༄༅།།དཔའ་བོ་མེ་འབར་ལས་མཆེད་པའི་སྙན་དངགས་ཀྱི་མེ་ལྕེ།

 

 

སྙན་རྩོམ་ཕལ་མོ་ཆེའི་ཁ་བྱང་མེ་དང་འབྲེལ་བས་དཔྱད་བརྗོད་འདིར་ཡང་དེར་མཐུན་གྱི་མིང་འདི་བཏགས་པ་ཡིན། (༢༠༡༡ ནས་ ༢༠༡༢ ་དུའོ)

 

དང་པོ། རྩོམ་ལུས་དང་གྲངས་འབོར་སྐོར། 

 

༡༽ སྲོལ་རྒྱུན་ཚིགས་བཅད་སྙན་དངགས། (མང་ཤོས) ༢༽ རང་མོས་སྙན་དངགས། (མང་པོ) ༣༽ ཚིག་ལྷུག་སྙན་རྩོམ། (ཉུང་ཙམ) ཚང་མ་བསྡོམས་ན་ཁ་བརྡ་དྲ་བར་སྙན་རྩོམ་བདུན་ཅུ་ཙམ་བཀོད་འདུག་ཅིང། ཟིན་བྲིས་པ་༤༨༥ ཡོད་ཕལ་མོ་ཆེའི་ནང་ལ་ཡང་སྙན་ཚིག་རེ་རེ་ཡོད་ངེས་རེད། དེ་ལྟར་ན་སྙན་ཚིག་གི་གྲངས་འབོར་ཡང་མི་ཉུང་ངོ།

 

གཉིས་པ། སྙན་རྩོམ་སྤེལ་མཁན་དང་ཀློག་པ་པོའི་སྐོར། 

 

སྙན་རྩོམ་ཁོ་ན་སྤེལ་བ་བོ་སེར་སྐྱ་ཕོ་མོ་ཅི་རིགས་བརྒྱ་ལྷག་ཅིག་ཡོད་ངེས་ལ། ཀློག་པ་པོའི་ཁྱབ་ཚད་ཀྱང་ཅུང་ཆེ་སྟེ། ༡༽ ཁ་བརྡ། རྒྱ་གར་དང་བལ་པོས་གཙོས་བོད་པ་ཡོད་པའི་རྒྱལ་ཁབ་མང་ཆེ་བའི་ནང། ༢༽ དྲ་ལམ་གཞན་དག རྒྱ་གར་དང་བལ་པོས་གཙོས་བོད་པ་ཡོད་སའི་རྒྱལ་ཁབ་གང་མང་ཞིག ༣༽ ཚགས་པར་དང་དུས་དེབ་རིགས། རྒྱ་གར་དང་བལ་ཡུལ་སོགས་རྒྱལ་ཁབ་འགའ་ཞིག

 

གསུམ་། སྙན་རྩོམ་གྱི་བརྒྱུད་ལམ་ཁག 

 

ཀ༽ དྲ་རྒྱ་ཁག  ༡༽ <<ཁ་བརྡ།>> ༢༽ <<པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་བ།>> ༣༽ <<རང་དབང།>> ༤༽ <<བོད་ཀྱི་བང་ཆེན།>> ༥༽ <<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>>དང<<སྨྱོན་པའི་དྲ་བ>>སོགས་སྒེར་གྱི་དྲ་བའི་རིགས། 

ཁ༽ ཚགས་པར་དང་དུས་དེབ་སོགས།

༡། <<ཞི་འབོད>> དཔའ་བོ་རྗེས་དྲན་གྱི་ཚགས་པར། (འདོན་ཐེངས་དང་པོ། ཤོག་ངོས་བཞི་ཅན) རྩོམ་སྒྲིག་པ། ཤིང་ལོ།

༢། <<ང་ཚོས་ཁྱེད་ཚོ་མི་གླེང་སུ་ཞིག་གླེང་>> (ཤོག་ངོས་༩༨། བོད་དབྱིན་གཉིས་ཀྱི་སྙན་རྩོམ་༤༣། ༢༠༡༢།༣།༡) སུ་ཇ་སློབ་གྲྭ

༣། <<སྤྱི་ཚོགས་མེ་ལོང།>> ཟླ་རེའི་ཚགས་པར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།

ག༽ གཡུ་གྲུབ་ནང་གི་གཞས་དང་སྙནདངགས།

༡༽ <བླ་མ་མཁྱེན> (ལེན་མཁན། བཀྲས་ཆུང།༢༠༡༡།༡༡།༢༥) (ཚིག ཆབ་བྲག་ཕོ་ཉ)

༢༽ <མེ་ལྕེ།> (ཚིག ཀླུ་སྨྱོན། གྱེར་འདོན་པ་ཟླ་བ་རིན་ཆེན། ༢༠༡༡།༡༢།༡༣)

༣། <སྐྱོ་བའི་གླུ་ཆུང།> (ཟླ་འོད། བོད་ནང། ༢༠༡༢།༣།༢༩།)

༤། <དཔའ་བོ་དྲན་པའི་གདུང་དབྱངས> (རྣམ་མཁྱེན། ༢༠༡༢།༤།༦)

༥། <ཚེ་སྲོག་གི་མེ་ལྕེ།> (རོལ་དབྱངས་དང་སྐུ་པར། ༢༠༡༢།༥།༣)

ང༽ སྙན་རྩོམ་འགྲན་སྡུར།  <སེམས་པ་འདི ཁྱེད་དང་ལྷན་དུ་འབར་གྱིན་ཡོད།> ས་རཱ་བོད་ཀྱི་མཐོ་སློབ་ཁང།

 

བཞི་བ། སྐུ་སྲོག་མེར་མཆོད་ཀྱི་ངོས་འཛིན་སྐོར།

ཀ༽ བོད་མི་རིགས་ཀྱི་དཔའ་རྒོད་དུ་ངོས་འཛིན་པ།

དཔེར་ན། ༡། <བོད་ཀྱི་དཔའ་རྒོད་ཚོ།> (འབའ་སྲས།)  ༢། <གངས་རིའི་དཔའ་རྒོད་སུམ་བཅུ།> (ནམ་མཁའ། ༢༩//༢༠༡༢ལ་ཡོ་རོབ) ༣། <ཁྱོད་ཀྱི་དཔའ་ཉམས་མིག་གིས་མཐོང་ཡོད། ཁྱོད་ཀྱི་དཔའ་སྐད་རྣ་ཡིས་གོ་ཡོད།> (གཡུ་དྲུག་དཀར། རྡ་ས།) ལྟ་བུ་དང།

 

ཁ༽ བོད་ཀྱི་རྒྱལ་གཅེས་པ་ཆེན་མོར་ངོས་འཛིན་པ།

དཔེར་ན། ༡། <རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས།> (རྔ་བ་ཚེ་སྐྱིད།) ༢། < བོད་བསྟན་སྲིད་ཀྱི་ཆེད་རང་ལུས་མཆོད་མེར་ཕུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམ­ས་ལ་རྗེས་དྲན་དུ་ཕུལ་བ་ཡིན> (རྣམ་མཁྱེན་གྱི་གཞས)ལྟ་བུའི་ཁ་བྱང་ཙམ་གྱིས་ཀྱང་མཚོན་ནོ། 

 

ག༽ འཚེ་མེད་ཞི་རྒོལ་ཆེན་མོར་ངོས་འཛིན་པ།

དཔེར་ན། སྲོག་གིས་འཐབ་ཀྱང་འཚེ་བར་མི་འགྱུར་ཞིང་། །རང་དོན་བརྩད་ཀྱང་གཞན་ལ་མི་གནོད་པ། །བོད་ཀྱི་དཔའ་རྒོད་ཚོ་ཡི་ཚེ་སྲོག་གིས། །འཚེ་མེད་མེ་ཡི་དཀྱིལ་འཁོར་ས་ལ་བྲིས།།” <བོད་ཀྱི་དཔའ་རྒོད་ཚོ> (འབའ་སྲས

 

ང༽ བླ་མེད་རྒྱལ་སྲས་སུ་ངོས་འཛིན་པ།

དཔེར་ན། ༡། ཆེས་མུན་ནག་ཡིན་པའི་ཁོར་ཡུག་ཏུ་མེ་ལྕེར་སྤྲུལ་མཁན་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་སུ་ཞིག་ཡིན།” <ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།> (མདའ་ཚན་པ།)

༢། གཞན་སྡུག་སེལ་ལ་བྱང་ཆུབ་སེམས་འཁྲུངས་བའི། །སྟག་མོ་ལུས་སྦྱིན་ལ་སོགས་རྒྱལ་སྲས་བཞིན། །གངས་ལྗོངས་མུན་པ་སེལ་བའི་སྒྲོན་མེ་ཡི། །གངས་རིའི་རྒྱལ་སྲས་རྣམས་ལ་སྙིང་ནས་འདུད།།” <ང་སྐྲག་གི> (ཨ་རིག་འགྱུར་མེད།)  

 

ཅ༽ མཆོད་མེའི་ནུས་པར་ཐེ་ཚོམ་པ།

དཔེར་ན། གལ་ཏེ་ཁོ་བོའི་ལུས་ཕུང་འདི་ཡང་དམར་བོ་མེ་རུ་གྱུར་བ་ན། །ཐལ་བའི་ཁ་གྲངས་འཕེལ་བ་ཙམ་ལས་དོན་གྱི་གནད་ལ་ཨེ་སྙོབས་ཞེས། །གྲ་སྒྲིག་མེད་པའི་སེམས་པ་འདི་ཡིས་དྲི་བའི་སྟེང་ལ་དྲི་བ་བསྣན། །ཁ་ཕྱོགས་མེད་པའི་འཆར་སྣང་སྣ་ཚོགས་རླུང་གིས་དེད་པའི་སྤྲིན་བཞིན་འཁོར།།” <མེས་པོའི་ལོ་རྒྱུསདང་མེ་ཡི་ལོ་རྒྱུས> (གསལ་ལེ་རྒྱལ

 

ཆ༽ ཉོན་མོངས་པའི་མེ་ལྕེར་མཐོང་ཚུལ་ཞིག་ཀྱང། <སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།> (ཀླུ་སྨྱོན།

 

ལྔ་པ། སྙན་རྩོམ་ཁག་གི་སྙིང་དོན་སྐོར།

 

ཀ༽ བསྟོད་བསྔགས་ཀྱི་སྐོར།

 

༡༽ གཙོ་ཆེར་མི་རིགས་ཀྱི་ལར་ཞེན་དང་རྒྱལ་གཅེས་ཀྱི་བསམ་བློ་བླ་ན་མཐོ་བའི་ལྷག་བསམ་ཆེན་པོར་བསྔགས་པ་དང། ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཅི་མི་སྙམ་པར་ཡོད་ཚད་འདོར་བར་ཕོད་པའི་བློས་གཏོང་ཆེན་པོར་བསྔགས་པ།

དཔེར་ན། དེ་ནི་ལྷག་བསམ་དང་སྙིང་སྟོབས་ཟུང་གིས་སྤར་བའི་མེ་ལྕེ་ཞིག་རེད། དེ་ནི་མི་རིགས་དང་རྒྱལ་ཁབ་ཤིག་གི་ཆེད་དུ་འབར་བའི་མེ་ལྕེ་ཞིག་རེད། དེ་ནི་རང་དོན་ཡོད་ཚད་བློས་བཏང་བའི་རླབས་ཆེན་གྱི་མེ་ལྕེ་ཞིག་རེད།” <དེ་ནི་རླབས་ཆེན་གྱི་མེ་ལྕེ་ཞིག་རེད།> (སྦྲ་རིགས་ཐོགས་མེད་།)

༢༽ འཆི་བར་འཇིགས་པ་མི་མངའ་བར་མ་ཟད་བཟོད་དཀའི་མནར་གཅོད་ཆེན་པོ་ཉམས་སུ་བཞེས་པའི་སྙིང་སྟོབས་ཆེན་པོར་བསྔགས་པ། དཔེར་ན། མེ་ལྕེའི་རེག་བྱ་ཚ་བོ་དེ་ལ་སུ་ཡིས་བཟོད་བསྲན་བྱེད་པར་ནུས། །ལྷུ་ཚིགས་རེ་རེ་མེ་ཡིས་སྲེག་དུས་ཅི་འདྲའི་སྡུག་བསྔལ་ལྕི་མོ་ཞིག།།མེ་རླབས་རེ་རེ་རླུང་གིས་སྐྱོད་དུས་ཚ་གཟེར་སྟོང་ཕྲག་སུ་ཡིས་བཟོད། །ཅི་ཡི་ཆེད་དུ་བདག་གི་སྤུན་ཟླ་སྡུག་བསྔལ་འདི་ལ་འཕྲད་དགོས་བྱུང་།།” <མེ་ལྕེ་དང་སྙིང་སྟོབས> རིན་ཆེན་དོན་གྲུབ། ལྟ་བུའོ།

 

ཁ༽ གཞེན་སྐུལ་དང་ཞུ་སྐུལ་སྐོར།

༡༽ མུ་མཐུད་མདུན་སྐྱོད་ཀྱི་གཞེན་སྐུལ། ༡། <ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས།> (འབའ་སྲས།)  

༢། <མ་འདུག་བོད་ཕྲུག་གཞོན་ནུ ད་ལོངས་ཤིག> (བསོད་ནམས་ནོར་བུ།

༣། <ད་ནི་མེ་ལྕེའི་ཀློང་ལ་ཞུགས་ནས་བླ་འབོད་ཐེངས་ཤིག་བྱེད་སྙིང་འདོད།> (འབྲུག་ལོ་བ།) ལྟ་བུའོ།

 

༢༽ མེར་མཆོད་མཚམས་འཇོག་གི་ཞུ་སྐུལ། 

༡༽ <ཁྱེད་རྣམས་སྐུ་ལུས་མེ་རུ་མ་སྒྲོན་རོགས།> (བསམ་གླིང་ཚེ་རིང་ལྷ་མོ།)

༢༽ <ལངས་རན་མ་རེད་ཉལ་རན་རེད།> (ཀླུ་སྨྱོན།) ལྟ་བུའོ།

 

ག༽ གདུང་སེམས་མཉམ་བསྐྱེད་ཀྱི་སྐོར།

ཀ༽ གདུང་འབོད་དང་མྱ་ངན་ཞུ་བ། 

༡། <སྙུག་རྩེའི་སྐྱོ་གར།> (མདའ་ཚན་པ།)  ༢། <རྗེས་སུ་དྲན་པའི་དབྱངས།> (ཨ་འདུས་མིག་ཆུ།) ༣། <མྱ་ངན་རྗེས་དྲན་དུ།> (གཙང་ཁ་བུས།)

ཁ༽ གདེང་འཇོག་དང་གུས་འདུད་ཞུ་བ། 

༡༽ འོད་སྟོང་འབར་བའི་ལེའུ་གསུམ། (ཚྭ་རུ་མ་ཐབས་མཁས) ༢༽ <མེ་ལྕེ་འུར་འུར་འབར། འབོད་སྒྲ་ལྷང་ལྷང་གྲགས།> (རྔ་བ་རྒྱལ་ཁམས་པ།)

༣༽ གསོལ་འདེབས་དང་བསྔོ་སྨོན། 

༡། <ཚེ་རབས་ཀུན་གྱི་ལྷག་པའི་ལྷ་སྐལ་ཡུམ་གཅིག་རྗེ་བཙུན་སྒྲོམ་མར་ཞུ་འབོད་ས་མཐའི་བུ་སྐྱོ་གདུང་བཞུགས་སོ།།> (ཤར་ཕྱོགས་ཁུག་རྟ༢། <དག་པའི་ཞིང་ནས་བདེ་བར་གཟིམ་རོགས།> (རྐ་སྲས) ལྟ་བུའོ།།

 

མཇུག་སྡོམ།

 

ཀྱེ་ཀྱེ། ཁྱེད་ཚོ་ནི་ནམ་ཡང་འགྲན་ཟླ་མེད་པའི་མི་རིགས་ཀྱི་དཔའ་རྒོད་དམ་པ། དེ་བས་ལག་ཟུང་གི་མཚོན་ཆ་དོར་ནས་ཁྱེད་ཅག་ལ་མཐེ་བོང་སྒྲེང། ཀྱེ་ཀྱེ། ཁྱེད་ཚོ་ནི་ངོ་གནོང་མི་དགོས་པའི་བསྟན་འགྲོའི་སྲུང་མ་གསར་བ། དེ་བས་སེམས་ཁོང་གི་ཁ་བཏགས་རེ་རེས་ཁྱེད་ཅག་ལ་མཇལ་ཕྱག་འབུལ། ཁྱེད་ཚོ་ནི་དོན་དམ་བདེན་པའི་ཨུ་ཚུགས་པ་དང། དོན་དམ་ཞི་བདེའི་ཕོ་ཉ་བ། དོན་དམ་རྒྱལ་གཅེས་དཔའ་བོ་ལགས་ཏེ། ད་ནི་ངོ་མ་ཁས་བླངས་པ་ཡིན། ང་ཚོས་གངས་སེང་གི་རྒྱལ་དར་ཕབ་སྟེ། ཁྱེད་ཅག་ལ་མྱ་ངན་དང་གུས་འདུད་ཞུ།

ང་ཚོས་མགོ་འཕང་གནམ་ལ་བཏེགས་ཏེ་ནམ་ཡང་མགོ་བོ་མི་སྒུར་བའི་དམ་ཞིག་བཅའ། ང་ཚོས་ལག་གདང་གཅིག་ཏུ་སྦྲེལ་ཏེ་གཏན་དུ་མི་འཐོར་བའི་མནའ་ཞིག་སྐྱེལ། ང་ཚོས་རེ་བའི་འཆར་འགོད་བཞེངས་ཏེ་རྒྱལ་ཁའི་ཕྱོགས་ལ་མདུན་སྐྱོད་བྱེད། བདེན་པའི་ཞི་རྒོལ་འདི་རྒྱལ་བར་ཤོག བདེན་པའི་འཐབ་རྩོད་འདི་རྒྱལ་བར་ཤོག བདེན་པའི་མི་རིགས་འདི་རྒྱལ་བར་ཤོག བདེན་པའི་ཕུགས་འདུན་འདི་རྒྱལ་བར་ཤོག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །།”<ངོ་མ་ཁས་བླངས་པ་ཡིན།>ལས།

 

(ཆབ་བྲག་ཕོ་ཉ) ༢༠༡༡།༡༠།༡༨།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php