བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་ ༼དབུས་ལམ་གྱི་ཉི་མ། ༽ ཞེས་པར་ཁེ་ན་ཌ་ཝན་ཁོ་ཝར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟག་འབྲུག་སྡེ་ཚན་གྱི་ཁོངས་ནས འཁྲབ་ཁྲིད་པ་གསར་པའི་གློག་བརྙན་གྱི་ཨང་དང་པོའི་བྱ་དགའ་ཐོབ་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ནས་བཟུང་སྐབས་ ༣༠ པའི་ཁེ་ན་ཌ་ཝན་ཁོ་ཝའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཉིན་ ༡༦ རིང་ཚོགས་ཡོད་པ་དང་། འདི་ལོའི་གློག་བརྙན་དུས་ཆེན་སྟེང་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༧༥ ཡི་གློག་བརྙན་ ༣༧༠ ལྷག་འགྲེམ་སྟོན་དུ་ཞུགས་ཏེ། གློག་བརྙན་ཐེངས་ ༦༠༠ བསྟན་ཡོད་ཅིང་། དེའི་ཁྲོད་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་ ༼དབུས་ལམ་གྱི་ཉི་མ། ཞེས་གློག་བརྙན་ལ་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་སྟག་འབྲུག་སྡེ་ཚན་གྱི་ཨང་དང་པོའི་གཟེངས་རྟགས་དང་ཌོ་ལིར་ཁྲི་ གི་བྱ་དགའ་ཐོབ་ཡོད་འདུག

དབུས་ལམ་གྱི་ཉི་མ ༽ ཞེས་པའི་གློག་བརྙན་དེ་ནི། འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་ནས་བཟུང་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་སྣེ་འཁྲིད་འོག  མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་བརྙན་ཕབ་བྱས་ཡོད་འདུག  གློག་བརྙན་གྱི་བསྟན་དོན་གཙོ་བོ་ནི། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་བསྐོར་བའི་བོད་ཀྱི་ན་གཞོན་ཉི་མས་སེམས་ཆུང་མ་བྱས་པར་རང་གི་ཨ་མ་འདྲུད་འཐེན་འཁོར་ལོས་བརྒྱབ་ནས་བསད་སྟབས། ཁོས་རང་གི་ནང་སེམས་ཀྱི་སྡུག་བསྔལ་དང་ནོངས་འགྱོད་བཟོད་ཐབས་མ་བྱུང་བར། གནས་མཆོག་ལྷ་སར་མཇལ་སྐོར་དུ་འགྲོ་བའི་ལམ་དུ་ཞུགས་ཤིང་། ལྷག་བསམ་རྣམ་དག་གིས་ལྷ་དང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་འགྱོད་བཤག་བྱས་ཀྱང་ནང་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཐབས་མ་བྱུང་བའི་སྐོར་བཀོད་ཡོད་པ་དང་། མི་སྣ་གཙོ་བོའི་དམིགས་བསལ་གྱི་མྱོང་བ་བརྒྱུད་ནས་འཚོ་བའི་ཁ་ཕྱོགས་བོར་ཞིང་ནང་སེམས་སྟོང་བར་གྱུར་བའི་མིའི་འཚོ་བའི་རིན་ཐང་དང་ཚེ་སྲོག་གི་འདུ་ཤེས་འཚོལ་ཞིབ་བྱས་ཡོད་པ་མ་ཟད། བྱེ་ཐང་གི་རང་བྱུང་ཡུལ་ལྗོངས་ཁྱད་པར་བ་ལ་བརྟེན་ནས་མཐོ་སྒང་གི་གནམ་སའི་བར་གྱི་རྣམ་ཤེས་ཀྱི་གཏིང་རིམ་དུ་ཟུག་པའི་སེམས་ཀྱི་བཞུད་ལམ་དང་།   བོད་མིས་དགའ་སྐྱོ་འདུ་བྲལ་དང་འཆི་བའི་ངོ་བོ་ལ་བཟུང་བའི་རྣམ་འགྱུར་གསལ་བོར་མཚོན་ཡོད་འདུག


ཝན་ཁོ་ཝའོ་རྒྱལ་སྤྱིའི་གློག་དུས་སྟོན་ནི།
༡༩༨༢ ལོར་གསར་དུ་བསྐྲུན་པའི་མེ་གླིང་བྱང་མའི་གློག་བརྙན་དུས་སྟོན་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། ད་ལྟའི་བར་དུས་སྟོན་འདིས་རྒྱ་ཆའི་གློག་བརྙན་ལྟ་མཁན་རྣམ་པར་ Hollywood དང་འཛམ་གླིང་ཡུལ་གྲུ་སོ་སོའི་ཚབ་མཚོན་དང་ཕུལ་བྱུང་གློག་བརྙན་འདོན་སྤྲོད་བྱེད་པ་དང་མཉམ་དུ་གློག་བརྙན་ལས་རིགས་ཀྱི་གསར་བྱུང་མི་སྣ་དག་ལ་སྟེགས་བུ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། སྟག་འབྲུག་སྡེ་ཚན་ནི། ཁེ་ན་ཌའི་རྒྱལ་ས་ཝན་ཁོ་ཝའོ་རུ་ཚོགས་བཞིན་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་གློག་བརྙན་དུས་སྟོན་གྱི་སྡེ་ཚན་ཞིག་ཡིན་འདུག  སྡེ་ཚན་འདིས་ད་ལྟའི་བར་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་དང་ས་གནས་ཁག་གི་གློག་བརྙན་བརྩམས་ཆོས་མང་པོ་ཞིག་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་ཏེ། ཁེ་ན་ཌ་དང་ཞི་བདེ་རྒྱ་མཚོའི་གླིང་གི་རྒྱལ་ཁབ་བར་གྱི་རིག་གནས་འབྲེལ་བར་ཡར་དང་གློག་བརྙན་འཁྲབ་ཁྲིད་པ་གསར་བའི་གསར་གཏོད་རང་བཞིན་གྱི་བརྩམས་ཆོས་དག་བྱ་དགའ་གནང་སྟེ། མདུན་ལམ་དང་རྣམ་དཔྱོད་ལྡན་པའི་ཨེ་ཤ་ཡའི་འཁྲབ་ཁྲིད་པ་གསར་པར་སྐུལ་ལྕག་གི་ནུས་པ་འདོན་གྱི་ཡོད་འདུག





༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php