{}ü;-¯ô¤-HÛ-¾ïºÞü

 

 

     ;-zÁh-h¤-;-yïP-GÛ-¯ô¤-»ÛG-mÛ-zôh-¼P-GÛ-»Û-GïºÛ-fÞm-¤Ûm-HÛ-Eh-VôÅ-¤±ôm-qºÛ-¯ô¤-¯¾-h¤ÛGÅ-zž-z-ŸÛG-»Ûm-qÅü ºhÛ¼-¾ôGÅ-ÅÞ-¾ïºÞ¼-xïÅ-qºôü

 

 

 

དབྱངས་གསལ་སོ་བཞིའི་བགྲོ་གླེང།



ཀ་སྡེ་ན་རེ།

ཀ་ཁ་ག་ང་བོད་ཀྱི་ནོར་བུ་ཡིན། ནོར་བུའི་ནོར་ངོ་མ་ཤེས་འགྱོད་པའི་རྒྱུ།

ཁ་ནས་བོད་སྐད་ཙམ་ཞིག་འཁྱོངས་ན་ཡང༌། ལག་ནས་བོད་ཡིག་དག་པོ་འབྲི་མཁན་དཀོན།

ག་ས་གང་དུ་དམ་ཆོས་སྤེལ་དགོས་ཀྱང༌། གཞུང་ལུགས་ཚང་བ་བོད་ཡིག་ལས་གཞན་མེད།

ང་ཚོ་བོད་ཀྱི་ཡི་གེ་ཡིན།ང་ཚོའི་བདག་པོ་བོད་མི་ཡིན།

རྒྱ་ཡིག་དབྱིན་ཡིག་ལ་སོགས་པས།ང་ཚོར་བཙན་འཛུལ་བྱེད་མི་ཆོག

 

ཅ་སྡེ་ན་རེ།

ཅ་དག་གྲངས་ཉུང་དབྱངས་གསལ་སོ་བཞི་ཡིས། མི་འདང་སྐད་ཡིག་གཞན་ཞིག་སློབ་དགོས་མེད།

ཆ་མེད་རྒྱུས་མེད་མི་རིགས་གཞན་དག་ཀྱང༌། ང་ཚོར་དགའ་ན་བོད་མི་ཅིས་མི་དགའ།

ཇ་མ་ཆང་མས་མགྲོན་པོ་ཁྱད་མེད་བསུ། བོད་མི་ལ་ལས་སྐད་ཡིག་ཁྱད་མེད་བསྲེ།

ཉོ་ཚོང་དཔལ་འབྱོར་འགྲན་རྩོད་གཡུལ་ས་ན། བོད་ཀྱི་རིག་གཞུང་རྒྱ་མར་འཇལ་མཁན་དཀོན།

 

ཏ་སྡེ་ན་རེ།

ཏཱ་ལའི་བླ་མའི་མཛད་འཕྲིན་རྒྱས་པ་ཡང༌། ཡང་སྙིང་ཀ་མད་སུམ་ཅུའི་རྫུ་འཕྲུལ་ཡིན།

ཐ་དད་སྐད་ཡིག་སྟོང་ཕྲག་མང་པོའི་ནང༌། བོད་ཡིག་སུམ་ཅུའི་རིན་ཐང་བླ་ན་མཐོ།

ད་ལྟའི་དུས་འདིར་ཀ་མད་སུམ་ཅུ་པོ། བོད་ཀྱི་སྲོག་སྲུང་དཔའ་རྟུལ་སུམ་ཅུ་ཡིན།

ན་ནིང་ད་ལོར་གཞིས་བྱེས་གཉི་གའི་ནང༌། ང་ཚོར་མཐོང་ཆེན་བྱེད་ཐབས་མི་མཁས་སྐྱོ།

 

པ་སྡེ་ན་རེ།

པ་ཕ་ཨ་མའི་གཅེས་ཕྲུག་མང་ན་ཡང༌།ཕ་བཟང་བུ་ཕྲུག་ཡི་གེའི་བདག་པོ་ཉུང༌།

བ་དང་མི་ཡི་ཁྱད་པར་བ་སྤུ་ཡིས།མ་ཡིན་ཡོན་ཏན་གཞི་མ་ཡི་གེས་སོ།

 

ཙ་སྡེ་ན་རེ།

རྩམ་པ་ཤ་མར་བོད་ཀྱི་ཁ་ཟས་ཡིན།དབྱངས་གསལ་སོ་བཞི་བོད་མིའི་རྣམ་ཤེས་ཡིན།

ཚ་གྲང་དཀའ་བ་མ་སྤྱད་ན།ཡི་གེ་སུམ་ཅུའི་དོན་མི་རྟོགས།

ཛ་ཏི་སྨན་སྦྱོར་མཁས་པའི་སྨན་པ་བཞིན།དབྱངས་གསལ་སྡེབ་སྦྱོར་མཁས་པས་ཐམས་ཅད་མཁྱེན།

ཝ་སྐྱེས་སེང་གེའི་ཁྲི་ལ་འགྱིངས་པ་ལྟར།ཡིག་རྨོངས་དཔོན་ལ་བསྐོས་ན་དམངས་ལ་གནོད།

 

ཞ་སྡེ་ན་རེ།

ཞ་བོ་འོན་པ་ལོང་པ་རྣམས་ལས་ཀྱང༌། དེང་སང་ཡི་གེ་མི་ཤེས་མཚང་དུ་ཆེ།

ཟ་མ་ལྟོ་གོས་ཕུན་ཚོགས་ལོངས་སྤྱོད་ཀྱང༌། དེང་སང་ཡི་གེ་དག་ལ་རག་ལས་སོ།

འ་ཅག་བོད་ཀྱི་རིག་གནས་ཤེས་འདོད་ན། ངེས་པར་དབྱངས་གསལ་རྫུ་འཕྲུལ་བྱང་ཆུབ་དགོས།

ཡ་རབས་ཀུན་གྱི་གཞི་མ་དམ་ཆོས་ཏེ། ཡི་གེ་སུམ་ཅུའི་སྙིང་བོའང་དེ་ལགས་སོ།

 

ར་སྡེ་ན་རེ།

ར་གན་གསེར་གཉིས་ནོར་ཡང་བླ། བླུན་དང་མཁས་ཚུལ་ནོར་མི་རུང༌།

ལར་ཞེན་དོན་དང་ལྡན་མིན་ཡང༌། ཡོན་ཏན་ལྡན་མིན་ཉིད་ཀྱིས་འབྱེད།

ཤ་འཁོན་དགྲ་ལན་འཇལ་ན་ཡང༌།་རྒྱལ་ཁའི་རྩ་བ་བློ་རིག་ཉིད།

ས་ཁོངས་རང་སྐྱོང་གཞི་རྩ་ཡང༌། མི་རིགས་རང་སྐད་ཉིད་ལ་ཐུག

 

ཧ་སྡེ་ན་རེ།

ཧ་ལས་ངོ་མཚར་དབྱངས་གསལ་སོ་བཞི་འདི། ཨ་མའི་བུ་རྣམས་རང་གི་སྲོག་བཞིན་སྲུངས།

ཧ་ལམ་ཁ་སང་དེ་རིང་སྡེ་དགུ་བོར། རང་བཙན་ཕར་ཞོག་རང་སྐྱོང་ཡང་འཆོར་ལ་ཁད།

 

དབྱངས་སྡེ་ན་རེ།

བདེན་ནོ་གངས་ཅན་གཞོན་སྐྱེས་རྣམས། ཨི་ཨུ་ཨེ་ཨོར་མ་འདུས་དབྱངས་ཤིག་མེད།

ཀ་ཁ་སུམ་ཅུར་མ་འདུས་ཡི་གེ་མེད། ངེད་གཉིས་འཛོམས་པས་མི་གསལ་ཤེས་བྱ་མེད།

བློ་རིག་ནོར་བུ་འདི་ལས་ཨེ་ཡོད་སོམས། །

 

སྐད་ཡིག་ཚགས་པར་ལ་ཕུལ་བ།

༢༠༠༧།༡༢།༣།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php