ང་ཚོས་ཅིའི་ཕྱིར་ངོ་རྒོལ་བྱེད་པ།

འདིརབོད་ མིས་ཅིའི་ཕྱིར་ལུས་སྲོག་ལོངས་སྤྱོད་ཕངས་མེད་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་ བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་འགའ་རགས་བསྡུས་སུ་བཀོད་དེ་རྒྱ་གཞུང་གི་ སྐྱོན་མཚང་ཚབས་ཆེ་འགར་ཐེར་འདོན་བྱས་ཡོད།

ཀ ༽ བོད་འདི་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཚུལ་ལ་ལོ་རྒྱུས་འཁྱོག་བརྗོད་རྒྱུན་མར་བྱས་ ཏེ་བོད་ཀྱི་མི་རབས་གསར་བའི་བསམ་བློ་རྨོངས་སྒྱུར་གྱི་ཇུས་ངན་སྤེལ་ནས་མི་ རིགས་ཀྱི་ལོ་རྒྱུས་དང་གཞི་རྩའི་ཐོབ་ཐང་ཉམས་བརླག་གི་ཉེས་པ་ཆེན་པོ་བསགས་པ། ཁ༽ བོད་ཞི་བས་བཅིངས་འགྲོལ་བཏང་ཚུལ་ལ་ཧམ་བཤད་བྱས་ཏེ་བཙན་འཛུལ་གྱི་ཉེས་སྐྱོན་ ཆེན་པོ་འགེབས་ཐབས་དང་མི་རབས་གསར་བ་བསླུ་ཐབས་ཀྱི་ཉེས་དོན་ཆེད་བཟོས།

ག༽ བོད་ཆོལ་ཁ་གསུམ་པོ་དུམ་བུ་མང་པོར་བཅད་བགོས་ཀྱིས་མི་རིགས་གཅིག་གྱུར་གྱི་རང་ སྐྱོང་ཁེ་དབང་ལ་གནོད་ཚབས་ཆེན་པོ་བཏང་ཞིང་མི་རིགས་ཀྱི་ངོ་བོ་གཞན་འགྱུར་གྱི་ ཇུས་ངན་སྤེལ་བ།

ང༽ རྒྱ་རིགས་གྲངས་མང་མི་རིགས་བོད་དུ་གནས་སྤོ་ཤུགས་ཆེན་གྱིས་བོད་འདི་མི་སེར་ སྤེལ་ཡུལ་བཟོ་བཞིན་པའི་ཇུས་ངན་སྤེལ་བཞིན་པ།

ཅ༽ བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དོན་གྱི་བདག་པོ་༸གོང་ས༸སྐྱབས་མགོན་ཆེན་པོར་ མཐའ་གཅིག་ཏུ་ཉེས་འགེལ་སྡིགས་དམོད་ཀྱིས་བོད་མིའི་རང་དབང་དད་མོས་ལ་བཙན་གནོན་ རྒྱུན་མར་བྱེད་པ།

ཆ༽ བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ལ་གདོང་མཆོང་དང་འབད་འཐབ་བྱེད་མཁན་རིགས་ ལ་ཉེས་རྡུང་དང་ཁྲིམས་གཅོད་ཀྱིས་མིའི་ཐོབ་ཐང་དང་རང་དབང་ལ་བཙན་གནོན་ཤུགས་དྲག་ བྱེད་པ།

ཇ༽ བོད་བཅིངས་འགྲོལ་ལ་ཁ་གཡར་ནས་ཐོག་མ་ནས་དམག་དཔུང་གིས་བོད་ཡུལ་བཙན་བཟུང་བྱས་པ་ ནས་མཚམས་མ་ཆད་པར་བོད་ཁུལ་ཡོངས་སུ་དམག་དཔུང་བརྟན་གནས་དང་ལྷག་པར་ཨ་མདོ་རྔ་བ་ དང་གསེར་རྟས་གཙོས་བོད་མི་རིགས་ཀྱི་རང་དབང་བདེན་པའི་འཐབ་རྩོད་ཆེད་དུ་ཞི་ རྒོལ་ཡང་ཡང་བྱེད་ས་ཁག་ལ་དྲག་དཔུང་གིས་བསྐོར་ཅིང་འགྲུལ་བཞུད་དང་འབྲེལ་ལམ་ རིགས་ཡོངས་སུ་འགོག་པའི་གནས་སྟངས་འདིས་བོད་མི་སྤྱི་དང་ལྷག་པར་དུ་ས་གནས་མི་ མང་ལ་ཕོག་ཐུག་དང་ཞེ་འཁོན་སློང་གིན་ཡོད། 

ཉ༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ངོས་ནས་འབྱུང་འགྱུར་ བོད་འདི་ཀྲུང་གོའི་མངའ་ཁོངས་སུ་མཉམ་གནས་འཆམ་མཐུན་གྱིས་འཚོ་རྒྱུར་ཕྱི་གསལ་ ནང་གསལ་གྱིས་བོད་རིགས་རང་སྐྱོང་སྐོར་ལ་ཀྲུང་གོའི་རྩ་ཁྲིམས་དང་རང་སྐྱོང་བཅའ་ ཁྲིམས་གཞིར་བཟུང་གི་གཞུང་འབྲེལ་བསམ་འཆར་ཡིག་ཆ་ཕུལ་བར་ཡང་ངོ་བོ་འགྱུར་བའམ་ ཕྱེད་རང་བཙན་སོགས་ཀྱི་མིང་འདོགས་ཀྱིས་བོད་རིགས་ཚང་མར་ས་ཁོངས་གཅིག་གི་རང་ སྐྱོང་སྤྲོད་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ནས་བོད་རྒྱ་ཞི་མོལ་གྱི་ལམ་བུ་བཀག་ཅིང་མི་རིགས་རང་སྐྱོང་གི་གཞི་རྩའི་ཐོབ་ཐང་རྩིས་མེད་བཏང་བ་སོགས་གོང་གསལ་གནད་དོན་འདི་དག་གིས་གཞིས་ལུས་བོད་མི་དམངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་རླབས་ཕྲེང་དང་མེ་ལྕེ་ཤུགས་ཀྱིས་མཆེད་བཞིན་པ་འདི་ཀྲུང་གོའི་གཞུང་དམངས་གཉིས་ཀྱིས་གཙོས་འཛམ་གླིང་མི་དམངས་ཀྱིས་གསལ་རྟོགས་ཐུབ་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག་གཞིས་ལུས་རྒྱ་ཆེའི་བོད་དམངས་ཀྱིས་རང་གི་རྩ་ཆེའི་ཚེ་སྲོག་བདག་གཅེས་གཙོར་བཟུང་སྒོས་སྙིང་སྟོབས་ཞུམ་པ་མེད་པར་མུ་མཐུད་དེ་དོན་ཕན་ཆེ་བའི་ངོ་རྒོལ་གྱི་རྣམ་གྲངས་རྒྱ་མཚོའི་རླབས་ཕྲེང་བཞིན་འཕྱུར་བར་འབོད་སྐུལ་ཞུ་འདོད་བྱུང་ལ་རྒྱལ་སྤྱིའི་གཟུར་གནས་གཞུང་དམངས་ཡོངས་ཀྱིས་རྒྱབ་སྐྱོར་ཅི་ནུས་གནང་སྐྱོང་ཡོང་བའི་གཞེན་སྐུལ་ཡང་ཞུ་གིན་ཡོད་པ་བཅས།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱི་རེ་བསྐུལ་དང་བླངས་ཀྱིས་གསར་འགོད་གསལ་བསྒྲགས་ཀྱི་ཟིན་བྲིས་སུ་ཕུལ། ༢༠༡༢།༢།༡༤།

སྐུ་སྲོག་མེར་མཆོད་ཀྱི་ཞི་རྒོལ་དང་འབྲེལ་བའི་གནད་དོན་འགའ།

(ན་གཞོན་ཤེས་ཡོན་ཅན་གྱི་ཚོགས་ཆེན་དང་པོར་ཕུལ་བའི་བསམ་འཆར།)

    ༄༅།།ན་གཞོན་ཤེས་ཡོན་ཅན་གྱི་ཚོགས་ཆེན་དང་པོར་ཕེབས་པའི་བོད་ཀྱི་ལར་ཞེན་དང་ རྣམ་དཔྱོད་ཉིས་ལྡན་གྱི་བཀུར་འོས་ཚོགས་མི་རྣམ་པ། ངས་འདིར་ཚོགས་ཆེན་གྱི་ནང་དོན་སྐུ་སྲོག་མེར་མཆོད་ཀྱི་ཞི་རྒོལ་དང་འབྲེལ་བའི་ གནད་དོན་འགའ་ཞིག་གླེང་རྒྱུ་ཡིན་པས་ཚང་མས་བསམ་བློ་རེ་གཏོང་བའི་རེ་བ་ཡོད།
     གཅིག༽ སྐུ་སྲོག་མེར་མཆོད་ཀྱི་འབྱུང་རྩ་གླེང་སྟངས་ཀྱི་གནད་དོན་ཐད་ངོས་འཛིན་གཅིག་གྱུར་ཞིག་དགོས་པ།
དེ་རིང་གི་སྐུ་སྲོག་མེར་མཆོད་ཀྱི་ཞི་རྒོལ་ཆེན་མོ་འདི་ཉེ་ལམ་གྱི་རྣམ་པ་གསར་ བའི་ཞི་རྒོལ་ཞིག་ཡིན་ན་ཡང་འདིའི་རྒྱུ་དང་རྐྱེན་ལ་དབྱེ་ཞིབ་ཅིག་བྱས་ན། ས་ཁུལ་སོ་སོའམ་སྐྱེས་བུ་སོ་སོར་བྱུང་བའི་གློ་བུར་བའི་རྐྱེན་མི་འདྲ་བ་རེ་ ཡོད་ན་ཡང་སྤྱིའི་འབྱུང་རྩ་ནི་གཅིག་རང་སྟེ། རྒྱ་གཞུང་གི་བཙན་འཛུལ་དང་གཉའ་གནོན་ནོ།  དེ་ཡང་ཅུང་གསལ་བོར་བཤད་ན། རྒྱ་དམར་གཞུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་པ་དང་བྱས་ནས་ཀྱང་བོད་མི་རིགས་ ཀྱི་འདོད་མོས་དང་མཐུན་པའི་བདེ་སྐྱིད་ཅིག་མ་བསྐྲུན་པར་མ་ཟད་མི་རིགས་རིག་ གཞུང་དང་བཅས་པར་གནོད་པའི་སྲིད་ཇུས་དང་བྱ་བ་གང་མང་དངོས་ཤུགས་བརྒྱུད་གསུམ་ནས་ ལག་བསྟར་བྱས་ཚུལ་ལ་ཐུག་ཡོད། དེ་ཡང་དེང་སང་གི་ཆབ་སྲིད་ཀྱི་ཐ་སྙད་ལྟར་ན་མི་རིགས་ས་གནས་རང་སྐྱོང་ལྗོངས་དང་ རང་སྐྱོང་ཁུལ་ཟེར་བ་འདི་རིགས་ཀྱང་ས་གནས་མི་རིགས་ཀྱི་ཁེ་ཕན་གཙོ་བོར་གྱུར་ བའི་མིང་དོན་མཚུངས་པའི་སྲིད་ཇུས་ཡག་པོ་ཞིག་མིན་པའམ་ལག་བསྟར་ཇི་བཞིན་མ་བྱས་ པ་དེ་རེད།  དེས་ན་མི་རིགས་སྲིད་ཇུས་ཡག་པོ་མེད་ཚུལ་དང་ལག་བསྟར་མ་བྱས་ཚུལ་རེ་རེ་ནས་ཞིབ་ འཇུག་གི་ཆེད་རྩོམ་རེ་སྤེལ་རྒྱུ་ནི་ང་ཚོའི་ལས་འགན་དང་པོ་དེ་རེད་སྙམ།
       གཉིས༽ སྐུ་སྲོག་མེར་མཆོད་ཀྱི་ངོ་བོའམ་རང་བཞིན་ལ་ངོས་འཛིན་ཡང་དག་ཅིག་དགོས་པ།
འདིའི་ཐད་ལ་འཚེ་བ་ཡིན་མིན་དང་སྲིད་དོན་འཐབ་རྩོད་ཅིག་ཡིན་མིན་བཅས་ཀྱི་གླེང་ སློང་དང་བསམ་ཚུལ་རིགས་བྱུང་ཡོད། སྤྱིར་རང་སྲོག་གཅོད་པ་རང་ལ་འཚེ་བའི་རྣམ་པ་ཞིག་ཡིན་པར་མ་ཟད་རང་གིས་རང་ལ་ ཁྲིམས་ཆད་དྲག་པོ་ཞིག་བཅད་པ་དང་ཡང་འདྲ་ན་ཁོང་རྣམ་པའི་རང་སྲོག་མེར་མཆོད་འདི་ ཡང་རང་ལ་གནོད་པ་ཞིག་(མ་མཐར་ཡང་འཕྲལ་གནོད་ཅིག)ལོས་ཡིན། ཡིན་ན་ཡང་དེ་ནི་དེང་གི་འཛམ་གླིང་འདིར་ངོས་འཛིན་པའི་གནོད་འཚེ་སྟེ། རྐུ་འཕྲོག་རྡུང་རྡེག་དང་མེ་རྒྱག་མི་གསོད་སོགས་སྒེར་བ་གཞན་ནམ་ཚོགས་པ་དང་ གཞུང་གང་རུང་ཞིག་ལ་གནོད་ཅིང་འཚེ་བའི་བྱ་སྤྱོད་རྣམས་ལས་ལྡོག་སྟེ་རང་སྲོག་ ཕངས་མེད་བཏང་ནས་གཞན་ལ་རེ་བ་དང་འབོད་སྐུལ་གནང་སྟེ་ཞི་བར་གཤེགས་པས་ན་འདི་ཉིད་ གཞན་ཕན་གྱི་ཞི་རྒོལ་ཞིག་ཅི་ལ་མིན། དེས་ན་འདི་ཉིད་གཟི་བརྗིད་དང་རླབས་ཆེའི་ཞི་རྒོལ་གྱི་ཡང་རྩེར་བསྔགས་པ་ཡང་དོན་ དང་ལྡན་པའོ། ལ་ལས་འདི་ཆོས་ཕྱོགས་ཀྱི་བྱ་སྤྱོད་ཅིག་ལས་སྲིད་དོན་འཐབ་རྩོད་དང་འབྲེལ་བ་མེད་ པར་བསམས་པ་ནི་མི་འོས་སོ། གལ་ཏེ་ཆོས་དད་རང་དབང་གི་ཐོབ་ཐང་ཆེད་དུ་གཤེགས་ན་ཡང་དེས་ངོ་རྒོལ་ཞིག་བྱེད་ ཀྱིན་ཡོད་པ་གསལ་བོ་རེད། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་རང་དབང་དང་ཐོབ་ཐང་གང་ཞིག་མེད་པ་ ཀུན་པོ་རྒྱ་དམར་གཞུང་ལ་ཐུག་ཡོད། འདིར་རྩོད་པ་ཡང་བྱེད་མི་དགོས་པ་ཞིག་ལ་སྐུ་སྲོག་མེར་མཆོད་གནང་མཁན་རྣམ་པའི་ སྐད་འབོད་དང་ཞལ་ཆེམས་ཁོ་ནས་བོད་བསྟན་པ་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ ཡིན་པ་གསལ་བོར་བསྟན་ཡོད་པས་དོགས་པ་ཟ་མི་འོས་ལ་དེ་བས་ཀྱང་སྲིད་དོན་པ་ཚོས་ཁག་ དཀྲི་བསྙོན་འཛུགས་ཐབས་མེད་པ་ཞིག་རེད།  དེས་ན། ང་ཚོས་དཔའ་བོ་དམ་པ་རེ་རེའི་མི་ཚེའི་ལོ་རྒྱུས་དང་བསམ་བློ་བཅས་ལ་རྒྱུས་ལོན་ གནང་དགོས་ལ་ལྷག་པར་སྐད་འབོད་དང་ཞལ་ཆེམས་གང་ཡོད་རེ་རེ་གསེར་དང་དངུལ་ཡིག་གིས་ བཞེངས་དགོས་པ་འདི་ལས་སྐལ་གཉིས་པ་ཡིན།
    གསུམ།༽ སྐུ་སྲོག་མེར་མཆོད་ཀྱི་རིན་ཐང་གླེང་ཚུལ་མ་ནོར་བ་ཞིག་དགོས་པ།
འདིའི་ཐད་བསམ་ཚུལ་གཙོ་བོ་གཉིས་ཏེ། ཞི་རྒོལ་འདིའི་ཕན་ནུས་ཀྱི་རིན་ཐང་ཆེ་བར་འདོད་པ་དང་ཆུང་བར་འདོད་པའོ། བདག་གི་ངོས་འཛིན་ལ། སྐུ་སྲོག་མེར་མཆོད་རེ་རེ་ནི་འབར་གས་ཆེན་པོ་རེ་རེ་དང་འདྲ་ལ་མེ་སྒྱོགས་རེ་རེ་ འཕངས་པ་དང་ཡང་འདྲ་ཞིང་རྫ་རྔ་ཆེན་པོ་ཞིག་བརྡུངས་པ་དང་ཡང་འདྲ་ལ། རྡོ་རིང་ཆེན་པོ་རེ་རེ་བཞེངས་པ་དང་ཡང་འདྲའོ།  ཇི་ལྟར་ཞེ་ན། འབར་གས་ཆེན་པོ་རེ་རེ་ནི་སའི་གཏིང་རུམ་གྱི་བཙིར་གནོན་སོགས་ལས་འབར་གས་ཆེན་པོ་ འབྱུང་བ་བཞིན་རྒྱ་ནག་དམར་གཞུང་གི་བཙན་གནོན་དྲག་པོའི་འོག་རང་དབང་མེད་པར་རང་ ཉིད་སྦར་བ་མ་ཡིན་ནམ། དེས་ན་འདིས་འཁུར་དཀའ་བའི་གདུག་རྩུབ་ཀྱི་གཉའ་གནོན་ཞིག་ཡོད་པ་མཚོན་ཡོད།  ཡང་མེ་སྒྱོགས་ཆེན་པོ་ནི་མཁར་རྫོང་བཙན་པོ་དང་དམག་དཔུང་ཆེན་པོའི་ནང་ལ་མ་ གཏོགས་མི་བཀོལ་ལ་དེས་ཕ་རོལ་གྱི་འབེན་ཆེན་པོ་ཞིག་རྩ་གཏོར་དང་སླད་སྐྱོན་བཟོ་ བའི་ནུས་པ་ཡོད་པ་བཞིན། མེར་སྲེག་གི་མེ་ལྕེ་རེ་རེ་ཡང་རྒྱ་གཞུང་དམར་པོའི་སྲིད་དབང་སྒེར་གཅོད་ཆེན་པོ་ དང་དམག་ཤུགས་ཆེན་པོའི་མཚང་ལ་རྒོལ་བའིབདེན་པ་བརྡར་བས་ན། མེ་ལྕེ་རེ་རེས་ཕ་རོལ་པའི་སྙིང་ན་བ་དང་སེམས་མི་བདེ་བ། ཅི་བྱེད་མི་ཤེས་པ་སོགས་ཀྱི་བློ་འཚབ་སློང་གིན་ཡོད།  ཡང་རྡོ་རིང་ཆེན་པོ་དག་ནི་ལོ་རྒྱུས་ཀྱི་དན་རྟགས་དང་བདེན་པའི་དཔང་བོ་གཡོ་བ་ མེད་པ་ཉིད་ཡིན་པ་བཞིན། རང་སྲེག་གི་མེ་ལྕེ་རེ་རེ་ཡང་བོད་ཀྱི་གནས་བབ་ཧ་ཅང་སྡུག་པ་དང་ང་ཚོའི་འཐབ་ རྩོད་ལ་བདེན་སྟོབས་ཤིན་ཏུ་ཆེ་བའི་འགྲེལ་བཤད་མི་དགོས་པའི་དཔང་རྟགས་བཙན་པོ་ རེ་རེ་ཅི་ལ་མིན།  ཡང་རྫ་རྔ་ཆེན་པོ་བརྡུངས་ཚེ་དམག་དཔུང་ལ་མདུན་མཆོང་གི་སྙིང་སྟོབས་བསྐྱེད་ཅིང་ དམག་འཁྲུག་དངོས་སུ་མགོ་བརྩམས་པ་ཡིན་པ་བཞིན། མེར་མཆོད་རེ་རེས་ཀྱང་རང་ཕྱོགས་སུ་གྱུར་བ་གང་མང་ཞིག་གཉིད་ལས་སློང་བ་དང་མདུན་ དུ་སྐྱོད་པའི་འཐབ་རྩོད་ཀྱི་དྲན་སྐུལ་ཆེན་པོ་ཞིག་བཏང་ཡོད་པ་མཐོང་ཆོས་བཞིན་ ནོ། མདོར་ན། སྐུ་སྲོག་མེར་མཆོད་འདིས་རྒྱ་དམར་གཞུང་གི་གདུག་རྩུབ་ཅི་འདྲ་ཞིག་ཆེ་ཚུལ་དང་ བོད་མི་རིགས་ལ་བཟོད་བསྲན་དཀའ་བའི་མནར་སྡུག་ཅི་འདྲ་ཞིག་ཆེ་ཚུལ། དེ་ལས་ཐར་འདོད་ཀྱི་རེ་སྨོན་ཅི་འདྲ་ཆེ་ཚུལ་བཅས་གསལ་བོར་བསྟན་པ་མ་ཟད་ང་ཚོ་ མདུན་སྐྱོད་དང་གཞན་གྱིས་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཐད་ལ་ཡང་ཤུགས་རྐྱེན་ ཆེན་པོ་ཐོན་གྱིན་ཡོད། དེས་ན་འདི་ནི་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གཉན་པོ་གསང་བ་ཞིག་མ་ཡིན་ནམ།
     བཞི༽ སྐུ་སྲོག་མེར་མཆོད་ཐད་ལ་རྒྱབ་སྐྱོར་ཇི་ལྟར་གནང་དགོས་པ།
གནད་དོན་གཙོ་བོ་གཅིག་ནི་ང་ཚོས་རྒྱབ་སྐྱོར་ཇི་ལྟར་གནང་དགོས་ཚུལ་འདི་ཡིན། ད་བར་དུ་གཞུང་སྒེར་ཚོགས་སྡེ་ཚང་མས་གདུང་སེམས་མཉམ་སྐྱེད་དང་བསྔོ་བ་སྨོན་ལམ་ སོགས་ཆོས་ཕྱོགས་ཕྱོགས་གཙོ་བོར་གྱུར་བའི་རྣམ་འགྱུར་གང་ཐུབ་རེ་བསྟན་དང་སྟོན་ གྱིན་ཡོད། འདི་དག་ཕལ་ཆེ་བ་བྱ་འོས་པ་དང་དགོས་པའི་ལས་འགུལ་རིགས་ཤིག་ཀྱང་ཡིན་པར་འདོད། ངས་འདིའི་ཐད་ལ་བསམ་འཆར་འགའ་ཞུ་ན་འདོད། ཀ༽ ཆོས་སྡེ་ཁག་གིས་གཙོས་མུ་མཐུད་དུ་སྐུ་སྲོག་མེར་མཆོད་དཔའ་རྒོད་རེ་རེར་འདས་ མཆོད་སྨོན་ལམ་རྒྱ་ཆེར་གནང་དགོས་པ་བཤད་མ་དགོས་པ་ཞིག་རེད། ལོ་རེ་བཞིན་གནས་མཆོག་རྡོར་གདན་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ ལུས་སྲོག་ལོངས་སྤྲོད་ཕངས་མེད་བཏང་བ་སྤྱི་དང་ནང་སྒོས་སུ་སྐུ་སྲོག་མེར་མཆོད་ གནང་མཁན་རྣམ་པར་མྱ་ངན་སྨོན་ལམ་རྒྱ་གང་ཆེ་རེ་གནང་རྒྱུར་ཆོས་རིག་བློན་ཆེན་ལས་ ཁུངས་སུ་སྙན་ཞུ་འབུལ་འོས། ཁ༽ སྐུ་གཤེགས་དཔའ་རྒོད་རེ་རེའི་བཟའ་ཟླ་བུ་ཕྲུག་གིས་གཙོས་ཤུལ་ལུས་ནང་མི་དག་ལ་ འཚོ་བའི་མདུན་ལམ་ཐད་ནས་གཟིགས་སྐྱོང་རོགས་རམ་གང་ལེགས་བྱེད་དགོས་ལ། མི་ཚང་རེ་རེར་དཔའ་རྒོད་ཁྱིམ་ཚང་གི་གཟེངས་བསྟོད་མཚན་བྱང་འབུལ་གནང་འོས། (འདིའི་ཐད་བོད་མི་མང་སྤྱི་འཐུས་ནས་ཐུགས་འགན་བཞེས་འོས) ག༽ མེར་མཆོད་ཞི་རྒོལ་གྱིས་གཙོས་པའི་བོད་ནང་གི་ཞི་རྒོལ་དང་དཀའ་ངལ་ཅི་རིགས་ཀྱི་ བརྙན་འཕྲིན་གང་མང་བཟོས་ནས་སྐད་རིགས་དུ་མར་བསྒྱུར་ནས་རྒྱལ་ཁབ་དུ་མའི་ནང་ལ་ འགྲེམས་སྟོན་སྐོར་སྐྱོད་ཆད་པ་མེད་པ་གནང་རྒྱུར་དབུས་བོད་མིའི་སྒྲིག་འཛུགས་ ཀྱིས་ལས་ཁུངས་ཆེད་འཛུགས་གནང་གལ་ཆེ། ང༽ རྒྱ་གར་གྱིས་གཙོས་པའི་བོད་རིགས་ཡོད་སའི་རྒྱ་ནག་གི་གཞུང་ཚབ་ཁང་ཚང་མའི་སྒོ་ ཁར་སྐད་འབོད་དང་སྙུང་གནས། ཡིག་ཆ་འགྲེམས་པ། པར་རིས་གཤོམ་པ་སོགས་ཀྱི་ཞི་རྒོལ་མཚམས་མི་ཆད་པ་བྱ་རྒྱུ། མི་མང་མི་དགོས་གཅིག་རེ་གཉིས་རེ་ཡིན་ཡང་ཆོག (འདི་ཚོགས་སྡེ་ཁག་དང་སྒེར་བ་ཁག་གིས་ཚོགས་ཆེན་ཞིག་བསྐོངས་ཏེ་ལས་བགོས་དང་འཆར་ འགོད་གནང་ཐུབ་ན་བཟང་ལ།  ཅ༽ སྐུ་སྲོག་མེར་མཆོད་ཀྱི་ཞི་རྒོལ་འདི་མུ་མཐུད་འབྱུང་རྒྱུར་ང་ཚོས་གཞེན་སྐུལ་ དང་དགག་བྱ་གང་ཡང་བྱེད་མི་ཤེས་པ་ཞིག་ཡིན་པས། གལ་ཏེ་ད་དུང་མུ་མཐུད་དེ་དཔའ་ཁེར་རྒྱུགས་བྱེད་རྒྱུ་ཡིན་ན་བསམ་བློ་གཏོང་དགོས་ ས་དང་གྲ་སྒྲིག་གནང་དགོས་བ་འགའ་འདུག་སྟེ། གཅིག་ནས་དུས་ཚོད་ཀྱི་ཆ་ནས་ཉིན་འཕྲོ་ཉིན་བསྟུད་བྱེད་མི་འོས་པ་དང་། གཉིས་ནས་དུས་ཚེས་དེ་ཡང་གནད་འགག་གི་དུས་ཚེས་དང་བསྟུན་དགོས་པ། གསུམ་ནས་ཁོར་ཡུག་དེ་ཡང་གནད་འགག་ཅན་ཡིན་ས།  བཞི་ནས་རང་གི་ཞལ་ཆེམས་ཡིག་འཇོག་དང་ཡང་ན་སྒྲ་ཕབ་དགོས་པ། ལྔ་ནས་བློས་ཐུབ་གསང་གྲོགས་རེ་གཉིས་ལ་བཤད་ནས་བརྙན་འཕྲིན་དང་པར་ཡག་པོ་རྒྱག་ ཐུབ་པ་བཅས་ངེས་པར་གལ་ཆེའོ། (བརྒྱུད་ལམ་ཅི་རིགས་ནས་བསྒྲགས་འོས) ཆ༽ སྐུ་སྲོག་མེར་མཆོད་ཀྱི་དཔའ་རྒོད་ཉིན་མོ་ཞིག་ (༡༩༩༨།༤།༢༧ ནམ་ཡང་ན་༢༠༡༢།༠༡།༠༦ ཡང་ན་) སྲུང་བརྩི་གནང་ནས་དེ་ཉིན་བོད་མི་ཡོད་ཚད་དང་བོད་དོན་རྒྱབ་སྐྱོར་བ་ཡོད་ཚད་ ཀྱིས་ལ་ལུང་ཀུན་ནས་ཉིན་གཅིག་དུས་གཅིག་ལ་མྱ་ངན་དང་བསྔོ་སྨོན། སྐད་འབོད། ཡིག་ཆ་འགྲེམས་སྤེལ། གློག་བརྙན་སྟོན་པ། བགྲོ་གླེང་ཚོགས་འདུ་སོགས་ལས་འགུལ་ཅི་རིགས་སྤེལ་དགོས།
    ལྔ༽ ཞི་རྒོལ་གཞན་དག་དང་རང་སྲུང་འགོག་རྒོལ་རིགས་ཀྱང་ཧ་ཅང་གལ་ཆེའོ།
དཔེར་ན་བོད་ནང་དུ་སྐད་ཡིག་རང་དབང་སྐོར་ལ་སློབ་མས་སྐད་འབོད་ཁྲོམ་སྐོར་གནང་བ་ དང། ཆོས་ལུགས་དད་མོས་རང་དབང་སྐོར་ལ་དགོན་སྡེ་དང་ཆོས་དད་མི་མང་གིས་སྐད་འབོད་དང་ སྙུང་གནས་སོགས་གནང་བ། ས་གནས་ཡུལ་དཔོན་འདེམས་བསྐོ་སོགས་ཀྱི་རང་སྐྱོང་གི་ཐོབ་ཐང་གང་ཡོད་རྩོད་ལེན་ བྱེད་པ། དེ་བཞིན་ཁོར་ཡུག་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐད་ནས་ཞུ་གཏུགས་དང་སྐད་ འབོད། ཚོགས་འདུ་འཚོགས་པ། ལས་མཚམས་འཇོག་པ་ལ་སོགས་མི་སྒེར་བ་དང་འགའ་རེ། མི་ཚོགས་མང་པོ་ཅི་རིགས་ཀྱིས་ཁྲིམས་ཐོག་གི་ཁེ་དབང་སྤྱད་ནས་ད་ཡོད་མིང་ཙམ་གྱི་ རང་སྐྱོང་རྫོང་དང་རང་སྐྱོང་ཁུལ། རང་སྐྱོང་ལྗོངས་བཅས་མིང་དོན་མཚུངས་པ་ཞིག་ཡོང་རྒྱུར་ཐབས་བརྒྱ་བྱུས་སྟོང་གིས་ འབད་བརྩོན་གནང་དགོས། འདིའི་ཐད་ལ་ལམ་སྟོན་གྱི་དེབ་དང་ཡིག་ཆ་དང་རྩོམ་ཡིག་གང་ལེགས་ཡོད་པ་ཕྱོགས་ བསྒྲིགས་དང་སྙིང་བསྡུས་ཀྱིས་བརྒྱུད་ལམ་ཡོད་ཚད་ནས་ཁྱབ་སྤེལ་གནང་འོས་པར་མཐོང།

ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ ༢༠༡༢།༡༡།༡༥། བཙོན་ནང་རྩོམ་པ་པོའི་ཉིན་མོར་བྲིས་ནས་ཕུལ་བའོ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php