ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གལ་ཆེའི་མཛད་རྣམ་བྱུང་རིམ་
དུས་ཚིགས་རེའུ་མིག་ཏུ་བཀོད་པ།
|
ལོ་དུས། (ཕྱི་ལོ།)
|
གལ་ཆེའི་བྱུང་བ། (བོད་ལོ་ལྟར།)
|
༡༩༣༣།༡༢།༡༧
|
བོད་ཆུ་བྱ་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགུང་གྲངས་ ༥༧
སྟེང་རྒྱལ་ས་ལྷ་སར་དགོངས་པ་གཞན་དོན་དུ་གཤེགས།
|
༡༩༣༥།༧།༦
|
བོད་ཤིང་ཕག་ལོའི་བོད་ཟླ་ ༥ ཚེས་ ༥
ཉིན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་བོད་བྱང་ཤར་ཁུལ་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས།
|
༡༩༣༩།༧།
|
མདོ་སྨད་སྟག་འཚེར་ནས་ཟླ་བ་གསུམ་གྱི་འགྱངས་ཁྱད་ཡོད་པའི་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཐོན་མཛད།
|
༡༩༣༩།༩
|
འབུམ་ཆེན་གྲོང་སྡེའི་ཉེ་འཁྲིས་དགའ་བཞི་ན་ཁར་ས་བྱི་ལོའི་ཟླ་ ༨ ཚེས་ ༡༠ ཉིན་ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་རིན་པོ་ཆེར་གཞུང་འབྲེལ་ངོས་འཛིན་གནང༌།
|
༡༩༣༩།༡༠།༨
|
བོད་ས་བྱི་ལོའི་ཟླ་ ༨ ཚེས་ ༢༥
ཉིན་མདོ་ཁམས་སྨད་ནས་ཟླ་བ་གསུམ་རིང་ཕེབས་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་ྋཞབས་སོར་འཁོད།
|
༡༩༤༠།༢།༢༢
|
བོད་ལྕགས་འབྲུག་ལོའི་ཟླ་ ༡ ཚེས་ ༡༤
ཉིན་རྩེ་ཕོ་བྲང་པོ་ཏ་ལར་གཞུང་སྲོལ་ཐོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་བསྐྱངས།
|
༡༩༤༠
|
དགུང་གྲངས་ ༦ ལ་ཕེབས་སྐབས་ནང་དོན་རིག་པར་གསན་བསམ་གནང་འགོ་ཚུགས།
|
༡༩༤༢
|
བོད་ཟླ་ ༡ ཚེས་ ༡༠ ཉིན་སྲིད་སྐྱོང་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས།
|
༡༩༥༠།༡༡།༡༧
|
༡༩༤༩ ལོར་རྒྱ་ནག་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱས་རྗེས་བོད་ལྕགས་སྟག་ལོའི་ཟླ་ ༡༠ ཚེས་ ༡༡
ཉིན་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་གཙང་བཞེས་མཛད།
|
༡༩༥༠།༡༢།༡༦
|
རྒྱ་ཕྱོགས་ནས་སྐུ་སྲོག་ལ་ཉེན་འགན་འབྱུང་ཉེའི་རྐྱེན་གྱིས་ལྷ་ས་ནས་གྲོ་མོར་ཉེན་གཡོལ་དུ་ཕེབས།
|
༡༩༥༡།༡-༧
|
གྲོ་མོར་ཟླ་བ་བདུན་ཙམ་རིང་བཞུགས་བཞག་མཛད།
|
༡༩༥༡།༥།༢༣
|
རྒྱ་ནག་པེ་ཅིན་དུ་བཙན་ཤེད་སྡིགས་སྐུལ་འོག་བོད་ཀྱི་སྐུ་ཚབ་ཚོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བརྒྱབ་ཏུ་བཅུག
|
༡༩༥༡།༧།༡༦
|
རྒྱ་གཞུང་གིས་བོད་ཀྱི་ཞི་དྲག་ལས་དོན་ཆེད་གསར་དུ་བསྐོ་གཞག་བྱས་པའི་སྤྱི་ཁྱབ་འགན་འཛིན་དམག་དཔོན་ཀྲང་ཅིང་ཡུས་གཙོས་རྒྱ་མིའི་སྐུ་ཚབ་ཁག་གཅིག་ནས་གྲོ་མོར་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས།
|
༡༩༥༡།༧།༢༤
|
བོད་ལྕགས་བྱི་ལོའི་ཟླ་ ༥ ཚེས་ ༡༧ ཉིན་གྲོ་མོ་ནས་ལྷ་སར་ཆིབས་ཁ་བསྒྱུར།
|
༡༩༥༡།༨།༡༧
|
བོད་ལྕགས་བྱི་ལོའི་ཟླ་ ༦ ཚེས་ ༡༣ ཉིན་གྲོ་མོ་ནས་ཕེབས་རྗེས་ལྷ་སར་ྋཞབས་སོར་འཁོད།
|
༡༩༥༤
|
བོད་ཤིང་རྟ་ལོའི་ཟླ་ ༡ ཚེས་ ༡༥
ཉིན་ཡོངས་འཛིན་ཆེ་བ་ྋསྐྱབས་རྗེ་ཤར་ཆོས་གླིང་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས།
|
༡༩༥༤
|
ལྷ་སའི་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་ྋདཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་སྩལ།
|
༡༩༥༤།༧ – ༡༩༥༥།༦
|
རྒྱ་ནག་ཏུ་ཞི་བའི་གྲོས་མོལ་སླད་ཆིབས་བསྒྱུར་བསྐྱངས་པ་དང༌།
དེར་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང་གཞན་ཡང་རྒྱ་ནག་གི་འགོ་ཁྲིད་ཀྲོའུ་ཨན་ལའི་དང༌། ཀྲུ་ཏའི། ཏེང་ཞའོ་ཕིང་བཅས་དང་མཇལ་མོལ་གནང༌།
|
༡༩༥༦།༡༡
|
༡༩༥༧།༣ རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༢༥༠༠
འཁོར་བའི་རྗེས་དྲན་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུའི་མགྲོན་བརྡ་ཕུལ་བ་ལྟར་ཆིབས་སྒྱུར་བསྐྱངས།
|
༡༩༥༩།༢
|
བོད་ས་ཕག་ལོའི་ཟླ་ ༡ ཚེས་ ༡༣
ཉིནལྷ་ལྡན་སྨོན་ལམ་ཆེན་མོར་སྐྱེས་ཆེན་མཁས་དབང་སྟོང་ཕྲག་མང་པོ་འཛོམས་པའི་དབུས་སུ་གྲྭ་སྐོར་ལྷ་རམས་མཚན་བཞེས་ཀྱི་དམ་བཅའ་མཛད།
|
༡༩༥༩།༣།༡༠
|
རྒྱ་ནག་གུང་ཕྲན་དམག་གི་ངན་བྱུས་འོག་ྋགོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་ཞུ་བྱས་པར་ཕེབས་བཤོལ་སླད་ལྷ་སའི་རྒྱ་ཆེ་སེར་སྐྱ་མི་མང་རྣམས་མི་བཟོད་པས་ྋགོང་ས་མཆོག་གི་སྐུ་ཕྱྭར་བདོ་བའི་བྱ་ངན་ལ་གདོང་ལེན་བྱེད་ཆེད་མི་མང་སེར་སྐྱ་སྟོང་ཕྲག་མང་པོ་ནོར་གླིང་ཕོ་བྲང་གི་ཉེན་སྲུང་བྱས་པ་དང༌།
ལྷ་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འགོ་ཚུགས།
|
༡༩༥༩།༣།༡༥
|
ནོར་གླིང་ཕོ་བྲང་ཕྱོགས་རྒྱ་མིའི་དམག་དཔུང་གིས་མེ་སྒྱོགས་བརྒྱབ།
|
༡༩༥༩།༣།༡༧
|
ནོར་གླིང་བསྐལ་བཟང་ཕོ་བྲང་ནས་མཚན་མོ་ལྷ་སའི་ཆུ་ཚོད་ ༡༠
མ་ཟིན་ཙམ་ལ་སྐུ་ཕྱྭའི་ཉེན་གཡོལ་སླད་བྲོས་བྱོལ་དུ་ཕེབས།
|
༡༩༥༩།༣
|
ལྷུན་གྲུབ་རྫོང་དུ་གཞུང་འབྲེལ་ཐོག་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་སླར་གསོ་མཛད།
བོད་གཞུང་ནས་རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེར་ངོས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་དང་པོ་གནང༌།
|
༡༩༥༩།༣།༣༠
|
བོད་ནས་ཆིབས་ཐོན་གྱིས་ལམ་བར་དཀའ་ཚེགས་ཆེན་པོས་ཉིན་གྲངས་བཅུ་བཞིའི་རྗེས་རྒྱ་གར་ནང་ཞབས་སོར་འཁོད།
|
༡༩༥༩།༤།༡༨
|
ཏེཛ་པུར་དུ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་ཀྱིས་དེར་ྋགོང་ས་མཆོག་ནས་རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེར་ངོས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་ཐེངས་གཉིས་པ་བསྐྱངས།
|
༡༩༥༩།༤།༢༠
|
མ་སུ་རིར་ྋཞབས་སོར་འཁོད་པ་དང༌། དེར་བཱིར་ལ་ཧའུ་སིར་བཞུགས་ཞག་མཛད།
|
༡༩༦༠།༤།༣༠
|
བཞུགས་སྒར་དྷརྨཤཱ་ལཱར་བཞུགས་སྤོས་ཀྱིས་སུ་ཝརགྷ་ཨ་ཤི་རམ་དུ་བཞུགས་ཞག་མཛད།
|
༡༩༦༣
|
མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་ཟིན་བྲིས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས།
བཞུགས་སྒར་དྷརྨཤཱ་ལཱར་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་གཏོད་མཛད།
|
༡༩༦༧
|
རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ཕྱི་རྒྱལ་ཡུལ་གྲུ་ཉི་ཧོང་དང་། ཐའི་ལན་ཌ་ནང་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས།
|
༡༩༦༨
|
སྭརྒ་ཨཱཤ་རམ་ནས་ད་ལྟའི་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་བཞུགས་སྤོས་མཛད།
|
༡༩༧༣།༩-༡༡
|
ནུབ་ཕྱོགས་རྒྱལ་ཁབ་ཨི་ཊ་ལི་དང༌། སུ་ཛི་ལནཌ། ནེ་ཐར་ལནཌ། བེལ་ཇིམ། ཨ་ཡར་ལནཌ། ནོར་ཝེ། སྭི་ཌན། ཌན་མརྐ དབྱིན་ཡུལ། ནུབ་ཇར་མན།
ཨསྟྲེ་ལི་ཡ་ཡུལ་གྲུ་བཅས་སུ་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས།
|
༡༩༧༩
|
༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་འབྲེལ་ལམ་ཐོག་མ་དེ་བྱུང༌།
|
༡༩༨༧།༩།༢༡
|
ཨ་རིའི་ཝ་ཤིང་ཊོན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད།
|
༡༩༨༨།༦།༡༥
|
ཕ་རཱན་སིའི་སི་ཏྲས་སི་བྷག་ཏུ་ཡོ་རོབ་གྲོས་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱ་ཞི་མོལ་གྱི་གྲོས་འཆར་གསལ་བསྒྲགས་བསྐྱངས།
|
༡༩༨༩།༡༢།༡༠
|
ནོར་ཝེའི་རྒྱལ་ས་ཨོས྄་ལོར་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད།
|
༡༩༩༢
|
མང་གཙོའི་ལམ་ལུགས་དང་མཐུན་པའི་གལ་ཆེའི་བཅོས་བསྒྱུར་མཛད་གནང་ཁོངས་དེ་སྔ་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམས་ྋགོང་ས་མཆོག་གིས་ཐད་བསྐོས་གནང་གི་ཡོད་ཀྱང་དུས་དེ་ནས་བཟུང་མི་འགྲོ་འོས་གཞིར་བསྩལ་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་འདེམས་བསྐོ་གནང་རྒྱུར་བསྒྱུར་བཅོས་མཛད་པ་དང༌།
ཁྲིམས་ཞིབ་ཁང་ཡང་གསར་གཏོད་མཛད།
|
༢༠༠༡
|
མང་གཙོའི་ལམ་ལུགས་བཞིན་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འདེམས་བསྐོའི་ལམ་སྲོལ་གསར་གཏོད་མཛད།
|