གནའ་དེང་གི་མི།

 

 

 

"གནའ་མི་དང་ད་མིའི་ཁྱད་པར་གཙོ་བོ་ཅི་ཡིན།" ངས་དྲྭ་གྲོགས"ཁ་སང"དང"དེ་རིང"གཉིས་ཀྱི་ཁ་ནང་ལ་ཡིག་ལམ་ནས་དྲི་ཚིག་གི་ཤ་རྡོག་དེ་གཡུགས།

"གནའ་མྱི་སྨུག་པོ་ཞེས་སྣུམ་རིལ་རིལ་ཞིག་སྟེ། དཔེར་ན་རྒད་པོ་ཁ་སང་ང་ལྟ་བུ། ད་མྱི་སྐྱ་རིལ་ཞེས་ཞག་རྩི་མེད་པ། དཔེར་ན་གསར་བུ་དེ་རིང་ཟེར་བ་ལྟ་བུ། ཧ་ཧ་ཧ་་་་་ཨ་ལ་ཀུ་རེ་ཡིན་ད་་་"

"བདེན་ན་ཐང་། ཤ་ཟོས་ན་ལག་ངོས་ཚིལ་ཞག་ཡོད་ཚད་ངོ་ལ་བྱུག་འཇོག་ག ད་རུང་ལོ་གཅིག་ལ་ཁ་ལག་ཐེངས་གཅིག་མ་གཏོགས་མི་བཀྲུ་བས་སྣུམ་རིལ་རིལ་གྱི་ཐོག་ལ་ནག་རིལ་རིལ་ཞིག་ཀྱང་ལོས་ཡིན། ཧི་ཧི་ཧི་་་་་" དེ་རིང་གིས་དེ་ལྟར་བཤད།

"ད་ཅི་ཙམ་བཀྲུས་ཀྱང་ནང་གི་གཅིན་སྐྱག་ཁོག་ན་ལོས་ཡོད། ཧ་ཧ་ཧ་་་བཀྲུས་ནས་འོད་ཅིག་འབུད་པ་ཡོད་ན། ད་མི་སྐྱ་རིལ་རིལ་ཚོ་འོད་ཡུག་ཡུག་ཅིག་ཡོད་དགོས་ཚོད་ལ། ཕྱི་ནང་གང་ལ་བལྟས་ཀྱང་བཅོས་མ་རྫུན་མའི་མདོག་ཅིག་ལས་ཅང་མི་རིག་ག" ཁ་སང་གིས་སྨྲས།

"ཡ་་་ད་ངོ་མ་བཤད་དགོས། གནའ་མྱི་ཚོ་ནི་ཆོས་ལུགས་ཀྱི་བྲན་གཡོག་བཟང་པོ་དེ་རེད། ཁོ་ཚོས་དཀོན་མཆོག་ལ་གསོལ་འདེབས་དང་སྨོན་ལམ་རྒྱག་པ་ལས་ཅི་ཡང་མི་ནུས། ཅི་ཡང་མི་བྱེད། མཐའ་མར་རང་གི་ཐུ་བྷོད་རྒྱལ་ཁབ་ཁ་ཐོར་ཞིང་མི་རིགས་ཀྱང་འདི་ལྟར་རྗེས་ལུས། ཉམ་ཐག བླུན་རྨོངས་ཤིག་ཏུ་གྱུར་པ་མ་རེད་དམ།"

སྐབས་འདིར། ལ་ལས་སྐྱག་པ་མེ་ཏོག་མ་དང་ལ་ལས་ཐལ་མོ་རྡེབ་རིས་སོགས་བསྐུར་ཡོང་།

"ཆོས་ལུགས་དད་མོས་མེད་སའི་རྒྱལ་ཁབ་དང་མི་རིགས་ཤིག་ཨེ་ཡོད་ན། རྒྱ་བོད་ཧོར་སོགས་ཚང་མའི་ལོ་རྒྱུས་ནང་ན་དར་རྒུད་ཀྱི་འགྱུར་ལྡོག་དབྱར་དགུན་ལྟ་བུའི་བྱུང་ཚུལ་འདུག་ག དེ་ཆོས་ལུགས་དད་མོས་ཀྱིས་ཕུང་བ་ཞིག་ཅི་ལ་ཡིན།"བདེན་པའི་བུ་ཟེར་བས་དེ་ལྟར་བཤད།

"རྒྱལ་ཁབ་ཅིག་ལ་མཁོ་བ་དམག་དཔུང་རེད། ནང་ཆོས་དར་བ་ནས་བོད་ཀྱི་ཞི་ལི་ཚང་མ་དགོན་པར་བཏང་བ་ལས་དམག་ལ་བཏང་མེད་ཀ དེའི་རྒྱུ་མཚན་ཅི་ཡིན། དྲི་བ་མཁན་པོ་ཟེར་བས་དེ་ལྟར་དྲིས།

ལན་འདེབས་པ་ཟེར་བས། བོད་ལ་ནང་ཆོས་སྤེལ་མཁན་ཆོས་རྒྱལ་རྣམ་གསུམ་རེད་མོ། དེའི་དུས་སུ་བོད་ཀྱིས་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་འདུག་ཟེར་ག དམག་དཔུང་མེད་ན་གྲྭ་བས་དམག་བརྒྱབ་པ་ཡིན་ནི་མིན་ན། ཧ་ཧ་ཧ་་་

སྐབས་འདིར་དགའ་བསུ་བྱེད་མཁན་མང་པོ་ཞིག་བྱུང་།

 

 

ད་ཚར་མེད་་་་

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php