ཕྱི་ཚེས་ ༡༤ ཉིན་གོང་ས་མཆོག་ཨ་རིའི་ནིའུ་ཇར་སིའི་མངའ་སྡེའིཝཀ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཏེ། ས་གནས་མི་མང་སྟོང་ཕྲག་བརྒལ་བར་༼ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་གནང་དོན། དཀའ་ངལ་མང་པོ་ཡོད་ནའང་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཐུབ་ཚེ་སེམས་ཤུགས་ཆག་རྒྱུ་དང་སྤོབས་པ་ཞུམ་དགོས་དོན་གང་ཡང་མེད། དཔེར་ན། དུས་རབས་ ༢༠ པའི་དུས་གོ་ལས་དུས་མཇུག་ཡག་པོ་ཡོད་སྟབས། དེར་བཟང་ཕྱོགས་ཀྱི་རེ་བ་ཞིག་རྒྱག་རྒྱུ་ཡོད་པ་ཧ་ཅང་གསལ་པོ་རེད། དུས་རབས་ཉི་ཤུའི་གོ་སྟོད་ལ་དམག་འཐབ་དང་ཁྲུག་འཛིང་མང་པོ་བྱུང་ཡོད་ཀྱང་། དུས་རབས་དེའི་དུས་མཇུག་ལ་ཕན་ཚུན་བར་འཆམ་མཐུན་མཉམ་གནས་ཡོང་རྒྱུར་འབད་བརྩོན་བྱས་ཡོད། ཁོར་ཡུག་ལ་ཆ་མཚོན་ནའང་། དུས་རབས་ཉི་ཤུ་བའི་གོ་སྟོད་ལ་ཁོར་ཡུག་སྐོར་ཐོག་དོ་སྣང་གང་ཡང་བྱས་མེད་ཀྱང་། ད་ཆ་ཁོར་ཡུག་གནད་དོན་ཐོག་སེམས་འཚབ་བྱ་རྒྱུ་འཇིག་རྟེན་སྤྱི་ཡོངས་ལ་ཁྲི་པའི་ལས་འགན་ཞིག་ཏུ་གྱུར་ཡོད། དེ་བཞིན། དེ་སྔ་ཆོས་དང་ཚན་རིག་བར་འགལ་ཟླ་ཡོད་པའི་ལྟ་ཚུལ་ཆེན་པོ་ཡོད་ཀྱང་། དེང་སང་ཚན་རིག་དང་ཆོས་གཉིས་ཀྱི་འབྲེལ་ལམ་རྦད་དེ་ཉེ་རུ་ཕྱིན་ཡོད་ལ། ངོས་ལ་མཚོན་ནའང་འདས་པའི་ལོ་ ༣༠ ལྷག་གི་རིང་ཚན་རིག་པ་རྣམས་དང་བགྲོ་གླེང་ཐེངས་མང་བྱས་ཡོད། ཅེས་གསུངས་ཡོད།

ཉིན་དེར་༧གོང་ས་མཆོག་གིས་ས་གནས་མང་ཚོགས་ལ་༼ཤེས་ཡོན་ལམ་ལུགས་ནང་ཞི་བདེའི་བསླབ་བྱཞེས་པའི་བརྗོད་གཞིའི་ཐོག་བཀའ་གནང་དོན།འདས་པའི་ལོ་ ༢༠༠ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་སྨན་བཅོས་དང་ནད་རིགས་སྔོན་འགོག་བྱེད་ཐུབ་བྱུང་ཡོད་པ་མ་ཟད། སོ་སོའིདགོས་འདོད་སྒྲུབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། མི་རྣམས་ཀྱིས་ཚན་རིག་ལ་རྟེན་པའི་དངོས་པོ་ཡར་རྒྱས་ཀྱི་རིག་གསར་ལ་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ད་ཆ་དངོས་པོ་ཡར་རྒྱས་ཁོ་ནས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་ཀྱི་མེད་པ་ཉམས་མྱོང་ཐོག་དངོས་སུ་ར་སྤྲོད་བཞིན་ཡོད་དུས། དེང་རབས་ཚན་རིག་པས་ནང་བསམ་བློའི་རྣམ་གཞག་ལ་གཞི་ནས་དོ་སྣང་གསར་པ་ཞིག་ཡོང་བཞིན་ཡོད། ད་ལྟའི་རིག་གསར་དང་འབྲེལ་བའི་ཤེས་ཡོན་ལམ་ལུགས་ནང་རྣམ་དཔྱོད་ཀྱི་ཤེས་རབ་གཅིག་པུ་གོང་མཐོར་གཏོང་རྒྱུ་ལས། སེམས་ཀྱི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་བསླབ་བྱ་རྣམས་སྣང་མེད་དུ་གཏོང་བཞིན་འདུག ཅེས་དང་།

ཡང་༧གོང་ས་མཆོག་གིས་རྒྱལ་ཚོགས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ཐུན་མོང་བསླབ་གཞི་ཞིག་གཏན་འབེབས་དགོས་དོན་སྐོར་ལ། ངོས་ ཀྱིས་སློབ་གྲྭའི་སློབ་ཚན་ནང་བཟང་སྤྱོད་ཀྱི་བསླབ་བྱ་དང་འབྲེལ་བའི་སློབ་ཚན་ ཇི་ལྟར་འཇོག་དགོས་མིན་ཐོག་ཉམས་ཞིབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག སྔོན་འགྲོའི་སློབ་གྲྭ་ནས་ཕྲུ་གུ་ཚོར་དཀའ་ངལདྲག་པོའི་ལམ་ནས་སེལ་ཐབས་བྱེད་པ་ནོར་འཁྲུལ་དང་། དཀའ་ངལ་འབྱུང་བ་དངོས་ཡོད་གནས་སྟངས་ཤིག་ཡིན་སྟབས།དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལརྒྱུ་གལ་ཆེ་ཡིན་པའི་སློབ་གསོའི་སྤྲོད་རྒྱུ་གལ་ཆེ་ཆགས་འདུག ཁྱོད་ཚོས་བྱམས་པ་དང་བཟོད་བསྲན་ནི་ཆོས་ཀྱི་སྐད་ཆ་རེད་བསམ་་ནོར་བ་རེད། ཆོས་ལུགས་ཁག་ཚང་མའི་ནང་སྐད་ཆ་དེ་ཚོ་བཤད་ཀྱིན་ཡོད་ཀྱང་བྱམས་དང་བརྩེ་བ། བཟོད་བསྲན་སོགས་ནི་མིའི་ལུས་ཁམས་ཐོག་མར་གྲུབ་དུས་ནས་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་སྟབས།  གནས་སྟངས་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། བཟང་སྤྱོད་ཀྱི་བསླབ་བྱ་དང་འབྲེལ་བའི་འཇིག་རྟེན་ཀུན་ལ་ཁྱབ་ཐུབ་པའི་སློབ་ཚན་ཞིག་གཏན་འབེབས་ཐུབ་ན་ཧ་ཅང་ཡག་པོ་འདུག ཅེས་གསུངས་ཡོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php