ྋགོང་ས་མཆོག་ལ་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེགས་རྟགས་ཕུལ

༄༅། །རྒྱ་གར་གྱི་མཛའ་མཐུན་ཚོགས་པས་(Harmony Foundation of India)གོ་སྒྲིག་ཞུས་པ་བཞིན་རྒྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༡༠ ལོའི་མ་ཀྲེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་(Mother Teresa Memorial International award for Social Justice 2010)འབུལ་ལམ་ཞུས་ཡོད།

 

དེ་ཡང་མཛད་སྒོའི་ཐོག་མཛའ་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨབ་ར་ཧིམ་མ་ཐིས་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་སྐོར་ལ་གསུང་བཤད་གནང་དོན། ང་ཚོའི་ཚོགས་པའི་ངོས་ནས་རྒྱ་གར་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་དང། རྒྱ་གར་གྱི་དབུལ་ཕོངས་མི་མང་རྣམས་ལ་རོགས་སྐྱོར་བྱེད་མཁན་གྱི་མི་སྣ་སྐད་གྲགས་ཆེ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཞབས་ཞུ་ལས་འགུལ་སྤེལ་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་གཟེངས་རྟགས་ཕུལ་དང་འབུལ་མུས་ལྟར། ད་ལོའི་མ་ཀྲེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་འདི་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།  སྐབས་དེར་ཚོགས་ཁང་ནང་ཡོད་པའི་མང་ཚོགས་ཡོངས་ནས་དགའ༌བསུ་ཆེན་པོ་ཞུས་ཡོད།

དེ་རྗེས་ྋགོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་རྒྱ་གར་གྱི་མཛའ་མཐུན་ཚོགས་པའི་ངོས་ནས་མ་ཀྲེ་རེ་སའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་གྱི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཀྱི་བྱ་དགའ་འདི་ངོས་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ངྷར་ཀྲེ་རེ་ས་མཆོག་དགོངས་པ་རྫོགས་ཚར་ནའང་ཁོ་མོའི་བརྩམས་པའི་ཕྱག་ལས་རྣམས་ད་དུང་གསོན་པོར་གནས་ཡོད་པར་ངོས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད། ཡང་སྐབས་རེ་མི་ཁག་གཅིག་གིས་ལས་དོན་ཞིག་བརྩམས་ཡོད་ནའང་མི་དེ་འདས་གྲོངས་ཕྱིན་རྗེས་ཁོང་གིས་བརྩམས་པའི་ཕྱག་ལས་དེ་དག་རིམ་པས་ཉམས་ཆག་ཏུ་ཕྱིན་པ་དེ་འདྲ་བྱུང་ཡོད། འོན་ཀྱང་ངོས་ཀྱིས་ཤེས་རྟོགས་བྱུང་བར་གཞིགས་ན་ཁྱེད་རྣམས་པས་ལྷག་བསམ་རྣམ་དག་གིས་མ་ཀྲེ་རེ་སས་ལེགས་སྐྱེས་སུ་བཞག་པའི་ཕྱག་ལས་རྣམས་མི་ཉམས་རྒྱུན་འཛིན་གྱིས་མི་མང་དབུལ་ཕོངས་རྣམས་ལ་རོགས་རམ་བྱེད་བཞིན་ཡོད་པ་དེ་མུ་མཐུད་ནས་རྒྱུན་འཛིན་གནང་རོགས། དེ་བཞིན་རྒྱ་གར་ལ་གནའ་རབས་ནས་ཡོད་པའི་སྲོལ་རྒྱུན་བཟང་པོའི་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ད་ལྟའི་འཛམ་གླིང་འདིར་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེང་སང་དཔལ་འབྱོར་དང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་པའི་དབང་གིས་འཛམ་གླིང་འདི་ཆུང་ཆུང་ཆགས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ནས་གནས་ཡོད། རྒྱ་གར་གྱི་གནའ་རབས་ཀྱི་སྲོལ་རྒྱུན་བཟང་པོ་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་དག་གིས་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཐེངས་འདིའི་མཛད་སྒོའི་ཐོག་རྒྱ་གར་དུ་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཁག་གཅིག་དང། རྒྱ་གར་གྱི་གནད་ཡོད་མི་སྣ། རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་མ་ཧེ་ཤི་བྷཊ་ (Mahesh Bhatt) དང་གློག་བརྙན་འཁྲབ་སྟོན་མ་རཱ་ནི་མུ་ཁར་ཇི་ (Rani Mukherjee) བཅས་ཕེབས་ཡོད། གློག་བརྙན་འཁྲབ་སྟོན་རཱ་ནི་མུ་ཁར་ཇི་ཡིས་ཁོ་མོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དེ་དཀོན་མཆོག་གིས་བྱིན་གྱི་རླབས་པ་ཞིག་ཡིན་ཞེས་གསུངས་ཡོད། གཞན་ཡང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་རྒྱ་གར་གྱི་མི་མང་དབུལ་ཕོངས་རྣམས་ལ་རོགས་རམ་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་པ་ཁག་གཅིག་ལའང་གཟེངས་རྟགས་ཕུལ་སོང་།། །

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php