འཛམ་གླིང་གི་སྟག་ཕྲུག་ཨ་རིའི་སྲིད་འཛིན་ཨོྃཔདྨ་དང་མཇལ་འཕྲད་གནང་ཚུལ།

 

       ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ། ཝ་ཤིན་ཊོན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྐར་ ༣༥ སྟེང༌ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུ་གནང་སྟེ་མཇལ་འཕྲད་དུས་ཡུན་སྐར་མ་ ༤༥ ཙམ་གནང་བ་དེ་སྐབས་སྲིད་འཛིན་མཆོག་ནས་ྋགོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་ བཞིན་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་བའི་བཞེངས་ཕྱོགས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་བསྟན་གནང་ཡོད་པ་རེད།


དེ་ ཡང་དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་སྐོར་ྋགོང་ས་མཆོག་ གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསར་འགོད་ པ་ཁག་གཅིག་ལ་གསུང་དོན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་བྷ་ རཀ་ཨོ་བྷ་མ་མཆོག་ རྣམ་གཉིས་མཇལ་འཕྲད་གནང་བ་དེ་ནི་མཇལ་འཕྲད་ཐེངས་གཉིས་པ་ཡིན། སྐུ་ཞབས་ཨོ་བྷ་མ་མཆོག་སྲིད་འཛིན་མ་གནང་གོང་དུའང་ྋགོང་ས་མཆོག་དང་མཇལ་འཕྲད་ ཞུ་མྱོང་ཡོད་པ་རེད། ྋགོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཀྱི་སྐབས་དེའི་ཐུགས་ཚོར་ནི་ གྲོགས་པོ་རྙིང་པ་བསྐྱར་དུ་མཇལ་འཕྲད་བྱུང་བ་ལྟ་བུ་དང། ཕྱོགས་གཉིས་ཀའི་ངོས་ནས་ཐུགས་ཉེ་པོ་ཡོད་པའི་རྣམ་པ་གསལ་པོ་མཚོན་པ་གནང་ཞིང། སྲིད་འཛིན་མཆོག་གིས་གསུང་བཤད་མ་གནང་གོང་ཁོང་གིས་སྲས་མོ་གཉིས་ྋགོང་ས་མཆོག་ གི་མཇལ་ཁར་ཁྲིད་གནང་ཡོད་པ་ལྟར་ཁོང་གིས་ངའི་བུ་མོ་འདི་གཉིས་ཀྱིས་ྋགོང་ ས་ཏཱ་ལའི་བླ་མ་མཆོག་མཇལ་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ཅེས་ཞུས་གནང་བ་དང་། ྋགོང་ས་མཆོག་གིས་སྲིད་འཛིན་གྱི་སྲས་མོ་རྣམ་གཉིས་ལ་མཇལ་ཁ་དང་ཁ་བཏགས་དཀར་གཙང་ རེ་གནང་ཡོད།


ཨ་ རིའི་སྲིད་འཛིན་མཆོག་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་ གཞུང༌། སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་སླར་ ཡང་གསུངས་པར་མ་ཟད། ལྷག་པར་ྋགོང་ས་མཆོག་གིས་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ སེལ་ཐབས་མཛད་པ་དེ་ནི་ཧ་ཅང་རླབས་ཆེན་ཞིག་རེད། ང་ཚོས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་ཐོག་མུ་མཐུད་ཕྱག་ལས་གནང་ བར་གུས་བརྩི་དང་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་དང་། དེ་བཞིན་སྲིད་འཛིན་མཆོག་གང་ཉིད་ཀྱིས་དབུས་པའི་ཨ་རིའི་གཞུང་གི་གནད་ཡོད་མི་ སྣ་ཚོར་རྒྱ་ནག་གཞུང་གི་མི་སྣ་དང་ཐུག་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ཀྱི་ གནད་དོན་སྐོར་ཤུགས་ཆེན་པོ་བཤད་ཡོད་ལ། མ་འོངས་པར་ཡང་དེ་ལྟར་མུ་མཐུད་ཤོད་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

དེ་ ནས་ྋགོང་ས་མཆོག་གིས་ཐེངས་འདིའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་བའི་ཉིན་ མཐའ་མའི་བསྔོ་བའི་སྐབས། ནང་པའི་ཆོས་ལུགས་ནས་ལས་སམ་བྱ་བ་བཟང་པོ་གང་ཞིག་བྱས་ཀྱང་དེ་དག་ལ་རྟག་ཏུ་བསྔོ་ བ་བྱེད་དགོས་ཀྱི་ཡོད་པ་ལྟར་ད་ལམ་དུས་འཁོར་དབང་ཆེན་གྱི་དགེ་རྩ་རྣམས་སྤྱིར་ འཛམ་གླིང་གི་སྐྱེ་འགྲོ་ཡོངས་དང། ལྷག་པར་ཨ་རིའི་རྒྱལ་ཁབ་འདི་མ་འོངས་པར་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅི་ཡར་ རྒྱས་ཡོང་བའི་བསྔོ་སྨོན་གནང་ཡོད། གང་ཡིན་ཞེ་ན་ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་འདིའི་ཐོག་མང་གཙོ་དང་རང་དབང་ཡོད་ པའི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང། ཨ་རིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྟོབས་ཤུགས་ཉམས་རྒུད་དུ་ཕྱིན་པ་ཡིན་ན་དེས་ ཨ་རི་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་གནོད་འཚེ་ཡོང་གི་ཡོད་སྟབས་གང་གི་ངོས་ནས་བསྔོ་སྨོན་རྒྱ་ཆེ་ མཛད་པ་ཡིན་ཞེས་གསུངས་པ་དང། དེ་བཞིན་ྋགོང་ས་མཆོག་གིས་གསུང་ཆོས་ལ་བཅར་མཁན་ཚོ་ལའང་ཧ་ཅང་བསྔགས་བརྗོད་གནང་ ཡོད། ྋགོང་ས་མཆོག་གིས་བཀའ་སློབ་གནད་འགག་ཆེ་ཤོས་ནི་བར་སྐབས་ཆབ་སྲིད་ཀྱི་སྐུ་དབང་ ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་རྩིས་སྤྲོད་གཙང་མ་ མཛད་པ་འདི་སྐོར་ཞིབ་ཕྲའི་འགྲེལ་བཤད་གནང་བ་དང་འབྲེལ། ྋགོང་ས་མཆོག་སྐུ་ན་ཆུང་ངུའི་དུས་ནས་མང་གཙོའི་ལམ་ལུགས་ཐོག་ཐུགས་སྣང་ཆེན་པོ་ གནང་གི་ཡོད་སྐོར་ཞིབ་ཕྲ་གསུང་པ་གནང་ཡོད། སྐབས་དེར་ྋགོང་ས་མཆོག་གིས། ངོས་རང་དེ་རིང་འདིར་སྐུ་ཉིད་ལ་ང་ཚོའི་འགྱུར་བའི་སྐོར་སྙན་སེང་ཞུ་བར་བཅར་བ་ ཡིན་ཞེས་བཀའ་གནང་ཡོད། སྲིད་འཛིན་མཆོག་གིས་གསུང་དོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གཞི་རྩའི་མང་གཙོའི་ལམ་ལུགས་ལ་གུས་བརྩི་ཡོད་སྐོར་ ངས་ཤེས་ཀྱི་ཡོད། འོན་ཀྱང་བོད་རྒྱ་འབྲེལ་ལམ་གྱིས་གཙོས་པའི་བོད་མི་རིགས་ཀྱི་ལས་དོན་གནད་འགག་ ཆེ་རིགས་ཐད་བོད་རིགས་ཚང་མའི་ཡིད་ཆེས་བྱེད་ཡུལ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཉིད་ ཆགས་ཡོད་པར་བརྟེན། མུ་མཐུད་ནས་ཐུགས་འགན་བཞེས་དགོས་ཞེས་གསུངས་པར་། ྋགོང་ས་མཆོག་ནས་དེ་ལྟར་ཡིན་དང་ཡིན། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཁེ་ཕན་ཐད་གང་ཞིག་བྱེད་ དགོས་ཀྱང་དེ་ལྟར་བྱེད་རྒྱུ་ནི་ངོས་ཀྱི་ལས་འགན་ཡིན་ཞེས་གསུངས་པའི་སྐོར་གསལ་ བཤད་གནང་སོང།

ཐེངས་ འདིའི་མཇལ་འཕྲད་སྐབས་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་ གྲོས་རྒྱལ་མཚན་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། སྐུ་སྒེར་ཟུང་དྲུང་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php