༸གོང་ས་མཆོག་གིས་ཕོ་བྲང་དུ་བགྲོ་གླེང་བ་ཚོའི་དྲི་བར་བཀའ་ལན་སྩལ་བ། 

༢༠༡༠ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུ།

       ༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢ ནས་ ༣ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་ཡོད། དེ་ཡང་བཞུགས་སྒར་དུ་ཡུན་རིང་པོ་གཏན་སྡོད་གནང་མྱོང་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདྲ་མིན་ཁག་གི་མི་ཐོག་རྒན་རབས་པ་སོགས་ཁྱོན་མི་གྲངས་ ༡༨༠ བརྒལ་བ་རྣམས་དུས་གཅིག་ཏུ་ལྷན་འཛོམས་གནང་སྟེ་བཞུགས་སྒར་ཕོ་བྲང་དུ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་ཡོད། ཕྱི་ཚེས་ ༣ ཉིན་མགོན་པོ་གང་ཉིད་མཆོག་ལ་ཁོང་རྣམས་ཀྱིས་གནས་ཚུལ་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་པ་དང་འབྲེལ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་མ་རྩ་རིང་ལུགས་སོགས་ཀྱི་ཐད་ལ་དྲི་བ་ཕུལ་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་བཏང་ངོས་ནས་མག་ཁེ་སིའི་སྤྱི་ཚོགས་རིང་ལུགས་དང་དཔལ་འབྱོར་རིག་པར་ངོས་ལེན་དང་གདེང་འཇོག་བྱེད་ཀྱི་ཡོད། མག་ཁེ་སིའི་དཔལ་འབྱོར་རིག་པ་དེ་ནི་གཙོ་བོ་སྤྱི་ཚོགས་སྤྱི་ཡོངས་ཀྱི་འདྲ་མཉམ་དང་ཁེ་ཕན་ཡར་རྒྱས་ཡོང་ཆེད་རྩ་བ་བཟུང་གི་ཡོད། དེ་མིན་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་ནང་ཁེ་ཕན་ཁོ་ན་གཙོ་བོ་བཟུང་གི་ཡོད། འོན་ཀྱང་ཏིང་ཞའོ་ཕིང་གིས་རྒྱ་ནག་ནང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པ་དེ་བཙན་དབང་གིས་ཐོག་ནས་བློས་གཏོང་བྱེད་བཅུག་སྟེ་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཐོག་ཕྱིན་ཡོད། སྤྱིར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དར་བཞིན་ཡོད་པ་དེ་དང་མཉམ་དུ་སྨྲ་བརྗོད་རང་དབང་དང་མང་གཙོའི་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་སོགས་ཚད་ལྡན་ཡོད་པར་བརྟེན། ཕྱོགས་ཕན་ཚུན་དོ་མཉམ་སྟེ་དཀའ་ངལ་མང་པོ་ཡོང་གཞི་མེད། འོན་ཀྱང་རྒྱ་ནག་ནང་ལ་ཆ་བཞག་ན། ཕྱོགས་གཅིག་ནས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པ་དང་དེ་དང་ལྷན་ཕྱོགས་གཞན་ཞིག་ནས་ཁྲིམས་ཀྱི་དབང་བསྒྱུར་དང་། སྨྲ་བརྗོད་རང་དབང་།  གསར་འགོད་རང་དབང་མེད་པ་མ་ཟད། དེ་དག་རྒྱ་ནག་དམར་ཤོག་ཚོགས་པ་གཅིག་གིས་དབང་བསྒྱུར་དང་སྟངས་འཛིན་བྱེད་བཞིན་ཡོད་སྟབས། དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སོགས་དོ་མི་མཉམ་པར་བརྟེན་དེང་སྐབས་རྒྱ་ནག་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་བྱུང་རྩ་ནི་སྨྲ་བརྗོད་རང་དབང་སོགས་མེད་པར་བརྟེན་ནས་བྱུང་བ་ཞིག་རེད། དེང་སང་འཛམ་གླིང་གི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཆབ་སྲིད། དཔལ་འབྱོར་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས། གནའ་སྔ་མོ་བཞིན་མཐའ་གཅིག་ཏུ་དགྲ་གྲོགས་ཀྱི་དབྱེ་མཚམས་དེ་གསལ་པོ་འབྱེད་རྒྱུ་དཀའ་ལས་ཁག་པོ་ཡིན་པས་ཚང་མས་གཅིག་གིས་གཅིག་ལ་མཐུན་འགྱུར་རོགས་རམ་བྱས་པའི་ཐོག་མཉམ་ལས་བྱེད་རྒྱུ་དེ་གལ་ཆེན་ཡིན།  དེ་བཞིན་ང་ཚོ་མི་སྒེར་དང་རྒྱལ་ཁབ་སུ་ཞིག་ཡིན་རུང་འགྲོ་བ་མི་སྤྱི་ཡོངས་ཀྱི་གཞི་རྩའི་དགོས་མཁོ་སྒྲུབ་ཐབས་དང་དཀའ་ངལ་སེལ་ཐབས་གཙོ་བཟུང་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། དཔེར་ན། དེང་སྐབས་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད། དེ་བརྟེན་ཕྱུག་བདག་ཚོས་དབུལ་པོ་ཚོར་སློབ་སྦྱོང་དང་འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་ན་ཡག་པོ་ཡོད། ང་ཚོས་སྤྱི་ཚོགས་ཀྱི་དཀའ་ངལ་འདྲ་མིན་སྣ་ཚོགས་ཡོད་པ་དེ་སེལ་ཐབས་སུ་དངོས་ཡོད་ལག་ལེན་ཐོག་ནས་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་བཀའ་ལན་སྩལ་ཏེ་བགྲོ་གླེང་མཇུག་སྒྲིལ་མཛད་ཡོད་པ་བཅས།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php