{}üljm-hPGÅ-ˆÛ-¾ïºÞü
“Ǩm-zÞ-¤ôºÛÅï¤Å-mh-PÞÅ-m-ÅPÅü ÇeG-Á-¼ºÛ-Åï¤Å-mh-zÁh-m-ÅPÅü”
ljm-hPGÅ-mÛ-zÞ-¤ôºÛ-¤ÛG-Vß-hP-ÇeG-Á¼-HÛ-ljÛP-Gb¤-®¤-hÝ-¤-¸hü h-hÝP-hï-hG-GÛ-º²â¤-¤hPÅ-hP-JÀâ-Ç+h-ˆP-TÛ-¾-¤Ûmü
།ཀུན་སྙོམ་བྱམས་བརྩེ་ལྷ་ཡི་བདུད་རྩི་ཡིས།
།མི་མཐུན་ནད་བརྒྱ་ལྡང་བ་ཞི་གྱུར་ཅིག
།བཟོད་སྒོམ་དྲང་སྲོང་ཆེན་པོའི་བྱིན་མཐུ་ཡིས།
ཕྲག་དོག་ཞེ་སྡང་བདུད་ཀུན་བཟློག་གྱུར་ཅིག
།སྙིང་རྗེའི་ལྷ་མཆོག་འཛུམ་པའི་བྱབས་ཁྲུས་ཀྱིས།
ཕྱི་ནང་འགལ་རྐྱེན་གྲིབ་བརྒྱ་དག་གྱུར་ཅིག
།དམ་ཆོས་ལེགས་བཤད་རྩོམ་བརྒྱའི་སྣང་བ་ཡིས།
།འཇིག་རྟེན་རྨོངས་མུན་སངས་པའི་ཞི་བདེར་སྨོན།།
འདྲེ 9
༡
བླ་མར་དད་པ་མེད་ཀྱང་རུང།
བླ་མའི་བཀའ་སྒྲུབ་མ་ནུས་ཀྱང།
བླ་མར་སྒྲོ་སྐུར་བྱས་ན་འདྲེ།
༢
ཕ་མར་བརྩེ་འདང་མེད་ཀྱང་རུང
ཕ་མའི་བཀའ་དྲིན་མ་ཚོར་ཡང།
དྲིན་ལན་ལོག་འཇལ་བྱས་ན་འདྲེ།
༣
བཟའ་ཟླར་བརྩེ་དུང་མེད་ཀྱང་རུང།
བཟའ་ཚང་བྱམས་སྐྱོང་མ་ནུས་ཀྱང།
བུ་ཕྲུག་ཐང་དུ་དོར་ན་འདྲེ།
༤
གྲོགས་ལ་ཕྱི་ཐག་མེད་ཀྱང་རུང།
གྲོགས་ལ་རོགས་ཕན་མ་ནུས་ཀྱང།
གྲོགས་པོ་དགྲ་རུ་བཟུང་ན་འདྲེ།
༥
མི་རིགས་ལར་ཞེན་མེད་ཀྱང་རུང།
མི་རིགས་རིག་གཞུང་མ་ཤེས་ཀྱང།
རིགས་ཀྱི་རྐང་འདྲེན་བྱས་ན་འདྲེ།
༦
ཆབ་སྲིད་གོ་རྟགས་མེད་ཀྱང་རུང།
སྲིད་ལ་སྲི་ཞུ་མ་ནུས་ཀྱང།
སྲིད་དོན་བསམ་བཞིན་འཁྲབ་ན་འདྲེ།
༧
སྤྱི་ཕན་ལྷག་བསམ་མེད་ཀྱང་རུང།
སྤྱི་དོན་བྱ་བ་མ་ནུས་ཀྱང།
སྤྱི་རྒྱུ་སྒེར་གྱིས་སྤྱད་ན་འདྲེ།
༨
ཞི་བདེའི་སེམས་སྐྱེད་མེད་ཀྱང་རུང།
ཞི་བའི་ངོ་རྒོལ་མ་ནུས་ཀྱང།
དམངས་ཀྱི་ཞི་བདེ་དཀྲུགས་ན་འདྲེ།
༩
ཆོས་ལ་དད་པ་མེད་ཀྱང་རུང།
ཆོས་མཐུན་བྱ་བ་མ་ནུས་ཀྱང།
དགེ་སྡིག་ལོག་པར་སྤྱད་ན་འདྲེ།
ཁྱེད་ཀྱིས། ལྷ་བཅུ་མ་ཞིག་འབྲི་ཐུབ་བམ།
དགུ་ཟློག་བཟང་བཅུའི་ཤིས་སྨོན།
དམ་པའི་ཆོས་ལ་མི་དད་ལོག་ལྟ་ཟློག
དམ་པའི་སྐྱེས་ཆེན་མི་བཀུར་སྒྲོ་འདོགས་ཟློག
མཛངས་པའི་ཕྱག་རྗེས་མི་མཐོང་འཁང་ར་ཟློག
མཁས་པའི་བཀའ་སློབ་མི་རྟོགས་རང་རློམ་ཟློག
བཟང་པོ་མིག་དཔེར་མི་ལྟ་ཕྱོགས་ལྷུང་ཟློག
ཕ་མའི་དྲིན་ལན་མི་ཚོར་བསམ་མེད་ཟློག
བཟའ་ཟླའི་བརྩེ་འདང་མེད་པའི་མགོ་ཡང་ཟློག
གྲོགས་ལ་ཕྱི་ཐག་ཐུང་བའི་ཁྲེལ་མེད་ཟློག
སྤྱི་ཕན་བསམ་བློ་མེད་པའི་ཧམ་སེམས་ཟློག
མདོར་ན་སྒོ་གསུམ་ངན་དགུ་མ་ལུས་ཟློག
དེ་དགུ་ལྡོག་པའི་འཚེ་མེད་བདེན་སྐྱོང་གི
བློ་གྲོས་མཆོག་མངའ་བཟང་བཅུས་བཀྲ་ཤིས་ཤོག
མགོ་དགུ་གསོན་འདྲེ་དེ་འདྲ་མེད་ན་ཡང།
སྐྱོན་རེ་མེད་པའི་མི་ཞིག་གླིང་ན་དཀོན།
དེ་ལྡོག་མི་ཡི་སྐྱེས་མཆོག་དཀོན་པ་སྟེ།
ཡོན་ཏན་སྣ་རེ་མེད་པའི་མི་ཡང་དཀོན།
ལུས་ངག་ཡིད་ཀྱི་སྐྱོན་ཀུན་ཞི་གྱུར་ནས།
ཡོན་ཏན་དམ་པས་མི་རྣམས་མཛེས་པར་སྨོན།
admin (Sunday, 21 April 2024 09:52)
1
admin (Sunday, 21 April 2024 05:03)
1