ཀུ་ཤུ་ཁ་པར།

 

 

 

ཁུ་བྱུག་སྔོན་མོ་ཡིས། ཁོ་རང་གི་ལག་གི་ཀུ་ཤུ་ཁ་པར་ལ་འོ་ཞིག་བྱས་ཏེ། ཁུ་བྱུག་རྩེད་ར་ཞེས་པའི་སྐད་འཕྲིན་ཚོམས་སྒོ་ཕྱེས་ཏེ་ཁུ་བྱུག་སྔོན་མོའི་འགྱུར་ཁུགས་འདི་ལྟར་འཐེན། 

ཨ་ལ་རོགས་ལོ་་་་ལ་ཡ་་་ལ་་་ཡ་ལ་ཡ་ལ་་་ཡེ་་་་

ང་འདང་ཆེན་དྲིན་ཆེན་གཉིས་ཡོད།

ངའི་ལག་གི་ཁ་པར་འདང་ཆེན་ཡིན།

ས་འཛམ་གླིང་མིག་ལ་བཤམ་འཇོག་གི

སྐད་སྣ་ཚོགས་རྣ་སྒོར་བཀུག་འཇོག་གི

ངའི་མཐོང་རྒྱ་ཐོས་རྒྱ་སྐྱེད་འཇོག་གི

ངའི་འདང་ཆེན་ཁ་པར་བཀའ་དྲིན་ཆེ།

ང་ཁྱོད་དང་འགྲོགས་ནས་ཤི་ན་ཤི

 

ང་འདང་ཆེན་དྲིན་ཆེན་གཉིས་ཡོད།

ངའི་ངག་གི་ལ་ཡས་འདང་ཆེན་ཡིན།

ངོ་མི་ཤེས་རོགས་བརྒྱ་བཀུག་འཇོག་གི

ཚིག་སྙན་དགུས་མཛའ་སེམས་སྦྲེལ་འཇོག་གི

ངའི་ལུས་སེམས་བདེ་བ་སྐྱེད་འཇོག་གི

ངའི་འདང་ཆེན་ལ་གཞས་བཀའ་དྲིན་ཆེ།

ང་ཁྱོད་དང་འགྲོགས་ནས་འཆི་གི་ཡིན།།

 

ཁོས་སྐད་ངག་ལྷོད་མོ་ཞིག་གིས་དེ་ལྟར་བླངས་པ་དང་ཁ་པར་ལག་ནས་ཤོར་སོང་བའི་ཁྲོག་སྒྲ་ཞིག་དང་ཨ་མ་་ཞེས་པའི་འབོད་སྒྲ་ཞིག་ལྷན་དུ་ཅི་ཡང་གོ་རྒྱུ་མེད་པར་གྱུར།

 

ཉིན་འགའི་རྗེས་སུ། ཁུ་བྱུག་རྩེད་ར་ནང་ན་ཁུ་བྱུག་སྔོན་མོ་གློ་བུར་དུ་འཕུར་སོང་ཟེར།

ཁོའི་ཀུ་ཤུ་ཁ་པར་ཆག་སོང་ཟེར། དེ་བས་སེམས་ཁྲལ་གྱིས་ཤི་སོང་ཟེར། 

 

གང་ལྟར་ཁུ་བྱུག་གྲག་རྒྱུ་མེད་པར་ཟླ་གཅིག་འགོར། ཡིན་ན་ཡང་ཚང་མས་ཁུ་བྱུག་གི་ལ་གཞས་གསར་རྩོམ་དེ་བོད་ཀྱི་སྲོལ་རྒྱུན་དང་མཐུན་མིན། ཐ་སྙད་བཀོལ་ཚུལ་འོས་མིན་སོགས་ལ་ཉི་ཚེ་བའི་གླེང་མོལ་དུ་མ་ཞིག་བྱས། 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php