ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་ཕུལ་བ། 

 

༄ ༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་ཁ་ཆེའི་གཙུག་ལག་སློབ་གྲྭ་ ཆེན་མོ་ (Jamia Millia Islamia) ཡིས་འདི་ཟླའི་ཚེས་ ༢༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ མཆོག་ལ་ (Doctor of Letters) ཞེས་པའི་མཁས་དབང་གི་ཕྱག་འཁྱེར་ཕུལ་ཡོད།

     དེ་ཡང་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ད་ལོའི་སློབ་ཐོན་མཛད་སྒོའི་སྐུ་མགྲོན་ གཙོ་བོར་རྒྱ་གར་དབུས་གཞུང་གི་འགྲོ་བ་མིའི་མཐུན་འགྱུར་གོང་འཕེལ་ལྷན་ཁང་གི་ བློན་ཆེན་སྐུ་ཞབས་ཀ་བྷིལ་སི་བལ་ (Kabil Sibal) དང་གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་གཞོན་པ་སྐུ་ཞབས་ནཱ་ཇིབ་ཇུང་ (Mr.Najeeb Jung) རྣམ་གཉིས་ཀྱིས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་སློབ་ཕྲུག་དང་དགེ་ ལས། མི་སྣ་གྲགས་ཅན་བཅས་མི་མང་སྟོང་ཚོ་བརྒལ་བའི་དབུས་སུ་སྤྱི་ནོར་ྋགོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་ཞིག་ཕུལ་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་འཁྱེར་དགྱེས་བཞེས་མཛད་སྐབས་བཀའ་ སློབ་སྩལ་དོན། རྒྱ་གར་ནང་སྙན་གྲགས་ལྡན་པའི་ཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོས་ངོས་ལ་མཁས་ དབང་གི་ཕྱག་འཁྱེར་འདི་ལྟ་བུ་ཞིག་གནང་བར་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་བྱུང། ངོས་ཀྱི་མི་ཚེའི་ནང་འགན་ཁུར་གཙོ་བོ་གསུམ་ཡོད་པ་ལས་གཅིག་ནི་ཆོས་ལུགས་ཕན་ཚུན་ དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། ཁ་ཆེའི་ཆོས་ལུགས་ནི་འཛམ་གླིང་འདི་ཐོག་གི་མི་མང་ས་ཡ་མང་པོར་རེ་བ་དང་བློ་ སྤོབས་བསྐྲུན་མཁན་གྱི་ཆོས་ལུགས་གལ་ཆེ་ཞིག་ཆགས་ཡོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ ༩།༡༡ དོན་རྐྱེན་བྱུང་སྐབས་ངོས་ཀྱིས་ཁ་ཆེ་ཚོར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་བྱས་ ཐོག་རྙོག་གྲ་དེ་ནི་མི་ངན་རེ་ཟུང་གིས་བཟོས་པ་ལས་ཁ་ཆེའི་ཆོས་ལུགས་པ་ཡོངས་ལ་ སྐྱོན་བརྗོད་བྱེད་པ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་རེད་ཅེས་བརྗོད་པ་ཡིན། མི་ངན་རེ་ཟུང་གིས་བྱེད་སྟངས་མ་འགྲིག་པ་དེ་འདྲ་ཁ་ཆེ་ཙམ་མ་ཟད། ཧིན་དྷུ་དང་། ནང་པའི་ཁྲོད་དུའང་ཡོང་གི་ཡོད། སྔ་མོ་ཁ་ཆེའི་ཚོང་པ་ཉུང་ཤས་ཤིག་བོད་ཀྱི་རྒྱལ་ས་ལྷ་སར་ཚོང་དོན་ཆེད་བསླེབས་པ་ རྣམས་ནང་པ་ཚོ་དང་ལྷན་དུ་ལོ་བརྒྱ་ཕྲག་མང་པོའི་རིང་ཞི་བདེ་མཉམ་གནས་ཐུབ་ཡོད། ལྷ་སར་ཁ་ཆེ་དང་བོད་པའི་དབར་འཁྲུག་རྩོད་ཤོར་བའི་ལོ་རྒྱུས་དེ་སྔ་བྱུང་མྱོང་ མེད་ཅེས་སོགས་བཀའ་སློབ་སྩལ་ཡོད།

      དེ་རྗེས་གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་གཞོན་པ་སྐུ་ཞབས་ནཱ་ཇིབ་ཇུང་ (Mr.Najeeb Jung) གིས་ གསུང་བཤད་གནང་དོན། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་དེང་སྐབས་འཛམ་གླིང་ནང་མེས་པོ་དམ་ པ་གྷན་རྡིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཛིན་མཛད་མཁན་དང། བཟང་པོའི་བསླབ་བྱ་དེ་དག་ད་ལྟའི་དུས་སྐབས་སུ་བརྡ་ལན་མཛད་མཁན་གྱི་ཡང་དག་པའི་ ཕོ་ཉ་ཞིག་ཡིན། ཁོང་གིས་འཚེ་མེད་ཞི་བའི་ནུས་པར་ཆོད་སེམས་བརྟན་པོས་མཐའ་གཅིག་ཏུ་འབད་བརྩོན་ མཛད་དེ་བཟང་པོའི་བསླབ་བྱ་དེ་དག་སྤྱི་ཚོགས་ནང་ལག་ལེན་ཡོང་རྒྱུར་ཐུགས་བརྩོན་ མཛད་པ་དེས་འཛམ་གླིང་ནང་མི་ཚོས་བཟང་སྤྱོད་ཀྱི་ནུས་པར་ཡིད་ཆེས་སླར་གསོ་དང་ གོང་འཕེལ་གཏོང་གནང་མཛད་ཡོད། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཞུགས་པ་ཙམ་གྱིས་རྒྱ་གར་ལ་ དགེ་མཚན་བྱུང་ཡོད་པ་མ་ཟད། སྐུ་ཉིད་རྒྱ་གར་ནང་བཞུགས་གནང་མཛད་པ་ཡིས་ང་ཚོའི་རྒྱལ་ཁབ་དེ་ཆོས་ལུགས་གྲགས་ ཅན་མང་པོའི་འབྱུང་ཁུངས་དང་བསྟི་གནས་ཤིག་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད། དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་སློབ་དཔོན་མཁན་ཆེན་ཞི་བ་འཚོ་ལ་སོགས་པའི་ ནང་པའི་སློབ་དཔོན་མང་པོ་བོད་དུ་ནང་ཆོས་སློབ་པར་ཕེབས་ཡོད། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་གནང་ མཛད་པ་དེས་ནང་ཆོས་དེ་རྒྱ་གར་ནས་བྱུང་བ་ཞིག་ཡིན་པ་དྲན་གསོ་གཏོང་གནང་མཛད་པ་མ་ ཟད། རྒྱ་གར་ནི་ཆོས་ལུགས་འདྲ་མིན་གྱི་བསྟི་གནས་ཤིག་ཡིན་པའང་གསལ་སྟོན་མཛད་ཡོད་ ཅེས་དང་།   ཡང་རྒྱ་གར་དབུས་གཞུང་འགྲོ་བ་མིའི་མཐུན་འགྱུར་གོང་འཕེལ་ལྷན་ཁང་གི་བློན་ཆེན་ སྐུ་ཞབས་ཀ་བྷིལ་སི་བལ་མཆོག་གིས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ སྐུ་ཉིད་ནི་མི་ཚེའི་ནང་སྐྱིད་སྡུག་བཟང་ངན་གྱི་གནས་ཚུལ་ཇི་འདྲ་ཞིག་བྱུང་ཡང་ དེ་ལ་བཏང་སྙོམས་གཟིགས་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད། ཅེས་སོགས་ཀྱིས་ཆེ་བསྟོད་ཕུལ་ཡོད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php