༅།ནོར་བུ།

 

 

གཅིག

          དབྱར་ཁའི་ཉིན་ཞིག གཞོན་ནུ་ཕོ་མོ་གཉིས་རྩེ་ཀླུང་རིང་མོའི་ཁུགས་སོའི་མེ་ཏོག་སེར་ཆེན་གྱི་མལ་སའི་ནང་ན་འཐམ་འཁྱུད་ཀྱིས་འགྲེ་ལྡོག་བྱེད་ཀྱིན། ཞིམ་པོའི་འོ་དང་བདེ་བའི་དབྱངས། ལྡེམ་པའི་གཡོ་འགུལ་དང་བཅས་སྐྱིད་པའི་ཟློས་གར་ཐུང་ངུ་ཞིག་གི་འཁྲབ་ཚན་རྫོགས་རྗེས་གཉིས་ཀ་ཀན་རྒྱལ་དུ་ཉལ་ནས་སྐྱིད་སྣང་གི་འཛུམ་མདངས་ལྷུག་གེར་སྙིང་གཏམ་མངར་མོ་ཞིག་གི་མགོ་བརྩམས།

ལྟོས་དང༌། ནམ་མཁའ་འདི་ཇི་འདྲའི་སྔོ་ཞིང་དྭངས་པ

ད་དུང༌། སྤྲིན་དཀར་ཚོམ་བུ་དེ་དག་ནི་དེ་འདྲའི་དཀར་ཞིང་མཛེས་པ

དེ་རིང་ངའི་སྣང་བ་ཡང་བར་སྣང་ཁམས་རེད། འདི་འདྲའི་སྐྱིད་སྣང་ཞིག་བྱུང་མ་མྱོང

རེད། ཁྱོད་ཀྱི་ནུ་བར་ལ་ལྷུང་ཐེངས་རེར་ངའི་སྣང་བ་ཡང་ལྷ་ཡུལ་ཁམས་རེད

ཧ་ཧ་ཧ། ཨེ་རེད། འོ་ན། ཁྱོད་གྲོང་ཁྱེར་གྱི་རྒྱ་མོ་ལྷ་མོ་ལྟ་བུ་དག་གི་ནུ་བར་ལ་ལྷུང་དུས། དེའི་ལྷག་ཅིག་ལོས་ཡིན

ངས་ཁྱོད་ཀྱི་མེ་ཏོག་བླངས་པ་ནས་བཟུང༌། ང་ངོ་མ་སུ་གཅིག་གི་ནུ་བར་ལ་ལྷུང་མ་མྱོང

ང་མི་རློམ་གི

ཁྱོའི་ཤ

ངའི་ཤ་ཡིས་མནའ་ཤ་ཉན་ནམ

ང་ལ་ཁྱོད་ལས་ལྷག་པའི་རྩིས་ཆེན་མེད། གལ་ཏེ་ཁྱོད་ཀྱི་ཤས་མནའ་ཤ་མི་ཉན་ན། ང་ལ་མནའ་རྟེན་གཞན་འཇོག་རྒྱུ་མེད། ལོ་གཅིག་གི་རྗེས་ནས་ངས་ཁྱོད་ལ་བདེན་དཔང་བྱེད་ཆོག

ངས་ཁྱོད་ཚོ་སློབ་གྲྭ་བའི་ཁ་ཤེད་ལ་འདང་ས་མ་རེད། གང་ལྟར་ང་ཁྱོད་ལ་དགའ། ངའི་ནོར་བུ། ང་ཁྱོད་ལ་ཡིད་ཆེས་ཡོད

ཡིད་ཆེས་དང་བརྩེ་དུང༌། ནམ་མཁའ་དང་སྤྲིན་དཀར། ཨ་ལ་ལ་ ཇི་འདྲའི་མཛེས་ལ་ཇི་འདྲའི་སྐྱིད་པ། འདི་ནི་ངའི་རེ་སྨོན་ཡིན་ལ། ངའི་བདེ་སྐྱིད་ཀྱང་ཡིན

དེ་སྙན་དངགས་ཨེ་རེད། འོ་ན་ངས་ཀྱང་ཁྱོད་ལ་གླུ་ཞིག་ལེན

ཡ་ སྔོན་མ་ང་འགུགས་བྱེད་ཀྱི་ལ་གཞས་དེ་ ”

ང་རྟ་ཞིག་མེད་མེད་རྟ་ཞིག་དགོས།

ཚུར་འཁོར་ན་མགོ་རྣ་ཡག་དགོས།

ཕར་འཁོར་ན་གྲུག་ཞེང་ཆེ་དགོས།

དེའི་མི་ཚད་གོམ་ལེགས་བདེ་དགོས།

ཁྱོད་དེ་འདྲའི་རྟ་ཞིག་ཡིན་ན།

ངས་གསེར་སྲང་སྟོང་ལ་འཇལ་ཆོག

ཚེ་གང་གི་ཞོན་རྟ་ཁྱོད་ཡིན།

ཁྱོས་ངོ་མ་ང་ཞོན་རྒྱུ་ཡིན་ནམ

ཧ་ཧ་ཧ་་་ཧི་ཧི་ཧི་

          འགྱུར་ཁུགས་ལྡན་ཞིང་དྭངས་ཤིང་གསལ་བའི་དགོད་སྒྲ་ཞིག་རྩེ་ཀླུང་གི་བཞུར་སྒྲས་ཁྱེར་ནས་ཀླུ་ཡུལ་དུ་ཆས།

 

གཉིས།

 

          དཔྱིད་མགོའི་ཉིན་ཞིག ཕ་བུ་གཉིས་གཞིས་ཀའི་ཁང་བཟངས་མཐོན་པོའི་རྩེ་ན་བཟའ་བཏུང་ལ་ལོངས་སུ་སྤྱོད་ཀྱིན་ཐག་ཉེ་རིང་གི་ཁོར་ཡུག་ཚང་མར་མིག་བཤེར་དང་བཅས་གླེང་མོལ་བྱེད་ཀྱིན་འདུག འོན་ཀྱང་བུ་དེའི་གདོང་ན་སྤྲོ་སྐྱིད་ཀྱི་འཛུམ་བག་ཤུལ་ཙམ་ཡང་མི་འདུག

བུ། ཁྱོད་ལ་ཅི་བྱུང་སོང༌། ཅིག་ན་གི་ཡོད་པ་མིན་ནམ

འདུག ན་ཚ་ཆེན་པོ་ཞིག་འདུག

ན་ཚ་ཅི་རེད། གང་ནས་ན་གི་འདུག

འདི་ནས། སྙིང༌། མ་རེད་སེམས

སེམས་སྡུག ཅི་ལ་སེམས་སྡུག་བྱེད་ཀྱི་ཡོད

འགྲོ་བ་ནད་པ་ཚང་མ་ལ

ཨོ་ དེ་འདྲ་བྱང་ཆུབ་སེམས་དཔའི་ན་ཚ་ཡིན་རྒྱུ་རེད་ འོ་ན་ཁྱོད་སྨན་པ་བྱེད་འདོད་ཡོད་པ་ཡིན་ནམ

གལ་ཏེ། འགྲོ་བ་ནད་པ་ཇི་སྙེད་པ། མྱུར་དུ་ནད་གྲོལ་ཐབས་ཤིག་ཡོད་ན། སྨན་པ་ལས་ལྷག་ཅིག་ཅི་ཡོད

བུ་བློ་མང་གི་དོན་མི་འགྲུབ་ཟེར། ཁྱོད་ཁྱིམ་གྱི་ནོར་བུ་ཡིན། ངས་ཁྱོད་ཀྱི་རེ་བ་བཞིན་ཆུང་དུས་ནས་སློབ་གྲྭ་འགྲིམས་བཅུག་ནས་ད་མཐོ་སློབ་ཐོན་པ་རེད། ངས་བལྟས་ན་ད་མནའ་མ་ཞིག་བླངས་ནས་གཞིས་ཀ་སྐྱོང་ན་བཟང༌། ང་ཡང་ལོ་ན་མཐོ་བས་ཕྱིའི་ཚོང་ལས་ཁག་དང༌། ནང་གི་ཟ་ཁང་དང་མགྲོན་ཁང་ཚང་མར་ལྟ་རྟོག་བྱེད་པར་དཀའ་ལས་འདུག

ཨ་ཕ། ང་ཐག་རིང་ཞིག་ལ་འགྲོ་འདོད་འདུག

གང་ལ། པེ་ཅིན་ལ་ཨེ་རེད། ད་དུང་སློབ་གྲྭ་འགྲོ་རྒྱུ་ཡིན་ནམ། ཁྱོད་ཀྱི་དམིགས་ཡུལ་རྗེས་མ་དཔོན་ཆེན་ཞིག་བྱ་འདོད་པ་ཨེ་ཡིན

མིན། ང་ལ་དབང་དང་རྒྱུ་གཉིས་ཀ་མི་མཁོ

འོ་ན། ཁྱོད་ལ་ཅི་མཁོ

ང་ལ་ཞི་བདེ་མཁོ

ཞི་བདེ། དེ་ཅི་ཟེར་རམ། དེང་སང་སྤྱི་ཚོགས་ལྷིང་འཇགས་རེད། འཚོ་བ་བཟང༌། ཆོས་དར། ད་ཁྱོད་མ་སྐྱིད་མ་བདེ་བ་ཅི་འདུག

ཨ་ཕ། ངས་ནང་སེམས་ཀྱི་ཞི་བདེ་ངོ་མ་དེ་ཟེར་བ་ཡིན། དེ་བས་ང་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་མོ་མཇལ་བར་འགྲོ་རྒྱུ

ཨ་་་ ཞི་བདེའི་དེད་དཔོན་ཆེན་མོ། ཨོ། ཁྱོད་རྒྱ་གར་ལ་སོང་ནས་རབ་ཏུ་འབྱུང་རྒྱུ་ཟེར་རམ

ཨ་ཕ། ང་ལ་དེང་སང་རྟག་པར་རྨི་ལམ་ངོ་མཚར་དེ་འདྲ་རྨི་གིན་འདུག

ཁྱོད་་་ ཁྱོད་ངོ་མ་་་

་་་ ་་་

གསུམ།

 

          ཁ་བ་འབབ་པའི་ཉིན་ཞིག སྦྲ་ནག་ཟད་པོ་ཞིག་གི་ནང་ནས་མ་སྨད་གཉིས་ཀྱི་སྐད་ངག་གཉོམ་པོ་ཞིག་གྲང་རླུང་ཁྲོད་དུ་འདར་བྱུང༌།

ཨ་ཡོ། ཨ་མ་་་ ནོར་བུ་སློབ་མཐར་ཕྱིན་ནས་དགུན་གནང་ལ་ཡོང་རན་གྱིན་འདུག ད་ང་མགྱོགས་པོ་དྲག་སོང་ན་བསམ་གི

བུ་མོ། ནོར་བུ་ཟེར་བ་དེ་ངོ་མ་ནོར་བུ་འདྲ་བོ་ཞིག་ཨེ་ཡོད་ན། གཅིག་བྱས་ན་ཁྱོད ཁྱོད་བརྗེད་སོང་ཡོད་རྒྱུ་རེད

ཨ་མ། ཁོ་ངའི་ནོར་བུ་ངོ་མ་ཡིན། ང་གཉིས་ཕན་ཚུན་ལ་ཞེ་འདང་ཆེ། ཁྱོད་སེམས་ཁྲལ་མ་བྱེད། ཨ་ཡོ་་་

ཞེ་འདང་ཆེ་ན་ཡང༌། ནོར་བུ་ཚང་ནོར་ལྷ་ལྟར་ས་འདིའི་ཁྱིམ་ཚང་ཕྱུག་ཤོས་རེད། གལ་ཏེ་ཁོང་ཚང་གིས་མོས་མཐུན་མ་བྱས་ན་ཅི་བྱེད

ངས་ཀྱང་དེ་འདྲ་དྲིས་མྱོང། ཁོས། བྱངའི་ཨ་ཕ་སྙིང་རྗེ་ཅན་ཆོས་སེམས་ཡོད་མཁན་ཞིག་ཡིན། ལྷག་པར་ང་ལ་བརྩེ་འདང་ཆེ་བས་ངའི་འདོད་ཐོག་ལ་འཇོག་གི་རེད། གལ་ཏེ་མ་བཞག་ན་ང་གཉིས་གཞན་ཞིག་བྲོས་འགྲོབྱཞེས་བཤད་མྱོང༌། ཨ་

ཨོ། ད་དེ་འདྲ་ཞིག་ཡིན་པར་སྨོན

ཨ་ ཨ་ཡོ་ ཨ་མ། ང་ལ་གཟེར་རྒྱག་གི

ཡག་པོ་མར་ཉོལ་སྡོད

ཨ་ཡོ། ཨ་ཡོ་་་

བརླ་བར་ཕྱེས་དང༌། ཡ་ད་མགོ་ཆུ་ཐོན་འདུག སྐྱེ་རྒྱུ་རེད

ཨ྄་ཡོ་ ཡོ་

སྲོན། སྐད་མ་རྒྱག

ཨ་ མ་ངས་སྲན་ཐུབ་ཀྱི་མི་འདུག

ཤུགས་ཆེན་པོས་མར་ཚུར

ཨ་ཡོ། ཨ་མ་

དབུགས་ཁོག་ལ་བཅུག་ནས་ཚུར

ཨ་མ། ང་ ཤི་ས་རེད། ཨ་ཡོ་ ཨ་

བུ་མོ། བུ་མོ། དྲན་པ་སོས་དང༌། ངའི་བུ་མོ་་་

          ཨ་མའི་ངུ་སྐད་ཆེན་པོ་དེ་རླུང་དམར་གྱི་ཁྲོད་དུ་ཁྱབ་ནའང༌། བུ་མོའི་སྡུག་སྐད་དང་ཕྲུ་གུའི་ངུ་སྐད་ཅི་ཡང་ཐོས་རྒྱུ་མེད་པར་གྱུར།

 

བཞི།

 

          འབྲས་ལྡན་སྟོན་གྱི་ཉིན་ཞིག རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་དྷ་རམ་ས་ལའི་རི་རྩེ་དཀར་པ་གངས་དང་རི་སྐེད་ནགས་ཀླུང་སྨུག་གིས་བཟུང་པའི་རྫ་རི་སྨུག་པོ་རྡོ་ལ་དར་གྱི་པང་ཁུག་ཅིག་ན། ཨ་ཁུ་མཚམས་པ་བ་ཞིག་ལ་ཚན་རིག་པ་ཞིག་གིས་བཅར་འདྲི་གནང་གིན་འདུག

ཁྱེད་རང་སྒོམ་བརྒྱབ་ནས་ལོ་ཅི་ཙམ་སོང

ང་རི་འདིར་འབྱར་ནས་ལོ་ཉི་ཤུ་ཙམ་འགོར

 “ཁྱེད་ཀྱི་རྩ་བའི་བླ་མ་སུ་ཡིན། སློབ་གཉེར་ཇི་ལྟར་གནང

ང་ལ་རྩ་བའི་བླ་མ་ཟེར་ན་དགེ་བའི་བཤེས་གཉེན་ཟེར་ན་ྋསྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཅིག་པུ་ཡིན། ཁོང་གི་གསུང་ཆོས་ཅི་གནང་ཚང་མར་ཉན་ཁུལ་བྱས། ལྷག་པར་ལམ་རིམ་ཁག་ལ་ཞིབ་མཇལ་གྱིས་སྒོམ་སྒྲུབ་ཉམས་ལེན་ལ་འབད་ཁུལ་བྱེད་ཀྱིན་ཡོད

འདི་ལྟར་སྒོམ་སྒྲུབ་བྱས་ན་དཀའ་ལས་འདུག་གམ

ཐོག་མར་ཚ་གྲང་དང་ལྟོགས་སྐོམ་ཅུང་བྱུང་ན་ཡང༌། སེམས་ལ་འདོད་ཆགས་ཞེ་སྡང་གིས་གཙེ་བའི་དཀའ་ངལ་མི་འདུག སྤྱིར་ན་མཚམས་ལ་འདུག་པ་འདི་དཀའ་བ་ཆེད་དུ་སྤྱད་པའི་བཟོད་སྒོམ་གྱི་ཉམས་ལེན་ཞིག་ཡིན་པས་བདེ་བར་བསྡད་ན་མི་འགྲིགས། སྟོན་པ་ཐུགས་རྗེ་ཅན་དང་རྗེ་བཙུན་མི་ལའི་རྣམ་ཐར་སྐྱོང་ཁུལ་བྱས་པས་ལུས་སེམས་ཀྱིས་དཀའ་བ་སྤྱད་ན་མཐར་ལུས་སེམས་ལ་བདེ་བ་ཐོབ་པ་མྱོང་བས་གྲུབ

ཁྱེད་ཐོག་མར་རབ་ཏུ་བྱུང་ཚུལ་སྐོར་ཅིག་གསུང་རོགས” “ང་ལོ་བཅུའི་ཐོག་ཨ་མ་གྲོངས་པས་ཆུང་དུས་ནས་སྐྱོ་སྣང་ཞིག་དང་འབྲལ་མ་མྱོང་ལ། ཉིན་ཞིག་ངས་དྭགས་པོ་ལྷ་རྗེའི་རྣམ་ཐར་མཇལ་ནས་མིག་ཆུ་ཤོར་སོང༌། སྐབས་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་ང་དགའ་སའི་བུ་མོ་ཞིག་ཡོད་པ་ཕྲུ་གུ་སྐྱེ་མ་ཐུབ་པར་མ་བུ་གཉི་ག་མ་འཚམས། འདི་ལས་རེད་ཟེར་ཆོག དེ་ནས་ང་ལ་འཁོར་བར་ངེས་འབྱུང་གི་བློ་བཟློག་མེད་ཅིག་སྐྱེས་ནས་རྒྱ་གར་ལ་ཡོང་ནས་ྋརྒྱལ་བ་རིན་པོ་མཆོག་གི་མདུན་ནས་རབ་བྱུང་བསྒྲུབས། ང་ལ་འཇིག་རྟེན་འཁོར་བའི་བདེ་སྐྱིད་ཀྱི་སྐལ་ཆད་པས། ངས་བདེ་སྐྱིད་ངོ་མ་དེ་ནང་སེམས་ཀྱི་འཇིག་རྟེན་ན་ཡོད་པར་ཡིད་ཆེས་ཀྱིས་སེམས་ཀྱི་ཞི་བདེ་འཚོལ་སྙེག་བྱས། ད་ཆ་ང་ལ་སྡུག་བསྔལ་ཅི་ཡང་མེད

ཁྱེད་ལ་གཏུམ་མོ་མེ་འབར་ཟེར་བ་སོགས་ཀྱི་ནུས་པ་ཁྱད་པར་བ་ཡོད་ཟེར། ང་ཚོས་བརྟག་དཔྱད་ཅིག་བྱས་ན་འགྲིག་གམ

བརྟག་དཔྱད་བྱས་ནས་ཅི་བྱེད། ཁྱེད་ཚོ་ཡིད་མི་ཆེས་སམ

ཡིད་མི་ཆེས་མཁན་མང་པོ་ཡོད། གལ་ཏེ་ང་ཚོས་བརྟག་དཔྱད་ཀྱིས་ར་སྤྲོད་བྱས་ན་ནང་ཆོས་ཀྱི་ནུས་པ་ཚང་མས་ཤེས་ནས་ཆོས་ལ་དད་པ་བྱེད་མཁན་ཡང་མང་དུ་འགྲོ་གི་རེད

ཁྱེད་རང་གི་ཀུན་སློང་དང་དམིགས་ཡུལ་བཟང་པོ་རེད། འོན་ཀྱང་རྩ་རླུང་ཐིག་ལེ་སྒོམ་སྟོབས་ཀྱི་ནུས་པ་འདི་དག་བདེ་སྤྱོད་ལོག་ཏུ་སོང་ན་ཉེས་པ་ཆེ། དོན་དག་འདི་ྋརྒྱལ་བ་རིན་པོ་ཆེ་ལ་ཞུས་ནས་བཀའ་འཁྲོལ་ཐོབ་སོང་ན་ཁྱེད་ཚོས་ང་ལ་ཅི་བྱས་ཀྱང་ཆོག

ལགས་སོ། ཐུགས་རྗེ་ཆེ། རྗེས་མ་མཇལ་ཡོང

          མི་རིང་བར་སྒོམ་ཆེན་བསྟན་འཛིན་ནོར་བུ་ཟེར་བ་ཞིག་གི་མཚན་སྙན་འབྲུག་ལྟར་གྲགས། ཁོང་ལ་ཆོས་ཚོགས་ཤིག་འཛུགས་རྒྱུ་དང༌། དགོན་པ་ཞིག་བཞེངས་རྒྱུ་སོགས་ཀྱི་རེ་བ་འདོན་མཁན་མང་དུ་བྱུང་མོད། ཁོང་གིས་དེ་དག་ལངའི་དགོན་པ་ནི་རི་ཁྲོད་ཡིན། ཆོས་ཚོགས་ཀྱང་དགོས་ན་དེ་ནས་ཚུགས་ཆོགཅེས་གསུངས་པས་ལ་ལ་ཞིག་གིས་ཚོད་ལྟ་རེ་བྱས་ཀྱང་ཁུངས་མ་ཁྱོལ། ཡིན་ནའང་ཚན་རིག་པ་མང་པོ་ཞིག་གིསབྱབོད་ཀྱི་ནོར་བུབྱའདི་ལསབྱནོར་བུུབྱགསར་བ་ཞིག་བརྙེད་དེ་མིའི་ལུས་སེམས་ཀྱི་གསང་བ་མང་པོ་ཞིག་ལ་ཞིབ་འཇུག་གསར་བའི་སྒོ་འཕར་བྱས་པ་དང་དུས་མཉམ་མགོ་སེར་མིག་ལྗང་ལ་སོགས་པའི་གདུལ་བྱ་མང་པོ་ཞིག་ནང་ཆོས་ལབྱདགའ་དད་མཚརབྱགསུམ་ཅི་རིགས་ཀྱིས་འཇུག་བཞིན་ན་ཡང༌། བོད་ཀྱི་གྲྭ་བ་མི་ཉུང་བ་ཞིག་ལོ་རེ་ནས་ཟླ་རེ་བཞིན་གྲྭ་ས་ནས་གྲོང་ཁྱེར་འགྲིམས་པ་དང༌། དམར་སེར་ནས་སྐྱ་ཐལ་དུ་འགྱུར་བཞིན་ནོ།།

 

ས་ཟླའི་བཅོ་ལྔའི་ཉིན།

Comments: 3
  • #3

    admin (Sunday, 21 April 2024 09:44)

    1

  • #2

    admin (Sunday, 21 April 2024 05:07)

    1

  • #1

    གསལ་ལེ་རྒྱལ། (Monday, 02 May 2011)

    སྒྲུང་བཀླགས་ཟིན། སྙན་མོ་བྱུང་།
    དྲ་ངོས་བཟོ་བཅོས་མང་བོ་ཞིག་བརྒྱབས་འདུག་ལ་ཡང་རྒྱས་ཀྱི་རྣམ་པ་ཞིག་ཀྱང་འདུག

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php