༄༅།།གསར་རྩོམ་གྱི་སྐར་མ་གསར་བ་ཞིག

 

 

 

          མི་རེ་རེར་དྲན་ཐོར་འགོད་འོས་ཀྱི་དོན་གནད་མང་པོ་ཡོད་ལ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ལ་མཚོན་ན་ཡང་དེ་བཞིན་ཟིན་ཐོར་འགོད་དགོས་པའི་དོན་ཆེན་མང། ༼དྲན་ཐོ་སྨིན་དྲུག་སྐེ་འཁྱོག༽ནི་དེ་འདྲའི་མི་སྒེར་བ་ཞིག་ནས་མི་རིགས་ཤིག་གི་གནས་བབ་སྐྱོ་བོ་ཞིག་མཚོན་པའི་ཟིན་ཐོ་ཞིག་ཡིན་པས་འདི་ལ་ནང་དོན་གྱི་ཆ་ནས་རིན་ཐང་ཆེ་བ་མ་ཟད་རྩོམ་ཐབས་ཀྱི་ཆ་ནས་ཀྱང་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་རྩོམ་གྱི་སྐར་མ་གསར་བ་ཞིག་ཏུ་མཐོང་བས་ཁོ་བོས་འདིར་དེའི་སྐོར་གླེང་སློང་ཙམ་བྱེད་ན་འདོད།

         རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་གསུང་རྟེན་དང་དཔེ་དེབ་ཀྱི་རིགས་ནིབྱདུག་རྩྭབྱལ་བརྩིས་ནས་མང་ཆེ་བ་མེ་ལ་བསྲེགས། ཆུ་ལ་བསྐུར། ལུད་ལ་སྦྱར། ཉུང་ཤས་ཤིག་བློ་རྒོད་ཉུང་ཤས་ཀྱིསབྱགསང་གཏེརབྱཏུ་སྦས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་ལྡེབ་རིང་ལྡེབ་ཐུང་གི་དཔེ་ཆའི་རིགས་ནི་མིག་གིས་མཐོང་རྒྱུ་མེད་པར་གྱུརབྱབྱབའབྱརིག་གནས་གསར་བརྗེབྱམི་ཡུལ་གྱི་གདོན་འདྲེའི་ཆོ་འཕྲུལ་འདིས་མི་ཐམས་ཅད་མི་མ་ཡིན་པའི་འགྲོ་བ་ལྟ་བུ་ཞིག་ཏུ་བསྒྱུར་བ་མ་ཟད་སྐར་མ་སྨིན་དྲུག་གི་སྐེ་ཡང་འཁྱོག་པོར་བཏང་བ་འདྲ། དེ་བས་སྨིན་དྲུག་དང་བོད་མི་ས་ཡ་དྲུག་པོས་རྟག་པར་སྐེ་འཁྱོག་ནས་འདི་ལ་ཕྱི་མིག་རེ་འཕེན་གིན་གདུང་སེམས་མཉམ་སྐྱེད་བྱེད་ཀིན་ཡོད།

          སྐེ་འཁྱོག་གི་སྐར་མ་དང་པོས། ར་མའི་རེའུ་ལོའི་རྩེད་གྲོགས་ཚོའི་རྣ་བར་སྙན་པའི་མའོ་ཀྲུའུ་ཞིའི་རེའུ་ལོ། གསེར་ཡིག་གིས་བྲིས་པའི་གཟུངས་སྔགས་གཉན་པོ། ཁྱིམ་ཚང་རེ་ལ་མི་གྲངས་ལས་མང་བའི་དེབ་དམར། སློབ་མའི་སློབ་དེབ་གཅིག་པུ། ཞིང་པ་རྣམས་ཀྱི་རུམ་ན་ཉར་བའི་སྲུང་འཁོར། བཟོ་བའི་གློ་ཁུག་ནང་གི་གཅེས་ནོར། ཀུན་ལ་མེད་ན་མི་ཆོག་ཅིང༌། ཀུན་གྱིས་ནོར་ངོ་མི་ཆོད་པའི་ནོར་བུ། བྱདཔེ་དེབ་སྣ་མང་སྟོང་ཕྲག་ཡོད། མའོ་ཀྲུའུ་ཞི་ཡི་དཔེ་དེབ་ནི་ཆེས་བཟང་བ་ཡིན།བྱ ཁ་ཡོད་ཚད་ཀུན་གྱི་ཁ་གཡང་སྟོང་བ། ཁ་བ་ཅན་གྱི་བྱུར་འདྲེན་ཐོག་མ།

          པད་མ་འབུམ་ནི་ཡུས་ལུའུ་དང་རེའུ་ལོའི་ཁྱད་པར་མི་ཤེས་ན་ཡང་དེ་ལ་ཧ་ཅང་དགའ་བའི་རེའུ་རྫི་ཆུང་ཆུང་ཞིག་ཡིན།

 

          སྐེ་འཁྱོག་གི་སྐར་མ་གཉིས་པས། བྱཉིན་གཅིག་མ་བསླབས་གནད་དོན་འབྱུང། ཉིན་གཉིས་མ་བསླབས་བཅོས་ཐབས་མེད། ཉིན་གསུམ་མ་བསླབས་གསོན་ཐབས་མེད།བྱ ཨ་ལ་ལ། བོད་ཀྱི་མ་ཎི་ཡིག་དྲུག་ལས་ཀྱང་གཉན་པའི་དེབ་དམར་ཆུང་ཆུང༌། ཁ་བ་ཅན་དུ་ཁ་བཏགས་དཀར་པོའི་ཚབ་ཏུ་གྱུར་བའི་གདོན་འདྲེའི་ལྕེ་ཞགས་དམར་པོ། བྱམའོ་ཀྲུའུ་ཞིའི་གསུང་བཏུས་ངོ་མ་བཟང།བྱ ཀུན་གྱི་ཁ་ལ་བྱང་བའི་གཞས་ཚིག་སྙན་པོ། སུས་ཀྱང་གོ་མི་ཐུབ་པའི་གཉན་པོ་གསང་བ། བྱཉིན་རེ་ཀློགབྱ མཚན་རེ་ཀློག ཡི་གེ་ཤེས་མཁན་གྱིས་ཀློག མི་ཤེས་མཁན་གྱིས་ཀློག རྒན་རྒོན་ཁ་སྟོང་ཚོས་ཀློག བྱིས་པ་སྣབས་ལུག་ཚོས་ཀློག ཡིན་གཅིག་མིན་གཅིག་ཀློག་དགོས་པའི་གཉན་པོའི་གསང་ཡིག་འདི་འདི་ལྟར་བོད་ལ་ཁྱབ་པར་གྱུར། དེ་ནི་ཆབ་སྲིད་བསམ་བློའི་བཙན་འཛུལ་དྲག་པོ་ཞིག་ཡིན། མཐུ་ཆེན་ཞིག་ཡིན།

          པད་མ་འབུམ་ནི་བྱཉིན་རེ་ཀློགབྱམཁན་གྱི་སློབ་ཕྲུག་ཨང་དང་པོའི་གྲས་ཤིག་ཡིན།

       སྐེ་འཁྱོག་གི་སྐར་མ་གསུམ་པས། རེའུ་ལོའི་རྫིའུ་རྣམས་ཀྱང་ཡུས་ལུའུ་བཀླགས་ནས་ལྕེ་ངལ། བོད་ཡིག་གི་དེབ་གཞན་པ་ཞིགབྱགསང་གཏེརབྱན་མ་གཏོགས་མེད། གལ་ཏེ་ཡོད་ན་དེ་ནི་བསམ་བློ་རྙིང་པའི་བྱདུག་རྩྭབྱ་ཡིན་པས་ཟོས་ན་འཆི། ཡིན་ན་ཡང། ཁོ་ཚོས་ལྟོགས་སྐོམ་ཅི་ཞིག་མ་བཟོད་པར་ངག་ཐོག་གི་གཞས་ཚིག་རིགས་ལོག་ཏུ་ཕབ་བཤུ་བྱས། ཕན་ཚུན་དགའ་བའི་མཛའ་གཞས་གསང་ནས་བསྐུར་བས། ཁྱོད་ཚོས་དུག་བཏུས་དུག་རྒྱུན་སྤེལ། དེ་ནི་རང་སྲོག་དང་གཞན་སྲོག་ལེན་པའི་དུག་ཡིན་ཞེས་བཀག་སྡོམ་བྱས་པས། མི་ཚོས་སླར་ཡང། བྱམོ་ཁྱོད་ནི་གུང་ཆིན་ཐོན་ཡོན་རེད། ཕོ་ང་ནི་གུང་ཁྲན་ཏང་ཡོན་རེད། ཞེ་སྣང་བ་སྤྱི་ཚོགས་རིང་ལུགས་ཡིན།བྱ ཞེས་པའི་དཔེ་འཇོག་གི་ཐབས་ལམ་སོགས་སྤྱད་ནས་རང་གི་བརྩེ་སེམས་མཚོན་ཐབས་དང་ལ་གཞས་གནས་ཐབས་བྱས།

          པད་མ་འབུམ་ནི་དེ་འདྲའི་ལ་གཞས་ཉར་གསོག་བྱེད་མཁན་གྱི་དུག་རྩྭ་འཐུ་མཁན་དཔའ་བོ་ཞིག་ཀྱང་ཡིན།

 

          སྐེ་འཁྱོག་གི་སྐར་མ་བཞི་བས། བོད་ནི་གཏམ་སྒྲུང་གི་འཇིག་རྟེན་ཞིག་ཡིན་མོད། སྐབས་དེར་མི་མངོན་པའི་སྒྲུང་བ་རེ་གཉིས་དངསྒྲུང་དེབ་རེ་གཉིས་ལས་མེད་ཀྱང། གསང་སྒྲོག་གསང་ཉན་བྱེད་མཁན་ཆད་པ་མེད། དེ་ནི་མེད་པའམ་དཀོན་པ་དེར་ཚང་མ་དགའ་བ་ཡིན་ནམ། ཡང་ན་མི་རིགས་རང་གི་རིག་གནས་ལ་དུངས་ཞེན་ཆེ་བས་ཡིན།

          སློབ་མ་ཚོས་ལ་གཞས་ཕབ་བཤུ་བྱེད་མི་ཆོག སྒྲུང་དེབ་སོགས་ཅི་ཡང་མེད། དེབ་དམར་ཆུང་ཆུང་གི་གཟུངས་སྔགས་ལ་དགའ་ཞེན་ལྷོད། ད་བོད་ཡིག་གི་དེབ་ཅིག་ཀློག་རྒྱུ་མེད་ལ། བོད་ཡིག་བཀོལ་སྤྱོད་བྱེད་ཚུལ་ཡང་མི་ཤེས་པར་འགྱུར་བཞིན་པས། ཁོ་ཚོས་བོད་ཀྱི་དག་ཡིག་སོགས་བརྡ་སྤྲོད་གཞུང་ལུགས་གནས་ཐབས་ལ་སླར་ཡང་གསང་བའི་ཕབ་བཤུ་ལ་བརྟེན་ནས་དཔེ་རྒྱུན་གནས་ཐབས་ཙམ་བྱས། དེ་ནི་གནས་ཐབས་ཙམ་ཡིན་ཏེ་ཐ་ན་དག་ཡིག་དང་སུམ་ཅུ་བ་ཟེར་བ་སོགས་ཀྱི་ནང་དོན་ཕར་ཞོག་དེབ་མིང་གི་གོ་དོན་ཙམ་ཡང་མི་ཤེས་པའང་མང། དེ་བས་སྔོན་འཇུག་རྗེས་འཇུག་གི་ཐོག་ལ་བྱབར་འཇུགབྱ་བརྡ་སྤྲོད་མཁན་པོ་རེ་ཡང་བྱུང་བ་མིན་ནམ། བློ་བཀོད་དང་སྤོབས་པ་ཅན་ལ་ལས་མའོ་དེབ་དམར་བོའི་རྒྱབ་ཤོག་ནང་ལ་བརྡ་སྤྲོད་པའི་དེབ་བཅུག་སྟེ་གསང་བལྟ་བྱེད་དགོས་པ་སོགས་བྱུང། བརྡ་སྤྲོད་པའི་གཞུང་ལ་བསམ་བློའི་དུག་རྒྱུན་ཡོད་པས་ངག་ཐོག་གི་སྐད་ཆར་ཡང་ཉེས་པ་ཡོད་ལས་ཆེ། དེ་འདྲའི་ཉེས་ཅན་དུ་གྱུར་བའི་བོད་ཀྱི་སྐད་ཡིག་དེ་བོད་མི་དང་མཉམ་དུ་འཚོ་ཐུབ་བམ། དུས་ཡུན་ཅི་ཙམ་ལ་འཚོ་བར་འགྱུར་རམ།

          པད་མ་འབུམ་ནི་གསང་སྒྲུང་དེ་རིགས་ལ་གསང་ཉན་ཅུང་རེ་ཐུབ་པའི་སྐལ་ལྡན་ཞིག་ཡིན་ལ་བརྡ་སྤྲོད་གསང་བཤུ་བྱེད་མཁན་གྱི་སློབ་གཉེར་བ་བཟང་གྲས་ཤིག་ཀྱང་ཡིན།

 

          སྐེ་འཁྱོག་གི་སྐར་མ་ལྔ་པས། བོད་ཡིག་བོད་ཡིག་མིན། བྱཡེ་ཞིན་གྱ་ཡིན་མུའུ་གྱ་ལིན་པེའོ་ ཕན་ཏང་ ཕན་གོ་ བྱ དེ་ནི་རྒྱ་ཡིག་གི་སྒྲ་གདངས་ཙམ་ཡིན་པས། རྒྱ་ཡིག་ཡང་མིན། རྒྱ་བོད་གང་གི་ཡི་གེ་ཡང་མིན་པ་དེ་བོད་པའམ་བོད་མ་རྒྱའི་འགོ་ཁྲིད་སོགས་ཀྱི་ཐོ་ཡིག་དང་གསུང་བཤད་རིགས་ཡིན། ཁོ་ཚོའི་རྒྱ་བོད་ཤན་སྦྱར་གྱི་གསུང་བཤད་ལ་ལོ་ཙཱ་བ་དགོས། བོད་མིས་བོད་མིར་ལོ་ཙཱ་བ་བྱེད་དགོས་པར་གྱུར་བས་ད་ནི་བོད་ཡིག་འཆི་བཞིན་ཡོད། པད་མ་འབུམ་ནི་དེ་འདྲའི་ལོ་ཙཱ་བ་ཡག་པོ་ཞིག་ཀྱང་ཡིན།

 

          སྐེ་འཁྱོག་གི་སྐར་མ་དྲུག་པས། བོད་པ་ལས་བྱེད་རྣམས་ཀྱི་ཕྲུ་གུ་རྒྱ་ཡིག་སློབ་གྲྭར་བསྐྱེལ། འོན་ཀྱང་ཁོ་ཚོས་རྒྱ་ཡིག་ཀྱང་མི་ཤེས། གལ་ཏེ་ཁོའི་ངག་ནས་རྒྱ་ཡིག་ཚིག་འགའ་སྐྱོར་རྒྱུ་ཡོད་ན་ཡང་དེ་ནི་ངག་བྱང་ཙམ་ཡིན་ལ། དེའི་ནང་དོན་ཅི་ཡིན་ཡང་མི་ཤེས། དེ་བས་ཤ་ཚ་ལྷག་བསམ་ཅན་གྱི་དགེ་རྒན་ཚོའི་སེམས་པ་གངས་རླུང་ལས་ཀྱང་གྲང། ཐ་ན་སློབ་ཕྲུག་དང་ཕ་མའི་བར་ལ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡང་ཡོད།

 

          རིག་གསར་མཇུག་འགྲིལ་མཚམས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཡིག་འཛིན་གྲྭ་ཞིག་བཙུགས། བོད་ཡིག་ཚིག་འབྲུ་རེ་རེར་རྒྱ་ཡིག་གིས་མཆན་འདོགས་དགོས། སློབ་མ་བརྒྱ་དང་སུམ་ཅུའི་ནང་ན་བོད་ཡིག་འབྲི་ཀློག་ཐུབ་མཁན་བདུན་ཡོད། པད་མ་འབུམ་ནི་དེའི་ནང་གི་གཅིག་ཡིན།

 

          སྐེ་འཁྱོག་གི་སྐར་མ་དྲུག་པོས་མགྲིན་གཅིག་ཏུ།

          "ལོ་བཅུ་ལ་བོད་ཀྱི་ས་ཆ་མང་བོར་བོད་ཡིག་འཁྲིད་མཚམས་ཆད། བོད་གཞོན་མི་རབས་ཤིག་གི་བོད་ཀྱི་སྐད་ཡིག་གི་སྐལ་བ་ཆད། ཁོ་ཚོའི་བོད་ལྕེ་རྣམས་རྒྱ་ལྕེ་ངོ་མར་འགྱུར་ཉེའི་སྐབས་རིག་གནས་གསར་བརྗེ་མཇུག་བསྒྲིལ་བར་གྱུར།"  སྨིན་དྲུག་སྐེ་འཁྱོག་གི་ཕྱི་མིག་གི་ལམ་དུ་གསལ་བའི་ལྟད་མོའི་སྙིང་དོན་འབུར་དོད་མ་འདི་རིག་གནས་གསར་བརྗེའི་དམྱལ་ཁམས་བརྒྱུད་པའི་ད་ལྟའི་བོད་མི་རེ་རེའི་སྙིང་ཁོང་གི་ན་ཚ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་སྲོག་ལ་རྒོལ་བའི་གཏོར་ནག་ཟུར་གསུམ་མ་ཞིག་ཡིན་པས། ང་ཚོས་ཡང་ཡང་གླེང་དགོས་པ་དང་ཡང་ཡང་བསམ་དགོས་པ་ཞིག་ཅིས་མིན། དཔའ་བོ་ཅི་འདྲ་ཞིག་ཡིན་ཡང་དེ་ལ་བརྗེད་མེད་ཀྱི་ཤ་འཁོན་ཞིག་མེད་ན་དཔའ་ངར་འདོན་དཀའ་བ་བཞིན་ང་ཚོས་ཀྱང་རིག་གནས་གསར་བརྗེའི་ཤ་འཁོན་ནམ་རྒྱ་ནག་གུང་ཁྲན་ཏང་གི་གཡོ་ཁྲམ་གདུག་རྩུབ་ཀྱི་བསླུ་བྲིད་མ་བརྗེད་པར་མི་རིགས་ཤིག་གི་ངར་སེམས་སྦར་རྒྱུ་དེ་ང་ཚོའི་སྟོབས་ཤུགས་ཀྱི་རྩ་བ་ཞིག་ཀྱང་ཡིན།

          པད་མ་འབུམ་ནི་རང་ཉིད་དང་ང་ཚོར་ཤ་འཁོན་ལ་དྲན་གསོ་དང་སྙིང་སྟོབས་ལ་གསོས་འདེབས་མཁན་ཞིག་མིན་ནམ།

          ༼དྲན་ཐོ་སྨིན་དྲུག་སྐེ་འཁྱོག༽ ཁ་བྱང་འདི་ལ་ཕྱིར་འདང་ཞིག་བརྒྱབ་ན།    "སྨིན་དྲུག"གིས་སྐེ་འཁྱོག་ནས་མཐོ་སྒང་ལ་བལྟ་ཐེངས་རེར་གཉིད་ཀྱིས་མགོ་མ་ཐེག་པར་སྐེ་འཁྱོག་པའི་སློབ་ཕྲུག་ཚོ་ཚོ་རེས་མའོ་ཀྲུའུ་ཞིའི་གསུང་བཏུས་ཀློག་འདོན་གྱི་ཞབས་བརྟན་ཆོ་ག་དག་མཐོང་ནས་མྱུར་དུ་ནམ་ལངས་པའི་བརྡ་འཕྲིན་གཏོང་གིན་ཡོད། རིག་གནས་གསར་བརྗེའི་དཔུང་ཤུགས་ཀྱིས་ང་ཚོའི་མགོ་ནས་བཙན་གྱིས་གཅུས་པས་ང་ཚོའི"སྐེ་འཁྱོག"ནས་ལམ་གང་དུ་མི་འགྲོ་ཐབས་མེད། "སྨིན་དྲུག"གི་སྐར་མ་རེ་རེས་བོད་ཡིག་གི་དེབ་དམར་ཞིག་ཇི་ལྟར་གདན་དྲངས་པ་ནས་བོད་ཡིག་གི་དཔེ་དེབ་གཞན་དག་ཇི་ལྟར་བཀྲོངས་པར་གྱུར་བའི་བོད་ཀྱི་སྐད་ཡིག་གི་ཉམས་ཆག་རི་མོ་རེ་རེ་གསལ་བར་བྱས་ཤིང། སྐད་ཡིག་དེའི་རྣམ་ཤེས་སྦྲུམ་པའི་མིའུ་གདུང་དྲུག་གི་བུ་རབས་ཚ་རྒྱུད་དེ་བོད་མི་ས་ཡ་དྲུག་གིས་བྱསྐེ་འཁྱོགབྱནས་ཇི་ལྟར་ཤི་མ་གསོན་གྱི་འཕག་འཚག་བརྒྱབ་པའི་ལོ་རྒྱུས་ཀྱི་དྲན་ཐོ་ཞིག

 

          དེ་ལྟར་ལོ་རྒྱུས་ཀྱི་དོན་སྙིང་ཟབ་པའི་རྩོམ་ཡིག་འདི་ང་ཚོའི་ཀློག་འདོན་དང་མཉམ་དུ་པད་མ་འབུམ་བཞིན་རིག་གསར་གྱི་ལོ་ཟླའི་སྐྱུར་རྩི་མྱོང་མཁན་ཀློག་མཁན་ཚོར་སོ་སོའི་མི་ཚེའི་འདས་དོན་ཞིག་དྲན་ལམ་དུ་ཁ་སང་བཞིན་གསལ་བར་བྱེད་ལ། རིག་གནས་གསར་བརྗེའི་ལོ་ཟླ་མ་འགྲིམས་པ་ཚོར་ཡང་མངོན་སུམ་གསོན་ཉམས་དོད་པོའི་གློག་བརྙན་ལྟ་བུ་ཞིག་མིག་ལམ་དུ་སྣང་བར་བྱེད། དེ་ནི་དོན་བརྗོད་ལྷུག་རྩོམ་འདི་ལ་བརྩམས་སྒྲུང་གི་བྱུང་རིམ་ཕྲ་ཞིབ་དང་མི་སྣའི་གླེང་མོལ་ཞིབ་འབྲི་གཉིས་བེད་སྤྱོད་ལེགས་པོ་བྱས་པའི་ཐོག་སྐད་ཆའི་སྒྱུ་རྩལ་གྱི་བྱང་ཚད་མཐོ་བ་བཅས་ཀྱི་དགེ་མཚན་ཡིན་པས་ང་ཚོར་རྩོམ་ཐབས་ཀྱི་ལེགས་ཆ་གསར་བ་ཞིག་ཀྱང་དཔེ་མཚོན་དུ་བསྟན་ཡོད།

          དེས་ན་ལྷུག་རྩོམ་འདི་ནི་གསར་རྩོམ་གྱི་སྐར་མ་གསར་བ་ཞིག་ཏུའང་བརྩི་ཆོག་པས་རྩོམ་རིག་དཔྱད་བརྗོད་པ་རྣམ་པས་གདེང་འཇོག་དང་དགོངས་འཆར་གནང་རེའི་ས་བོན་ཙམ་དུའོ།།

 

༢༠༠༡།༧།༡༤།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php