༢༠༡༡ ཟླ་ ༡་ཚེས་ ༡༡ རེས་གཟའ་མིག་དམར།
༄ ༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢
རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་མངའ་སྡེ་མ་ཧཱ་རཱཤ་ཊའི་གྲོང་ཁྱེར་ཝར་ལྡའི་ (Wardha) ནང་རྒྱ་གར་གྱི་རྩ་ཁྲིམས་བཀོད་སྒྲིག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་དམ་པ་་ཨམ་ བྷེཌ་ཀར་མཆོག་གི་རྗེས་འབྲངས་པ།
རྒྱ་གར་ནང་པའི་གཞོན་ནུ་ཚོགས་པའི་(Ambedkari Yuwa Sahitya Sammelan) ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་བཙན་བྱོལ་བོད་
མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་ འབྱེད་གནང་ཡོད། ཚོགས་ཆེན་སྐབས་ཨམ་བྷེཌ་ཀར་དམ་པ་མཆོག་གི་རྗེས་འབྲངས་པ།
རྒྱ་གར་ནང་པའི་གཞོན་ནུ་ཚོགས་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Indian Core Group For Tibetan Cause) ཞེས་པའི་ཚོགས་པ་ཁག་གཉིས་ཀྱིས།
རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་མྱུར་དུ་དོན་སྨིན་ལྡན་པའི་གྲོས་མོལ་གནང་བར་རྒྱ་གར་གཞུང་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་གྱི་གྲོས་
ཆོད་ཅིག་ཀྱང་བཞག་འདུག།