བླ་མ་མཁྱེན།

 

དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།

རང་དབང་མེད། ཆོས་དད་རང་དབང་མེད། སྨྲ་བརྗོད་རང་དབང་མེད།

བླ་མ་ལགས། ཐུགས་རྗེས་གཟིགས།

 

དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།

འདྲ་མཉམ་མེད། ཐོབ་ཐང་འདྲ་མཉམ་མེད། མི་རིགས་འདྲ་མཉམ་མེད།

བླ་མ་ལགས། ཐུགས་རྗེས་གཟིགས།

 

དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།

སྡུག་བསྔལ་མང། ལུས་ལ་གཅར་རྡུང་མང། སེམས་ལ་རྨ་ཁ་མང།

བླ་མ་ལགས། ཐུགས་རྗེས་གཟིགས།

 

དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།

ངོ་རྒོལ་བྱེད། འཚེ་མེད་ངོ་རྒོལ་བྱེད། རང་སྲོག་མཆོད་པ་འབུལ།

བླ་མ་ལགས། ཐུགས་རྗེས་གཟིགས།

 

དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།

མཇལ་ན་འདོད། གཞིས་བྱེས་མཉམ་འཛོམས་འདོད། རང་ཁྱིམ་རང་སྐྱོང་འདོད།

བླ་མ་ལགས། ཐུགས་རྗེས་གཟིགས།

བླ་མ་ལགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས།

 

My Lama

Think of me the precious one, my lama, O Gyalwa Tenzin Gyatso
Denied freedom, deprived religious rights, without freedom of speech,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
No equality, refused equal rights, discriminated against,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Too much suffering, physical tortures, psychological hurts,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Resistance, non-violent resistance, I offer my body on fire,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Want to meet, meet of all Tibetans, want to rule my own country,
O lama, look upon me with kindness!
Look upon me with compassion!
Look upon me with empathy!!


Translated by Buchung D. Sonam

 

བཀྲས་ཆུང་ལགས་ཀྱིས་གདངས་བརྩམས་ཟིན།

 

མེ་ལྕེ།

 

མེ་ལྕེ་རེ་རེ་ལྷམ་ལྷམ་འབར།

རང་དབང་གི་ཆེད་དུ་འབར་སོང།

མིའི་རིགས་ཀྱི་ཆེད་དུ་འབར་སོང།

དམངས་གཙོ་ཡི་ཆེད་དུ་འབར་སོང།

བདེན་དཔང་གི་ཆེད་དུ་འབར་སོང།

དཔའ་བོའི་གཟི་བརྗིད་གནམ་འོག་ཁྱབ་ཤོག

 

མེ་ལྕེ་རེ་རེ་ལྷམ་ལྷམ་དུ་འབར།

མེ་ལྕེའི་འོད་སྣང་ཕྱོགས་ཀུན་མཆེད།

གདུག་རྩུབ་ཀྱི་གདོང་འབག་བསྲེགས་ཏེ།

བདེན་ལུགས་ཀྱི་རྒྱབ་ལྗོངས་གསལ་སོང།

རེ་སྤོབས་ཀྱི་གསོན་ཤུགས་སྦར་སོང།

དཔའ་བོའི་བྱས་རྗེས་གནམ་འོག་ཁྱབ་ཤོག

 

མེ་ལྕེ་རེ་རེ་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ།

མེ་ལྕེ་རེ་རེ་མི་རིགས་ཀྱི་སྡུག་བསྔ་དང་རེ་སྨོན།

མེ་ལྕེ་རེ་རེ་རྒྱལ་ཁའི་མདུན་སྐྱོད་ཀྱི་དཔལ་འབར།

མེ་ལྕེ་རེ་རེ་ང་ཚོའི་སེམས་ཁོང་ན་འབར་བའི།

རྒྱལ་གཅེས་དཔའ་བོའི་རྣམ་ཤེས་གསོན་པོ།

དཔའ་བོའི་མཚན་སྙན་གནམ་འོག་ཁྱབ་ཤོག

བདེན་པའི་རྒྱལ་ཁ་མྱུར་ཏུ་ཐོབ་ཤོག།

 

 

༢༠༡༡།༡༡།༣ལ། རྒྱལ་གཅེས་དཔའ་རྒོད་ཚོའི་ཚབ་ཏུ་་

 

 

འདི་གངས་ཅན་བོད་ཀྱི་ལས་དབང་རེད།


བྱ་རྒོད་པོ་ཞིག་གིས་གནམ་འཕང་བཅད། བུ་རྒྱང་བཞུད་ཅིག་གིས་དབུགས་རིང་ཤོར། སེམས་ལོས་སྐྱོ་རྒྱལ་ཁམས་ཁེར་ཉུལ་རེད། ས་རང་ཡུལ་མ་དབང་འཁྱམ་པོ་རེད། འཁྱམ་དགོས་ནོ་དཔའ་བོའི་ལས་དབང་རེད།
བྱ་ཕོ་རོག་ཅིག་གིས་དྲོག་སྐད་སྐྱུགས། དྲིན་མ་ལོ་ཞིག་གི་མིག་ཆུ་འཐོར། སེམས་ལོས་སྡུག་ལོ་ལོན་ཁེར་འདུག་རེད། བུ་ས་མཐར་འགྲིམས་པར་འཆི་སྒག་བྱེད། སྒུག་དགོས་ནོ་མ་བུའི་ལས་དབང་རེད།
བྱ་ངུར་བ་ཞིག་གིས་མཚོ་མཐའ་སྐོར། བན་སེར་མོ་ཞིག་གིས་གདུང་དབྱངས་ཐལ། ཐུགས་ལོས་སྐྱོ་བླ་མ་དྲན་ནི་རེད། ཡིད་དད་པས་རེ་ཞིང་གསོལ་བ་འདེབས། འདི་གངས་ཅན་བོད་ཀྱི་ལས་དབང་རེད།

༢༠༡༣།༥།༡༠

 

མེ་རུ་འབར་སོང།


འབར་སོང་འབར་སོང་འབར་སོང། ལུས་སྲོག་མེ་རུ་འབར་སོང།

ཆོས་དང་རིག་གཞུང་ཆེད་དུ། བོད་མིའི་རང་དབང་ཆེད་དུ།

དཔའ་བོ་མེ་རུ་འབར་སོང། དཔའ་མོ་མེ་རུ་འབར་སོང།


དྲག་གནོན་མེ་དཔུང་ཆེ་བས། སྡུག་བསྔལ་ཚེར་མ་མང་བས།

རིན་ཆེན་མི་ལུས་གསོན་པོ། མེ་རུ་མི་འབར་རང་འབར།

ཚེ་སྲོག་མེ་རུ་འབར་སོང། སེམས་སྡུག་མེ་རུ་འབར་སོང།


རང་ཡུལ་མི་དམངས་ཆེད་དུ། རང་ལུས་དཔང་པོར་བཞག་ནས།

རང་ལུས་མེ་རུ་སྦར་བ། བླུན་པོའི་དཔའ་རྟགས་མ་ཡིན།

སྙིང་སྟབས་མེ་རུ་འབར་སོང། བདེན་པ་མེ་རུ་འབར་སོང། 

༢༠༡༣།༣།༣༡

 

 

དཔའ་བོ་མེ་འབར།

དཔའ་བོ་མེ་རུ་འབར་སོང།

ཞལ་ཆེམས་འོད་དུ་འཚེར་བྱུང།
མཆོད་མེ་སྟོང་མཆོད་ཁྲི་མཆོད།

དཔའ་བོའི་འདས་མཆོད་ཡིན་སོང།

དམར་མཆོད་མེ་ལྕེའི་ཕྲེང་བས། དམར་གཞུང་སྙིང་རྩ་བསྲེགས་སོང། འཛམ་གླིང་ཞི་བདེའི་ལམ་ཆེན། གངས་ཅན་བོད་ནས་བཏོད་སོང།

དཔའ་བོ་མེ་འབར་རུ་དཔུང། གངས་སེང་དཀར་མོའི་ཕྲུ་གུ བདེན་པའི་འཐབ་རྩོད་རྒྱལ་དར། སེང་གེའི་གཡུ་རལ་སིག་སིག

 

 

         

 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php