཆེན་སོ་སོའི་སྐུ་ཚབ་ (Deputy) རེ་རེ་འཛོམས་ནས་གོ་བསྡུར་རིགས་དེ་དག་གིས་བྱེད་རྒྱུ་བྱས། བླ་ཆེན་རྣམ་པ་ཚོ་གོ་བསྡུར་བྱེད་སའི་ནང་བཞུགས་མི་དགོས་པ་བྱས། དེ་འདྲ་བྱུང་ན་གོ་བསྡུར་བྱེད་རྒྱུ་དེ་དག་ཀྱང་གཅིག་བྱས་ན་ཁྲོལ་བ་ཡོང་། ཡང་གོ་བསྡུར་བྱེད་སྐབས་རྩོད་པ་ཕྲན་བུ་རྒྱག་དགོས་པ་དེ་ཆོས་ཉིད་རེད། ཆོས་རྭའི་ནང་རྟགས་གསལ་གཏོང་སྐབས་སེམས་ནང་ཆགས་སྡང་མེད་ཀྱང་ཁར་ཐུག་དེར་རྟགས་ གསལ་སྐད་ཆ་ཤོད་སྐབས་གདོང་དམར་པོ་ཆགས་རྒྱུ་དེ་འདྲ་ཡོང་གི་རེད། བླ་ཆེན་རྣམ་པ་ཚོས་ཞལ་རས་དམར་པོ་ཆགས་ནས་རྩོད་པ་བརྒྱབ་ན་ལན་པོ་མེད་ལ་ཡོང་གི་ ཡང་མ་རེད།  ང་ཚོ་ལོ་ལྟར་ཚོགས་ཀྱི་མེད་མ་འོངས་པར་དུས་དུས་ལ་ཚོགས་སྐབས་ཆོས་དོན་ལས་ཁུངས་ ནས་བང་གཅིག་སྒྲིག་དགོས་པ་འདུག དང་པོའི་འཆར་གཞི་སྒྲིག་སྟངས་དེར་བསམ་བློ་གཏོང་དགོས་པ་ཡིན། ཚོགས་སྟངས་དེར་གནད་དགག་གཅིག་འདུག དགོངས་འཆར་བཀའ་སློབ་ག་རེ་གནང་རྒྱུ་ཡོད་ནའང་གནང་རྒྱུ་ཡོད་པ་གཅིག་བྱེད་དགོས། ཞིབ་ཕྲའི་གོ་བསྡུར་བྱེད་སྐབས་ཚོགས་བཞུགས་གནང། བརྡར་ཤ་དང་བགྲོ་གླེང་གནང་རྒྱུ་དེ་མ་དགོས་པ་ཡིན།

དོན་ ཚན་གཅིག་དེ་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་འཛམ་གླིང་གཅེས་ནོར་རེད་ཅེས་ རྒྱུ་མཚན་ལྡན་པའི་ཐོག་ནས་ར་སྤྲོད་བྱེད་རྒྱུ་ཡོད་པ་ཞིག་ཆགས་ཡོད། མཁས་མཆོག་དབྱིག་གཉེན་གྱི། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །བསྒྲུབ་པར་བྱེད་པ་ཁོ་ན་ཡིན།  །ཞེས་གསུངས་པ་ཁོ་ན་ཟེར་བའི་སྒྲ་དེ་གཞན་འདྲེན་རྣམ་བཅད་ཡིན་པ་རེད། ལུང་རྟོགས་ཀྱི་བསྟན་པ་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་རྒྱུ་ཁོ་ན་རེད་མ་ གཏོགས། དེ་མིན་པའི་ཐབས་ཤེས་མེད་ཅེས་གསུངས་ཡོད།  དེ་འདྲ་ཡིན་དུས་ནམ་རྒྱུན་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། ལྷ་ཁང་དང་སྐུ་འདྲ་ཆེན་པོ་བཞེང་རྒྱུ་དེ་དག་ཡག་པོ་རེད། འོན་ཀྱང་སྐུས་གསུང་བྱོན་རྒྱུ་མི་འདུག་ཅེས་དེ་འདྲ་ཤོད་ཀྱི་ཡོད།  སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་རྒྱུ་དེ་སྐྱབས་སུ་མཆི་ཟེར་བ་གཅིག་པུས་འགྲིག་ པ་ཞིག་ཡིན་ན་སྐུ་འདྲ་ཆེན་པོ་ཞིག་བཞེངས། དེའི་མདུན་དུ་ལུས་ཀྱི་བ་སྤུ་ལྡང་མིག་ནས་མཆིལ་མ་འཁྲུག་ནས། སྐྱབས་སུ་མཆི་ཞེས་བརྗོད་ནས་བསྡད་ན་འགྲིག་གི་རེད། སངས་རྒྱས་པའི་ཆོས་དེ་སྔོན་ལ་ཐེག་པ་ཆེ་ཆུང་ཡོངས་རྫོགས་ཀྱིས་བསླབ་པ་གསུམ་བཤད་ ཡོང་དུས། ཏིང་ངེ་འཛིན་གྱི་བསླབ་པ་བཤད་ཡོང་དུས་སེམས་ལ་ལས་ཀ་བསྐུལ་དགོས་ཀྱི་ཡོད། ཤེས་རབ་ཀྱི་བསླབ་པ་ལབ་དུས་སེམས་ལ་ལས་ཀ་བསྐུལ་དགོས་ཀྱི་ཡོད། སེམས་ལ་ལས་ཀ་བསྐུལ་བར་ལས་ཀ་བསྐུལ་སའི་སེམས་དེ་གང་འདྲ་ཡིན་མིན་ཤེས་དགོས་ཀྱི་ ཡོད།  སེམས་ལ་ལས་ཀ་བསྐུལ་རྒྱུ་དེ་ཕྱི་ནས་རྒྱ་མིས་སྡུག་པོ་བཏང་ནས་སློབ་སྦྱོང་སྤྲད་ ནས་སེམས་ལ་བསྒྱུར་བཅོས་གཏོང་གི་ཡོད་པའི་སྐད་ཆ་ཤོད་ཀྱི་ཡོད་པ་དེས། གང་ཡང་ཡོང་རྒྱུ་མེད། སེམས་ཀྱི་བསྒྱུར་བཅོས་ཟེར་བ་དེ་རང་གིས་འདོད་པས་དང་དུ་བླང་ནས་སེམས་ལ་བསྒྱུར་ བཅོས་འགྲོ་དགོས་པ་མ་གཏོགས་བཙན་པོ་བཤད་ནས་སེམས་ལ་བསྒྱུར་བཅོས་འགྲོ་རྒྱུ་རྩ་ བ་ནས་མེད།  རང་གིས་འདོད་པས་དང་དུ་བསླང་ནས་སེམས་ལ་འགྱུར་བཅོས་བཏང་བ་ལ་བསྒྱུར་བཅོས་བཏང་ པའི་ཕན་ཡོན་དང་མ་བཏང་བའི་གྱོང་ཤེས་པ་གཅིག་དང་། བསྒྱུར་བཅོས་གཏོང་ཐབས་དེ་ཡང་ཉོན་མོངས་ཟེར་རྒྱུ་དེ་ཧ་ཅང་མགོ་བདེ་པོ་དང་ཕྲ་ བོ་ཞེ་དྲག་ཆགས་ཡོད། དེའི་གཉེན་པོ་དེའང་དེ་ལ་དཔག་པའི་ཆ་ཐམས་ཅད་ནས་ཉོན་མོངས་ལ་ཁ་བཏད་བཅག་ཐུབ་པའི་ ཤེས་རབ་ཀྱི་བློ་གྲོས་གཅིག་བསྐྱེད་ཐུབ་དགོས་པམ་གཏོགས་དད་པ་གཅིག་པུས་ཡོང་ཐབས་ མེད། དེ་གསལ་པོ་རེད། དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་མིའི་ཆོས་རབ་ཏུ་རྣམ་ འབྱེད་པའི་ཤེས་རབ་བམ་ལེགས་ཉེས་བླང་དོར་ཟེར་ནའང་འདྲ། ཆོས་ཀྱི་ཡིན་ལུགས་དཔྱད་པ་བྱེད་རྒྱུ་བློ་གྲོས་དང་རྣམ་དཔྱོད་ཆ་ཚང་བ་བེད་ སྤྱོད་བྱས་པ་དེའི་ཐོག་ནས་སེམས་མ་དུལ་བ་བྱེད་མཁན་གྱི་ཆ་དེ་ག་ལེར་ག་ལེར་ བསྒྱུར་བཅོས་གཏོང་རྒྱུ་གཅིག་ཡོད་པའི་འགྲོ་སྟངས་དེ་རེད་ཅེས་ནམ་རྒྱུན་ཤོད་ སྡོད་ཀྱི་ཡོད། དེ་འདྲ་ཡིན་དུས་སློབ་གཉེར་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། ཁ་སང་རིན་པོ་ཆེ་ངོས་གཉིས་རོབ་ཙམ་བཀའ་མོལ་བྱུང། བོད་ལ་དེ་སྔ་ལོ་བརྒྱ་ཕྲག་འགའ་ཤས་རིང་ལ་སློབ་གཉེར་བྱེད་རྒྱུའི་ཤུགས་ཆེ་བ་དེ་ ས་སྐྱ་ཕལ་ཆེར་ཤུགས་ཆེན་པོ་རེད། ཕྱིས་སུ་དགེ་ལུགས། ས་དགེ་གཉིས་གཞུང་ཆེན་གྱི་བཤད་པ་དེ་དག་ཤུགས་ཆེན་པོ་བཟོ་འདྲ་བོ་ཞིག་རེད།

ད་ ལྟ་ཡིན་ནའང་ཕལ་ཆེར་དགེ་ལུགས་དགོན་ཁག་དེ་དག་གཙོ་བོ་གདན་ས་གསུམ་གྱི་གཙོས་པ་ དེ་དག་ཕལ་ཆེར་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་ཕལ་ཆེར་ཡག་ཤོས་རེད། སློབ་གཉེར་བྱེད་རྒྱུ་དེའང་ཚིགས་འགྲེལ་ཙམ་མིན་པར་དགག་བཞག་སྤོང་གསུམ་གྱི་ཐོག་ ནས་སྒྲོ་བཏགས་བཅད་ནས་བྱེད་རྒྱུ་དེ་ཡག་ཤོས་དང་ཟབ་ཤོས་རེད། རྩ་བའི་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བར་ཚང་མར་ཡོད་ཡོད་པ་རེད། ཁ་སང་བཀའ་མོལ་བྱུང་བ་བཞིན། དཔེར་ན་ས་སྐྱར་ཆ་གཞག་ན་གྲགས་ཆེན་བཅོ་རྒྱད་གསུངས་པའི་གཞུང་ཆེན་མང་པོ་ཡོད། ཕྱིས་སུ་མཁན་པོ་གཞན་འཕན་གཞུང་ཆེན་བཅུ་གསུམ་གྱི་མཚན་འབྲེལ་བྱས་ནས་ས་སྐྱ་ རྙིང་མ་བཀའ་བརྒྱུད། དགེ་ལུགས་པར་ཡོད་མེད་མི་ཤེས་ཀྱང་ཕྱིས་སུ་ཡོང་རྒྱུ་རེད། མཚན་འབྲེལ་སྡུམ་བདེ་པོ་ཡག་པོ་ཞིག་འདུག གཞུང་དེ་དག་ཡོད་ཡོད་པ་ཞིག་རེད། དཔལ་ཡུལ་གྱི་གཞུང་ཆེན་ཉེར་ལྔ་ཟེར་བ་ཞིག་ཡོད། གཞུང་ཆེན་གྱི་བཤད་པ་ཡོད་ཡོད་པ་དེ་དག་ང་ཚོས་ཏོག་ཙམ་དོ་སྣང་ཆེ་ཙམ་བྱས་ཏེ་རྒྱ་ གར་ལ་ཡོད་པའི་བོད་མི་ནང་ཁུལ་གྱི་ཆོས་སྒར་ཁག་ཚོ་རེད། དེ་བཞིན་དུ་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཡོད་མཁན་གྱི་བཀའ་བརྒྱུད་དང་རྙིང་མ་སོགས་ ཀྱི་ཆོས་སྡེ་ཁག་དེ་དག་གིས་སློབ་གཉེར་ཐོག་ལ་ཤུགས་མང་ཙམ་རྒྱག་དགོས། ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གཙོ་བོ་འཆད་ཉན་གྱི་ཐོག་ནས་ བྱེད་དགོས་པ་ཡིན་དུས་དེ་ཤུགས་ཆེ་ཙམ་གནང་རྒྱུའི་དགོངས་པ་བཞེས་རྒྱུ་གཅིག  སོ་སོ་དང་འབྲེལ་ཡོད་བོད་ནང་དུ་ཡིན་ནའང་དེ་དེ་བཞིན་རེད། མ་གཞི་དེ་རིང་ཁ་སང་ཁམས་ཁུལ་གྱི་ས་ཆ་འགའ་ཤས་ལ་ས་དགེ་བཀའ་རྙིང་ཇོ་ནང། ཕལ་ཆེར་བོན་པོའང་ཡོད་ས་རེད། ཚང་མ་རུབ་རུབ་བྱས་ནས་ལྗང་དགུན་ཆོས་ཚོགས་པ་དེ་འདྲ་ཡོང་བཞིན་ཡོད་པའི་བཟོ་འདྲ་ འདུག  དེ་སྔ་བཤད་གྲྭ་དམིགས་བསལ་རྒྱ་ཆེན་པོ་མེད་པ་དེ་ཚོར་ཡང་དེ་རིང་སང་བཤད་གྲྭའི་ གསོལ་གཏོད་པ་དེ་འདྲ་ཡོང་གི་ཡོད་པ་འདྲ། ལོ་ཤས་སྔོན་ངོས་ལ་གྲྭ་པ་ཞིག་ཐུག་བྱུང། དགེ་ལུགས་དགོན་པ་གཅིག་ནས་རེད་འདུག ཁོང་རང་གི་དགོན་པ་དེར་དེ་སྔ་དཔེ་ཆའི་གཞུང་ལྟ་རྒྱུ་དེ་མེད་སྐོར་བརྗོད་བྱུང།  དེ་ནས་རྒྱ་གར་ལ་ཚུར་ཡོང་ནས་དགའ་ལྡན་ལ་དཔེ་ཆ་བལྟས་སྐོར་བརྗོད་བྱུང། དེ་ནས་ཕར་བོད་དུ་ལོག་ནས་ཁོང་རང་གི་གཞི་དགོན་དེར་དཔེ་ཆ་ལྟ་དགོས་ཀྱི་འདུག་ བརྗོད་ནས་འབད་བརྩོན་བྱས་འདུག སྐབས་དེར་གྲྭ་པ་བླ་རྒན་ཚོས་འདི་འདྲ་གསུངས་འདུག ང་ཚོ་གྲོང་ཆོག་རྒྱུག་ནས་འཚོ་བ་མ་གཏོགས་རྟགས་གསལ་བཏང་ནས་འཚོ་གི་མེད། སྦྱིན་བདག་ཚོས་ཞབས་བརྟན་གནང་རོགས་ཞེས་སྐད་བཏང་བ་ལས་ང་ཚོའི་གྲོང་ནས་རྟགས་ གསལ་གཏོང་བར་ཡོང་རོགས་ཞེས་སྐད་གཏོང་མཁན་སུ་གཅིག་མི་འདུག དེར་བརྟེན་སྐུལ་ལྕགརང་ཁོངས་སོ་སོ་ནས་གནང་རྒྱུ་གལ་ཆེན་པོ་རེད། རྟོགས་པའི་བསྟན་པ་དེ་སྒྲུབ་པ་ཉམས་ལེན་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་ བྱེད་དགོས་སྟབས། བཀའ་བརྒྱུད་རྙིང་མ་དེ་ཚོའི་ནང་ནམ་རྒྱུན་དགོན་པ་དེ་ཚོའི་ནང་འདི་བཤད་གྲྭ་ཡིན། འདི་སྒྲུབ་གྲྭ་ཡིན། དཔེར་ན། རུམ་བཏེག་ལྟ་བུར་ཆ་མཚོན་ན་དེ་འདྲ་ཡོད། ནམ་རྒྱུན་སེར་འབྲས་ཚོར་འདི་སྒྲུབ་གྲྭ་ཡིན་ཟེར་ནས་མཚམས་ཁང་དེ་འདྲ་དམིགས་བསལ་ མེད། སྔོན་ལོ་ངོས་རང་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པའི་སྐབས་སེར་སྨད་དགེ་བསྐོས་གསར་པ་ ཞིག་འདུག ཁོས་ངོས་ལ་འདི་འདྲ་བརྗོད་བྱུང། ཚོགས་གཞུང་ལ་ཆུད་ཚོད་ཕྱེད་ཀ་ཙམ་སྒོམ་རྒྱག་རྒྱུའི་གསོལ་གཏོད་ན་གང་འདྲ་བྱེད་ ཡོད་དམ་ཞེས་བརྗོད་བྱུང། དེ་ཡག་པོ་ཞེ་དྲག་ཡོང་གི་རེད་ཅེས་ངོས་ཀྱིས་བརྗོད་པ་ཡིན། སྔ་མ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཕྱག་བཞེས་ལ་བཀྲིས་ཆོས་གླིང་དུ་ཞལ་འདོན་ ལྷའི་རྣལ་འབྱོར་དེ་འདྲ་གསུང་སྐབས་འཆི་བ་ཆོས་སྐུའི་ལམ་མཁྱེན་ལྟ་བུ་དེ་འདྲའི་ གནས་ཆེ་ས་ལ་དབུ་མཛད་ཀྱིས་འདོན་པ་སྐུལ་བར་སྐར་མ་འགའ་ཤས་སྒོམ་སྐྱོན་བཞུགས་ རྒྱུའི་ཕྱག་སྲོལ་ཡོད།

དེ་ འདྲ་ཡིན་དུས་དེ་འདྲ་ཞིག་སྲོལ་གཏོད་ཐུབ་ན་ཡག་པོ་ཡོང་གི་རེད་བརྗོད་པ་ཡིན། དེ་བཞིན་དུ་སྒོ་མང་མཁན་པོས་སྒོ་མང་གྲྭ་ཚང་རང་ལ་སྔགས་ཀྱི་གཞུང་ཁྲིད་རྒྱུའི་ བསམ་ཚུལ་གཅིག་བརྗོད་བྱུང་། ངོས་ཀྱི་དེ་ཡག་པོ་ཞེ་དྲག་འདུག་བརྗོད་རྒྱུ་བྱུང། ད་བར་གདན་ས་གསུམ་ནང་མདོ་རྐྱང་པ་ལས་སྔགས་ལྟ་ཆེད་རྒྱུད་སྟོད་སྨད་ལ་འཛུལ་དགོས་ པ་ཆགས་ཡོད། བརྒྱུད་པ་གྲྭ་ཚང་སྔགས་འགྲེལ་བ་བཞི་སྦྲགས་གཙོ་བོ་བྱས་ནས་གཟིགས་ཀྱི་ཡོད། གསང་འདུས་སྒྲོན་གསལ་གཙོ་བོ་བྱས་ནས་གཟིགས་ཀྱི་ཡོད། ཁྱེད་ཚོས་དེ་འདྲ་ཞིག་བཙུགས་པ་ཡིན་ན་རྗེ་རིན་པོ་ཆེས་མཛད་པའི་སྔགས་རིམ་ཆེན་ མོ་གཙོ་བོ་བྱས་ཏེ་གཟིགས་ན་འདུས་ཆེན་པོ་ཡོད་རེད། དེའི་སྟེང་ཁ་སྣོན་གང་རྒྱག་དགོས་ཀྱང་རྒྱག་ཆོག་གི་རེད་ཅེས་ཞུ་རྒྱུ་བྱུང། དེ་སྔ་བོད་ལ་ཡིན་ནའང་འཆི་མེད་ལུང་བརྒྱུད་སྨད་ཀྱི་དབྱར་གནས་ཚུགས་ས་དེར་ཁྲི་ སྒང་རྩིས་བཤེར་ཟེར་ནས་བླ་མེད་ཀྱི་བརྒྱུད་སྡེ་བརྒྱད། རྫོགས་རིམ་ཁག་བརྒྱད་དེ་དག་གི་ཁྲིད་ཡིག་ཟུར་དུ་ཡོད། དབྱར་ཕྱི་མ་ཟླ་བ་གཅིག་དང་ཕྱེད་ཀ་དེའི་རིང་ལ་མཚམས་ཁང་ནང་བཞུགས་ནས་མཐའ་ན་ མཚམས་ཁང་ནང་གལ་སྲིད་གྲོངས་པ་ཡིན་ན་མཚམས་ཁང་དེའི་སྒོ་འདབ་རྫབ་ཀྱིས་སྒོ་བཀག་ པ་དེ་འདྲ་བྱེད་ཀྱི་ཡོད། དངོས་གནས་མཚམས་བཅད་ནས་སྔགས་གྲངས་བསགས་བྱས་པ་ཙམ་མིན་པར་དངོས་གནས་རང་གསང་ འདུས་རིམ་ལྔ་ལ་སོགས་པ་དེ་ཚོའི་གྲས་ན་རོ་ཆོས་དྲུག་ཡོད། ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ་ཡོད། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་ཡོད། དེ་འདྲ་མང་པོ་ཞིག་འདུག དེ་དག་ཉམས་ལེན་པ་སོ་སོའི་འདོད་པ་དང་བསྟུན་ཏེ་ཉམས་ལེན་བྱས་ཏེ་དེ་ནས་གང་ལྟར་ རྟོགས་པ་རྙེད་རྒྱུ་ཡིན་རྒྱུ་དེ་ལྟར་ཡིན་པ་འདྲ། རྟོགས་པ་རྙེད་ནས་འཇའ་ལུས་ལ་གཤེགས་ཡོད་རུང་མེད་རུང་ཕུང་པོ་འདམ་སྦྱར་བྱས་ནས་ འཇོག་གི་ཡོད་པ་འདྲ། ཕྱག་སྲོལ་ཡོད་པ་རེད་འདུག དགེ་ལུགས་པའི་བཤད་གྲྭ་དེ་དག་དེ་རིང་མཁན་པོ་ཚོ་ཕེབས་མེད་ཀྱང་གཙོ་བོ་ཁྲི་རིན་ པོ་ཆེ་རེད། དེ་བཞིན་ཆོས་རྗེས་རྣམ་པ་གཉིས་འདིར་ཕེབས་ཡོད། དེར་བརྟེན་རྣམ་པ་གཉིས་ཀྱིས་དེ་རིང་འདིར་སྐད་ཆ་དེ་འདྲ་ཞིག་བྱུང་སོང་ཞེས་ རྗེས་སུ་སྨོན་ལམ་དེ་འདྲ་ལ་འཛོམས་ཏེ་འཚོགས་རྒྱུ་ཡོང་གི་རེད། བྱས་ཙང་དེ་བྱེད་ཕྱོགས་གང་འདྲ་ཡག་པ་འདུག གྲྭ་ཚང་སོ་སོའི་ནང་དེང་སྐབས་སྦྱིན་བདག་ཡོང་གི་འདུག དེང་སང་སྦྱིན་བདག་ནི་ཡོང་གི་འདུག དེར་བརྟེན་མཚམས་ཁང་བཟོས་ཏེ་དེའི་ནང་མཚམས་བསྡམས་སྟངས་དེ་སྔགས་བསགས་སྡོད་ རྒྱུ་གཅིག་པུ་མིན་པར། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་རྒྱུད་སྨད་ཀྱི་ཆོས་སྐོར་གནང་སྟེ་བཞུགས་པའི་ སྐབས་མཚམས་ཁང་ནང་མཁྱེན་སྲུང་གི་དམིགས་སྣང་བརྒྱ་དང་ཉི་ཤུ་རྩ་གསུམ་སྒོམ་པ་ ཡིན་ཞེས་རྣམ་ཐར་ནང་ཡོད། དེ་ལྟ་བུ་ཧ་ཅང་གི་གལ་ཆེན་པོ་འདུག སྔགས་གྲངས་བསྡད་པ་ཙམ་མིན་པར་ཟླ་དྲུག་དང། ལོ་གཅིག ཡང་ན་ལོ་ཤས་བཞུགས་ན་བཞུགས་རྒྱུ་ཡོད་པ་བྱས། སྒོམ་རྒྱག་རྒྱུ་དེ་དངོས་གནས་ང་ཚོའི་ཆོས་རའི་ནང་ཕར་ཕྱིན་ནས་བཟུང་ས་བཅུ་ལམ་ ལྔ་གྲངས་བསྡད་ནས་ས་བཅུ་ལམ་ལྔ་ཁོ་ནར་མཛུབ་མོ་བཙུགས་ཏེ་ས་བཅུ་ཡོད་རེད་ལམ་ལྔ་ ཡོད་རེད་ཅེས་བརྗོད་པ་ཙམ་མ་གཏོགས་སོ་སོའི་བརྒྱུད་ལ་ས་བཅུ་ལམ་ལྔ་སྐྱེས་ རྒྱུའི་སྐོར་དོ་སྣང་བྱེད་ཀྱི་མི་འདུག དེར་བརྟེན་ཕར་མཛུབ་མོ་བཙུགས་ཏེ་བླ་མ་མ་ཎི་ཐོན་པ་ལྟ་བུ་མ་ཡིན་པར་སོ་སོའི་ བརྒྱུད་ལ་ལམ་ལྔ་རིམ་གྱི་བརྒྱུད་ལ་སྐྱེས་ཐེག་ཆེན་དབང་དུ་བྱས་པའི་ས་བཅུ་ བརྒྱུད་ལ་སྐྱེས་རྒྱུ་ཞེས་པ་དེ་སྐྱེས་ཀྱང་མ་སྐྱེས་ཀྱང་ཨུ་ཚུགས་རྒྱག་དགོས། དེ་དགེ་ལྡན་ཕྱོགས་ལ་ཕྲན་བུ་ཤུགས་བརྒྱབ་ཐུབ་ན་ས་སྐྱ་ལ་ས་སྐྱ་མཐོ་སློབ་ (College) དང་སྒྲུབ་ཁང་ཆེ་ཐག་ཆོད་ཡོད། ཕྱིས་སུ་གྲྭ་ཚང་ཚང་མས་གྲྭ་ཚང་གི་ས་ཁུལ་ཅུང་དབེན་ས་ཞིག་ལ་གཞི་གནས་སྒོམ་རྒྱུ་ ལྟ་བུ་སྒོམ་ས་ཞིག་ངེས་པར་དུ་བཟོས་དགོས། ངོས་རང་ལྟ་བུ་ཆ་བཞག་ན་གཞི་གནས་ཤིག་མ་སྒོམ་པར་ཐབས་མི་འདུག་བསམ་དྲན་གྱི་ཡོད། བྱང་ཆུབ་ཀྱི་སེམས་སྐྱེས་མེད་ནའང་མྱོང་བ་དམིགས་བསལ་ཞིག་ཡོད་པ་ལྟ་བུ་རེད། སྟོང་ཉིད་ཀྱི་ལྟ་བར་མྱོང་བ་དམིགས་བསལ་ཞིག་ཡོད་པའི་བཟོ་འདྲ་རེད། ལ་ཐོགས་ས་དེ་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་བསླེབས་ཡོང་དུས་འགུལ་སྐྱོད་ རྒྱག་ས་རྩ་བ་ནས་ནས་མི་འདུག ངོ་ཐོག་ས་ལམ་འགྲོལ་རྒྱུའི་སྐད་ཆ་བཤད་ན་རྩེ་གཅིག་ཏུ་གཞི་གནས་མེད་ན་ཐབས་མེད་ པ་ཞིག་རེད། དེ་ང་ཚོས་སྒྲིག་འཛུགས་ཀྱི་ཐོག་ནས་བཟོ་དགོས་རྒྱུ་རེད་འདུག གྲྭ་བ་སོ་སོས་བྱེད་དགོས་རེད་ཅེས་མ་བཞག་པར་སྒྲིག་འཛུགས་ཀྱི་ཐོག་ནས་བཟོས་ཏེ། ཁ་ཤས་མཚན་མཚམས་བཞུགས་མཁན་ཡོང་སྲིད་པ་རེད། མཚམས་སྡོད་སྐབས་སྔགས་གྲངས་རྒྱུ་ཙམ་མིན་པར་ངོ་ཐོག་ཏུ་སྒོམ་བརྒྱབ་ནས་ས་ལམ་ གྱི་རྟོགས་པ་རྒྱུད་ལ་སྐྱེ་ཐུབ་རྒྱུ། ཚོགས་ལམ་ཆུང་བ་དང་ཚོགས་ལམ་འབྲིང་། བཀྲ་ཤིས་འཁྱིལ་དུ་སྔ་མོ་འདི་ལྟར་ཤོད་ཀྱི་འདུག དགེ་བཤེས་ཁ་ཤས་འབྱོར་ལམ་པ་རེད་ཅེས་ཤོད་རྒྱུ་དེ་འདྲ་ཡོང་གི་འདུག ཉེ་ཆར་ཐེ་ལན་ནས་པར་ཞིག་ལག་སོན་བྱུང་བ་དེའི་ནང་དགེ་འདུན་བགྲེས་པོ་བདུན་ བརྒྱད་ཅིག་འདུག ཡོངས་གྲགས་སུ་རྩིས་སྟངས་དེ་ཁོ་རང་ཚོ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད་ཅེས་ རྩིས་ཀྱི་འདུག ཡིན་ནའང་ཞིབ་ཚགས་བཤད་ན་ཐུན་མོང་མ་ཡིན་པའི་ཉོན་རྨོངས་ཞེས་དབྱེ་བ་ཕྱེ་སྟེ་ ཉོན་རྨོངས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཕྱེ་སྟེ། མངོན་པ་ནས་བཤད་པའི་ཐུན་མིན་གྱི་དགྲ་བཅོམ་པ་དགྲ་བཅོམ་པ་མིན་ཞེས་ཤོད་རྒྱུ་ ཡོད། དེ་ཡང་བསམ་བློ་གཏོང་རྒྱུ་ཡོད།

འོན་ ཀྱང་འགྲིག་གི་འདུག འདོད་པའི་ཉོན་རྨོངས་མངོན་འགྱུར་བ། མགོ་གནོན་ཏེ་རེ་ཞིག་སྐྱེ་རྒྱུ་མེད་པ་ཞིག་བྱུང་ན་དེ་གའི་འགྲིག་གི་འདུག ང་ཚོས་ཡིན་གཅིག་མིན་གཅིག་འདི་འདྲ་ཞིག་སྲོལ་གཏོད་དགོས་ཀྱི་འདུག ཚུར་ཕྱོགས་དེར་བཤད་སྒྲ་སྤུས་དག་ཡོད་པའི་ཐོག་སྒོམ་ཁང་བཙུགས་ཏེ་དེ་འདྲའི་ཐོག་ ནས་སྒྲུབ་པ་རྩེ་གཅིག་བྱེད་རྒྱུ་སྲོལ་གཏོད་དགོས། ཕར་ཕྱོགས་དེར་ཆོ་ག་ཕྱག་ལེན་བཏོན་པའི་ཐོག་ནས་རྩེ་གཅིག་སྤྲོས་བྲལ་རོ་གཅིག་ སྒོམ་མེད་དེ་འདྲའི་ཉམས་ལེན་བྱེད་མཁན་ཡང་ཡོད། ངོས་རང་སྔོན་ལོ་ཀུ་ལུའི་ལ་བརྒྱབ་ཏེ་ལ་གཤམ་དེར་ཉིན་གུང་ཁ་ལག་བཟས་ནས་ཕྲན་བུ་ སྡོད་སྐབས། དེར་ཡུལ་པ་ཁ་ཤས་སྔོན་མ་ནས་ངོ་ཤེས་དེ་འདྲ་ཡོད་པ་སོགས་ཁོང་ཚོ་དང་སྐད་ཆ་བྱུང། ང་ཚོའི་སངས་རྒྱས་པའི་ཆོས་ཟེར་བ་དེ་གང་རེད་དམ་ཞེས་དྲིས་པས། ཁོང་ཚོས་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར་བ་དེ་སངས་རྒྱས་པའི་ ཆོས་རེད་ཅེས་བརྗོད་བྱུང། ངོས་ཀྱིས་དེ་ཡག་པོ་རེད་ཅེས་བརྗོད་པ་ཡིན། དེ་ནས་ངོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དང་དབང་ཕྱུག་གཉིས་གཅིག་པ་རེད་པས་ དྲིས་པར་གཅིག་པ་རེད་ཅེས་བརྗོད་བྱུང། ཨ་ནི་བཙོག་རྟགས་བཏོན་ཡོང་གི་འདུག སྐབས་དེར་ངས་འདི་དྲན་པ་རེད། སྔོན་མ་བོད་ལ་འདི་ལྟར་གསུང་རྒྱུ་འདུག བླ་མ་ཞིག་གིས་གསུང་ཆོས་གནང་སྐབས་ཚེ་དབང་བསྐུར་རྒྱུ་དང་ཆོ་ག་སོགས་བཏོན་ཏེ་ རྡོ་རྗེ་དྲིལ་བུ་དང་ཌ་མ་རུ་བཀྲོག་རྒྱུ་དེ་དག་ཤེས་ཀྱི་རེད། དེ་དག་བྱེད་སྐབས་སློབ་མ་ཞིག་ཡར་ལངས་ཏེ་སངས་རྒྱས་ཞེས་པ་གང་དུ་ཡོད་དམ་ཞེས་ ཞུས་པར། བླ་མས་ཕྲན་བུ་དགོངས་པ་བཞེས་ཏེ་སངས་རྒྱས་ཟེར་བ་དེ་མཛུབ་མོ་གནམ་ལ་བསྐྱངས་ཏེ་ མི་མངོན་གནམ་མཁའི་དབྱིངས་ཤིག་ལ་ཤེལ་གྱི་ཁང་པའི་ནང་འོད་འཚེར་རེར་བཞུགས་ཡོད་ ཅེས་བརྗོད་པ་རེད། དེར་བརྟེན་སློབ་སྦྱོང་མ་བྱས་ན་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཆོས་ལ་སྐྱབས་སུ་ མཆིའོ་ཟེར་རྒྱུ་ལས་སླ་པོ་རེད། སངས་རྒྱས་ཞེས་པ་དེ་རྒྱུ་དང་ངོ་བོ་གང་ཡིན་པ། དེའི་བྱེད་ལས་ག་རེ་ཡིན་པ་ཤེས་དགོས་པ་ལས་དེ་དག་མ་ཤེས་ན་དགོས་པ་གང་ཡང་མེད། སྐྱབས་གནས་གསུམ་ངོ་ཤེས་པའི་ཐོག་ནས་སྐྱབས་འགྲོ་ཚིག་གཅིག་བཏོན་པ་ཡིན་ན། སྐྱབས་འགྲོ་ངོ་མ་ཤེས་པའི་ཐོག་ནས་སྐྱབས་འགྲོ་འབུམ་གཅིག་བསགས་པ་དང་ཕན་ཡོན་ རྩིས་ན། སྐྱབས་འགྲོ་ངོ་འཕྲོད། སྐྱབས་འགྲོའི་གནད་ཤེས་པའི་ཐོག་ནས་སྐྱབས་འགྲོ་ཚིག་གཅིག་བཏོན་ན་དེ་བྱིན་རླབས་ ཆེ་བ་ཡོད། བཤད་རྒྱུ་མེད་ན་དེ་ག་རང་རེད། ཨི་ཊ་ལིར་ཡི་ཤུའི་བླ་མ་ཞིག་དང་ངོས་གཉིས་གྲོགས་པོ་ཆགས་སོང་། ངོས་ཀྱིས་ལྷག་བསམ་རྣམ་དག་ཐོག་ཁོང་ལ་དཀོན་མཆོག་ཟེར་བ་དེ་ངོ་བོ་གང་འདྲ་རེད། དེ་གང་འདྲ་རེད་ཅེས་དྲིས་པ་ཡིན། ཁོང་གིས་ང་ཚོར་དེ་འདྲའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་བྱུང། མེད་ན་བྱེད་རྒྱུ་གང་ཡང་མེད། སངས་རྒྱས་པའི་ཆོས་ལ་ང་རང་ཚོས་མ་བསླབ་པ་རེད་མ་གཏོགས་འགྲེལ་བཤད་རྒྱག་རྒྱུ་ཧ་ ཅང་མང་པོ་ཡོད། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་མ་བསླབ་པར་བཞག་ན་ཧ་ཅང་ཕང་པོ་རེད། དེར་བརྟེན་དེ་རིང་སང་བཀའ་འགྱུར་བསྟན་འགྱུར་པོད་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་ དག་ང་ཚོའི་ཀློག་དེབ་རེད་ཅེས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། བྱས་ཙང་ཚུར་ཕྱོགས་དེར་བཤད་སྒྲའི་ཐོག་འཐུས་ཤོར་ཕྲན་བུ་ཡོད་པ་དེ་དག་བཤད་ སྒྲའི་ཐོག་ཤུགས་བརྒྱབ། ཚུར་ཙམ་དེར་སྒྲུབ་སྒྲའི་ཐོག་ཕྲན་བུ་འཐུས་ཤོར་ཡོད་པ་དེ་སྒྲུབ་སྒྲའི་ཐོག་ ཤུགས་སྐྱོན་ན་བསམ་ངོས་འདི་གཅིག་ཞུ་འདོད་བྱུང། ས་སྐྱའི་དགོན་པ་ཞིག་གི་ངོས་ལ་བཤད་བྱུང། གྲྭ་པ་ཐོག་མ་སྒྲིག་ཏུ་བཞུགས་པའི་སྐབས་སྔོན་དང་པོ་དགེ་ཚུལ་ཀྐ་རི་པ་ཁྲིད་ཀྱི་ རེད་ཅེས་བརྗོད་བྱུང། དེ་ཡང་ཡག་པོ་འདུག མཁན་པོའི་མདུན་དུ་སྐྲ་ཕུད་ཕུལ་ཏེ་བཞུགས་པ་དང་མི་ག་ཚོད་ཡོད་ཀྱང་དགེ་རྒན་ཞིག་ ལ་རྩིས་སྤྲད་དེ་དགོན་པར་བཞུགས་མ་ཐག་དགེ་ཚུལ་གྱི་གཏན་འབེབས་སློབ་ ཚན་(Curriculum) ཁྲིད་རྒྱུ་བྱུང་ན་ཡག་པོ་འདུག གང་ལྟར་སྙིང་པོ་དེ་སྔ་ཕན་ཆད་ང་ཚོ་ལོ་བརྒྱ་ཕྲག་རིང་ད་ལྟ་བཞིན་འགྲིག་བསྡད་པ་ དེ་ད་ལྟ་མ་འགྲིག་པ་གང་ཡོད་ཅེས་པའི་བསམ་བློ་དེ་ཕར་བཞག་སྟེ། ང་ཚོར་སྤུས་དག་པོ་ཞིག་ཡོད་པར་གཞི་བཞག་པའི་ཐོག་ད་དུང་ཡར་རྒྱས་གཏོང་དགོས་ རྒྱུ་གང་འདུག་དེར་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཚད་མ་སྦྱོང་རྒྱུར་འཇང་དགུན་ཆོས་ཚོགས་ཀྱི་ཡོད། ཁ་སེང་ལྷག་རྡོར་ལགས་ཀྱིས་བསམ་འཆར་ཞིག་བཤད་སོང། ང་ཚོས་ཕྱིས་སུ་ཚན་རིག་གི་འཇང་དགུན་ཆོས་ལྟ་བུ་ཚན་རིག་ཟབ་སྦྱོང་འཚོགས་རྒྱུའི་ དུས་ཚོད་ཅིག་བཟོས་ཏེ་ས་ཆ་ཁ་ཐུག་ཁ་ཐུག་གཏན་འཁེལ་རྒྱུ་རེད། གཏན་འཁེལ་ནས་རིས་མེད་ཆོས་བརྒྱུད་ཁག་ནས་འཛོམས་རྒྱུའི་དུས་ཚོད་བཟོས་ན་ཡག་པོ་ མེད་དམ་ཞེས་བརྗོད་བྱུང། དུས་ཡུན་ཟླ་བ་གཅིག་གམ་གཉིས་རིང་ཚོགས་ན་འགྲིག་གི་འདུག གྲྭ་ཚང་སོ་སོའི་ནང་འབ་སུ་བསྡུས་ལ་མ་བསྡུས་དེ་འདྲ་མིན་པར་ས་ཆ་གཅིག་ལ་འཛོམས་ ནས་ཚོགས་ན་ཡག་པོ་མེད་དམ་ཞེས་ཉེ་ཆར་ལྷག་རྡོར་ལགས་ཀྱིས་བརྗོད་བྱུང་། དེ་ཧ་ཅང་ཡག་པོ་འདུག ཚོགས་འདུའི་ཐོག་རང་གི་བསམ་འཆར་ཤོད་ཅེས་བརྗོད་པ་ཡིན། དེདེ་རིང་འདི་གར་ཁོ་རང་མེད་པར་བརྟེན་ངོས་ཀྱིས་ཚབ་ཞུབྱས་ནས་བཤད་པ་ཡིན།

ཁ་ སྔོན་ཀརྨ་པ་རིན་པོ་ཆེ་དང་བཀའ་མོལ་བྱུང། སོ་སོའི་གཞུང་ཆེན་ལྟ་རྒྱུ་དང་སོ་སོའི་རང་གཞུང་གཙོ་བོ་བྱས་ནས་ཡིག་ཆ་འདྲ་མིན་ བལྟ་ཐུབ་པ་བྱུང་ན་ཡག་པོ་འདུག་ཅེས་བཀའ་བཀའ་མོལ་བྱུང། དེ་བདེན་པ་བདེན་ཀྱང་རེད། དགེ་ལུགས་ཡིན་ནའང་ཡབ་སྲས་གསུམ་དང་སོ་སོའི་ཡིག་ཆ་དེ་དག་བལྟ་གི་ཡོད། དེའི་ཐོག་ས་སྐྱའི་མཁས་པ་ཚོས་མཛད་པའི་གཞུང་དང་གཞུང་འགྲེལ་དང་། དེ་བཞིན་བཀའ་བརྒྱུད། རྙིང་མ་མཁས་པ་ཚོས་མཛད་པའི་གཞུང་འགྲེལ། བོན་པོའི་མཁས་པས་ཡོད་ན་དེ་དག་བལྟ་ཐུབ་ན་ཡག་པོ་ཡོད། སྔོན་མ་ཐེངས་གཅིག་རིགས་གཅིག་རྐང་འཛིན་བྱུང་ན་ཡག་པོ་འདུག་ཅེས་བསམ་ཚུལ་ཞུས་ ཡོད།  ཕར་ཕྱིན་རིགས་གཅིག་རྐང་འཛིན། དབུ་མ་རིགས་གཅིག་རྐང་འཛིན་བྱུང་ན་ཞེས་ཞུས་ཡོད། རིགས་གཅིག་རྐང་འཛིན་བྱས་ན་དུས་ཚོད་ཡོད་པས་བལྟ་ལོང་ཡོད་པ་བྱས། དཔེར་ན།ཕར་ཕྱིན་རིགས་གཅིག་རྐང་འཛིན་བྱས་ན། རྒྱ་གཞུང་ཉེར་གཅིག་ཞེས་པ་སོགས་ཆ་ཚང་བལྟ་ཐུབ་པ་ཞིག་དང་དེའི་ཁོངས་ཀྱི་མདོ་དེ་ དག་ཆ་ཚང་རྒྱུས་ཡོད་པ་ཞིག་བྱུང་ན་ཡག་པོ་འདུག དེ་མིན་ཕྱོགས་གཅིག་ཚང་མས་མཁྱེན་གཞུང་གཅིག་གི་ཐོག་དམིགས་བསལ་རིགས་གཅིག་རྐང་ འཛིན་བྱས་པ་མིན་དུས་གཞུང་ཆ་ཚང་ཞིག་མ་མཁྱེན་པ་དེ་འདྲ་ཡོང་གི་འདུག སྔོན་མ་ལོ་མང་གོང་ནས་ངོས་ཀྱིས་རྒན་པདྨ་རྒྱལ་མཚན་བཞུགས་པའི་སྐབས་སུ་བསམ་འཆར་ འདི་བཤད་པ་ཡིན། དེ་འདྲ་བྱས་ནས་ལུས་པ་རེད། སྔོན་མ་རྒན་པདྨ་རྒྱལ་མཚན་སྐབས་ནས་བཀའ་མོལ་བྱུང་བ་རེད་དེ་ལག་བསྟར་བྱེད་མཁན་ ད་ལྟའང་མེད་པ་ལྟ་བུ་རེད། ད་ཆ་དེ་ལྟར་མ་བཞག་པར་ཕྲན་བུ་འགུལ་སྐྱེད་རྒྱག་དགོས་ཀྱི་འདུག སྔོན་མ་ཚན་རིག་སྐོར་དེ་འགོ་སྟོད་ཕྲན་བུ་ཐེ་ཚོམ་ཡོད་པ་དེ་འདྲ་བྱུང་ཡོད་རྗེས་ སུ་ང་ཚོས་གོ་བསྡུར་བྱས་ཏེ་འགྲེལ་བཤད་བརྒྱབ་པས་ཕྱིས་སུ་ཚང་མས་ཐུགས་སྣང་གནང་ རྒྱུ་བྱུང་ཡོད། དེ་ཚོའི་གྲས་ལ་ང་ཚོས་ལས་འགུལ་གསར་པ་སྤེལ་རྒྱུ་གལ་ཆེན་པོ་རེད་འདུག ས་སྐྱ་མཐོ་སློབ་ལྟ་བུར་ཆ་བཞག་ན་ས་སྐྱའི་རང་གཞུང་མ་རྩར་བཞག་པའི་ཐོག་དགེ་ལྡན་ པའི་གཞུང་དང། རྙིང་མ། བཀའ་བརྒྱུད་པའི་གཞུང་། དེ་བཞིན་རྙིང་མ་བཀའ་བརྒྱུད་ལྟ་བུ་ཡིན་ན་རང་གཞུང་གཞིར་བཞག་པའི་ཐོག་གཡས་གཡོན་ གྱི་གཞུང་ག་ཚད་མང་མང་ཞིག་གཟིགས་ཐུབ་པ་བྱུང་ན་ཡག་པོ་ཡོད། ངོས་སྨན་རི་དགོན་པར་ཚར་གཉིས་གསུམ་བསླེབས་པ་རེད། ཁོང་ཚོས་རྩོད་པ་རྩོད་སྐབས་ཧ་ཅང་ཡག་པོ་འདུག ཧ་ཅང་གི་འཕེར་པོ་འདུག འཇང་དགུན་ཆོས་ལྟ་བུ་ཕར་ཕྱིན་ཟླ་གཅིག་རིང་འཚོགས་རྒྱུ་དང། ཡང་ཟླ་གཅིག་རིང་དབུ་མ་འཚོགས་རྒྱུ་སོགས་བྱས་ན། དེ་དུས་ས་སྐྱའི་ཁོངས། རྙིང་མའི་ཁོངས། བཀའ་བརྒྱུད་ཁོངས། དགེ་ལུགས་ཁོངས། བོན་པོ། ཇོ་ནང་བཅས་ཚང་མ་སོ་སོའི་འདོད་མོས་ཐོག་འཚོགས་རྒྱུ་བྱུང་ན་ཡག་པོ་མེད་དམ་སྙམ་ པ་དྲན་བྱུང། གང་ལྟར་བཤད་སྒྲ་དང་སྒྲུབ་སྒྲ་ཡར་རྒྱས་གཏོང་རྒྱུ་གཅིག་བྱས།

དེ་ ནས་དེ་རིང་ཁ་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ལའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཕྲན་བུ་ ཡོང་གི་ཡོད། དེ་དག་ལ་སྐབས་རེ་དེ་ཙམ་གྱི་འདེང་འཁེལ་པ་དང་ཚད་ལོང་བ་ཞིག་མེད་མཁན་གྱི་མི་དེ་ འདྲ་ཕྲན་བུ་ཡོང་གི་ཡོད་ལ་ལྟ་བུ་འདུག དེ་ཚོ་གྲས་ཆོས་བརྒྱུད་རང་རང་གི་དབུ་ཁྲིད་ཚོས་ཐོག་ནས་འབྲེལ་ཡོད་རྣམས་ལ་ཕྲན་ བུ་ཐུགས་སྣང་གནང་རྒྱུ་གལ་ཆེན་པོ་འདུག ཉེ་ཆར་ངོས་རང་ས་ཆ་ཞིག་ལ་འབྱོར་སྐབས་བོད་པའི་གྲྭ་ཆས་གྱོན་པ་ཁྱོ་ག་གཅིག་དང་ སྐྱེ་དམན་ཞིག་འདུག ཞིབ་ཁྲ་ངོས་ཀྱིས་རྩད་ཆོད་གང་ཡང་བྱས་མེད། ལྷང་ལྷང་གོ་ཐོས་ལ་བཟའ་ཚང་རེད་ཟེར་བ་ཞིག་གོ་བྱུང། རྒན་ཆོས་བྱས་པ་ཡིན་ན་གནས་ཚུལ་ཐ་དད་རེད། གཞན་ཡང་ད་ལྟ་ཡང་བཟའ་ཚང་བྱས་ཁྱོ་ག་དང་སྐྱེ་དམན་གཉིས་ཀས་གྲྭ་ཆས་གྱོན་ན་ཡག་པོ་ མི་འདུག ཟླ་ཤས་གོང་ལ་བོད་ནས་གསར་འབྱོར་ཡོང་མཁན་ཚོ་ཁག་གཅིང་ངོས་དང་ཐུག་པ་རེད། དེའི་ནང་ཕོ་གསར་ཞིག་འདུག སྐྲ་འཇམ་པོ་བྱས་གྲྭ་ཆས་གོས་ཆེན་བསྟོད་འགག་གྱོན་པ་ཞིག་འདུག ངོས་ཀྱིས་ཁྱེད་རང་གྲྭ་པ་ཡིན་ནམ་ཨ་ཁུ་ཡིན་ནམ་དྲིས་པ་ཡིན། ཁྱེད་རང་ཨ་ཁུ་ཡིན་ན་གྲྭ་ཆས་འདི་ཕུད། སྔགས་ལྕང་ཡིན་ན་སྔགས་ལྕང་གོས་དཀར་ལྕང་ལོའི་སྡེའི་འགྲོ་སྟངས་དེ་བྱེད་དགོས་ རེད། ཁྱེད་རང་གྲྭ་པ་ཡིན་སྐྲ་དེ་གཅོད་ཅེས་བརྗོད་པ་ཡིན། ཐུག་པ་དང་པོ་རེད། ངོས་ཀྱིས་ཐད་ཀར་ལབ་པ་ཡིན། བྱས་ཙང་དེ་ཚོ་གྲས་དེ་ཁ་སྔོན་རིན་པོ་ཆེ་ངེད་གཉིས་སྐད་ཆ་བྱུང། སྔ་མོ་བོད་ལ་དད་པ་དག་སྣང་བྱས་ནས་འགྲོ་རྒྱུའི་གནས་ཚུལ་དང་དེ་རིང་ཁ་སང་དོགས་ པ་ཐེ་ཚོམ་བྱས་ནས་བལྟ་མཁན་གྱི་དཀྱིལ་ལ་དེ་འདྲ་བྱས་ན་རྩ་བ་ནས་ཡག་པོ་མི་འདུག རྒྱ་གར་སྒྲུབ་ཆེན་ཚོར་ཆ་བཞག་ན་པཎ་ཆེན་ནཱ་རོ་པ་དང་བི་ཝ་པ་ལ་སོགས་པས་དང་པོ་ ནཱ་ལེནྡྲར་སློབ་གཉེར་གནང་སྟེ་དགེ་བཤེས་བཏང་། དེ་རྗེས་རྫོགས་རིམ་གྱི་རྟོག་པ་མཐོན་པོའི་མཚམས་ལ་བསླེབས་དུས་རིག་མ་བསྟེན་ རྒྱུ་སོགས་བྱས་ནས་དགོན་པར་བཞུགས་ཀྱི་མེད། བྷིབ་པ་ནཱ་ལེནྡྲ་ནས་ ཕྱིར་འབུད་བྱས་པའི་སྐད་ཆ་ཡང་ཡོད། ཁོང་རང་བྱ་བྲལ་གྱི་བཟོ་འདྲ་རེད། དངོས་གནས་རང་བྱ་བྲལ་བྱས་ཏེ་ཕེབས་མཁན་དེ་འདྲ་ཡོང་གི་ཡོད་པ་རེད་མ་གཏོགས། ངོས་ཀྱིས་དཔེ་མཚོན་ཞིག་ཞུས་ན་འགྲིག་གི་འདུག ཉེ་ཆར་མེཀ་སི་ཁོར་བོད་པའི་འགྲེམས་སྟོན་ཞིག་བཟོས་འདུག ཧ་ཅང་ཡག་པོ་རེད། ལྷག་སྐྱེས་ནས་ང་ཚོའི་པར་རིགས་ཀྱི་ལམ་ནས་བོད་ནང་རྒྱ་མིས་སྡུག་པོ་ཇི་ལྟར་ གཏོང་གི་ཡོད་མེད་འགྲེལ་བཤད་དང་བཅས་ཧ་ཅང་ཡག་པོ་འདུག  དེ་བཞིན་ང་ཚོ་བཙན་བྱོལ་བ་ཇི་ལྟར་ཡོད་མེད་འགྲེལ་བཤད་ཧ་ཅང་ཡག་པོ་འདུག བཀའ་དྲིན་ཆེ་ཞེས་བརྗོད་པ་ཡིན། ཚུར་ཕྱོགས་དེར་མཆོད་ཁང་ཞིག་བཟོས་འདུག དེའི་ནང་ཆོས་རྫས་དང་སྐུ་ཐང་ཁ་ཤས་འདུག དེའི་དཀྱིལ་དེར་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཕྲུ་ལྔ་ལྷག་ཙམ་ཞིག་འདུག དེའི་སྐུ་རྒྱབ་དེར་སློབ་དཔོན་ཐུགས་རྗེ་ཅན་གྱི་སྐུ་ཐང་ཞིག་འདུག ཐུབ་དབང་སྐུའི་གཡོན་དེར་རིགས་གསུམ་མགོན་པོ་ཞིག་འདུག གཡས་ངོས་སུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཀུན་བཟང་ཡབ་ཡུམ་འདུག ཁ་ཐུག་དེར་ཡག་པོ་རེད་མ་གཏོགས་གང་ཡང་མ་བཤད། རྗེས་སུ་ཚུར་བསླེབས་ཏེ་འབྲེལ་ཡོད་མི་ཞིག་ལ་དེ་མ་བཞག་ཅེས་བརྗོད་པ་ཡིན། ཀུན་བཟང་ཡབ་ཡུམ་ཞེས་ཀུན་ཏུ་བཟང་པོ་དང་ཀུན་ཏུ་བཟང་མོ་གཉུག་མ་ལྷན་ཅིག་སྐྱེས་ པའི་འོད་ཟེར་དང། ཡུལ་སྟོང་པ་ཉིད་བྱས་ཏེ་ཀུན་ཏུ་བཟང་པོ་དང་ཀུན་ཏུ་བཟང་མོ་དེ་ལྟར་རེད། ཆོས་སྐུ་ཀུན་ཏུ་བཟང་པོ། ལོང་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་གསུངས་པ་ཡིན་ནའང་རེད། ཆོས་སྐུ་སྣང་བ་མཐའ་ཡས། ལོང་སྐུ་ཐུགས་རྗེ་ཆེན་པོ་ཞེས་བཞག་གི་ཡིན་ནའང་རེད།  གང་ལྟར་དེ་འདྲའི་ཐོག་ནས་དངོས་གནང་ཐབས་ཤེས་དབྱེར་མེད་དེ་གཅེར་བུར་བཞུགས་ རྒྱུ་དེ་གློ་བུར་བའི་རྣམ་རྟོག་ལ་བརྒྱུད་མི་དགོས་པ་ཐད་ཀར་རིག་པ་རྗེན་ལ་ཕུལ་ ནས་དེ་ལྟ་བུའི་ཉམས་ལེན་བྱེད་རྒྱུ་དེ་ལྟ་བུའི་མཚོན་དོན་ཁྱད་པར་ཅན་ཞིག་ཡོད་ པའི་སྒོ་ནས་ཀུན་བཟང་ཡབ་ཡུམ་སྐུ་གཅེར་བུ་བྱས་ནས་ཡོད་པ་རེད། དེ་འདྲ་རེད་ཅེས་ངོས་ཀྱིས་ལབ་པ་ཡིན། དེ་ཁོ་རང་ཉམས་ལེན་གྱི་གནད་ཤེས་མཁན་ཞིག་གི་རྟེན་ལ་བཞག་རྒྱུ་རེད་མ་གཏོགས། དེ་བོད་ཀྱི་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་སའི་འགྲེམས་སྟོན་ནང་དེར་བཞག་ན། ཐེ་ལན་ཌི་དང་། འབར་མ། སིངྒ་པུར་ནས་ཕེབས་པའི་དགེ་སློང་གཅིག་དེར་ཕེབས་ན་ག་རེ་དགོངས་ཀྱི་རེད་དམ། ང་ཚོའི་སྟོན་པ་བཅོམ་ལྡན་འདས་འདུལ་བ་འཛིན་པ་དེ་དམར་ཧྲེང་མར་སྐྱེ་དམན་ཞིག་གི་ མཉམ་བཞུགས་བཞག་ལབ་ན་གང་འདྲ་བཟོ་འདྲ་ཆགས་སོང། འདི་རྩ་བ་ནས་ཡག་པོ་མིན་འདུག འདི་ཡར་བསྡུས་ཞེས་བརྗོད་པ་ཡིན། ཁོ་པ་ཚོས་དེ་རིང་རང་བསྡུ་གི་ཡིན་ཞེས་བརྗོད་བྱུང།

བཅོམ་ ལྡན་འདས་ཡིན་ནའང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་དེ་དག་ལས་དང་སྨོན་ལམ་ གྱི་བསྐལ་པ་ལྡན་པའི་འདུལ་བྱ་བྱེ་བྲག་པ་གཅིག་ལ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་ དུ་བཞེངས་ནས་གསུངས་ཡོད་པ་རེད་མ་གཏོགས། བཅོམ་ལྡན་འདས་དགེ་སློང་གི་གྲྭ་ཆས་མར་ཕུད་ནས་ཡུམ་དང་ལྷན་དུ་སྦྱར་ཏེ་གསང་ སྔགས་གསུངས་པ་གཅིག་ཀྱང་མེད། བྱ་རྒྱུད་ཁ་ཤས་དགེ་སློང་གི་རྣམ་པ་དེ་གའི་ཐོག་གསུངས་པ་རེ་ཟུང་ཡོད་པ་རེད། གཞན་ཆགས་འབྲེལ་གྱི་སྤྱོད་པ་ཕར་བཞག་ཆར་ཅན་གྱི་ནམ་རྒྱུན་དཀྱིལ་འཁོར་གྱི་རྣམ་ པ་གསུངས་པ་མ་གཏོགས་མེད། དེར་བརྟེན་དེའི་སྐོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་མ་ཤེས་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཟེར་རྒྱུ་དེ་བཅོམ་ལྡན་འདས་ཀྱི་ ཡོངས་གྲགས་བྱས་ཏེ་མ་གསུངས་པར་བརྟེན། ཡོངས་གྲགས་ཀྱི་ལོ་རྒྱུས་ནང་འཁོད་མེད་པས་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་བཤད་ ཀྱི་ཡོད། བཅོམ་ལྡན་འདས་རང་གི་འཚམ་གནང་སྟེ་གསུངས་པ་དེ་ང་ཚོས་ཐེར་ཐེར་བཟོས་པ་ཡིན་ན་ཡག་ པོ་མིན་འདུག ལོག་རྟོག་མང་པོ་སྐྱེས་རྒྱུའི་ཉེན་ཁ་ཡོད། ཉེ་ཆར་ཐེ་ཝན་གྱི་ཚགས་པར་ཞིག་གི་ནང་རྩོམ་ཡིག་རིང་པོ་ཞིག་བྲིས་འདུག བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་ཆོས་རྣམ་དག་མ་རེད། ལམ་རིམ་ལྟ་བུའི་ཐོག་ནས་བློ་སྦྱོང་སྟངས་མང་པོ་ཞིག་ཡོད། མཐའ་མའི་དམིགས་ཡུལ་དེ་རིག་མ་བསྟེན་རྒྱུ་དོན་དུ་རེད། དེ་ལྟར་བཤད་འདུག དེ་ཚོ་གྲས་དེ་ང་ཚོས་ཟབ་མོ་ཡིན་མདོག་མདོག་བྱས་ནས་འདུལ་བ་དང་མ་མཐུན་པ་ཞིག་ སྟོན་སྐབས་ཁྱོ་ནས་ཡག་པོ་མི་འདུག ང་རང་ཚོས་ཐུན་མོང་དང་ཐུན་མ་ཡིན་པ་ཤེས་ཏེ་ས་ལམ་གྱི་རྟོགས་པ་འདེང་འཁེལ་བ་ཞིག་ ཡོད་པའི་ཐོག་ནས་ཉམས་ལེན་བྱེད་རྒྱུ་དེ་སྒེར་སོ་སོས་བྱེད་རྒྱུ་ཞིག་རེད་མ་ གཏོགས་ཡོངས་གྲགས་བྱས་ཏེ་བྱེད་རྒྱུ་ཞིག་མིན། དེར་བརྟེན་དེ་ཚོའི་གྲས་ལ་ཡིན་ཅིག་མིན་ཅིག་དགོངས་པ་བཞེས་དགོས་ཀྱི་འདུག དོན་ཚན་གཉིས་པ་ངོས་རང་གི་སྒེར་དོན་ཞུ་རྒྱུ་ཡིན།

ང་ ཚོས་མང་གཙོའི་སྟེང་ལག་ལེན་མཐིལ་ཕྱིན་པ་ཞིག་བསྐྱལ་པ་རེད། དེའི་རྒྱུ་མཚན་ཐོག་མར་ངོས་རང་བོད་ལ་ཡོད་པའི་སྐབས་ནས་རྭ་སྒྲེང་རྒྱལ་ཐོག་དང་ དེ་ནས་སྟག་བྲག་རིན་པོ་ཆེའི་སྐབས་ངོས་ལ་གསར་འགྱུར་ཤོད་མཁན་དེ་གད་པ་དེ་ཚོའི་ གྲས་རེད། རྒྱལ་པོས་དྲང་པོ་མ་བྱས་པ་དང་འོག་གི་ཕྱག་མཛོད་དེ་ཚོས་མགོ་འདྲེན་བཏང་བའི་ལོ་ རྒྱུས་མང་པོ་ཤོད་ཀྱི་འདུག ཁྲིམས་ཀྱི་དབང་སྒྱུར་དང་མང་གཙོའི་སྟེང་དུ་མ་ཕྱིན་པར་མི་རེ་ཟུང་གིས་དབང་ འཛིན་པ་ཆགས་ཡོད། རྭ་སྒྲེང་རིན་པོ་ཆེ་བླ་མ་བསམ་གྱི་མི་ཁྱབ་པ་རེད། སྐུ་གོང་མས་ངེས་པ་རྙེད་པའི་ཐོག་ནས་ངོས་འཛིན་གནང་བ་ཞིག་རེད་འདུག དེ་བཞིན་སྟག་བྲག་རིན་པོ་ཆེ་བསམ་གྱི་མི་ཁྱབ་པ་རེད་ངོས་ཀྱིས་ཆོས་ཞེ་དྲག་ཞུས་ པ་རེད། འོན་ཀྱང་འགྲོ་སྟངས་དེ་འདྲ་ཞིག་ཆགས་ཏེ་ནོར་འཁྲུལ་ཡོད་པ་ཞིག་ངོས་ཀྱི་དེ་དུས་ ནས་ཤེས་ཀྱི་ཡོད། ཕྱི་ལོ་ ༡༩༥༡ ལོར་ངོས་ཀྱིས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁྱེར་བ་རེད། དེ་ནས་ལོ་རྗེས་མ་རྟ་ཁལ་འུ་ལག་འབམ་ཚོང་དེ་ཚོའི་གྲས་དེ་བསྒྱུར་བཅོས་གཏོང་ རྒྱུའི་ཆེད་ལེགས་བཅོས་སྤྱི་ཚོགས་བཙུགས་པ་རེད། དེ་ནས་ལོ་ཤས་ཕྱིན་པའི་རྗེས་ལོ་ཏག་ཏག་དྲན་གྱི་མི་འདུག་ཀྱང་། གང་ལྟར་དེ་སང་བོད་ལ་སེར་མོ་བ་གྱོད་ལ་ཐུག་པ་དེ་དག་ཡིག་ཚང་ལ་གཏུག་གི་ཡོད། སྐྱ་བོ་དེ་དག་ཕལ་ཆེར་བཀའ་ཤག་ལ་ཡིན་པ་ཡོད། དེའང་དྲང་པོ་མེད་པའི་སྐད་ཆ་མང་པོ་ལྷག་བསྡད་ཡོད་སྟབས། ཕྱོགས་གཅིག་ནས་བཀའ་ཤག་དང་ཡིག་ཚང་གི་ལས་དོན་འཐུས་མ་ཤོར་བ་ཞིག་དང་འཕར་མ་མི་ དགོས་ཞིག གཉིས་ནས་དྲང་ཚུགས་ཟིན་པ་ཡག་པོ་ཞིག་བྱུང་ན་བསམས་ཏེ་གྱོད་ཞིབ་ལས་ཁུངས་གསར་པ་ བཙུགས། ལས་ཁུངས་དེའི་འགོ་ཁྲིད་མཁན་དེ་གཡུ་ཐོག་བསྐོས་པ་ཡིན་ཁོང་རང་དྲང་ཚུགས་ཟིན་པོ་ ཡོད་པ་ཡོངས་གྲགས་རེད། ཉིན་ཞིག་ཁ་མཆུ་ཐུག་མཁན་ཞིག་གིས་གཡུ་ཐོག་གི་གཟིམ་ཤག་ལ་བཅར་ཏེ་སྐྱབས་རྟེན་ ཞིག་ཕུལ་བ་རེད། གཡུ་ཐོག་གིས་དེ་འདིར་ཞོག་གསུངས་ཏེ་སང་ཉིན་ཁྱེད་རང་གྱོད་ཞིབ་ལས་ཁུངས་སུ་ཤོག་ གསུངས་པ་རེད། སང་ཉིན་དེར་ཁོ་པས་སྐྱབས་རྟེན་ཕུལ་བ་དེ་གྱོད་ཞིབ་ལས་ཁུངས་ཀྱི་ལྕོག་རྩེའི་ སྟེང་དུ་བཞག་སྟེ་གྱོད་གཏུག་པ་ཁོ་རང་ཡར་སླེབས་པ་དང་། གཡུ་ཐོག་གིས་ཁ་སང་འདི་ཁྱེད་རང་གིས་ངར་སྤྲད་པ་ཡིན་པ་ང་ཚོས་གྱོད་ཞིབ་ལས་ཁུངས་ སུ་དྲང་པོ་དྲག་ཤག་དང་རྒྱུ་མཚན་ལྡན་པའི་ཐོག་ནས་ཐག་གཅོད་ཀྱི་རེད་མ་གཏོགས་ རྒྱུ་རྔན་བཟས་ཏེ་ཐག་གཅོད་བྱེད་རྒྱུ་མེད་དེ་མར་འཁྱེར་རྒྱུགས་ཞེས་བརྗོད་ཡོད་ པ་དེ་དུས་སྐད་གྲགས་ཆེན་པོ་ཞིག་བྱུང་སོང་། གྱོད་ཞིབ་ཁང་ཟུར་དུ་འཛུགས་དགོས་རྒྱུ་དེ་ནི་ང་ཚོས་ནམ་རྒྱུན་འགྲོ་སྟངས་ཚགས་ ཚུད་པོ་ཞིག་མེད་དུས་རྒྱུ་མཚན་དེ་རེད། དེ་ནས་ཕྱི་ལོ་ ༡༩༥༩ ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་ཕྱི་ཟླ་ ༤པའི་ནང་མ་སུ་རིར་འབྱོར་རྗེས་ལམ་སེང་བཀའ་ཤག་ལས་བསྐོས་བྱེད་རྒྱུ་དེ་ཚོ་འགོ་ བཙུགས་པ་རེད།

ཕྱི་ ལོ་ ༡༩༦༠ ལོ་འགོར་རྡོ་རྗེ་གདན་དུ་ང་ཚོ་མང་པོ་ཞིག་རུབ་རུབ་བྱས་ཏེ་འཛོམས་རྒྱུ་བྱུང་བ་ རེད་དེ་དུས་ནས་བྱས་ཏེ་ང་ཚོ་མང་གཙོའི་ལས་འགུལ་འགོ་དེ་དུས་ནས་བཙུགས་ཏེ་གོམ་པ་ རིམ་སྤོས་བྱས་མཐར་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་འོས་བསྡུའི་ཐོག་ནས་འདེམས་རྒྱུ་ཞིག་གཏན་འབེབ་བྱས་པ་དེ་ ནས་བཟུང་ངའི་གནས་སྟངས་དེ་ཕྱེད་རྒས་ཡོལ་ཡིན་ཞེས་ཕྱི་གསལ་ནང་གསལ་བྱས་ཏེ་ཤོད་ ཀྱི་ཡོད། དེ་ལྟར་བྱས་ནས་ལོ་བཅུ་ཕྱིན་ཚར་བ་རེད། བར་སྐབས་ཡོངས་གྲགས་བལྟས་ཡོང་དུས་ང་རང་ཚོའི་མི་མང་ནང་ཡིན་ནའང་དངོས་གནས་མང་ གཙོ་དང་འོས་བསྡུ་བྱེད་རྒྱུའི་ཐད་ཚོར་བ་ཤུགས་ཆེན་པོ་དང་སེམས་འཁུར་ཡོད་པ་ཞིག་ མཐོང་ཡོང་དུས་ཏག་ཏག་མཚམས་ལ་སླེབས་འདུག་བསམས་པ་དྲན་སོང་བས་ཕྱེད་རྒས་ཡོལ་ཙམ་ མ་ཟད་རྒས་ཡོལ་ཆ་ཚང་ཞིག དེའང་ངོས་སྒེར་རང་རྒས་ཡོལ་ཙམ་དུ་མ་ཟད་ྋགོང་ས་ལྔ་པ་ཆེན་པོ་ནས་བཟུང་སྟེ་ལོ་ ངོ་བཞི་བརྒྱ་མ་ཟིན་ཙམ་གྱི་རིང་ྋརྒྱལ་དབང་གི་བླ་བྲང་དེ་བོད་ཆོས་སྲིད་གཉིས་ ཀྱི་དབུ་ཁྲིད་ཟེར་བ་དེ་འདྲ་ཞིག་གི་ཐོག་ནས་ལོ་ཡར་སོན་མཚམས་རང་བཞིན་བོད་ཀྱི་ ལུགས་གཉིས་ཀྱི་འགོ་ཁྲིད་བྱེད་རྒྱུའི་ལམ་ལུགས་སྲོལ་ཞིག་ཡོད། ལམ་ལུགས་དེ་དུས་ཚོད་རྫོགས་པའི་ལམ་ལུགས་ཤིག་རེད། ནམ་རྒྱུན་རྟག་ཏུ་ངོས་ཀྱིས་ཤོད་ཀྱི་ཡོད། ཆོས་མཆོག་དབུ་ཁྲིད་དང་ཆབ་སྲིད་འགོ་ཁྲིད་དེ་ཁག་ཁག་དགོས་པ་རེད་ཅེས་རྟག་ཏུ་ ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་འགོ་ཁྲིད་དང་ཆབ་སྲིད་འགོ་ཁྲིད་ཁག་ཁག་དགོས་པ་རེད་ཅེས་ཤོད་ བཞིན་དུ་ངོས་རང་ཚུར་ཕྱོགས་དེར་ཆབ་སྲིད་དང་ཆོས་ཕྱོགས་གཉིས་ཀའི་འགོ་ཁྲིད་མཁན་ ཞིག་ཆགས་དུས་ངོས་ཀྱི་སྐད་ཆ་བཤད་པ་དེ་དག་དབྱིན་སྐད་བཤད་པའི་ཚུལ་དེ་ཁ་ནས་ གཅིག་བཤད་ལག་ལེན་མི་འདྲ་བ་བསྟར་གྱི་ཡོད་པ་ཞིག་ཆགས་ཀྱི་ཡོད། གང་ལྟར་ལུང་པ་གང་དུ་ཡིན་ནའང་ལུང་པ་དེ་མི་མང་ལ་དབང་ཡོད་པ་རེད་མ་གཏོགས་བླ་མ་ དང་རྒྱལ་པོ་སུ་གཅིག་ལ་ཡང་དབང་མེད། མི་མང་ལ་དབང་ཡོད་པས་མི་མང་དོན་གྱི་བདག་པོ་རེད། དོན་གྱི་བདག་པོ་རང་ཉིད་ཀྱིས་རང་ཉིད་འཛིན་སྐྱོང་ལྟ་རྟོགས་ཟེར་ནའང་འདྲ། དབང་བསྒྱུར་བྱེད་རྒྱུ་དེ་འོས་བསྡུའི་ཐོག་ནས་འགོ་ཁྲིད་བསྐོ་རྒྱུ་དེ་ཡག་ཤོས་ རེད། སྔ་ཕྱི་མ་གཏོགས་བསྒྱུར་བཅོས་གཏོང་དགོས་རྒྱུ་རེད། དེ་ལྟར་གཏོང་རྒྱུ་ཞིག་ལ་ད་ལྟའི་དུས་ཚོད་འདི་བསྒྱུར་བཅོས་བཏང་བ་ཡིན་ན་ངོས་ལ་ ཁྱད་པར་གང་ཡང་མི་འདུག་ཀྱང་ྋརྒྱལ་དབང་གོང་མ་ཚོའི་མཚན་རླབས་དགུང་དུ་འདེགས་ རྒྱུར་ཕན་ཐོགས་ཡོད་པའི་བཟོ་འདྲ་ཞིག མ་འོངས་པར་བསྒྱུར་བཅོས་མ་བཏང་ཀ་མེད་ཞིག་བྱུང་བ་ཡིན་ན་ྋགོང་ས་ལྔ་པ་ནས་བཟུང་ ྋརྒྱལ་དབང་གོང་མ་ཚོའི་མཛད་པ་དེ་དག་ལའང་མཚན་ཤས་འགྲོ་རྒྱུའི་བཟོ་འདྲ་ཞིག་འདུག མཇུག་དེར་མ་འགྲིག་མ་འཐུས་པའི་ཐོག་ཕྱིན་ན་ཡག་པོ་མི་འདུག ད་ལྟ་ཡག་ཐོག་སྤམ་ཐོག་ལ་ཞེ་དྲག་ཡག་པོ་རེད། བོད་ནང་ཆ་བཞག་པ་ཡིན་ནའང་ངོས་ལ་མོས་པ་ཡོད་ལ་སྤྱི་མོས་ཡོད། འཛམ་བུ་གླིང་སྟེང་ཡིན་ནའང་མོས་པ་ཡོད་པ་དེ་འདྲ་ཞིག་གི་དུས་ཚོད་འདིར་མཚམས་ བཞག་ན་འོས་པོ་ཞིག་མཐོང་སོང་། དེར་བརྟེན་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་སྲིད་དབང་བསྒྱུར་རྒྱུ་དེ་ངོས་ ཀྱིས་དགའ་ཞིང་སྤྲོ་ཞིང་དང་བས་ཀུན་ཏུ་བླང་སྟེ་མཚམས་བཞག་ན་ཡག་པོ་འདུག་ཅེས་ཐག་ གཅོད་བྱེད་རྒྱུ་དེ་འདྲ་ཞིག་རེད། ངོས་རང་དེ་སྔ་ྋརྒྱལ་བ་སྐུ་ཕྲེང་གཉིས་པ་འབྲས་སྤུངས་སུ་མཁན་པོ་གནང་ནས་འབྲས་ སྤུངས་ཀྱི་བླ་མ་ཆགས་ཡོད། ྋརྒྱལ་དབང་སྐུ་ཕྲེང་གོང་མ་བཞི་པོ་དེ་ཆོས་ཕྱོགས་རྐྱང་པའི་འགོ་ཁྲིད་མ་གཏོགས་ ཆབ་སྲིད་ཀྱི་འགན་མེད། ྋགོང་ས་ལྔ་པ་ནས་ཆབ་སྲིད་ཀྱི་འགན་བཞེས་པ་རེད། ད་ཆ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་མིང་ཡོད་པ་ངོས་ཀྱིས་ལོ་དྲུག་ཅུའི་རིང་ འགན་འཁྱེར་བ་རེད། ད་ཆ་མང་གཙོའི་འོས་བསྡུའི་ཐོག་ནས་སླེབས་པའི་འགོ་ཁྲིད་དེ་དག་གིས་འགན་ཆ་ཚང་ འཁྱེར། ངོས་དེ་སྔའི་འགྲོ་སྟངས་ལྟར་ཆོས་མཆོག་རྐྱང་པའི་མིང་གནས་སམ་འགན་འཁྱེར་བསྡད་ན་ རྩ་བའི་བོད་སྤྱི་པའི་དོན་དག་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོང་རྫོགས་ལ་འགན་ ཡོད་པ་ཞིག་རེད་མ་གཏོགས་མི་རེ་ཟུང་གི་སྐད་ཆ་གང་ཡང་མིན་པར་བརྟེན། ངོས་ཀྱི་བོད་པའི་ཤ་ཁྲག་རུས་གསུམ་ལྡན་པའི་ལུས་རྟེན་འདི་མ་རྫོགས་བར་དུ་བོད་ སྤྱི་པའི་འགན་དེ་སླེབས་ཀྱི་རེད། དེའི་ཆ་ནས་བོད་མི་ཅི་འདྲ་ཅི་མཚུངས་ཤིག་ཡིན་པའི་ངོས་ནས་འཁུར་བླང་གི་རེད་མ་ གཏོགས་ཆབ་སྲིད་ཀྱི་འགན་དབང་མེད་པ་གཙང་མ་ཐག་གཅོད་བྱ་རྒྱུའི་རྒྱུ་མཚན་དེ་འདྲ་ ཡིན། ངོས་རང་སེམས་ཤུགས་ཆགས་པ་ལ་སོགས་གང་ཡང་མིན།

དགེ་ མཚན་གཅིག་ལ་ང་ཚོས་ཁའི་རྩེ་མོར་བོད་ཆོལ་ཁ་གསུམ་ཤོད་བཞིན་ཡོད། དེ་སྔའི་དགའ་ལྡན་ཕོ་བྲང་གི་འབྱུང་ཁུངས་དེད་ནས་བཤད་ན་དབུས་གཙང་གི་གཞུང་ཆགས་ ཡོད། ད་ལྟ་རྒྱ་མི་གུང་ཁྲན་གྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཡོངས་རྫོགས་ ཀྱིས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདིར་ཡིད་ཆེས་བློ་གཏད་བྱེད་རྒྱུ་ཞིག་ཆགས་ ཡོད། དེ་སྔ་ངོས་ཕ་ཡུལ་ནས་ཡོང་པའི་སྐབས་ལ་ཆ་བཞག་ན་ཨ་མདོ་ཚོས་དགའ་ལྡན་ཕོ་བྲང་ཟེར་ ན་ཡར་ཙམ་ཞིག་ན་ཡོད་པ་ཙམ་ལས་བསམ་བློ་གཞན་གང་ཡང་མེད། ཁམས་ནང་ཆ་བཞག་ན་ཕལ་ཆེར་འབྲི་ཆུ་ཕན་བཅད་ཚུན་བཅད་ཟེར་བའི་སྐད་ཆ་དང་རྒྱ་སྡེ་ དང་བོད་སྡེ་ཞེས་དབྱེ་བ་ཕྱེ་ཏེ་འགྲོ་གི་ཡོད་པ་དེ་ཡང་བདེ་པོ་གང་ཡང་མི་འདུག སྔར་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་ཁ་གསུམ་གྱིས་དབུ་ཁྲིད་པའི་སྐབས་ ལ་ས༌སྐྱའི་གཞུང་ཆགས་ཡོད། དེ་ནས་མར་རྒྱལ་ཐོག་ཁ་ཤས་ཕྱིན་རྗེས་མཐར་ྋརྒྱལ་དབང་ལྔ་པས་ཆབ་སྲིད་ཐུགས་འགན་ བཞེས་དུས་དགེ་ལུགས་པའི་གཞུང་ཞིག་ཆགས་ཡོད། སྔོན་མ་ངོས་ཀྱི་རྙིང་མའི་བླ་མ་ངོ་ཤེས་པ་ཞིག་ཡོད་པ་ཁོང་གིས་རྡ་རམ་ས་ལར་ གདུགས་སེར་པོ་ཞིག་གི་སྟེང་ལ་ཏོག་སེར་པོ་འཁྱོག་ཙམ་ཞིག་ཡོད་པ་རེད་ཟེར་གྱི་ འདུག་ཟེར། ཁ་སང་ངོས་ཀྱིས་བརྗོད་པ་ལྟར་ང་ཚོ་ཚོགས་འདུ་དང་པོ་ཚོགས་པའི་སྐབས་ལ་བདུད་ འཇོམས་རིན་པོ་ཆེ་ཡོད། དེ་དུས་ལྗགས་དབུགས་སྡུག་པོ་རང་མེད་ཀྱང་གང་ཙམ་ཧལ་གྱི་ཡོད། རིན་པོ་ཆེ་དགའ་ལྡན་ཕོ་བྲང་ལ་ཧ་ལས་པའི་ཐུགས་བཞེད་ཡོད། དེ་དུས་ངོས་ནས་ཤུགས་ལྡན་བསྟེན་གྱི་ཡོད་ཀྱང་ྋརྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ ཕོ་བྲང་ཞེས་ཞེ་དྲག་ཐུགས་བཞེད་དང་སེམས་འཁུར་གནང་མཁན་ཞིག་ཡིན། ཆོས་ཚོགས་གྲུབ་རྗེས་ངོས་དང་ཐེངས་གཅིག་ཐུག་སྐབས་གསུངས་བྱུང། དེ་དུས་རིན་པོ་ཆེ་རྡ་སར་ཆོས་ཚོགས་སུ་ཕེབས་ཏེ་ཀ་ལོན་སྦུག་ཏུ་ཕྱིར་འཁོར་གྲུབ་ པ་དང་རིན་པོ་ཆེའི་སློབ་མ་ཞིག་རིན་པོའི་སྐུ་མདུན་དུ་བཅར་ཏེ་སློབ་མ་དེས་རྡ་ རམ་ས་ལར་ཆོས་ཚོགས་ཚོགས་འདུ་ཚོགས་ཏེ་ཆོས་བརྒྱུད་ཚང་མ་དགེ་ལུགས་པར་བསྒྱུར་ རྒྱུའི་ཐག་གཅོད་བྱུང་བ་རེད་ཟེར་གྱི་འདུག དེ་འདྲ་གང་འདྲ་ཡིན་ནམ་ཞུ་ཡི་འདུག་གསུངས་བྱུང་། བདུད་འཇོམས་རིན་པོ་ཆེས་དེ་འདྲ་སུས་ཟེར་གྱི་འདུག་གམ། རྡ་རམ་ས་ལའི་ཆོས་ཚོགས་ལ་ང་ཡོད་པ་མ་ཟད་ཆོས་ཚོགས་ཆ་ཚང་ནང་ཞུགས་པ་ཡིན་སུས་ཟེར་ གྱི་འདུག་གམ་དེ་འདྲ་རྩ་བ་ནས་མེད། རིས་མེད་ཆོས་བརྒྱུད་སོ་སོའི་བསྟན་རྒྱུན་དེ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ ཚགས་ཚུད་པ་ཞིག་དགོས་པ་རེད་ཅེས་ཚོགས་པ་རེད་མ་གཏོགས་ཚང་མ་དགེ་ལུགས་པར་བསྒྱུར་ དགོས་ཟེར་མཁན་སུ་གཅིག་ཀྱང་བྱུང་མ་སོང་དེ་འདྲ་རྩ་བ་ནས་བྱུང་མེད། རིན་པོ་ཆེས་བཞད་མོ་དང་སྦྲགས་ངོས་ལ་གསུངས་བྱུང་། དེ་ཚོའི་གྲས་ཀྱི་དཀྲོག་གཏམ་དེ་འདྲ་བཤད་ཡོང་གི་འདུག་ཅེས་ཧ་ལས་ལས་ངང་གསུངས་ བྱུང་། ཁ་ཤས་ལ་དེ་ལྟར་མཐོང་ཚུལ་ཡོང་གི་ཡོད་པ་ཁག་མི་འདུག་ྋརྒྱལ་བ་རིན་པོ་ཆེ་འབྲས་ སྤུངས་དང་དགེ་ལུགས་པའི་བླ་མ་རེད་དེས་དབང་ཆ་འཛིན་གྱི་ཡོད། གལ་སྲིད་ྋརྒྱལ་བ་རིན་པོ་ཆེ་འཁྱོག་ཙམ་བྱུང་བ་ཡིན་ན་མ་བདེ་བ་ཆགས་ཀྱི་ཡོད།

ྋགོང་ ས་སྐུ་ཕྲེང་དང་པོ་ཕལ་ཆེར་བཀའ་བརྒྱུད་དང་རོང་སྟོན་ཤེས་བྱ་ཀུན་རིག་མདུན་ནས་ གསུང་ཆོས་ཕལ་ཆེར་གསན་མྱོང་བ་ཡོད། དགེ་འདུན་རྒྱ་མཚོ་ནི་མཛད་རྣམ་ནང་རིས་མེད་པའི་ྋརྒྱལ་བ་ཞྭ་སེར་མོ་བ་ཞེས་མཚན་ ཐོགས་རྒྱུ་དེ་འདྲ་བྱུང་བ་རེད། བསོད་ནམས་རྒྱ་མཚོ་ཡང་དེ་བཞིན་ས་སྐྱའི་མཐུན་མིན་མགོན་པོ་ཆོས་སྐྱོང་གི་ཉམས་ བཞེས་ཐུན་མོང་མ་ཡིན་པ་ཞིག་རེད། ྋགོང་ས་ལྔ་པ་ཆེན་པོ་ནི་ཡོངས་གྲགས་ཞིག་རེད། ྋསྐུ་མདུན་སྐུ་གོང་མར་ཆ་བཞག་ནའང་ནང་རྟག་ཏུ་གཏེར་སྟོན་གྱི་མཚན་ཞིག་འདུག་ལ་ ཕུར་པ་གཙོ་བོ་གནང་མཁན་ཞིག་ཆགས་འདུག  གང་ལྟར་དོན་གྱི་ཆ་ནས་གོང་མ་དེ་དག་ྋརྒྱལ་མཆོག་སྐལ་བཟང་རྒྱ་མཚོ་དགེ་ལུགས་གཙང་ མ་རེད། དེ་མིན་མང་ཆེ་བ་ཕལ་ཆེར་རིས་མེད་དང་སྐུ་ཚེ་མ་བཞུགས་པ་གནས་ཚུལ་ཁག་ཁག་རེད་མ་ གཏོགས་འཇམ་དཔལ་རྒྱ་མཚོ་སྐུ་ཚེའི་སྟོད་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ཕྱག་ བཞེད་དེ་གཙོ་བོར་གནང་། སྐུ་ཚེའི་སྨད་ལ་ྋགོང་ས་ལྔ་པ་ཆེན་པོའི་ཕྱག་བཞེད་གཙོ་བོ་གནང་། དེའི་སྐབས་དེར་ངོས་ཆུང་དུས་རྩེར་ཡོད་དེང་སང་ཡིན་ཡང་འདུག་སྣམ་པ་བྱུང།  རྩེའི་ཉིན་འོད་ནང་དེར་ྋརྒྱལ་བ་ལྔ་པ་ཆེན་པོའི་འདྲ་སྐུ་ཞིག་ཡོད། འཇམ་དཔལ་རྒྱ་མཚོའི་སྐབས་བཞེངས་པའི་བཟོ་འདྲ་ཞིག་རྣམ་ཐར་ནང་ཐོན་ཡོང་གི་འདུག ཁྲི་ཆེན་བསྟན་པ་རབ་རྒྱས་གསུང་ནང་དེ་འདུག་ངོས་ཀྱི་མཐོང་བྱུང་། སྐབས་དེའི་ྋགོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཆེན་གྱི་མཚོན་པའི་དེ་ཚོའི་གྲས་ལ་ བཀའ་འདྲི་གནང་ས་དེ་ཁྲི་ཆེན་བསྟན་པ་རབ་རྒྱས་ལ་གནང་བ་ངོས་ཀྱིས་ཡིག་ཆ་ཞིག་ནང་ མཐོང་བྱུང་། ྋརྒྱལ་དབང་སྒེར་པ་སོ་སོས་རིས་མེད་གནང་ཡོང་དུས་ག་ལེར་མི་ཚང་མ་སྤྱི་མོས་ཡོད་ པ་ཞིག་ཆགས་ཡོད། སྐྱབས་སུ་མཆི་མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་ྋརྒྱལ་དབང་ལྔ་པས་བསྒྱུར་དགོན་ གང་ཙམ་ཡོད་པའི་ནང་ས་སྐྱའི་དགོན་པ་གང་ཙམ་ཡོད་སྟབས། ྋརྒྱལ་བ་ལྔ་པར་ཟུར་ཟ་ཏོག་ཙམ་ཡོད་ཀྱང་ལམ་འབྲས་བློ་བཤད་གྱི་རྒྱུད་གསུམ་སྐབས་ ལ་ྋརྒྱལ་བ་ལྔ་པས་མཛད་པའི་ཞལ་དགོངས་མར་སླེབས་པའི་སྐབས་ལ་ྋགོང་ས་ལྔ་པ་ཆེན་ པོར་མགོ་བོ་སྒུར་དགོས་ཀྱི་རེད་ཅེས་དེ་དུས་གསུང་པ་རེད་ཅེས། རིན་པོ་ཆེས་གསུངས་པ་རེད།

གང་ ལྟར་རིས་མེད་གནང་བ་འབྱུང་ཁུངས་ཤོད་དགོས་བྱུང་ཚེ་དགེ་ལུགས་ཆགས་པ་ཡིན་དུས་ བདེ་པོ་མི་འདུག གཉིས་ནས་མདོ་སྟོད་ཁུལ་གྱི་མིས་སྤྱིར་བཏང་བོད་སྡེ་པ་གཞུང་ཟེར་གྱི་རེད། བོད་ཁམས་གཉིས་སུ་ཕྱེ་བའི་བོད་སྡེ་པ་གཞུང་ཟེར་བའི་ཐ་སྙད་ཞིག་ཕལ་ཆེར་ཡོད། ད་ཆ་ང་ཚོ་འདིར་ཆོལ་ཁ་གསུམ་དང་ཆོས་ལུགས་དབྱེ་བ་མེད་པའི་ཐོག་ནས་འོས་འདེམས་ བྱས་ཏེ་མི་ཞིག་སླེབས་ཡོང་དུས་དངོས་གནས་ཆོལ་ཁ་གསུམ་གྱི་ཚབ་བྱེད་ཐུབ་མཁན་ཞིག་ དང་དེ་བཞིན་ཆོལ་ལུགས་ཚང་མའི་ཚབ་བྱེད་ཐུབ་མཁན་ཞིག བློ་བཟང་སེང་གེ་ཁྱིམ་ཚང་དགེ་ལུགས་ཡིན་ནམ། ཡང་འདིར་གདུགས་སེར་པོ་ཞིག་ཆགས་ཡོད་དམ། གདུགས་སེར་པོ་མ་རེད་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པ་ཞིག་གི་སྟེང་ཏོག་དེ་སེར་ ཤུགས་ཙམ་ཡོད་པ་ཞིག་གང་ལྟར་ང་ཚོ་དངོས་གནས་ཀྱི་མང་གཙོ་བརྒྱ་ཆ་བརྒྱ་ཐམས་པ་དང་། ཆོལ་ཁ་གསུམ་གྱི་ཚབ་བྱེད་ཐུབ་མཁན་ཞིག་རྒྱ་ནག་གཞུང་རྒྱབ་ཤིག་རྒྱག་གི་ཡོད། ང་ཚོ་ཆུང་ཆུང་ཡིན་ཡང་མདུན་ནས་མདུན་དུ་གོམ་པ་སྤོས་ཏེ་འགྲོ་མཁན་ཞིག་ཆགས་ནས་ འཛམ་གླིང་སྤྱི་འདྲ་སྤྱི་མཚུངས་ཀྱི་མདུན་གྲས་ལ་སླེབས་རྒྱུ་དང་ང་ཚོ་འདིར་མང་ ཚོའི་གཞུང་ངོ་ཐོག་ཆགས་ཡོད་དེར་ངོས་སྤོབས་པ་ཡོད་བསམ་དྲན་གྱི་འདུག རྒྱུ་མཚན་གཅིག་ངོས་ཀྱིས་དེ་ཞུ་འདོད་བྱུང་། ངོས་རང་སྒེར་གྱི་གནས་ཚུལ་བཟོ་འདྲ་རེད། གང་ལྟར་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མདོ་སྨད་ནས་ཡོང་བ་དེས་ྋརྒྱལ་དབང་གི་ ཐོབ་ཐང་དེ་ཕུ་བརྒྱབ་སོང་མ་གསུངས་ཨང།

དེ་ ནས་ཡང་སྲིད་སྐོར་ལ་སྔོན་མ་ནས་ང་ཚོ་ཚར་ཁ་ཤས་བཀའ་མོལ་བྱུང་བ་རེད། བར་སྐབས་ཚགས་པར་རྒྱག་མཁན་དེ་ཚོས་རྟག་ཏུ་དྲིས་ཀྱི་འདུག་ཡང་ཁ་སེང་ཨ་རིར་ཚགས་ པར་རྒྱག་མཁན་ཞིག་གིས་ངོས་ལ་སྐད་ཆ་དྲིས་ཏེ་ཡང་སྲིད་སྐོར་ཤོད་ཀྱི་འདུག ངོས་ཀྱིས་རྩེད་མོ་དང་སྦྲགས་མིག་ཤེལ་དེ་མར་བཞག་སྟེ་ཁོང་རང་གི་གདོང་ལ་མར་ བལྟས་ནས། ངོས་ཀྱི་གདོང་ལ་གཅིག་ལྟོས་དང་ཡང་སྲིད་བྲེལ་བ་འདུག་གམ་མི་འདུག་བརྗོད་པ་ཡིན། བྲེལ་བ་མི་འདུག་ཟེར་གྱི་འདུག གང་ལྟར་བསུན་པོ་ཞེ་དྲག་བཟོ་གི་འདུག དེ་འདྲ་ཡིན་དུས་ངོས་ཀྱིས་འགྲེལ་བཤད་ཏོག་ཙམ་བརྒྱབ་ཀྱི་ཡོད་ཀྱང་ཡིག་ཆ་རང་གི་ ཐོག་ནས་འགྲེལ་བཤད་ཞིག་བྱུང་ན་དེ་ཡག་པོ་མེད་དམ་སྙམ་པ་དྲན་བྱུང་། དེ་ཡང་ངོས་རྐྱང་པས་མིན་པར་ཕྱོགས་གཅིག་ནས་ྋརྒྱལ་བའི་ཡང་སྲིད་དེ་ཆོས་བརྒྱུད་ ཚང་མ་དང་འབྲེལ་བ་ཞིག་ཆགས་ཡོད། གང་ལྟར་བླ་མ་གནད་ཆེན་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཆོས་བརྒྱུད་ཚང་མའི་ཐོག་ནས་འབྲེལ་བ་ཞིག་སྔོན་མ་ནས་ང་ཚོ་ཚར་ཁ་ཤས་སྐད་ཆ་བྱུང་ ཚར་བ་རེད། དེ་རིང་འདིར་དབུ་ཁྲིད་ཚོ་ལྷན་འཛོམས་ཡོད་པའི་སྐབས་འདིར་ཡིག་ཆ་ཞིག་གཏན་འབེབས་ བྱས་ན་བསམས་ཏེ་ངོས་ཀྱི་ཁ་སང་ཡིག་ཆ་ཕུལ་རྒྱུ་དེ་འདྲ་ཡིན། ད་ལྟ་ལྷན་ཚོགས་འདི་གྲུབ་སྟེ་དུས་ཚོད་ཏོག་ཙམ་བྱུང་ན་ང་ཚོ་ཁ་ཤས་རུབ་རུབ་བྱས་ ཏེ་དགོངས་འཆར་སྣོན་འཕྲི་བྱེད་དགོས་རྒྱུ་ག་རེ་འདུག ཁྱེད་རྣམས་སྤྱི་བྱིངས་ལ་ཡིག་ཆ་དེ་རག་སོང་ངམ། དེའི་ཐོག་སོ་སོའི་བསམ་འཆར་སྣོན་མ་རྒྱག་རྒྱུ་དང་མར་འབྲི་རྒྱུ་འདུག་གམ་མི་ འདུག་གམ་ཡོད་ན། དེ་རིང་གཏན་འབེབས་བྱེད་ཐུབ་པ་ཞིག་བྱས། དེར་རྒྱབ་གཉེར་གྱི་དབུ་ཁྲིད་ཚོའི་ཡིག་ཆ་ཐུང་ཙམ་བྱས། སང་ཉིན་ཚོགས་འདུ་གྲོལ་འགྲོ་གི་ཡོད། ཡིག་ཆ་མར་བཀྲམ་རྒྱུ་ཞིག་བྱུང་ན་བསམ་པ་དྲན་བྱུང་སྐད་ཆ་མང་པོ་ཤོད་མི་དགོས་པ་ བྱས། ད་རེས་ཉེ་ཆར་ཟླ་བ་གཅིག་ཙམ་གོང་ལ་རེད་ཕ་རན་སིའི་ཚགས་པར་མཁན་ལེ་མོན་ཌེ་ཞེས་པ་ ཞིག་ཐུག་བྱུང། དེའི་རྗེས་སུ་དབྱིན་ཇིའི་ཚགས་པར་རྒྱག་མཁན་གལ་ཆེ་བ་ཞིག་ཉིན་གཉིས་སྔ་རྟིང་ བྱས་ཏེ་ཐུག་པ་རེད། ཡང་སྲིད་སྐོར་དྲི་གི་འདུག་རྒྱ་ནག་གཞུང་གི་ཟེར་རྒྱུ་དེ་རྟག་པར་ཤོད་ཀྱི་འདུག ྋརྒྱལ་བའི་ཡང་སྲིད་ཅེས་པ་དེ་ཆོས་ཕྱོགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད། སྔར་རྒྱ་ནག་གོང་མ་དེ་འདྲ་འབྲེལ་བ་ཞིག་བྱུང་ཡོད་ཀྱང་། དེའི་ཚེ་དེའི་དུས་རྒྱ་ནག་གོང་མ་ཚོ་ཡང་ཆོས་ཁས་ལེན་མཁན་ལྷག་པར་གོང་མ་ཁ་ཤས་ བོད་ཀྱི་བླ་ཆེན་ཚོའི་སློབ་མར་བསྒྱུར་བ་དེ་འདྲའི་ཐོག་ནས་དམིགས་བསལ་འབྲེལ་བ་ ཡོད་པ་དེ་འདྲ་ཞིག་བྱུང་བ་རེད། ད་ལྟ་རྒྱ་ནག་གུང་ཁྲན་ཏང་ཕྱོགས་གཅིག་ནས་ཆོས་མེད་ལ་ཆོས་ལ་སྐྱོན་བརྗོད་བྱེད་ མཁན་ཞིག་རེད། གཉིས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་རྗེས་ལུས་ཕན་མ་ཐོགས་པ་ཞིག་ལ་རྩིས་ཀྱི་ ཡོད། གསུམ་ནས་ངོས་ཏཱ་ལའི་བླ་མ་བདུད་རེད་ཟེར་གྱི་ཡོད་པར་བརྟེན། བདུད་ཀྱི་ཡང་སྲིད་ཡོང་ཆོག་གི་མ་རེད་ཅེས་བརྗོད་ན་འོས་པོ་འདུག བདུད་རེད་ཟེར་བཞིན་དེའི་ཡང་སྲིད་དེ་རྒྱ་ནག་གཞུང་གི་འཁུར་བླང་གི་ཡིན་ཟེར་ན་ རན་པོ་གང་ཡང་མི་འདུག་དེ་འདྲ་བརྗོད་པ་ཡིན། ྋརྒྱལ་བའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གི་བྱུས་ཏོག་བྱེད་དགོས་བྱུང་ན། སྔོན་ལ་རྒྱ་ནག་གཞུང་གི་ཆོས་ཁས་ལེན་དགོས། སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་པ་རེད། དེ་ནས་མའོ་ཙེ་ཏུང་གི་ཡང་སྲིད་ཞིག་གདན་འདྲེན་ཞུས། དེ་ནས་ཏེང་ཞའོ་ཕིང་གི་ཡང་སྲིད་ཞིག་གདན་འདྲེན་ཞུས། དེ་རྗེས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་སྐོར་ལ་བྱུས་ཏོག་བྱས་ན་རྒྱུ་མཚན་ཡོད་ པ་ཞིག་རེད་ཅེས་བརྗོད་པ་ཡིན། ངོས་ཀྱིས་རྩེད་མོ་དང་སྦྲགས་བརྗོད་པས་ཁོ་རང་གད་མོ་ཤོར་སོང།

བྱས་ ཙང་དེ་རིང་ཡིག་ཆ་དེའི་ནང་དེ་སྔའི་སྐྱེ་བ་སྔ་ཕྱི་ཟེར་བའི་གཞི་རྩའི་འགྲེལ་ བཤད་རོབ་ཙམ་བྱས། སྐུ་ཕྲེང་ངོས་འཛིན་བྱེད་རྒྱུའི་དང་པོ་སྲོལ་གཏོད་མཁན་དེ་ཀརྨ་པ་རིན་པོ་ཆེ་ བྱས་ཏེ་ཡིད་ཆེས་འཕེལ་བའི་ཡང་སྤྲུལ་ཕེབས་ཡོང་དུས་ཡང་སྲིད་རིམ་པས་ཕེབས་རྒྱུ་ དང་། དེ་རྗེས་ས་སྐྱ་པ་གདུང་སྲས་ཀྱི་རྒྱུན་ཡིན་དུས་དེའི་ཐོག་སེམས་ཁྲལ་གང་ཡང་མི་ དགོས་པ་རེད། གཞན་གདུང་རྒྱུད་འཛིན་མཁན་མེད་པ་དེ་དག་ཡང་སྲིད་ངོས་འཛིན་བྱེད་དགོས་པ་དེ་དག་ ཀརྨ་པ་རིན་པོ་ཆེའི་འགྲོ་སྟངས་དེར་དཔེ་བལྟས་ནས་ལོ་མང་པོ་ཞིག་སླེབས་ཡོད་དེ་ དག་གི་ལོ་རྒྱུས་རོབ་ཙམ་བྱས། གང་ལྟར་མདོ་དོན་སྙིང་པོ་མཐའ་མའི་འདུས་ངོས་ཀྱི་སྐྱེ་བའི་སྐོར་ཤོད་ཀྱི་ཡོད་ པར་རྟེན། མཐར་ཐུག་དེ་ངོས་ཀྱིས་ཐག་གཅོད་རྒྱུ་ལས་གཞན་སུ་གཅིག་གིས་གཅོད་རྒྱུར་རྒྱུ་མཚན་ ཆགས་ཀྱི་མི་འདུག དེར་བརྟེན་དོན་ཚན་གཅིག་དེ་བཀོད་ཡོད། དེ་རིང་འདིར་ཐད་ཀར་ྋརྒྱལ་བའི་ཡང་སྲིད་སྐོར་ཤོད་ཀྱི་ཡོད་ཀྱང་མ་གཞི་འདིར་རོབ་ ཙམ་ཡོང་བ་ཡོད་བསམ་པ་དྲན་བྱུང་། བར་སྐབས་ཡང་སྲིད་རྒྱ་ནག་གཞུང་གིས་བྱུས་ཏོག་བྱེད་དགོས་རྒྱུ་ཡོད་པ་དེའི་ནང་ ཚིག་ཟུར་ཞིག་བསྐོ་རྒྱུ་བྱུང་ན་བསམས་པ་འདྲ་བྱུང། འོན་ཀྱང་གསལ་པོ་བྱས་དྲན་གྱི་མི་འདུག་མ་གཞི་གོང་སྒྲིག་རྒྱུ་དེ་ངོས་ཀྱི་བསམ་ ཚུལ་རེད། དེ་དག་ཆ་ཚང་ཟམ་གདོང་རིན་པོ་ཆེར་ཆ་ཚང་བཤད་རིན་པོ་ཆེས་ཟིན་བྲིས་མར་བཀོད་པ་དེ་ འདྲ་བྱས་པ་རེད། དེར་ཁྱད་པར་ཞིག་འདུག་གམ་མི་འདུག་གམ་སྣོན་མ་ཚིག་ཟུར་ཞིག་བཅུག་རྒྱུ་ངོས་ཀྱི་ ད་ལྟ་གསལ་པོ་དྲན་མ་སོང་། དོན་ཚན་གཅིག་དེ་སྔོན་མ་ཕྱི་ལོ་ ༡༩༦༩ ལོར་ (Dalai Lama Institute) ཟེར་རྒྱུ་དེ་མུ་མཐུད་གནས་དགོས་དང་མི་དགོས་ཟེར་བ་དེ། དེའི་ཚེ་དེའི་དུས་འབྲེལ་ཡོད་མི་མང་ཚོས་ཐག་གཅོད་ཀྱི་རེད་ཟེར་བ་ཞིག་སྔ་མོ་ནས་ ངོས་ཀྱིས་བརྗོད་ཡོད། མ་འོངས་པ་དེ་འདྲ་ཐག་གཅོད་ཀྱི་རེད་ཟེར་བའི་སྤྱི་སྦོམ་ཙམ་མ་ཡིན་པར་ལོ་ཚིགས་ ཤིག་མར་བཀོད་ན་ངོས་རང་ལོ་དགུ་བཅུ་ཡན་མས་བསམ་བློ་གཅིག་ལ་དགེ་འདུན་གྲུབ་པའི་ དགུང་ལོའི་མཚམས་དེ་འདྲ་ཞིག་ལ་སླེབས་པའི་སྐབས་ལ་འབྲེལ་ཡོད་མི་ཚོས་གོ་བསྡུར་ ཞིག་བྱེད་ཀྱི་ཡིན་ཟེར་རྒྱུ་ཞིག་དང་། དེ་ནས་མཐའ་མའི་ཡང་སྲིད་བྱེད་ཕྱོགས་དེ་ནས་ཐག་གཅོད་ཀྱི་ཡིན་ཟེར་རྒྱུ་ཞིག་དང། ངོས་ཀྱི་ཡང་སྲིད་དེ་ངོས་ཀྱིས་ཐག་གཅོད་ཀྱི་རེད། གཞན་སུ་གཅིག་ལ་མེད་ཅེས་པའི་དོན་ཚན་གཉིས་གཙོ་བོ་དེ་རེད། རྩ་བའི་ཡང་སྲིད་གང་འདྲ་བྱེད་དང་ཏཱ་ལའི་བླ་མའི་༼Institution༽ཟེར་བ་དེ་དགོས་ དང་མི་དགོས་ཟེར་བ་དེ་ངོས་རང་ལོ་བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ་མ་ཟིན་ཙམ་ སླེབས་པའི་སྐབས་ལ་གོ་བསྡུར་བྱེད་ཀྱི་ཡིན་ཟེར་རྒྱུ་བྱས་གསལ་པོ་ཆགས་ཡོང་གི་ འདུག་ངོས་ཀྱི་ཡིག་ཆ་དེ་ཡིན། གཞན་དེ་རང་ཡིན། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཕེབས་ཡོད།

དེ་ རྗེས་དགའ་ལྡན་ཁྲི་ཐོག་པ་རི་རྫོང་རིན་པོ་ཆེས་གཙོ་བོ་ཆོས་ལུགས་མཐུན་སྒྲིལ་ཁ་ ཞེ་གཉིས་མེད་གནང་དགོས་པའི་སྐོར་སོགས་དགོངས་འཆར་གསུང་རྗེས་དེ་དང་འབྲེལ་བའི་ ཐོག་ྋགོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  དེ་ནས་འཕྲོས་ཏེ་ངོས་རང་ལ་གཅིག་དྲན་བྱུང་། མཐུན་སྒྲིལ་ཞེས་པ་དེ་ངོས་ཀྱི་ཉམས་མྱོང་ཐོག་ནས་བཤད་ན། མཐུན་སྒྲིལ་ངོ་ཐོག་དེ་རྙིང་མའི་བླ་མ་བཀའ་དྲིན་ཅན་ཚོའི་དྲུང་ནས་བཀའ་ཆོས་ཞུས་ ངོས་ཀྱིས་སྒོམ་དཔེ་ཆ་ཀློག་བསམ་བློ་བཏང། དེ་བཞིན་ས་སྐྱ་དང་བཀའ་བརྒྱུད་རྣམས་ལ་སོ་སོས་དེ་དག་ལ་མོས་གུས་ཐོག་ནས་དབང་ ལུང་ཁྲིད་གསུམ་ཞུས་སྟབས། སེམས་ནང་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་གཅིག དེར་བརྟེན་ནམ་རྒྱུན་ངོས་ཀྱིས་འབོད་སྐུལ་བྱེད་བཞིན་ཡོད། དགེ་ལུགས་པའི་བླ་མ་དགེ་བཤེས་ཚོའི་ནང་ལ་ཡིན་རུང་སྔ་འགྱུར་རྙིང་མའི་གཞུང་དེ་ འདྲ་ལ་གཟིགས། དེ་འདྲའི་འགྲམ་ནས་དབང་ལུང་ཞུས་ན་ཡག་པོ་ཡོད། དེ་བཞིན་རྙིང་མ་བཀའ་བརྒྱུད་ས་སྐྱ་ཚོའི་ནང་ཡིན་རུང་དེ་དེ་བཞིན་བྱས་ཏེ་དགེ་ ལུགས་པའི་གཞུང་དེ་འདྲ་གཟིགས་ན། དཔེར་ན་ང་ཚོ་ས་སྐྱའི་མཁན་པོ་རིན་ཆེན་ཧ་ལས་པ་རེད་འདུག གཞུང་མཁྱེན་ཁོང་རང་ཆོས་བརྒྱུད་ནང་གི་རང་ལུགས་དེ་རྩ་བའི་ས་སྐྱ་རེད། མཁན་ཆེན་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སློབ་ཡིན་པའི་ཆ་ནས་སྙིང་ཐིག་གི་ཉམས་ བཞེད་དེ་དག་གནང་སྟེ་རྫོགས་ཆེན་གྱི་ངོ་ཐོག་ནས་ཉམས་མྱོང་ཐོག་ཧ་ཅང་རྒྱུས་ཡོད་ མཁན་ཆགས། ཕྱིས་སུ་ང་ཚོའི་དགའ་ལྡན་གཙུག་ལག་སློབ་གྲྭའི་འོད་དཀར་ཅན་གྱི་མིང་ཡོད་པ་རེད། དེ་དུས་དགེ་བཤེས་དང་མཁན་པོ་རྣམ་པ་ཚོ་དང་མཉམ་དུ་ཁོང་རྟགས་གསལ་ཧ་ཅང་མཉེས་པོ་ ཡིན་སྟབས། མཁན་པོ་ཚོ་དང་མཉམ་དུ་རྩོད་པ་རྩོད་དེ་ཁོང་རྗེ་རིན་པོ་ཆེའི་ལྟ༌བའི་དཀའ་གནད་ དེ་ཚོའི་གྲས་ལ་ཧ་ཅང་ཐུགས་རྒྱུས་ཡོད་པ་མ་ཟད། དེ་དག་ལ་ཤེས་ནས་དད་པ་ཐོབ་པ་ཧ་ཅང་ཡག་པོ་འདུག དངོས་གནས་དྲང་གནས་རིས་མེད་རེད། རིས་མེད་གང་འདྲ་བྱས་ནས་ཆགས་པ་རེད། མཁས་པོ་སྙན་པོ་བྱས་ནས་རིས་མེད་ཆགས་པ་མ་རེད། དེ་དག་རྒྱུས་ཡོད་ཐོག་ནས་རིས་མེད་ཆགས་པ་ཞིག་རེད། ཡང་རིས་མེད་བྱས་ནས་རང་ལུགས་གཏད་སོ་མེད་པ་ཡང་མིན། སོ་སོའི་རང་ལུགས་ལ་གཏད་སོ་ཡོད་པའི་ཐོག་ལ་དཔེ་ཆ་སྔོག་འདྲེན་བརྒྱབ་པ་ལྟ་བུ་ མིན་པར་གཞུང་རབ་འབྱམས་ལ་སོ་སོས་མོས་གུས་ཐོག་ནས་ལྟ་རྒྱུ་ཡོད་པ་ཞིག་དང་དེ་དག་ གི་དབང་ལུང་ཁྲིད་གསུམ་ཡོད་པ་ཞིག་བྱུང་ན། སེམས་ཀྱི་གཏིང་ནས་རིས་སུ་མ་ཕྱེ་པར་དངོས་གནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ པ་ཞིག་ཡོང་གི་ཡོད། སློབ་གཉེར་དེ་ཚོ་གཞུང་ཚང་མར་རྒྱུས་ཡོད་པ་ཞིག་བྱུང་ན། དེ་ཡང་དངོས་གནས་ཆོས་བརྒྱུད་དམ་ཚིག་གཙང་མ་ཡོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད་པ་ལྟ་ བུ་ཞིག་འདུག སོ་སོར་ཐག་རིང་པོ་བྱས་ནས་བསྡད། དུས་དུས་ལ་འཛོམས་ཏེ་འཚམས་འདྲི་བྱས་ཏེ་སེམས་ནང་ཁོ་ས་སྐྱ་རེད། ཁོ་རྙིང་མ་རེད། ཁོ་དགེ་ལུགས་རེད་ཅེས་པ་ལྟ་བུ་བྱས་ནས་སེམས་ཐག་རིང་པོ་བྱས་ནས་བསྡད་པ་ཡིན་ན་ ཆོ་ཁྱོན་ནས་མི་འདུག  དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རེད། དངོས་གནས་རིས་མེད་གནང་མཁན་ཞིག་རེད། དེ་བཞིན་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་ཆ་བཞག་ན། ཧ་ལས་པ་རེད། སྔོན་མ་ལྷ་སར་ཡོད་སྐབས་བྲག་པོ་ཀ་ལིང་གི་ཁུལ་དེར་སྡོད་མཁན་དགེ་བཤེས་ཉམ་ཆུང་ ཡོད་པ་དེའི་མདུན་ནས་ལམ་རིམ་གསན་པ་ཡིན་གསུང་གི་འདུག དེ་ཚོའི་གྲས་དེ་རིས་མེད་རེད། དེར་བརྟེན་སོ་སོས་དབང་ལུང་ཁྲིད་གསན་ཏེ་བྲོ་བ་ཞིག་ཁ་སྟབས། དེར་དངོས་གནས་དད་པ་ཡོང་བཞིན་འདུག ཐག་རིང་པོ་བཞག་ན་ཡོང་གི་མི་འདུག དངོས་གནས་ཞེ་ཐག་པ་ནས་དད་པ་དག་སྣང་ཡོང་རྒྱུ་ཞེས་པ་དེ་འབྲེལ་མ་མང་ཙམ་བྱས། སྔོན་ལ་སློབ་སྦྱོང་མང་ཙམ་བྱུང་བ་ཡིན་ན།

མཁས་ པ་མཁས་པའི་ནང་ན་མཛེས་ཞེས་པ་ལྟར་ཏན་ཏན་ཁྱད་པར་འདུག གཞུང་དེ་དག་གཟིགས་ན་དངོས་གནས་སྔོན་གྱི་མཁས་པ་སོ་སོས་གཞུང་གི་དགོངས་པ་བཀྲལ་ སྟངས་དེ་དག་ལ་ངོ་མཚར་སྐྱེད་སྐབས་དངོས་གནས་དད་མོས་སྐྱེ་རྒྱུ་ཞིག གཞན་འབྲེལ་བ་རྩ་བ་ནས་མེད་པ་བྱས། མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་དེ་དག་མ་མཐོང་བ་བྱས། སོ་སོའི་ཆོས་བརྒྱུད་ཟིན་ཏེ་བསྡད་ན་དེ་འདྲ་ཞིག་རེད། རླབས་ཆེ་རྒྱུ་གང་ཡང་མི་འདུག  དེར་བརྟེན་ངོས་ཀྱིས་ནམ་རྒྱུན་བོད་ཀྱི་ཆོས་བརྒྱུད་དེ་ནཱ་ལེནྡྲ་ནས་བརྒྱུད་པ་ ཡིན་ཞེས་བརྗོད་བཞིན་ཡོད་པ་དེ་རྒྱུ་མཚན་གཙོ་བོ་གང་རེད་དམ་ཞེ་ན། གོང་དུ་ཞུས་པ་ལྟར་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བའི་ ཆོས་སྒར་གྱི་སྡེ་ཡོངས་སུ་རྫོགས་པས་བསྟན་འགྱུར་ནང་གི་གཞུང་དེ་དག་གཟིགས་མཁན་ ཤ་སྟག་ཡིན། རྩ་བ་ནས་སློབ་གཉེར་མེད་ན་དེ་འདྲ་རེད་མ་གཏོགས་སློབ་གཉེར་ཡོད་མཁན་རྣམས་ནས་དེ་ དག་གཟིགས་དགོས་པ་རེད། དེ་དག་ནཱ་ལེནྡྲའི་མཁས་པས་བརྩམས་པ་ཤ་སྟག་རེད། དེར་བརྟེན་ང་ཚོས་ནཱ་ལེནྡྲའི་གཞུང་དེའི་ཐོག་ཕྱིན་ན། བཀའ་བརྒྱུད། རྙིང་མ། ས་སྐྱ། དགེ་ལུགས། མདོར་ན་བོན་དང་བཅས་རྣམ་ཞེ་དྲག་དབྱེ་བ་འབྱེད་རྒྱུ་མི་འདུག སྔོན་མ་ངོས་རང་བོན་གྱི་ཆོས་སྒར་ལ་སླེབས་སྐབས་ཁྱེད་རང་ཚོས་རྟགས་གསལ་གཏོང་ སྐབས་ཁ་ཤས་ཀྱིས་བརྙས་བསྐོས་ཏེ། དབུ་མ་འཇུག་པའི་ལུང་དྲངས་ནས་རྟགས་གསལ་གཏོང་གི་འདུག སངས་རྒྱས་པའི་ཆོས་པ་ཚོས་སྐད་བརྒྱབ་སྟེ་དེ་སངས་རྒྱས་པའི་དཔེ་ཆ་རེད། ཁྱེད་རང་ཚོས་ལུང་དྲངས་ན་འགྲིག་གི་མ་རེད། བརྗོད་དགོས་པའི་མཚམས་ལ་སླེབ་ཀྱི་ཡོད། འོན་ཀྱང་དེ་འདྲ་མ་རེད་སྔ་མ་དེའི་ཚེ་དེའི་དུས་བན་བོན་ཅེས་དབྱེ་བ་ཕྱེ་གི་ཡོད། ཕྱིས་སུ་དེ་དག་ཚང་མ་དངོས་གནས་ཕན་ཚུན་ལེགས་ཆ་མཐོང་ཡོང་སྐབས། གཏེར་མཛོད་ནང་བོན་གྱི་གཡང་སྒྲུབ་ཡིན་ནམ་གཅིག་ཡོད་པ་རེད། བོན་གཞུང་དེ་འདྲ་འདྲེས་འདུག ཕར་ཕྱོགས་དེར་བོན་གཞུང་ལ་ཆ་བཞག་ན། བོན་གྱི་མཁས་པ་རོང་སྟོན་གྱི་སློབ་མ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་གཞུང་ ཆེན་པོ་དེ་ཚོའི་གྲས་དེ་རོང་སྟོན་དྲུང་ནས་གསན་གནང་འདུག་དེ་ཧ་ཅང་ཡག་པོ་རེད་ འདུག

གང་ ལྟར་གཞུང་གཡས་གཡོན་ཚང་མར་གཟིགས་རྒྱུ་ཞིག་ད་ལྟ་ངོས་ཀྱིས་བརྗོད་རྒྱུ་དེ་ཡིན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཐོག་ནས་ཕྱིན་ན་དབྱེ་བ་གང་ཡང་མེད། གྲུབ་ཆེན་སོ་སོས་དགེ་ལུགས་ནང་ཆ་བཞག་ན།  བྱེ་བྲག་ཐོག་ཕྱིན་ན། དབེན་ས་བའི་རྒྱུད་དང། སྲད་རྒྱུད། དབུས་དང་གཞུང་པ་ཞེས་མི་འདྲ་ཕྱེ་ཡོང་གི་ཡོད། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ནང་འདི་འདྲ་ཞིག་ཡོད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡོངས་འཛིན་འབྲོང་རྩེ་བ་ཅེས་པ་ཁོང་གིས་གསུང་བཤད་ གནང་སྐབས། སྔར་ཡིན་ན་འཇིགས་བྱེད་ཀྱི་ལྟག་ཕུལ་ཁར་ཐུག་དེར་སྲད་རྒྱུད་ཡིན་ན་དབོན་ས་ཡིན་ ན་དེ་འདྲ་ཞིག་རྩ་བའི་སྔགས་ཀྱིས་བྱིན་གྱི་རློབས་དེ་ཁུངས་བཅོལ་གནང་ཡོད། གཅིག་དེ་གསང་སྔགས་རྒྱལ་པོས་བཅོམ་ལྡན་མཆོད་ཁུངས་མི་འདྲ་བ་གཉིས་དྲངས་ཏེ་པཎ་ ཆེན་ཡོངས་འཛིན་འབྲོང་རྩེ་བས་སྔར་ཡིན་ན། ཁོང་རྣམ་པ་ཚོ་དབེན་ས་གཉེན་རྒྱུ་ཡིན་སྟབས། སྲད་རྒྱུད་ཀྱི་བཞེད་པར་དགག་པ་ཤུགས་ཆེ་རྒྱག་གི་ཡོད་ཀྱང་དུས་ཕྱིས་སུ་པཎ་ཆེན་ ཉིད་ཀྱིས་སྲད་རྒྱུད་གདམས་ངག་གསན་ཏེ་པཎ་ཆེན་རང་ཉིད་ཀྱི་གསུང་ནང་དེ་འདྲ་འདུག་ ཅེས་ད་ཆ་ཞེ་དྲག་བརྩི་རྒྱུ་མི་འདུག་མདོག་མདོག་དེ་འདྲ་གསུངས་འདུག སྔ་མོ་དབེན་ས་གཉེན་རྒྱུད་དང་སྲད་རྒྱུད་གཉིས་དབར་གཅིག་གིས་གཅིག་ལ་དགག་པ་ལྟ་ བུ་བསྐྱོན་གནང་གི་ཡོད། དེ་འགྲིག་གི་འདུག་ཁྱད་པར་གང་ཡང་མི་འདུག འོན་ཀྱང་ཆེ་སའི་སྟེང་སླེབས་སྐབས་གང་ཡང་མེད།  བཀའ་བརྒྱུད། རྙིང་མ། ས་སྐྱ་ཞེས་བཤད་པ་དེ་དག་ག་རེ་ཐོག་ནས་དབྱེ་བ་ཕྱེ་ཀྱི་རེད་ཅེས་བརྗོད་ན། བརྒྱུད་སྡེ་མི་འདྲ་བ་དང་ལྷག་པའི་ལྷ་མི་འདྲ་བ་གསང་སྔགས་གསར་རྙིང་བརྒྱུད་ སྡེའི་ཐོག་ནས་ཕྱེ་གི་རེད་མ་གཏོགས་མདོ་ཕྱོགས་ནས་གསར་རྙིང་དབྱེ་བ་འབྱེད་རྒྱུ་ མེད། མཁན་ཆེན་ཞི་བ་ཚོའི་གཞུང་ཚང་མས་ལྟ་གི་འདུག གང་ལྟར་ང་ཚོའི་རྩ་བའི་གཞུང་ལ་གཏུག་པ་ཡིན་ན།

ཁ་ སེང་ངོས་རང་རྡོ་རྫོང་རིན་པོ་ཆེའི་དགོན་པ་འགྲོ་སྐབས་རིན་པོ་ཆེར་ངོས་ ཀྱིས་བརྗོད་པ་ཡིན། སོ་སོའི་དགོས་ཆོས་དེ་དག་ཧ་ཅང་གལ་ཆེན་པོ་རེེད། འོན་ཀྱང་རྩ་བ་དེ་ཡར་གཏུག་རྒྱུ་དེ་གལ་ཆེན་པོ་རེད།
ཤིང་ལཏ་བུར་མཚོན་ན་སྡོང་པོ་བཟུན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྡོང་པོ་བརྟན་པོ་ཡོད་ན་ཡལ་ག་དེ་དག་བརྟན་པོ་ཡོང་གི་རེད། སྡོང་པོ་དེ་བརླག་སྟེ་ཡལ་ག་རྐྱང་པའི་སྟེང་ཕྱིན་པ་ཡིན་ན་བརྟན་པོ་ཞེ་དྲག་ཡོང་ གི་མ་རེད། ཡལ་ག་རྐྱང་པའི་སྟེང་འགྲོ་དུས་མ་བདེ་བ་ཞིག་ཆགས་ཀྱི་ཡོད། དོན་དག་ཆུང་ཆུང་རེད་མ་གཏོགས་དེ་འདྲ་ཞིག་ཤོད་སྲོལ་ཡོང་། རྙིང་མའི་ཌ་མ་རུ་དཀྲོལ་དུས་འདི་འདྲ་དང་དགེ་ལུགས་པའི་འདི་འདྲ་བྱས་ནས་དཀྲོལ་ གྱི་རེད་ཟེར་བ་དེར་བྱབ་མི་འདུག བརྒྱུད་སྟོད་དཀར་རྒྱན་ལ་ཚོས་བསྲེས་ཀྱི་ཡོད་རྒྱུད་སྨད་པའི་དཀར་རྒྱན་ལ་ཚོས་ བསྲེས་ཀྱི་མེད་ཟེར་བ་བྱབ་ཆུང་རེད། ང་ཚོས་འཆར་ཅན་ཚོས་བསྲེས་ཀྱི་མ་རེད་རྩ་ཆེ་བའི་བཟོ་དང་ང་ཚོའི་འདིར་ཚོས་བསྲེས་ ཀྱི་རེད་མཛེས་པ་ཡོད་ཟེར་ན་ཕན་ཐོགས་མེད།  དེ་བཞིན་ས་སྐྱར་ཆ་བཞག་ན་ངོར་པ་ཚར་པ་ས་ངོར་ཚར་གསུམ་བྱས་ཏེ་ཕྲན་བུ་ཤོད་རྒྱུ་ ཡོད། བཀའ་བརྒྱུད་ཆ་བཞག་ནའང་དེ་དེ་བཞིན་བྱས་ཏེ་སྔོན་མ་ཇར་མན་དེ་འདྲར་ཁོང་ཚོ་བཀའ་ བརྒྱུད་ཆོས་ཚོགས་ཁ་ཤས་ང་ཚོ་ཀརྨ་ཚང་ཡིན་འབྲི་གུང་བཀའ་བརྒྱུད་ཡོང་ཆོག་གི་མ་ རེད། ཡང་ཁ་ཤས་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན་ཀརྨ་ཚང་ཡོང་ཆོག་གི་མ་རེད་བཤད་ཀྱི་ འདུག་བྱབ་ཆུང་རེད། དེ་རིང་ཁ་སང་ཕྲན་ཙམ་དྲག་ཏུ་ཕྱིན་པ་ལྟ་བུ་འདུག རྙིང་མར་ཆ་བཞག་ན་རྙིང་མ་དཀར་མ་གཏེར་མ་གཏེར་ཆོས་སོ་སོ་བྱས་ཏེ་ལྷག་པའི་ལྷ་སྔ་ མ་སྔ་མ་དེ་དག་གི་གོ་མ་ཆོད་པར་བྱས་ཏེ་ལྷག་པའི་ལྷ་གསར་པ་བྱས་གཏེར་ཆོས་དེ་དག་ ཚད་ལྡན་བསམ་གྱི་མི་ཁྱབ་པ་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་བཀའ་གནང་གི་ཡོད། དཀར་མས་གཞི་བཟུང་གཏེར་མས་ཟུར་བརྒྱན་འགྲོ་དགོས་ཟེར་གཏེར་ཆོས་དེ་དག་གི་སྣུམ་ ཚུ་འདོན་པ་ལྟར་རེད་གསུང་གི་འདུག གཞི་རྩ་ཁོ་དཀར་མའི་སྟེང་འགྲོ་རྒྱུ་ཞིག་དང་དེ་ཚོའི་གྲས་དཔལ་ན་ལེནྡྲ་ནས་ཡོང་ པའི་ཆོས་བརྒྱུད་གཞིར་བཞག་ས་དགེ་བཀའ་རྙིང་བོད་དང་བཅས་པ་སོ་སོས་དེའི་སྟེང་ རྣོ་ཟུར་འདྲ་ཞིག་གཏོད་དེ་ཁྱད་ཆོས་སྟོན་ནས་ཕྱིན་པ་ཡིན་ན་ཡག་པོ་འདུག ང་ཚོ་ཆོས་ལུགས་མཐུན་སྒྲིལ་ཟེར་བ་དེ་རྩ་དོན་སྟེང་ཕྱིན་པ་ཡིན་ན་མཐུན་སྒྲིལ་ ཡོང་ཡོང་པ་རེད། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཁས་མི་ལེན་མཁན་སུ་གཅིག་ཀྱང་མེད། རིན་པོ་ཆེས་མཐུན་སྒྲིལ་དངོས་གནས་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཞིག་དགོས་ཀྱི་འདུག་ གསུང་རྒྱུ་དེ་ཡང་དག་པ་རེད། མ་གཞི་བར་སྐབས་ཞེ་དྲག་ཡག་ཏུ་ཕྱིན་འདུག ངོས་ཀྱིས་ངོ་ཤེས་པ་དགེ་ལུགས་ཁ་ཤས་ལ་ཟེར་གྱི་ཡོད། སྔོན་བཛྲ་གུ་རུ་བགྲངས་དུས་མི་བདེ་བ་ཡོང་གི་ཡོད་ཀྱང་ད་ཆ་གང་ཡང་མི་འདུག རྙིང་མའི་ནང་སྔོན་མ་དམིགས་བརྩེ་བགྲངས་དུས་བདེ་བོ་མི་འདུག་ཀྱང་དེང་སང་གང་ཡང་ མི་འདུག་ཟེར་མཁན་ཡོད་སྲིད། མཐུན་སྒྲིལ་སྐོར་དེ་གཅིག་ཤོད་འདོད་བྱུང་།
དེ་ནས་དོན་ཚན་གཅིག་མ་གཞི་སྔོན་མ་ཞུས་ཡོད་དམ། གང་ལྟར་ཇོ་ནང་གི་ཆོས་བརྒྱུད་ཀྱི་ད་རེས་ཉེ་ཆར་རང་ཇོ་ནང་ཁོང་ཚོས་ངོས་ལ་སྙན་ ཞུ་གཅིག་འདུག་ངོས་ལའང་ཡི་གེ་ཞིག་འདུག དེ་རིང་ཐག་གཅོད་དགོས་ཀྱི་ཡོད་ཟེར་བ་གཅིག་རྩ་བའི་ཇོ་ནང་ངོས་ཀྱིས་ནམ་རྒྱུན་ བཀའ་ཆོས་སྐབས་ཤོད་ཀྱི་ཡོད། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ལ་ཐུག་པ་ཡིན་ན་ཇོ་ནང་དེ་ད་ལྟའི་ བར་བསྟན་པ་འཛིན་ཏེ་བསྡད་པའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད། ལྟ་བ་རང་མཐོང་དང་གཞན་མཐོང་ཟེར་བ་དེ་ཁོ་རང་ཚད་མཐོ་པོའི་སྟེང་འགྲོ་གི་རེད་ ཁྱད་པར་གང་ཡང་མི་འདུག ནམ་རྒྱུན་རྟག་ཏུ་ཤོད་ཀྱི་ཡོད་སེམས་ལ་ཞེ་དྲག་ཕན་གྱིས། ཇོ་ནང་གི་བླ་སྒྲུབ་ཞིག་གི་ནང་གི་ཚིག་ཞིག་རེད། སྒྱུ་མའི་རང་སྣང་ཇེ་ནེ་ནེ། གཏན་མེད་རིག་པ་གསལ་ལྷང་ལྷང། བརྗོད་མེད་དབྱིངས་སུ་ཐལ་ལ་ལ། བདེ་བ་ཆེན་པོ་ཁྲི་ལི་ལི། ཡག་པོ་མི་འདུག་གམ་དེ་བསམ་བློ་ཞིག་བཏང་བ་ཡིན་ན། ཕྱི་བཟུང་བ་བདེན་མེད་སྒྱུ་མ་ལྟ་བུ། ནང་འཛིན་པ་བདེན་མེད་སྒྱུ་མ་ལྟ་བུ་རེད། དེ་འདྲ་ཞིག་བསམ་བློ་བཏང་ཡོང་དུས་ཕྱི་བཟུང་བ་དང་ནང་འཛིན་པ་གཉིས་ཀའི་དམིགས་ གཏད་ཅིག་བཤིག་ཡོང་དུས་བརྗོད་མེད་དབྱིངས་སུ་ཐལ་ལ་ལ་དེའི་སྟེང་བསྡད་པ་ཡིན་ན། དེའི་ངོ་ལ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་སེམས་དེ་བདེ་ཆགས་གེར་འགྲོ་རྒྱུ་ཞིག རྫོགས་རིམ་རྟོགས་པ་མཐོ་པོའི་བདེ་བ་ཆེན་པོ་གང་ཡིན་མིན་ཡང་ཁ་ཐུག་དེར། སྤྲོས་པས་བསྡུས་པའི་སེམས་ཀྱི་གཞོན་ནུ་དེ།བརྗོད་བྲལ་ནགས་ཀྱི་ཕུང་པོར་ངལ་གསོ་ བསྟེན། ཞེས་གསུང་བཞག་པ་ཡག་པོ་འདུག སྔོན་དུ་རང་མཐོང་གཞན་མཐོང་ཡར་ཙམ་བཞག་སྔོན་དུ་སོ་སོ་ཁ་ཐུག་དེར་སེམས་ལ་ཕན་པ་ ཞིག་དང་སྒོ་གསུམ་ཞི་ཞིང་འདུལ་བ་ཞིག་བྱུང་བ་ཡིན་ན། གོ་ལོག་རྫ་ཐང་ཕྱོགས་ལ་ངོས་ཀྱི་ངོ་ཤེས་པ་ཨ་མི་རི་ཀའི་མི་ཞིག་གོ་ལོག་ཁུལ་ལ་ གནས་སྐོར་ལ་ཕྱིན་པ་ཡིན། བཀྲིས་འཁྱིལ་ཕྱོགས་ལ་མཚམས་བསྡམས་ཏེ་ཡུན་རིང་བཞུགས་པ་རེད་ཟེར་མཁན་གོ་རྒྱུ་ གང་ཡང་མི་འདུག གོ་ལོག་རྫ་ཐང་ཁུལ་ཇོ་ནང་རེད་མཚམས་བཞུགས་མཁན་མང་པོ་འདུག ཁོ་རང་ཞེ་དྲག་གི་ཡིད་འཕྲོག་སོང་ཟེར་གྱི་འདུག་ཡག་པོ་འདུག སྤྱིར་བཤད་པའི་བཅུ་བཤད་དང་སྒྲུབ་བརྒྱུད་ཤིང་རྟ་བཅུ་བཤད་དེ་གནད་འགག་ཞིག་འདུག ངོས་ཀྱིས་འདི་བྱེད་མ་བྱེད་ཤོད་རྒྱུ་གང་ཡང་མེད་ཀྱང་ཁྱེད་རང་ཚོར་དབྱིན་སྐད་ ནང་བརྗོད་ན།  Seriously དོན་གལ་ཆེན་པོ་བྱས་ཏེ་དགོངས་པ་བཞེས་དགོས་རྒྱུ་ཞིག་འདུག གནད་འགག་ཅིག་འདུག ངོས་ཀྱིས་ངོས་ནས་ཁོང་ཚོས་ངོས་ལ་ཡི་གེ་དེ་བྲིས་པ་རེད་བཤད་ཡོད། ངོས་ཀྱིས་ངོས་ནས་དེ་བཤད་ཡོད་དོ་ཞེས་བརྗོད་པར་འགྲོ་གི་ཡིན། ཤེས་སོང་ངམ་ངོས་ཀྱིས་བརྗོད་མི་འདུག་ཟེར་ན་ཆོ་མི་འདུག ངོས་ཀྱིས་ཞྭ་མོ་ཕུད་པ་ཡིན་དེ་ཁྱེད་རང་ཚོས་ཐག་གཅོད་རྒྱུ་རེད། བཀྲིས་བདེ་ལེགས་ཐུགས་རྗེ་ཆེ། ཞེས་བཀའ་བཀའ་སློབ་ཟབ་རྒྱས་སྩལ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱ་ནས་

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php