༢༠༡༣ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཕུར་བུ།

chineseIntellectual 051༄ ༅།  །འདི་གར་རྒྱ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་ དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༡ ཉིན་སྙན་གྲགས་ཅན་གྱི་རྒྱ་རིགས་རྩོམ་པ་པོ་ ༣༠ ཙམ་དང་ལྷན་༼ དེང་དུས་རྒྱ་ནག་དང་འཛམ་གླིང་། ཀུན་སྤྱོད་ཀྱི་དོན་སྙིང་དང་བསམ་བློ་གཏོང་ཕྱོགས། ༽ཅེས་འཁོད་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ ཡོད། དོན་སྙིང་ལྡན་པའི་བགྲོ་གླེང་ཚོགས་འདུ་དེ་ནི་ཚོགས་འདུ་ཚོགས་ས་ནི་ཨ་རིའི་ གྲོང་ཁྱེར་ནིའུ་ཡོག་ནང་དུ་ཡོད་པའི་སྦི་ཁཱིན་གསོལ་མགྲོན་ཁང་གི་ཐོག་བརྩེག་ གཉིས་པའི་ཐོག་ཡིན་པ་དང་།  ལོ་རྒྱུས་ཡུན་རིང་ལྡན་པའི་གསོལ་མགྲོན་ཁང་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་ མཆོག་ནས་ནིའུ་ཡོག་གྲོང་ཁྱེར་ནང་ཉིན་བཞིའི་མཛད་འཕྲིན་བསྐྱངས་རིང་གི་བཞུགས་ གནས་ཡིན་པ་རེད།  བགྲོ་གླེང་ཚོགས་འདུར་ནིའུ་ཡོག་གྲོང་ཁྱེར་གཙོ་བོར་གྱུར་བའི་ས་གནས་ཁག་གི་རྒྱ་ རིགས་རྩོམ་པ་པོ་༣༠ཙམ་མཉམ་ཞུགས་གནང་ཡོད་པ་དང་།  དེའི་ཁྲོད་དུ་རྒྱ་ནག་ནས་ཕེབས་ཙམ་ཡིན་པའི་རྩོམ་པ་པོ་བཞི་ཙམ་ཡོད་པ་རེད།

222222ཐོག་ མར་རྒྱ་ནག་ནས་ཡིན་པའི་རྩོམ་པ་པོ་དང་སྙན་ངག་པ་སྐུ་ཞབས་ཡུ་ཤིན་ཞའོ་ཡིས་རྒྱ་ ནག་ནང་གི་ད་ལྟའི་བཟང་སྤྱོད་གནས་སྟངས་ངོ་སྤྲོད་གནང་རྗེས་༧གོང་ས་མཆོག་ནས་བཀའ་ སློབ་གནང་ཡོད་པ་དང་།  དེའི་རྗེས་རྒྱ་རིགས་རྩོམ་པ་པོ་ཚོས་༧གོང་ས་མཆོག་ལ་བཟང་སྤྱོད་ཀྱི་སྐོར་བཀའ་ འདྲི་དགོངས་སྐོར་དང་གྲོས་བསྡུར་གནང་ཡོད།  རྩོམ་པ་པོ་ཡུ་ཤིན་ཞའོ་ཡིས་ངོ་སྤྲོད་གསུང་བཤད་གནང་སྐབས།  མ་ཁེ་སི་རིང་ལུགས་ནི་རྒྱ་ནག་གི་བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ ཡིན་པ་དང་།  སྲིད་དབང་གཅིག་སྡུད་ལམ་ལུགས་ནི་བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ པའི་ངོས་འཛིན་གནང་བ་དང་དུས་མཚུངས་གསུང་དོན།  རང་དབང་མེད་པའི་ཡུལ་གྲུར་འཚོ་སྡོད་བྱེད་མཁན་གྱི་མི་ལ་ཁོང་ཁྲོ་དང་།  འཁོན་འཛིན་ཡོད་ཀྱང་། རླབས་ཆེན་གྱི་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་དར་སྤེལ་གནང་བཞིན་པའི་བྱམས་དང་།  སྙིང་རྗེ་ནི་དེ་དག་མེད་པར་བཟོ་བྱེད་ཀྱི་སྨན་ཡིན་ཞིང་།  ༧གོང་ས་མཆོག་ནས་རྒྱ་བོད་མི་རིགས་གཉིས་ཀྱི་ཆེད་དུ་དང་།  ཐ་ན་འགྲོ་བ་མིའི་རིགས་ཡོངས་ལ་བྱམས་དང་སྙིང་རྗེ་དར་སྤེལ་ཐད་འོད་ཟེར་ལྡན་ པའི་མིག་དཔེ་བསྟན་པ་གནང་ཡོད།  དེ་རིང་འདིར་༧གོང་ས་མཆོག་གི་སྐུ་མདུན་དང་།  གྲོགས་པོ་རྣམ་པའི་མདུན་དུ་གཏམ་བཤད་བྱེད་རྒྱུ་བྱུང་བ་ནི་བསམ་ཡུལ་ལས་འདས་པ་ ཞིག་ཡིན་ཞིང་།  གཅིག་བྱས་ན་དེ་ནི་གུས་པས་ཡུན་རིང་སངས་རྒྱས་པའི་ཆོས་ལ་བློ་ཁ་ཕྱོགས་ནས་དོ་ སྣང་བྱས་པ་ལས་བྱུང་བའི་བསོད་ནམས་ཆེན་པོ་ཞིག་ཡིན་སྲིད།  ཅེས་གསུངས།

44444༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གནང་བའི་སྙིང་པོར།  བཟང་སྤྱོད་ཉམས་ཆགས་ཀྱི་གནས་ཚུལ་ནི་རྒྱ་ནག་གཅིག་པུ་མ་ཡིན་པར།  ཨ་རི་དང་།  རྒྱ་གར་སོགས་ས་གནས་མང་པོར་བཟང་སྤྱོད་ཉམས་པའི་གནས་ཚུལ་ཡོད་ཅེས་དང་།  མགོན་པོ་གང་གི་དགོངས་པར་ཆོས་ལུགས་ཀྱི་ནུས་པ་གཅིག་པུར་བརྟེན་ནས་བཟང་སྤྱོད་ ཉམས་པ་སླར་གསོ་བྱེད་རྒྱུ་ནི་ཅུང་ཁག་པོ་ཡིན་པ་དང་།  འཛམ་གླིང་ནང་ཆོས་ལུགས་ལ་དད་པ་མི་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་སྟབས།  ༧གོང་ས་མཆོག་ནས་ཆོས་དང་མ་འདྲེས་པའི་འཇིག་རྟེན་མི་ཆོས་ཀྱི་བཟང་སྤྱོད་གོང་ འཕེལ་གཏོང་རྒྱུར་སྒོ་གང་ས་ནས་ཤུགས་སྣོན་སྐྱོན་གྱི་ཡོད་པར་ཕྱོགས་མང་པོས་ རྒྱབ་སྐྱོར་ཡོང་གི་འདུག་ཅེས་བཀའ་རྩལ་ཡོད།

666666རྩོམ་ པ་པོ་གཞན་ཚོས་རང་རང་སོ་སོའི་དགོངས་ཚུལ་གསུང་སྐབས།  དེང་སང་རྒྱ་ནག་ནང་གི་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་པའི་གནས་ཚུལ་དེ་ནི་མི་ལོ་ ལྔ་སྟོང་གི་རྒྱ་ནག་ལོ་རྒྱུས་ནང་བྱུང་མ་མྱོང་ཞིག་ཡིན་པ་དང་།  འཛམ་གླིང་སྟེང་ནས་བཤད་ཀྱང་རྒྱ་ནག་གི་བཟང་སྤྱོད་ཉམས་བཞིན་པའི་གནས་སྟངས་ནི་ ཛ་དྲག་ཤོས་ཤིག་ཡིན་པར་གཅིག་གྱུར་ངོས་འཛིན་བྱས་ཡོད།

རྒྱ་རིགས་རྩོམ་པ་པོ་འགའ་རེས།  དེང་སང་ཤེས་ཡོན་ཅན་གྱི་ཁྲོད་དུ་རྒྱ་ནག་གི་བཟང་སྤྱོད་ཉམས་ཀྱི་འདུག་ཅེས་ཤོད་ མཁན་མང་ཡང་།   གང་འདྲ་བྱས་ནས་ཉམས་གསོ་བྱེད་དགོས་ཐད་ཐབས་ལམ་འདོན་མཁན་མེད་སྟབས།  བཟང་སྤྱོད་སླར་གསོའི་ཐབས་ལམ་ལེགས་ཤོས་ག་རེ་ཡིན་པ་དང་།  བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་༧གོང་ས་མཆོག་ལ་བཀའ་ འདྲི་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས་སྤྱི་ཡོངས་ནས་བཀའ་ལན་དེ་ལྟར་རྩལ་སོང་།  དེ་ཡང་༧གོང་ས་མཆོག་གིས།  རྒྱ་ནག་ནང་གི་བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་མང་པོ་ཡོད་སྲིད་ཀྱང་།  གཙོ་བོ་གཅིག་ནི།  ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་དང་།  བརྩེ་བ་མེད་པ་དང་།  ད་ལྟའི་རྒྱ་ནག་གཞུང་གི་ཆེས་དམ་དྲག་ཆེ་བའི་སྲིད་བྱུས་འོག  མི་ཚང་མར་གཅིག་གིས་གཅིག་ལ་ཟོན་དང་།  དོགས་པ་རྣམ་རྟོག་གི་ནང་དུ་བསྡད་དགོས་པ་དེ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་ དང་།

ཡང་༧གོང་ས་མཆོག་ནས།  བཟང་སྤྱོད་སླར་གསོ་བྱེད་པའི་ཐབས་ལམ་ལེགས་ཤོས་གཅིག་ནི།  བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་ནི་ཆུང་ས་མི་སྒེར་པ་དང་།  ཆེ་ས་ཁྱིམ་ཚང་དང་སྤྱི་ཚོགས་བཅས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་སྐོར་ཆུང་དུས་ ནས་མིའི་སེམས་ནང་འཇགས་དགོས་པའི་སློབ་གསོ་གཏོང་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་ པོ་ཡིན།  དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་དེ་སྔ་རྒྱ་ནག་ནང་བསམ་པའི་དཔལ་ཡོན་དར་སྤེལ་ གཏོང་དགོས་ཞེས་པའི་སྐད་ཆ་དེ་བྱུང་བ་རེད། ཅེས་བཀའ་ལན་རྩལ།

རྒྱ་རིགས་ཤེས་ཡོན་ཅན་སུའུ་ཞའོ་ཁན་གིས།  རྩོམ་པ་པོ་ཡོངས་ཀྱི་ཚབ་ཞུས་ནས་དེ་རིང་ང་ཚོ་རྒྱ་རིགས་རྩོམ་པ་པོ་སུམ་ཅུ་ཙམ་ གྱིས་འཛམ་གླིང་ས་ཕྱོགས་གང་སར་མཚན་སྙན་ཤིན་ཏུ་ཆེ་བའི་༧གོང་ས་ཏཱ་ལའི་བླ་མ་ མཆོག་དང་ལྷན་དུ་བགྲོ་གླེང་ལྷུག་པོ་ཞུ་རྒྱུའི་གོ་སྐབས་བྱུང་བར་བརྟེན།  ༧གོང་ས་མཆོག་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞུས་པ་དང་ཆབས་ཅིག་གསུང་དོན་ལ།  རྒྱ་མི་རིགས་ཀྱི་ཁྲོད་དུ་མེ་སེར་དཀྱུས་མ་ཡིན་ནའང་འདྲ།  སྤྱི་ཚོགས་ཐོག་གི་གནད་ཡོད་མི་སྣ་ཡིན་ནའང་འདྲ།  རྒྱ་བོད་མི་རིགས་གཉིས་འཆམ་མཐུན་གྲོས་མོལ་ཡོང་བའི་དོན་དུ་ཁོར་ཡུག་བཟང་པོ་ སྐྲུན་མཁན་ཇེ་མང་འགྲོ་གི་རེད་བསམ་པའི་ཡིད་ཆེས་ཡོད་ཅེས་གསུང་ཡོད།

དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་བགྲོ་གླེང་ཚོགས་འདུ་དེ་ནི་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པས་གཙོ་སྐྱོང་གནང་ཞིང་།
སྲིད་དོན་དབྱེ་ཞིབ་པ་ཧུའུ་ཕིང་དང་།  དཔྱད་གཏམ་པ་གྲན་ཕོ་ཁུང་།    ཨེ་ཤ་ཡ་རང་རླུང་ཁང་གི་རྩོམ་པ་པོ་སྦའེ་མིང་།  རྩོམ་པ་པོ་ཏིང་དབྱི་ཕུ།  དྲྭ་རྒྱའི་རྩོམ་པ་པོ་སྦའེ་ཕུང་།  ཡེལ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཁང་ཀྲིང་གོ།  དེ་སྔ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ནས་ཡིན་པའི་རྩོམ་པ་པོ་ཀྲང་སྦོ་ཧྲུའུ།  ༡༩༥༩ལོའི་ལྷ་ས་ཞེས་པའི་དེབ་ཀྱི་རྩོམ་པ་པོ་ལི་ཅང་ལིན།  དེ་བཞིན་ཨ་རི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ཀུང་ཞའོ་ཤཱ།  སྙན་ངག་པ་རྨིང་ལན་དང་ཧོང་ཞང་།  དཔལ་འབྱོར་མཁས་དབང་རྩོམ་པ་པོ་གྲང་ཞའོ་ནུང་སོགས་རྩོམ་པོ་༣༠ཙམ་མཉམ་ཞུགས་གནང་ ཡོད།

མཐར་༧གོང་ས་མཆོག་ནས་རྩོམ་པ་པོ་ཡོངས་དང་ལྷན་དུ་དྲན་རྟེན་གྱི་སྐུ་པར་ལྷན་ སྒྲོན་གནང་སྟེ།  དོན་སྙིང་ལྡན་པའི་བགྲོ་གླེང་ཚོགས་འདུ་མཇུག་བསྒྲིལ་ཞིང་།  དེ་རྗེས་ལ་༧གོང་ས་མཆོག་ནས་སི་སྦི་ཨེ་སི་བརྙན་འཕྲིན་ཁང་གི་དམིགས་བསལ་བཅར་ འདྲི་དང་ལེན་དང་།  ཉིན་རྒྱན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་།  ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་མི་གྲངས་༨༠ཙམ་ལ་མཇལ་ཁ་དང་།  བླང་དོར་བཀའ་སློབ་བཀའ་དྲིན་བསྩལ་རྗེས་ཆུ་ཚོད་༣པ་ཙམ་ལ་གྲོང་ཁྱེར་ནིའུ་ཡོག་ ནས་མཁའ་ལམ་བརྒྱུད་པོ་ལན་ཌིར་ཆིབས་ཞལ་སྒྱུར་ཡོད་པ་བཅས།