དྲྭ་ལམ་སོགས་སུ་ཡིག་ཐོག་དང་ངག་ཐོག་ཅི་རིགས་ནས་གཏམ་བཤད་དམ་ཁ་བརྡ་བྱས་པ་ཁག་ཅིག་གི་ཟིན་ཐོ།

 

 

 

 

༄༅། །ས་ག་ཉ་ཟླའི་

དྲ་ལམ་སྙན་དངགས་དགོང་ཚོགས།

 

 

འཛམ་གླིང་མཐོ་སྒང་གང་དེར་གདོད་མ་ནས་ཤ་རུས་གདུང་རྒྱུད་ཀྱིས་ལུས་འབྲེལ་ཞིང་སྐད་ཡིག་གཅིག་གིས་སེམས་འབྲེལ་བ། ཆོས་ལུགས་གཅིག་གིས་ལམ་མཐུན་པའི་མགོ་ནག་རྩམ་གཟན་ཡོངས་ལ་ངས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་མཛའ་བརྩེའི་ལྡན་པས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། 

དེ་རིང་གི་སྙན་དངགས་གྱེར་འདོན་འདི་ནི་ང་ཚོའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཧྥ་རན་སིར་ཡོད་པའི་ཚོགས་མི་ཁ་ཤས་ཀྱིས་གོ་སྒྲིག་ཞུས་པ་ཡིན། དེ་ཡང་པེན་ཟེར་བ་ནི་དབྱིན་ཡིག་གི་ཚིག་སྡུད་ཅིག་སྟེ། སྙན་དངགས་པ་དང། ལྷུག་རྩོམ་པ། སྒྲུང་རིང་རྩོམ་པ་པོ་བཅས་ཀྱི་བསྡུས་མིང་ཡིན་ལ་སྙུག་མིང་ཡང་ཡིན། ཚོགས་པ་འདི་ཐོག་མར་༡༩༢༡ལོར་དབྱིན་ལན་དུ་དབུ་བརྙེས་པ་ནས་རིམ་བཞིན་དུ་ཡུ་རོབ་ཁུལ་གྱི་རྒྱལ་ཁག་གང་མང་མཉམ་ཞུགས་ཀྱིས་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ཙམ་གྱི་རྩོམ་པ་པོའི་སྡེ་ཁག་བརྒྱ་དང་བཞི་བཅུས་གྲུབ་པའི་མིང་དོན་མཚུངས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཆེན་པོ་ཞིག་ཆགས་ཡོད།

ང་ཚོའི་བོད་ཀྱི་རྩོམ་པ་པོའི་ཚོགས་སྡེ་འདི་ཐོག་མར་༡༩༩༩ལོར་རྒྱ་གར་རྡ་རམ་ས་ལ་ནོར་གླིང་དུ་དབུ་བརྙེས་པ་དང་༢༠༠༢ལོར་རྒྱལ་སྤྱིའི་པེན་མཐུན་ཚོགས་སུ་དངོས་ཞུགས་ཐུབ་ཡོད། གཅིག་ནས་ཚོགས་པ་འདི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་སྡེ་ཆེ་ཤོས་ཤིག་ཡིན་པར་མ་ཟད་ཤེས་ཡོན་ཅན་གྱི་ཚོགས་སྡེ་གལ་ཆེ་ཤོས་ཤིག་ཀྱང་ཡིན་པས། ང་ཚོའི་བོད་ཀྱི་རྩོམ་པ་པོ་རྒན་དར་གཞོན་གསུམ་ཚང་མས་འདི་ལ་བརྩི་མཐོང་གིས་རང་ཉིད་དངོས་སུ་ཚོགས་པ་འདིར་ཞུགས་པ་དང་ཡང་ན་ཟུར་ནས་ཤ་ཚ་སྙིང་ཉེས་ལེགས་ཉེས་ལམ་སྟོན་དང་བཅས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་ངེས་ཤིག་ཡིན་པ་ཐུགས་ལ་འཛིན་རོགས་མཁྱེན་མཁྱེན་ཞུའོ།

དེ་རིང་གི་ཉིན་མོ་འདི་བོད་ཟླ་བཞི་བའི་ཚེས་ཆེན་བཅོ་ལྔ་ལ་འཁེལ་བ་འདི་ཆེད་དུ་བསྒྲིགས་པ་མིན་པར་རང་བཞིན་གྱིས་འགྲིགས་སོང་བའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ཟེར་བ་རང་རེད། ཉིན་མོ་འདི་ནི་བོད་ལ་མཚོན་ན་ཆོས་ལུགས་ཀྱི་ཉིན་མོ་ཆེས་རྩ་ཆེ་ཤོས་དེ་ཡང་རེད། དེས་ན་ཉིན་མོ་འདི་སྙན་ངག་དང་ཆབ་སྲིད་སོགས་ལ་འབྲེལ་བ་གང་ཡང་མེད་པའི་ཉིན་མོ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་དེ་རིང་གི་ང་ཚོའི་བོད་ཀྱི་ལས་སྐལ་སྐྱོ་བོ་འདི་ལ་ཆོས་ཀྱི་ཉིན་མོ་དང་སྲིད་ཀྱི་ཉིན་མོ་ཞེས་རང་རྐྱ་ཐུབ་པའི་དུས་ཆེན་ཞིག་ཀྱང་ཡོད་དཀའ་སྟེ། ཉི་མ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་བོ་བོད་མི་ས་ཡ་དྲུག་གི་ཚེ་སྲོག་ལ་ཐུག་པའི་ཉེན་ཁའི་ཉི་མ་རྐྱང་རྐྱང་ཡིན་པས་སོ། 

ད་དུང་དམིགས་བསལ་གྱིས་བོད་མི་རིགས་ཀྱི་སྲོག་ཤིང་སྟེ་བོད་སྐད་ཡིག་དང་རིག་གཞུང་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་པའི་བོད་ཀྱི་དགེ་རྒན་རྣམ་པ། བོད་ཀྱི་རྩོམ་པ་པ་པོ་རྣམ་པ། བོད་ཀྱི་ཤེས་ཡོན་ཅན་ཡོངས་དང། དེ་བཞིན་དུ་མི་རིགས་མི་གཅིག་ན་ཡང་སྐྱིད་སྡུག་གཅིག་མྱོང་བྱེད་མཁན་དང། རིག་གཞུང་མི་འདྲ་ན་ཡང་བརྩི་སྲུང་སློབ་སྦྱོང་གནང་མཁན་གྱི་འཛམ་གླིང་གི་མི་སྣ་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་དང་འབྲེལ་མུ་མཐད་དུ་རོགས་འདེགས་གང་ཐུབ་ཡོང་བའི་རེ་སྐུལ་ལྷན་དུ་ཞུ།

ད་དུང་དེ་རིང་གི་ཉིན་མོར་འདིར་ཐག་ཉེ་རིང་ཚང་མ་ནས་མཉམ་ཞུགས་གནང་མཁན་གྱེར་འདོན་པ་རྣམ་པ་དང་གོ་སྒྲིག་དང་མཐུན་རྐྱེན་སྒྲུབ་རོགས་གནང་མཁན་ཚང་མ། ལྷག་པར་ནམ་རྒྱུན་ནས་བོད་དོན་ཐད་དང་བླང་ཕྱག་ལས་གནང་མཁན་གླིང་ལྷ་མོ་ལགས་བཅས་ལ་བཀའ་དྲིན་ཆེ་ཞུ།

མཚམས་འདི་ནས། རླབས་ཆེ་བའི་ཤར་ཕྱོགས་ཀྱི་སྙན་དངགས་པ་ཆེན་པོ་ཉི་དབང་མགོན་པོ་མཆོག་གི་གླུ་ཐལ་སྦྱར་མའི་ནང་དུ་སྙན་དངགས་དང་འབྲེལ་བའི་ཚན་པ་ཞིག་ཡོད་པ་དེས་སྙན་དངགས་གྱེར་འདོན་གྱི་དབུ་འབྱེད་པར་བྱེད་དོ།      

མཐར་ངས་མི་རིགས་འདིའི་ཤེས་འབྱོར་སྲིད་གསུམ་སླད་དུ་ཡོད་ཚད་བློས་གཏོང་དང་བདེན་དོན་འཐབ་རྩོད་བྱས་དང་བྱེད་ཀྱིན་པ་ཡོངས་ལ་མྱ་ངན་གུས་འདུད་དང་འབྲེལ་བདེ་ནས་བདེ་བར་འཕགས་པའི་སྨོན་འདུན་ཞུ། ༸རྒྱལ་བ་ཡིད་བཞིན་ནོར་བུའི་རླབས་ཆེའི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ཉིན་མོ་འདི་ནི་ང་ཚོའི་མ་འོངས་པའི་སྙན་དངགས་ཀྱི་དགོང་ཚོགས་ཆེན་པོ་ཞིག་ཏུ་གྱུར་ཅིང་སྙན་དངགས་ཀྱི་དུང་སྐད་གླིང་ཡོངས་ལ་ལྷང་ལྷུང་ཁྱབ་པའི་སྨོན་འདུན་ཞུའོ།།

པེན་བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས། ༢༠༡༣།༥།༢༥། བོད་རྒྱལ་ལོ་༢༢༤༠ 

ས་ག་ཟླ་བའི་ཚེས་༡༥་ལ་སྦྱར་སྨྲས་པ་དགེའོ།། །།

 

དབྱངས་ཅན་ངག་གི་ལང་ཚོ། སྒྱུ་རྩལ་རྩེད་འཇོའི་དྭངས་མ།

དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ། ང་ཚོའི་སྙན་དངགས་ཀྱི་ཟླ་བ།

 

 

 

དུས་རབས་ཉེར་གཅིག་པའི་བོད་པ།

 

དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་དེ།དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང༌།དེང་དུས་ཀྱི་ཤེས་ཡོན་དེ་དག་ཆ་ཚང་བེད་སྤྱོད་བྱས་པའི་ཐོག་ལ་ནང་པ་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་དེར་བརྟག་དཔྱད་བྱས།བསམ་བློ་བཏང༌།མྱོང་བ་ལ་བསྐོར་བའི་ཐོག་ཤེས་ནས་དད་པ་ཐོབ་པ་དེ་འདྲ་ཞིག་བྱུང་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་རེད།ཅེས་གསུངས་ཡོད།

 

དེང་སང་མང་པོ་ཞིག་གིས་བོད་ཀྱི་རྗེས་ལུས་ཀྱི་སྐོར་བཤད་ཀྱིན་འདུགཡང་ལ་ལས་བོད་ཀྱི་དགེ་མཚན་སྐོར་མང་པོ་གླེང་གིན་འདུགང་ཡང་དེ་དག་གི་གཉིས་ཀ་གླེང་མཁན་གྱི་གྲས་ཤིག་ཡིན།ང་ཚོས་མི་ཚེའི་གཞི་རྩའི་རིན་ཐང་གི་ངོས་འཛིན་མི་མཐུན་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་བསམ་ཚུལ་མི་མཐུན་པ་མང་བ་རེད།དེ་རིང་ངས་འདིར་དུས་རབས་ཉེར་གཅིག་པ་འདིའི་ནང་སྐྱེས་པའི་གཞོན་སྐྱེས་ཚོ་གཙོ་བྱས་ནས་དུས་རབས་ཉེར་གཅིག་པའི་ཤེས་ཡོན་པ་ཞེས་པའི་ངོས་འཛིན་སྐོར་ནས་བསམ་ཚུལ་འགའ་བཤད་ན་འདོད།

དེ་ཡང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་གི་དགོངས་དོན་གཞིར་བཞག་གིས་བརྗོད་ཀྱིན་ཡོད།དེ་ནི་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་ཟེར་བ་དེ་རེད།དེ་ཡང་ཁོང་གིས། 

དེས་ན་འབྱུང་འགྱུར་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་ཡོང་བ་བྱེད་པ་དང་ཆབས་ཅིག་བོད་རང་གི་མི་ལོ་སྟོང་ཕྲག་རིང་ཆོས་ད་འབྲེལ་བ་ཡོད་པའི་གོམས་གཤིས་དང༌།གཙོ་བོ་སོ་སོའི་ཡི་གེ་ལོགས་སུ་ཡོད་པ།དེ་ཡང་རང་མགོ་ཐོན་པའི་ཡི་གེ་ཞིག་ཡིན་དུས་དེ་དག་སློབ་སྦྱོང་ཚད་ལོངས་པ་ཞིག་བྱེད་དགོས།དེ་ལྟར་འདབ་ཆགས་གཤོག་པ་ཟུང་ལྡན་ཇི་བཞིན་བོད་ཕྲུག་ཚོ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་ང་རང་ཚོའི་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་དེ་དག་ཀྱང་ཡོད་པ་ཞིག་བྱུང་ན་བོད་མི་ཆ་ཚང་བ་ཞིག་ཆགས་པ་ཡིན།དེང་དུས་འཛམ་གླིང་གི་གནས་སྟངས་མ་ཤེས་ན་མི་ཕྱེད་ཀ་དང༌།དུས་རབས་ཉེར་གཅིག་པའི་ནང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་བྱུང་ནའང་བོད་རང་གི་གནའ་རབས་ནས་ཡོད་པའི་བཟང་པོའི་ཤེས་ཡོན་དེ་དག་མེད་ན་མི་ཕྱེད་ཀ་ཡིན།སོ་སོའི་ཤ་ཁྲག་རུས་གསུམ་བོད་མི་ཡིན་པ་ཙམ་ལས་བོད་པའི་དྲི་མའམ་བོད་པའི་ཁྱད་ཆོས་མ་ཚང་ན་བོད་པ་ཕྱེད་ཀ་ཡིན།དེར་བརྟེན་ང་ཚོའི་མི་རབས་གསར་པ་དེ་དག་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་རྗེས་ཟིན་ཐུབ་པ་ཞིག་དང༌།དུས་ཚོད་ཀྱི་འགྱུར་བ་དང་མཉམ་དུ་འགྲོ་ཐུབ་པའི་མི་རབས་ཤིག་ཡོང་ཐབས་སུ་ང་ཚོས་ཤེས་ཡོན་གྱི་རྨང་གཞི་ཚུགས་རྒྱུའི་ཐོག་ནུས་པ་གང་ཡོད་བཏོན་ནས་འབད་བརྩོན་བྱས་ཡོད།” ཅེས་ཐུགས་རེ་ཆེན་པོ་གནང་ཡོད། 

ད་ང་ཚོའི་ད་ལྟའི་སློབ་གྲྭ་ཁག་གི་གནས་བབ་དང་སློབ་གསོའི་ལམ་ལུགས། ཕ་མའི་བསམ་འདུན་བཅས་ཕྱོགས་གང་ས་ནས་བསམ་གཞིགས་ཤིག་བཏང་ནས་གང་དག་བྱེད་ཐུབ་པ་དང་མི་ཐུབ་པ་ཤེས་དགོས་པས་བསམ་ཚུལ་བརྗེ་རེས་ཤིག་བྱེད་ན་འདོད། 

 

 

ཁོར་ཡུག་སྲུང་སྐྱོབ་ནི་མི་ཚང་མར་འགན་ཡོད།

 

 

 

ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཟེར་བའི་སྐད་ཆ་འདི་གནད་དོན་འདི་ནི་ཁོར་ཡུག་ལ་གནོད་རྐྱེན་སྣ་ཚོགས་ཤིག་བྱུང་བྱུང་དང་འབྱུང་ཉེན་ཡོད་པས་ཡིན།

དེ་ཡིན་ནང་ཚོས་ཐོག་མར་ཁོར་ཡུག་ལ་གནོད་རྐྱེན་ཅི་ཞིག་བྱུང་བའི་གནད་དོན་དེ་ཤེས་དགོས།

གནོད་རྐྱེན་གང་དག་ཡོད་པ་ཤེས་ན་དེ་དག་འགོག་སྲུང་བྱེད་ཐབས་ཀྱང་ཤེས།

ནགས་ཚལ་ཚད་འདས་བཅད་པ།གཏེར་ཁ་ཚད་འདས་བརྐོས་པ།སྲོག་ཆགས་ཚད་འདས་བསད་པ།དུག་རྫས་སོགས་གད་སྙིགས་ཕུང་བསགས་ཚད་འདས་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ན་ཚ་ཚད་ལས་འདས་པ་བྱུང་དང་འབྱུང་ཉེན་ཆེ་བའོ༎

དེས་ན་གོང་གི་ཚད་བརྒལ་དེ་དག་ཚད་ལས་མ་བརྒལ་བ་ཞིག་བྱེད་དགོས་པ་དང་གཅིག

བཟོ་གྲྭ་ཆེན་པོ་ཁག་གི་དུད་ནག་སྤྲིན་ཕུང་བཞིན་མཁའ་ལ་ཁྱབ་པར་བྱེད་ཅིང་བཙོག་ཆུའི་རིགས་གཙང་བོའི་ནང་འདྲེན་པ་འགོག་པ་དང་གཉིས།

གང་དུ་གད་སྙིགས་སོགས་ཕུང་བསགས་ཡོད་པ་དག་གཙང་མ་བྱེད་པ་དང་གསུམ།

 

ནམ་རྒྱུན་རང་ཉིད་ཀྱི་ཁོར་ཡུག་ལ་གཙང་སྦྲ་དང་བདག་གཅེས་བྱེད་པ།རྩི་ཤིང་རིགས་འདེབས་འཛུགས་སོགས།

 

ལུས་སེམས་བདེ་ཐང་གི་གཞི་རྩ།

 

 

དེ་ཡང་སྲིད་པའི་ཁ་དཔེར།ལུས་ལ་མི་དགོས་ན་ཚ།སེམས་ལ་མི་དགོས་སྡུག་བསྔལ།ཞེས་དང་།ཇ་ཆུ་ལས་འཐུང་རྒྱུ་མེད་ཀྱང་།ལུས་བདེ་སེམས་སྐྱིད་བྱུང་ན་དགའ།

སྤྱིར་མི་སུ་ཞིག་ཡིན་ན་ཡང་ལུས་བདེ་ཞིང་སེམས་སྐྱིད་པ་ཞིག་ལ་བདེ་སྐྱིད་ཅེས་བཤད་ཆོག

ལུས་མ་བདེ་ན་བདེ་སྐྱིད་མིན་ལ།སེམས་མ་སྐྱིད་ན་ཡང་བདེ་སྐྱིད་མིན།གཉིས་ཀ་མ་བདེ་ན་སྡུག་བསྔལ་ཆེན་པོ་ཡིན་པ་བཤད་ཅི་ལ་དགོས།

 

ཀ༽ནད་མེད་པ་ནི་བདེ་བའི་མཆོག

ལུས་ཁམས་བདེ་ཐང་དེ་ལུས་ཁམས་འཕྲོད་བསྟེན་ལ་རག་ལས་ཡོད།དེ་ཡང་གཙོ་བོ་ནམ་རྒྱུན་གྱི་བཟའ་བཏུང་ལོངས་སྤྱོད་ལེགས་པ་དང་།གཙང་སྦྲ་བྱེད་པ།གཉིད་འདང་བ། ལུས་རྩལ་སྦྱོང་བ། ལུས་ཕུང་ལ་བརྟག་དཔྱད།ན་ཚ་བྱུང་མ་ཐག་ནས་སྨན་པར་སྟོན་པ་བཅས་བྱ་རྒྱུ་ནི་ན་ཚ་སྔོན་འགོག་གམ།ནད་མེད་བདེ་ཐང་དུ་འཚོ་ཐུབ་པའི་གཞི་རྩའི་ཆ་རྐྱེན་དག་ཡིན།

མི་ནད་ཐམས་ཅད་བཟས་ནད་ཡིན།རྟ་ནད་ཐམས་ཅད་བརྒྱུགས་ནད་ཡིན།

ཟས་ཟ་ཚོད་ཟིན་ན་འབྱུང་བཞི་བདེ།དགྲ་འཐབ་ཚོད་ཐིག་ན་རང་སྲོག་བཙན།

བྱིན་བྱིན་པོ་མ་ཟ།བཤད་བཤད་པོར་མ་ཉན།

སྔ་དྲོར་དུ་བ་འཐེན་ན།ཕྱི་དྲོ་གློ་བ་ན།

ཆང་འཐུང་ཤེས་ན་སྨན།འཐུང་མ་ཤེས་ན་དུག

འཇུ་ན་སྨན།མ་འཇུ་ན་དུག

 

ཁ༽སེམས་ཁམས་བདེ་ཐང་། 

སེམས་ཁམས་དང་བ།སྣང་བ་སྐྱིད་པ།སེམས་སྐྱིད་པོ།

 

ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན།།དུས་དབྱར་དགུན་མེད་པར་ཁོམ་དུས་མེད།།རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་པོ།།ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད།།

ཕོ་འདོད་ཆགས་ཅན་གྱི་བློས་ཡེངས་པོ།།སེམས་རླུང་རྒོད་ལགས་པས་ཁོམ་དུས་མེད།།དབྱས་སོས་ཀའི་དུས་ཀྱི་བོང་གསེབ་དེ།།ཁོ་རང་ངེ་རང་ངེ་འདུག་དུས་མེད།།

ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན།།ཁོ་ཉལ་རུང་ལངས་རུང་བདེ་དུས་མེད།།ནོར་ཐོབ་རྒྱུ་མེད་རུང་ཁྱི་རྒན་དེ།།ཁ་ཅབ་བེ་ཅབ་བེ་དལ་དུས་མེད།

"ཕྲག་དོག་ནི་གང་ལ་གང་འཚམ་རྙོག་འཛིངས་ཆེ་བའི་ཉོན་མོངས་ཀྱི་སྡེ་ཚན་ཞིག་ཡིན།གང་ཡིན་ཞེ་ན།དེའི་རྩ་བ་ཆགས་ཞེན་དང་ཡིད་འཕྲོག་པའི་ནང་དུ་ཚུགས་ཤིང་།དེ་ལ་ད་དུང་ཁོང་ཁྲོ་དང་།སྡང་འཛིན།མི་དགའ་བའི་སེམས་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། 

བདེ་སྐྱིད་ཐོག་ཉེ་དུས་ཚན་རིག་གི་ཉམས་ཞིབ་བྱས་པས།དེང་དུས་ཀྱི་འཛམ་གླིང་དང་ལྷག་པར་དུ་འབྱོར་ལྡན་གྱི་སྤྱི་ཚོགས་ཁྲོད་ཆོག་མི་ཤེས་པའི་གཞི་རྩའི་འབྱུང་ཁུངས་གཅིག་ནི།ང་ཚོའི་ཉེ་འཁོར་དུ་ཡོད་པ་རྣམས་དང་རང་ཉིད་འགྲན་བསྡུར་བྱེད་པའི་འགྲོ་བ་མིའི་འདོད་ཕྱོགས་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད།གཞི་རྩའི་ཆ་ནས་དེས་ཕྲག་དོག་ལས་བྱུང་བའི་དཀའ་ངལ་གྱི་རྐྱེན་རྩ་བྱེད་ཀྱི་ཡོད། 

ཁོང་ཁྲོའང་རྟག་ཏུ་གནོད་འཚེ་ཅན་ཞིག་མིན་ཀྱང་།དཔེར་ན།གནས་སྟངས་འགའ་ཞིག་ཁྲོད་སྙིང་རྗེ་ཤུགས་དྲག་པོས་དྲང་བདེན་མིན་པ་ཞིག་གི་ཐད་ཡིད་མ་རངས་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སློང་སྲིད།དེ་ནི་ཁོང་ཁྲོ་ཡིན།མ་ཟད་ཁོང་ཁྲོས་འཕྲལ་དུ་ང་ཚོའི་སེམས་ཀྱི་རིག་པ་སྒྲིམ་ཤུགས་ཆེ་བ་བཟོ་བ་དང་ང་ཚོར་ཐོལ་བྱུང་གི་ནུས་ཤུགས་དང་ཆོད་སེམས་འཕར་མ་ཞིག་སྦྱིན་གྱི་ཡོད།དེ་ལྟའི་ལམ་ནས་གནས་སྟངས་ངེས་ཅན་ཞིག་གི་ཁྲོད།ང་ཚོས་ལས་དོན་གང་ཞིག་མཐར་སྐྱེལ་བ་དང་ཚུལ་བཞིན་དུ་གང་འཚོལ་སྒྲུབ་བྱེད་པ་ལེགས་གྲུབ་ཡོང་བར་ཁོང་ཁྲོས་གཞོགས་འདེགས་བྱེད་ཐུབ།དེ་ལྟ་ནའང་།ཁོང་ཁྲོའི་གནས་སྟངས་དེ་ལས་བརྒལ་བའི་ཚེ།དེས་ང་ཚོར་སྟེར་བའི་ནུས་ཤུགས་མང་ཆེ་བར་ཕན་ཐོགས་ཅི་ཡང་མེད།སྐབས་ཤིག་ལ།ཧ་ལམ་ང་ཚོ་ཚང་མ་མི་གཞན་གྱི་ཁོང་ཁྲོའི་ཡུལ་དུ་གྱུར་མ་མྱོང་བ་མེད་སྟབས།ཚང་མས་དེའི་འབྲས་བུ་ངན་པ་རྣམས་མྱངས་ཡོད།གང་ལྟར་ཡང་སྐབས་འགར་ཁོང་ཁྲོ་ལ་ཕན་ཐོགས་ཆེ་བའི་ཁྱད་ཆོས་ལྡན་ནའང་ཞེ་སྡང་ལ་རྩ་བ་ནས་མེད།ཞེ་སྡང་ནི་དུས་རྟག་ཏུ་གནོད་འཚེ་ཅན་ཞིག་ཡིན། 

ཁོང་ཁྲོ་བཞིན།འཇིགས་སྣང་ཡང་རྣམ་པ་ཀུན་ཏུ་གནོད་འཚེ་ཅན་ཞིག་མ་ཡིན།འཇིགས་སྣང་གིས་ང་ཚོ་བག་ཟོན་ཆེ་བ་བཟོ་བ་དང་ཉེན་ཁ་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད།དེ་ནི་ད་དུང་སྟོབས་ཤུགས་ཆེ་བའི་ཀུན་སློང་གི་ཆ་རྐྱེན་ཞིག་ཡིན་ཞིང་།ང་ཚོའི་བདེ་ཐབས་ལ་ཟོན་བྱེད་དགོས་པ་དང་ལྟ་སྐྱོང་བྱེད་པར་ནན་སྐུལ་བྱེད་ཀྱི་ཡོད།འོན་ཀྱང་འཇིགས་སྣང་ཚད་ལས་བརྒལ་སྐབས།དེས་ང་ཚོའི་རྒྱུན་ལྡན་གྱི་བྱ་བར་འགོག་རྐྱེན་བཟོ་ཞིང་གནོད་ཚབས་ཧ་ཅང་ཆེ་བའི་སེམས་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད།དེར་མ་ཟད་ཚད་ལས་བརྒལ་བའི་འཇིགས་སྣང་གིས་ཟློག་དཀའ་བའི་སེམས་སྡུག་གི་གནས་སྟངས་ཤིག་སློང་ཞིང་།དེ་ནི་ང་ཚོའི་འཕྲོད་བསྟེན་ལ་གནོད་ཚབས་ཆེ།དེར་བརྟེན་ངོས་ནས་རྒྱུན་དུ་རྒྱུ་མཚན་ལྡན་པའི་འཇིགས་སྣང་དང་རྒྱུ་མཚན་མི་ལྡན་པའི་འཇིགས་སྣང་དབར་ཁྱད་པར་འབྱེད་ཀྱི་ཡོད།"

 

ན་ཚ་སྨན་གྱིས་འཇོམས།ཁོང་ཁྲོ་བཟོད་པས་འཇོམས།

ཁ་ལ་ཕུད་ན་སྨན།ཁོག་ལ་བཟུང་ན་དུག

 "དེས་ན་བྱམས་བརྩེ་ཞེས་པ་དེ་གཞན་ནས་ཚུར་བསླབ་དགོས་པ་ཞིག་མིན་པར་རང་རང་སོ་སོར་ལྷན་སྐྱེས་སུ་ཡོད་པ་ཞིག་ཡར་རྒྱས་སུ་གཏོང་རྒྱུ་དེ་རེད།ཅི་ཞིག་གལ་ཆེན་པོ་ཡིན་ཞེ་ན།ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ཡོན་ཏན་དེ་ཉིད་སྤྱི་ཚོགས་དང་ཁྱིམ་ཚང་།སྒེར་སོ་སོའི་འཕྲོད་བསྟེན།གཞན་དག་ཕར་ཟད་གཉིད་སྐྱིད་པ་དང་།ལྟོ་ཆས་ཞིམ་པ།གྲོགས་པོ་མང་བ་སོགས་སྤྱི་སྒེར་གྱི་རིམ་པ་གང་གི་ནང་ལའང་ཕན་པ་ཞིག་ཡོང་གི་ཡོད།འདི་དག་ཀུན་བྱམས་བརྩེར་བརྟེན་ནས་ཡོང་གི་ཡོད།  

ཀུན་སློང་དང་འབྲེལ་བའི་མྱོང་ཚོར་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དེའི་ནང་ཕན་པའི་རང་བཞིན་དང༌གནོད་པའི་རང་བཞིན་གྱི་མྱོང་ཚོར་གཉིས་ཀ་ཡོད།དེས་ན་འཚེ་མེད་ཞི་བདེ་ཡོང་བའི་རྩ་བ་ང་ཚོའི་སེམས་ཀྱི་བཟང་པོའི་ཡོན་ཏན་དང་གོམས་གཤིས་ཁག་སོ་སོའི་སེམས་རྒྱུད་ལ་འཇགས་ཐུབ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། བྱམས་བརྩེ་ཞེས་པ་དེ་ཕྱི་ལོགས་ནས་སློབ་ཚན་ཁྲིད་དེ་བསླབ་དགོས་པ་ཞིག་མིན།རང་ཉིད་མ་ལས་སྐྱེས་ཙམ་ཉིད་ནས་བྱམས་བརྩེའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་གི་ཐོག་ནས་འཚར་ལོངས་བྱུང་ཡོད།དཔེར་ན།ཨ་མའམ་མ་ཚབ་བྱེད་མཁན་བསམ་པ་རྣམ་དག་གི་མི་ཞིག་ལ་བརྟེན་ནས་འཚོ་བཞིན་ཡོད་པ་རེད།འོ་མ་འཐུང་མཁན་གྱི་སེམས་ཅན་རྣམས་བྱམས་བརྩེའི་ལྟ་སྐྱོང་གི་འོག་ནས་འཚོ་བ་ལས་བྱམས་བརྩེ་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཚེ་ང་ཚོ་སྐྱེས་ཙམ་ཉིད་ནས་འཆི་རྒྱུ་ལས་གཞན་མེད།ཨ་མའི་པང་དུ་བླངས་ཏེ་བརྩེ་སེམས་དང་འབྲེལ་ནས་སྤྲད་པའི་འོ་མ་དང་།ཚོར་བ་མེད་པའི་འཇིབ་རུའི་ནང་ནས་སྟེར་བའི་འོ་མ་གཉིས་འོ་མ་ཡིན་པ་གཅིག་གྱུར་ཡིན་ཀྱང་།ཕྲུ་གུའི་བསམ་བློའི་འཚར་ལོངས་སོགས་ལ་ཏན་ཏན་ཁྱད་པར་ཡོང་གི་ཡོད། ཨ་མ་མེད་པར་འཇིབ་རུའི་ནང་ནས་འོ་མ་སྤྲད་པས་ཕྲུ་གུའི་ལུས་པོར་ཕན་གྱི་ཡོད་ཀྱང་།ཨ་མས་བྱམས་བརྩེ་དང་འབྲེལ་ནས་ཕྲུ་གུ་པང་དུ་ཉར་ཏེ་འོ་མ་སྟེར་བ་དེས་ཕྲུ་གུའི་བསམ་བློར་ཁྱད་པར་ཆེན་པོ་ཡོང་གི་ཡོད།

 

ཁྱེད་ཚོ་ཕྲུ་གུ་རྣམས་ལ་མཉམ་དུ་མཐུན་པོ་བྱས་ཏེ་རྩེད་མོ་རྩེ་རོགས་ཤིག་བྱུང་ན།རྩེ་རོགས་དེ་ཕྱུག་པོ་ཡིན་མིན་དང་།དབུལ་པོ་ཡིན་མིན།ཆོས་ལ་དད་པ་ཡོད་མེད། ཆོས་ལུགས་གང་ཡིན།རིགས་ཅི་ཡིན་སོགས་ཤེས་ཀྱི་མེད་ཀྱང་། ཕྲུ་གུ་ཕན་ཚུན་གྲོགས་པོ་བྱས་ཏེ་རྩེད་མོ་རྩེ་རོགས་བྱེད་པ་དེ་གས་ཕན་ཚུན་འཆམ་མཐུན་ངང་འཚོ་བཞིན་ཡོད་པ་མ་གཏོགས།རྩེ་རོགས་དེ་གྲལ་རིམ་གང་ཡིན་དང༌།ཆོས་ཡོད་མེད་སོགས་ལ་མི་ལྟ་བ་ཡིན།འཚར་ལོངས་བྱུང་བའི་རྗེས་སུ་གཞི་ནས་ཁོ་འབྱོར་ལྡན་གྱི་ཕྲུ་གུ་རེད།ཁོ་དབུལ་པོའི་ཕྲུ་གུ་རེད་ཅེས་བརྗོད་དེ། འབྱོར་ལྡན་གྱི་ཕྲུ་གུ་དེར་སྤྱོད་ལམ་སོགས་ཡག་པོ་མེད་ཀྱང་སྤྲེལ་ལད་འཁྲབ་པ་དང་གྲོགས་པོ་སྒྲིག་པ་སོགས་བྱེད་ཀྱི་ཡོད་ཅིང་།དབུལ་པོའི་ཕྲུ་གུ་དེར་སྤྱོད་པ་སོགས་ཡག་པོ་ཡོད་ནའང་ཁོས་ང་ལ་ཕན་མི་ཐོགས་ཞེས་འདོར་གྱི་ཡོད།དེ་ལྟར་ཕུགས་རྒྱང་རིང་པོའི་བསམ་བློ་མི་གཏོང་བར་འཕྲལ་སེལ་ཁེ་གྱོང་གི་བསམ་བློ་བཏང་ནས་འགྲོ་བཞིན་ཡོད། དེས་ན་བྱམས་བརྩེ་ཞེས་པ་དེ་གཞན་ནས་ཚུར་བསླབ་དགོས་པ་ཞིག་མིན་པར་རང་རང་སོ་སོར་ལྷན་སྐྱེས་སུ་ཡོད་པ་ཞིག་ཡར་རྒྱས་སུ་གཏོང་རྒྱུ་དེ་རེད།ཅི་ཞིག་གལ་ཆེན་པོ་ཡིན་ཞེ་ན།ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ཡོན་ཏན་དེ་ཉིད་སྤྱི་ཚོགས་དང་ཁྱིམ་ཚང་།སྒེར་སོ་སོའི་འཕྲོད་བསྟེན།གཞན་དག་ཕར་ཟད་གཉིད་སྐྱིད་པ་དང་།ལྟོ་ཆས་ཞིམ་པ།གྲོགས་པོ་མང་བ་སོགས་སྤྱི་སྒེར་གྱི་རིམ་པ་གང་གི་ནང་ལའང་ཕན་པ་ཞིག་ཡོང་གི་ཡོད།འདི་དག་ཀུན་བྱམས་བརྩེར་བརྟེན་ནས་ཡོང་གི་ཡོད།"

 

 

གནའ་དེང་ཟུང་འབྲེལ་གྱི་བྱིས་པ་བདག་སྐྱོང་བྱེད་ཚུལ།

 

 

ཀ༽ཕ་མའི་བྱམས་སྐྱོང་གི་དྲོད་འཁོལ་དང་ནམ་ཡང་མི་འབྲལ་བ།

ལྷན་སྐྱེས་ནས་སེམས་ཅན་གྱི་བརྩེ་སེམས་དེ་ཤིན་ཏུ་གལ་ཆེ་སྟེ།གཅན་གཟན་སོགས་དུད་འགྲོ་ཡིན་ན་ཡང་སྐྱེས་མ་ཐག་ནས་ཨ་མས་བརྩེ་བས་སྐྱོང་ཚུལ་དང་ཕྲུ་གུ་ཡང་ཨ་མར་དགའ་ཚུལ་གྱི་རྣམ་པ་དེ་ང་ཚོས་གསལ་བོ་མཐོང་ཐུབ།

དེ་ཡང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་གིས། “སྤྱིར་སྙིང་རྗེ་ཙམ་སེམས་ཅན་ཕལ་མོ་ཆེའི་རྒྱུད་ལ་ཡོད་ཅེས་བརྗོད་ནུས།རྒྱུ་མཚན་ནི།སེམས་ཅན་ཡིན་ནོ་ཅོག་ལ་སྡུག་བསྔལ་མི་འདོད་པའི་བློ་རང་ཆས་སུ་ཡོད།དེའི་ཆ་ནས་རང་དང་སྙིང་ཉེ་བའི་ཡུལ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་ན་སྙམ་པའི་བློ་ཞིག་ཕལ་ཆེར་སེམས་ཅན་ཀུན་ལ་ཡོང་ཆོག་པ་ཡིན།ལྷག་པར་དུ་མི་ལ་སོགས་པ་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་རིགས་རྣམས་ཕལ་མོ་ཆེ་ཆུང་དུས་མ་ཡིས་གསོས་པ་ལས་འཚར་དགོས་པ་འབའ་ཞིག་ཡིན་པས་མའི་ངོས་ནས་བརྩེ་བ་མེད་པར་བུ་ཕྲུག་གསོ་བའི་དོན་དུ་དཀའ་སྤྱད་ལྷུར་ལེན་པ་མི་འོང་ལ།བུ་ཕྲུག་གི་ངོས་ནས་ཀྱང་མ་ལ་བརྩེ་བ་མེད་པར་བུ་ཕྲུག་གསོ་བའི་དོན་དུ་དཀའ་སྤྱད་ལྷུར་ལེན་པ་མི་འོང་ལ།བུ་ཕྲུག་གི་ངོས་ནས་ཀྱང་མ་ལ་བརྩེ་བ་མེད་ན་མ་ལ་བློ་གཏད་བཅོལ་ཏེ་སྙིང་ཉེ་བའི་འདུ་ཤེས་མི་འབྱུང་། དེའི་ཕྱིར་མ་བུ་གཉིས་ནང་བསམ་བློའི་ཐོག་ནས་ཕན་ཚུན་བརྩེ་བའི་བློ་ཡོད་པས་མའི་ནུ་ཞོར་བརྟེན་ནས་འཚོ་བ་དེ་ཡོང་གི་ཡོད།བྱ་དང་བྱེའུ་ལ་སོགས་པ་སྒོང་སྐྱེས་ཀྱི་རིགས་རྣམས་ཀྱང་མས་རྒུམ་འབུ་སྒྲུག་པ་སོགས་དཀའ་སྤྱད་ཧ་ཅང་ཆེན་པོ་དང་དུ་བླངས་ཏེ་བུ་ཕྲུག་གསོ་བཞིན་ཡོད།

 

ཁ༽བྱམས་བརྩེ་དེ་སྙིང་རྗེ་དང་འབྲེལ་ནས་རྒྱ་སྐྱེད་པའི་ས་བོན་བསྐྲུན་པ།འདི་ནི་ཀུན་སྤྱོད་སློབ་གསོའི་རྨང་གཞི་ཞིག་ཡིན།

དེ་ཡང་ཁོང་གིས། “དེར་བརྟེན་སེམས་ཅན་དེ་དག་ལ་ཕུང་པོའི་གྲུབ་ཆ་དང་འབྲེལ་བའི་བརྩེ་བ་ངེས་པར་དུ་ཡོང་གི་ཡོད།འོན་ཀྱང་བརྩེ་བ་དེ་དག་འདོད་ཆགས་དང་འབྲེལ་ཞིང་ཕྱོགས་སུ་ལྷུང་བའི་བརྩེ་བ་ཚད་ཅན་ཞིག་ཡིན།ཚད་ཅན་ཞེས་པ་སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་དེ་གཉེན་ཉེ་དུ་ལ་སོགས་པའི་སེམས་ཅན་གང་འཚམ་གྱི་རིགས་ལ་དམིགས་ནུས་པ་མ་གཏོགས་མཐའ་ཡས་པའི་སེམས་ཅན་ལ་དམིགས་མི་ནུས་པའི་ཆ་ནས་བརྗོད།ཕྱོགས་སུ་ལྷུང་བའི་ཚད་ཅན་གྱི་བརྩེ་བ་དེ་ཉིད་ས་བོན་གྱི་ཚུལ་དུ་བྱས་ཏེ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དམ་ཤེས་རབ་ཀྱིས་གྲོགས་བྱས་པ་ལས་ཕྱོགས་སུ་མ་ལྷུང་ཞིང་མཐའ་དང་ཚད་མེད་པའི་བརྩེ་བའི་ངོ་བོར་བསྒྱུར་ཐུབ་པ་ཞིག་ཡོང་བ་ཡིན།དཔེར་ན།ང་ཚོ་ཆུང་དུས་སུ་བྱ་བྱེའུ་འབའ་འབུ་གསོད་དུ་མི་འཇུག་པ་དང་ཉ་དང་སྦལ་བ་སོགས་གསོད་མི་ཉན་ཚུལ།རྐུ་བྱེད་མི་ཉན་པ།རྡུང་རེས་རྒྱག་མི་ཉན་པ་སྡིག་པ་ཡོད་པ་དང་མ་ཎི་འདོན་པ་ཕྱག་འཚལ་བ།ལས་རྒྱུ་འབྲས་བརྩི་དགོས་ཚུལ་སོགས་ཕ་མ་བཟང་པོ་རྣམས་ཀྱིས་རྒྱུན་དུ་བསླབ་བྱ་གནང་གི་ཡོད།དེ་དག་ནི་ཧ་ཅང་གལ་ཆེན་རེད།

དེ་ཡང་ཕ་བཟང་ལ་བུ་བཟང་།མ་བཟང་ལ་རྒྱུད་བཟང་།

མ་ཡི་སྲོལ་ཡག་ན་བུ་ཡི་དོན་འགྲུབ།

ཕ་མ་གཅིག་གི་བུ་རྒྱུད་ལ།འདང་ཆེ་ཆུང་བྱུང་ན་བསམ་པ་སྡུག

 

ག༽བུ་ཕྲུག་སེམས་ཀྱིས་གཅེས་ན།ཐལ་ལྕག་གི་རྒྱུན་མ་འཆད། 

སྤྱིར་ན་དེ་སྔོན་མི་རིགས་ཚང་མའི་ནང་ལ་བྱིས་པ་དྲག་འདུལ་གྱི་ཐབས་ཤེས་སྣ་ཚོགས་ཡོད།དེང་སང་ནུབ་ཕྱོགས་སུ་ཕ་མ་དང་དགེ་རྒན་སུས་ཀྱང་བྱིས་པར་རྡུང་རྡེག་བྱེད་མི་ཆོག་པའི་ཁྲིམས་བཟོས་ཡོད།འོན་ཀྱང་ཤར་ཕྱོགས་རྒྱལ་ཁབ་ཁག་ནང་དེ་ལག་ལེན་ཐུབ་ཀྱི་མེད།ཕ་མ་བཙན་པོ་དང་དགེ་རྒན་བཙན་པོ་ཟེར་བ་འདི་བོད་ལ་མཚོན་ན་ཕ་མ་བཟང་པོ་དང་དགེ་རྒན་བཟང་པོ་ལ་གོ་བ་རེད།ཚད་རན་པ་ཞིག་གིས་བཙན་གཅུན་བྱེད་ཐབས་ཡོད་ལ་དེར་ཕན་ཐོགས་ཀྱང་ཡོད་པར་འདོད། 

རང་འཐག་རྩུབ་ན་རྩམ་ཕྱེ་ཞིབ།ཕ་མ་བཙན་ན་བུ་ཕྲུག་ལེགས།

སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་།ཕུགས་ལ་ཕན་པ་ཡིན། 

ཡང་་་སྡུག་ཕ་མས་བཏང་དང་དགྲ་བོད་བཏང་།བྱམས་སྙིང་རྗེ་མེད་ན་འདྲ་འདྲ་རེད།

ཤ་ཚ་ན་་་་ཁ་འོ་མས་བསྲེགས་ཀྱང་ཨ་ཚ་མི་ཟེར།བུ་ཕ་མས་བརྡུངས་ཀྱང་བསམ་པ་མི་སྡུག 

 

ང༽གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་བཏང་། 

གཅེས་ལང་བཏང་ན་བྱམས་སྐྱོང་མིན།

བྱམས་དྲགས་པ་བུ་ལ་ཡང་མ་བྱེད།སྲོལ་དུ་མི་འཚུད་པ་ཡིན།  

མགར་བ་རང་གི་རལ་གྲིས་བསད།ཕ་མ་རང་གི་བུ་ཡིས་མནར། 

ཆུང་དུས་དྲིན་གྱིས་མ་བསྐྱངས་ན།ཆེ་དུས་དྲིན་ལན་འཇལ་མཁན་དཀོན།

 

དྲིན་གྱིས་སྐྱོང་ཚུལ།གུང་ཐང་ཚང་གིས་བྱིས་པ་སློབ་གྲྭར་མ་མངགས་ན་རྗེས་སུ་ཕ་མར་ལེ་བདའ་བྱེད་པ་ཡོང་གསུངས་མྱོང་།

རྒྱུན་དུ་སློབ་སྦྱོང་ཐད་ལ་རོགས་རམ་བྱེད་དགོས།

བོད་ཡིག་ཡོད་སའི་སློབ་གྲྭ་ལ་སྐྱེལ་དགོས།

བྱིས་པའི་སེམས་ཁམས་དང་བསྟུན་ཤེས་དགོས།

ཡ་རབས་ཁྱིམ་ཡང་ལ་དཔེ་ལྟ་དགོས།

རྩེད་ཆས་འདྲ་མིན་མང་པོ་ཉོ་མི་འོས།

བྱིས་པ་སྒོར་མོ་མང་པོ་སྟེར་མི་འོས།

 

 

མདོར་ན།ཤེས་ཡོན་དང་ལྷག་བསམ་གཉིས་ལྡན། ཀུན་སྤྱོད་བཟང་བ།སློབ་སྦྱོང་ཡོད་པའི་མི་རབས་གསར་བ་ཞིག་གསོ་སྐྱོང་བྱ་རྒྱུ་ཕ་མ་དང་དགེ་རྒན་ཚང་མར་རག་ལས་ཡོད། 

 

བོད་ཀྱི་མཁས་པ་དང་མཁས་པའི་ཕྱག་རྗེས།

 

 

ཀ༽མཁས་པ་ཞེས་པར་བོད་ཀྱི་མཁས་པའི་ངོས་འཛིན་ཅི་འདྲ་གནང་ཡོད་དམ།  

མཁས་གང་ཤེས་བྱའི་དེ་ཁོ་ན།།ཇི་བཞིན་མཁྱེན་པ་ཡིན་པར་འདོད།།བྱེ་བྲག་སྦྱང་བའི་དོན་ཤེས་པ།།དེ་ཡང་དེ་ལ་མཁས་ཞེས་བྱ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་གསུངས། 

 

ཁ༽བོད་ཀྱི་མཁས་པའི་མིང་གི་རྣམ་གྲངས།མཁས་པ།མཁས་དབང་།མཁས་གྲུབ།ལོ་ཆེན།ལོ་པཎ།པཎཌི་ཏ་འམ་པཎ་ཆེན།དགེ་བཤེས།༼ལྷ་རམས་པ་དང་་རྡོ་རམས་པ༽སློབ་དཔོན།བླ་མ། 

འདི་ནི་ལེགས་སྦྱར་གྱི་སྐད་དེ།ལྔ་རིག་པ།ལྔ་རིག་པ་ཆེན་མོ་ཞེས་པ་དེ་སྟེ།སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་ཡིན་དགོས།དེ་ལ་དམིགས་བསལ་ཕྱག་འཁྱེར་དེ་འདྲ་མེད་པ་འདྲ།བོད་ཀྱི་མཁས་པའི་ནང་ན་པཎ་ཆེན་དང་པཎདིཏའི་མཚན་ཡོངས་སུ་གྲགས་པ་མང་པོ་མེད།ས་སྐྱ་པཎ་ཆེན་དང་པཎ་ཆེན་ཤཀྱ་ཡེ་ཤེས།ཤིང་བཟའ་པཎཌི་ཏ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་༡༦࿁༨་ལོར་རྒན་གྱ་རུ་འཁྲུངས།དང་གཉིས་པ་དཀོན་མཆོག་འཇིག་མེད་དབང་པོ།༡༧༢༨་ལོར་སྣང་རར་འཁྲུངས།འདི་གཉིས་ལ་པཎཌི་ཏ་ཨེ་རྟི་ནི་ནོ་མིན་ཧོན་ཞེས་པའི་ཆེ་བསྟོད་མཚན་གནས་ཐོབ།

བརྩམས་ཆོས་ལ་བཀའ་འབུམ་དང་གསུང་འབུམ་ཟེར།

མཁས་པ་སྔོན་མ་སྔོན་མ་མཁས།བསྟན་བཅོས་རྗེས་མ་རྗེས་མ་ལེགས།   

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།༡༣༧༥་ལོར་གཙང་ལ་སྟོད་འབྲོག་ཁྱིམ་ཞིག་ཏུ་འཁྲུངས། 

དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ཉིད་ནི་ལྷོ་ཁ་རྩེད་ཐང་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ནང་པ་ར་ལམ་པ་བྱ་བའི་ཁྱིམ་ཚང་ཞིག་ཏུ་རབ་བྱུང་བརྒྱད་པའི་ས་ཁྱི་(སྤྱི་ལོ་1478)ལོར་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་སྐབས་སུ་ལས་ཆེན་བསོད་ནམས་བཀྲ་ཤིས་ཀྱི་མདུན་ནས་རབ་ཏུ་བྱུང་པས། མཚན་ལ་བསོད་ནམས་གྲགས་པའི་དཔལ་ཞེས་གསོལ། 

སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི། སྡེ་དགེ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རིང་སྒང་དུ་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་(༡༧༠༠)ལོར་སྐུ་འཁྲུངས།  

 

བོད་ཡིག་གི་དཔེ་རྙིང་དེ་དག་དུས་རབས་བཅུ་གཅིག་པའི་གོང་ལ་སངས་རྒྱས་ཀྱི་གསུང་རབ་བསྒྱུར་རྒྱུ་དེ་གཙོ་བོར་བྱས་ཤིང་།དེ་ནི་བོད་ཀྱི་བཙན་པོ་མེས་དབོན་རྣམ་གསུམ་གྱི་དུས་ནས་འགོ་ཚུགས་པ་རེད།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསྒྱུར་ཟིན་པའི་གསུང་རབ་ཐམས་ཅད་དཀར་ཆག་ཏུ་བཀོད་པ་འཕང་ཐང་མ་དང་།མཆིམས་ཕུ་མ།ལྡན་དཀར་མ་གསུང་ཡོད་རུང་འཕང་མཆིམས་གཉིས་ཀྱི་དཀར་ཆག་འཐོར་གྱར་དུ་སོང་བས་ལྡན་དཀར་མ་ཙམ་ཙམ་ལས་མ་ལུས་པ་དེ་ནི་བསྟན་འགྱུར་གྱི་སྣ་ཚོགས་ཞེས་པའི་ཁྲོད་དུ་བཞུགས་པ་འདི་ཡིན།དཀར་ཆག་འདིའི་ནང་བཀའ་བསྟན་གཉིས་སྡེ་ཚན་བཅུ་དགར་ཕྱེས་ཏེ་ཐེག་ཆེན་དང་།ཐེག་དམན།མདོ་ཕྱོགས།སྔགས་ཕྱོགས།སྡེ་སྣོད་གསུམ་བཅས་ཀྱི་གོ་རིམ་ལྟར་ཕྱེ་ཐོགམདོ་སྡེའི་སྣོད་ནང་ཕར་ཕྱིན་དང་།ཕལ་ཆེན།དཀོན་བརྩེགས།བསྡུས་པ་ཆེན་པོ་བཅས་ཀྱི་གོ་རིམ་ལྟར་བསྒྲིགས་འདུགདེ་ནི་གསུང་རབ་སྡེ་ཚན་དབྱེ་བའི་སྲོལ་ཐོག་མར་གཏོད་པ་ཞིག་རེད།

བོད་ལ་སངས་རྒྱས་ཆོས་ལུགས་དར་བ་དང་ཆབས་ཅིག་ཆོས་ལུགས་གྲུབ་མཐའ་འདྲ་མིན་འགའ་རེ་བྱུང་བའི་འགོ་ཚུགས་ཤིང་།དུས་རབས་བཅུ་གཅིག་པ་ཚུན་ཙམ་ལ་གསུང་རབ་དེ་དག་གི་དགོངས་འགྲེལ་དང་།ལོ་རྒྱུས།སྐད་ཡིགརིག་གནས་སྐོར་སོགས་ཀྱི་རྩོམ་རིགས་ཇེ་མང་དུ་ཕྱིན་ཏེ་རྩོམ་རིགས་ཀྱི་གླེགས་བམ་ཧ་ཅང་མང་པོ་ཞིག་དར་པ་རེད།དེ་དག་ནི་བོད་ཡིག་གི་དཔེ་རྙིང་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད།ནང་དོན་མདོར་བསྡུས་ན་རིག་གནས་ཆེ་བ་ལྔ་སྟེ་བཟོ་རིག་པ་དང་།གསོ་བ་རིག་པ།སྒྲ་རིག་པ།གཏན་ཚིགས་རིག་པ།ནང་དོན་རིག་པ་བཅས་དང་།རིག་གནས་ཆུང་བ་ལྔ་སྟེ་སྙན་ངག་དང་།མངོན་བརྗོད།སྡེབ་སྦྱོར།ཟློས་གར།སྐར་རྩིས་བཅས་ཡོད་པ་རེད།ལྷག་པར་དུ་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་རྩོམ་རིགས་མང་ཙམ་ཞིག་ཡོད་པ་དེའི་ནང་ནས་བསྟན་རྩིས་རེའུ་མིག་དང་།རྒྱལ་རབས།མི་རིགས་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས།ཆོས་འབྱུང་།གྲུབ་མཐའ་སོ་སོའི་བླ་རྒྱུད།གདུང་རབས།རང་རྣམ།གསང་བའི་རྣམ་ཐར་སོགས་དང་།གནས་ཡིག་དང་།དགོན་པའི་གདན་རབས་སོགས་ཡོད་པར་མ་ཟད།གཞན་ཡང་མགུར་མ་དང་།ལེགས་བཤད།ཚིག་སྤེལ་མའི་སྙན་ངག་གི་གཏམ་རྒྱུད་སོགས་ཀྱང་ཡོད་ལ།གནའ་དུས་རྒྱ་གར་གྱི་སྐད་ཡིག་སཾ་སྐྲི་ཏའི་སྒྲ་རིག་པ་དང་།གཏན་ཚིགས་རིག་པ།སྙན་ངག་སོགས་གསལ་བཤད་བྱེད་པའི་མཆན་འགྲེལ་སྐོར་གྱི་རྩོམ་རིགས་ཀྱང་མི་ཉུང་བ་ཞིག་ཡོད་རེད།དེ་དག་ཁྱོན་ཡོངས་ཀྱི་གྲངས་འབོར་ཇི་ཙམ་ཡོད་པ་ནི་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ངོ་།གོང་གསལ་རིག་གནས་ཤུལ་བཞག་འདི་དག་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་དང་བོད་རིགས་ཀྱི་རིག་གཞུང་ལ་བརྟག་དཔྱད་བྱེད་རྒྱུར་བླངས་ན་རྫོགས་རྒྱུ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པའི་བང་མཛོད་ཅིག་གིས་བརྩི་མཐོང་ཆེན་པོ་བྱེད་འོས་པ་ཞིག་རེད།

 

དཔེ་དེབ་ཀློག་པ་ནི་བསམ་གཞིགས་དང་ལག་ལེན་གྱི་ཆེད་དུ་ཡིན།

ཟླ་༡༠་ཚེས་༡༦་གཟའ་ལྷག་པ།

 

 

དཔེ་དེབ་དག་ནི་མཁས་པ་རྣམ་པས་ཉམས་མྱོང་དང་ཞིབ་འཇུག་བྱས་ནས་རྗེས་རབས་པ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ཞིག་ལ་ངོས་འཛིན་གྱིན་ཡོད།

མིའི་རིགས་ཐོག་མར་བྱུང་བ་ནས་འཕེལ་རྒྱས་ཧ་ཅང་མྱུར་བ་འདི་སྔོན་མའི་ཉམས་མྱོང་རྒྱུན་སྤྲོད་དང་ལྷན་དུ་གསར་གཏོད་གང་མང་ཐུབ་པས་ཡིན་པར་འདོད།

དེ་བས་ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པར་བསམས་ན་ཡང་འཚོ་བའི་རྒྱུན་ཤེས་གང་མང་ཤིག་ལས་སླ་བོར་ཤེས་ཆེད་དང་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱ་བ།མི་ཚེ་སྔོན་མ་དག་ལས་ཆ་རྐྱེན་ཇེ་བཟང་དུ་བཏང་ནས་བདེ་ཞིང་སྐྱིད་པ་ཞིག་ཡོང་འདོད་ལོས་ཡིན།དེས་ན་བདེ་སྐྱིད་ངོ་མ་དེ་གང་ཡིན་པ་དང་དེ་ཇི་ལྟར་འཚོལ་སྒྲུབ་བྱེད་དགོས་པ་ལ་བསམ་བློ་ཡང་ཡང་གཏོང་དགོས།ཆོས་སྲིད་ལུགས་གཉིས་གང་ཡིན་ཡང་རང་གཞན་རོགས་གསུམ་ལ་ཕན་པ་ཞིག་སྒྲུབ་དགོས།གནད་འགག་འདིར་ངེས་ཤེས་སྐྱེས་ན་གཞི་ནས་བྱ་བ་བཟང་པོ་ཞིག་་སྒྲུབ་འདོད་སྐྱེ།དེ་ཡོང་ན་མི་བཟང་དོན་བཟང་ཇི་ལྟར་སྒྲུབ་དགོས་ཚུལ་གྱི་ཐབས་ཚུལ་ཡང་དག་པ་ཞིག་འཚོལ་ཐབས་བྱེད།གང་ལྟར་བསqམ་བཞིན་དང་ཤེས་བཞིན་དུ་བྱ་ངན་སྤྱོད་ངན་གྱི་ལམ་ལ་མི་འགྲོ

དེ་ཡིན་ན་ང་ཚོས་དཔེ་དེབ་ཀློག་ན་ཡང་དགོས་པ་རྒྱུ་མཚན་གཙོ་བོ་འདི་ངོས་འཛིན་ཐུབ་དགོས།དེ་ཐུབ་ན་སློབ་སྦྱོང་གི་དམིགས་ཡུལ་བཟང་པོ་ཡོང་ཐུབ།དཔེ་དེབ་ཀློག་འདོན་བྱེད་པ་ནི་སློབ་སྦྱོང་གི་ཐབས་ལམ་ལེགས་ཤོས་དེ་ཡིན། 

མ་གོ་བ་གོ་བ་དན་གམ་ཤེས་པ་ཤེས་པར་བྱེད་པ་དང་ལྷན་དུ་ཤེས་པ་དེ་དག་ལག་བསྟར་བྱེད་དགོས། 

དེང་སང་ཡི་གེ་མ་ཤེས་ན་ཡང་གཞན་གྱིས་ཀློག་འདོན་བྱས་པར་ཉན་ཐུབ་ན་ཡང་ཕན།

 

སྐྱོན་བརྗོད་དང་བསྟོད་པ།

 

འདི་གཉིས་ནི་སློབ་གསོ་སྤྱིའི་ཁྱད་ཆོས་ཙམ་དུ་མ་ཟད་སློབ་གསོའི་ཐབས་ལམ་གལ་ཆེན་དང་སྙིང་དོན་ཡང་ཡིན།

 

ཀ༽ འཚེ་མེད་ཞི་བའི་ཆོས་ལུགས་པ་དང་གདུག་རྩུབ་གཏུམ་དྲག་གི་དམག་མི།ཡང་ན་ཁྱིམ་ཚང་དང་སྡེ་བ།སློབ་གྲྭཚོང་ལས་སོགས་ལས་རིགས་གང་ལ་ཡང་སྐྱོན་ཡོན་གྱི་བླང་དོར་ལམ་སྟོན་མེད་ས་ཞིག་མེད།དེ་བས་འདི་ནི་རྒྱ་ཆེ་ཚུལ་ཡིན།

ཁ༽ ལས་རིགས་གང་ཞིག་ཡིན་ཡང་སྐྱོན་གྱི་ཆ་ངོས་བཟུང་ནས་ཡོན་ཏན་གྱི་ཆ་ཇེ་མང་དུ་གཏོང་བ་ནི་ལམ་སྟོན་གཙོ་བོ་དེ་ཡིན་ལ་དམིགས་ཡུལ་གཙོ་བོ་ཡང་ཡིན།དེ་བས་གཏིང་ཟབ་པ་ཡང་ཡིན།

 

ཤེས་ཡོན་པའི་འོས་འགན།

 

༡༽རང་ཉིད་ལ་འགན་འཁུར་བ།

ཡོན་ཏན་པའི་ཡོན་ཏན་གཙོ་བོ་བསམ་སྤྱོད་ལེགས་དགོས།

ཤེས་ཡོན་སློབ་གསོའི་དགོས་དོན་སྙིང་པོ་མི་ལེགས་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་རེད།རྨང་གཞི་འདིའི་ཐོག་ནས་ཤེས་ཡོན་ཡར་རྒྱས་གཏོང་དགོས།

སྤྱིའི་ཆ་ནས་ནང་པའི་ལྟ་གྲུབ་དང་མཚན་ཉིད་རིག་པ་སེམས་ཁམས་རིག་པ་སློབ་སྦྱོང་དང་བྱེ་བྲག་ཏུ་རིགས་གཅིག་རྐང་འཛིན་པ

 

༢༽ཡོན་ཏན་གཉིས་པ་རང་གི་ཤེས་འཇོན་མི་རིགས་སམ་སྤྱི་ཚོགས་ལ་འབུལ་དགོས།

 

 

བོད་ཀྱི་རྩོམ་རིག་སྐོར།

 

 

སྤྱིར་བཏང་རྩོམ་རིག་ལ་ངག་རྩོམ་དང་ཡིག་རྩོམ་རིགས་གཉིས།བོད་ཡིག་གསར་དུ་བཟོས་པ་ནས་ཡིག་རྩོམ་བྱུང་ཡོད།ཡོངས་གྲགས་སུ་ཐོན་མིའི་ཡིག་ཕུད་དེ་བོད་ཀྱི་ཡིག་རྩོམ་མམ་སྙན་དངས་ཐོག་མ་ཡིན་དགོས།དེ་ནས་ཐོན་མིའི་གསུང་མགུར་དང་སྲོང་བཙན་སྒམ་པོའི་གདམས་ངག་སོགས་མ་ཎི་བཀའ་འབུམ་དེ་གཙོ་བོ་ཞིག་ཡིན།དེ་ནས་སྙན་ངག་མེ་ལོང་མ་བསྒྱུར་ཅིང་སློབ་གཉེར་དབུ་ཚུགས་པ་ནས་ཚིགས་བཅད་སྙན་ངག་ཤིན་ཏུ་འབོར་ཆེན་གསར་རྩོམ་གནང་ཡོད།རྟོགས་བརྗོད་དང་རྣམ་ཐར་རིགས་ཧ་ཅང་མང་།གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་གཏམ་པད་མའི་ཚལ་གྱི་ཟློས་གར་དང་གཞོན་ནུ་དྲུག་གི་རྟོགས་བརྗོད་དང་བྱ་སྤྲེལ་གཏམ་རྒྱུད་སོགས་རྟོག་བཟོས་སྙན་ངག་སྒྲུང་གཏམ་རིགས་ཀྱང་གང་འཚམ་ཡོད། 

མདོར་ན་འཆད་རྩོད་རྩོམ་གསུམ་མཁས་པའི་བྱ་བ་ཡིན་ཞེས་དང་ལྷག་པར་བསྟན་བཅོས་དང་རྩོམ་གྱི་རིགས་རྒྱུན་མ་ཆད་པར་སྤེལ་ཡོད།

དེང་སང་སྒྱུ་རྩལ་རྩོམ་རིག་དང་སྤྱིར་བཏང་གི་རྩོམ་གྱི་རིགས་གཉིས་ལས་སྙན་ངག་དང་ལྷུག་རྩོམ།སྒྲུང་རྩོམ།འཁྲབ་གཞུང་བཞི་གཙོ་བོར་འཛིན།གནའ་ནས་ད་བར་སྙན་ངག་ཧ་ཅང་མངས་ན་ཡང་རྩོམ་ལུས་གཞན་དག་ཉུང་།འདི་སྲོལ་རྒྱུན་གྱི་རྩོམ་པའི་བག་ཆགས་ཀྱིས་ཡིན་པ་འདྲ།དཔེར་ན་སེར་མོའི་རྩོམ་པ་པོའི་ནང་ན་སྒྲུང་རྩོམ་དང་འཁྲབ་གཞུང་རྩོམ་མཁན་དཀོན།འདི་ཞན་ཆ་ཞིག་རེད།

བོད་ཀྱི་རྩོམ་རིག་མ་ཉམས་རྒྱུན་འཛིན་བྱེད་ཐུབ་པ་ཙམ་མིན་པར་གསར་རྩོམ་གྱིས་གོང་སྤེལ་གཏོང་དགོས།དེ་བས་རྩོམ་རྩལ་དང་ཁྱབ༹་རྒྱ་ཇེ་ཆེར་གཏོང་དགོས།དེ་ལ་རྩོམ་ལུས་གཞན་དག་ཧ་ཅང་གལ་ཆེ། 

ཐོག་མར་རྩོམ་ཡིག་སྦྱོང་དུས་རང་དབང་གིས་ཅི་ཡང་འབྲི་ཆོགའབྲི་དགོས། 

རྩོམ་པ་པོའི་གོ་རྟོགས་ཇེ་མཐོ་དང་འབྲི་རྩལ་ཇེ་བཟང་དུ་སོང་རྗེས་རང་གི་ལྟ་བ་དང་བསམ་བློ་མཚོན་པའི་རྩོམ་ཡིག་འབྲི་དགོས། 

 

བོད་ཀྱི་སྙན་ངག་དང་སྙན་ངག་མེ་ལོང།

 

 

ཚིག་སྙན་དོན་བཟང་དགའ་བ་སྐྱེད་པའི་ངགཡིག་ངག་གང་གི་ལམ་ན་ཡོད་ཀྱང་སྙན།མཉན་ན་སྙན་ལ་བསམས་ན་སྙན།ཀློག་པ་ལས་ཀྱང་གྱེར་ན་སྙན།

སྤྱིར་བོད་ཀྱི་སྙན་ངག་ཟེར་ན་བོད་མི་རིགས་ཀྱི་སྙན་ངག་ཅེས་པའི་དོན་རེད།དེ་ལྟར་ན་བོད་ཀྱི་སྐད་ཡིག་གིས་བརྩམས་པའི་སྙན་ངག་གསར་རྙིང་ཚང་མར་གོ་དགོས་པ་ཞིག་རེད།རྒྱུ་མཚན་ནི་མི་རིགས་ཀྱི་རྩོམ་རིག་ཡིན་ན་མི་རིགས་གང་དེའི་སྐད་ཡིག་ཡིན་པ་གཞིར་བཞག་ནས་གླེང་དགོས།

འདི་ལྟར་བསམས་ན།བོད་ཀྱི་རྩོམ་རིག་སྤྱི་དང་སྙན་ངག་ལའང་གནའ་རབས་སྙན་ངག་དང་ཉེ་རབས་སྙན་ངགདེང་རབས་སྙན་ངག་བཅས་དབྱེ་བ་ཆེན་པོ་གསུམ་འདུག་སྙམ།དེ་ཡང་བོད་ཡིག་གི་བྱེད་པོ་ཐོན་མི་ནས་ས་པཎ་བར་ལ་གནའ་རབས་དང་དེ་ནས་དགེ་འདུན་ཆོས་འཕེལ་བར་དུ་ཉེ་རབས།དེ་ནས་ད་ལྟའི་བར་དུ་དེང་རབས་སྙན་ངག་གི་དུས་རབས་བཅས་སུ་ངོས་འཛིན་གྱི་ཡོད།

དེ་ཡང་བྱེ་བྲག་ཏུ་བརྩམས་ཆོས་ཐོག་ནས་གླེང་ན་གནའ་རབས་སྙན་ངག་ནི་ངག་རྒྱུན་གྱི་སྙན་འཇེབས་ལྡན་པའི་ཚིག་རྣམས་ལ་གོ་འོས།དཔེར་ན་མགུར་དང་ལ་གཞས་དང་གཏམ་དཔེ།ལྡེའུ།བསྟོད་ར་ཁག་དང་གླིང་སྒྲུང་སོགས་ཡིན་ངེས།

ཉེ་རབས་སྙན་ངག་ནི།ཐོན་མིའི་ཡིག་ཕུད་སོགས་དང་སྲོང་བཙན་སྒམ་པོའི་ཞལ་གདམས་ཀྱི་ཚོགས་ནས་སྙན་ངག་མེ་ལོང་མ་བསྒྱུར་པའི་བར་གྱི་སྙན་ཚིག་དག

དེ་ནས་མེ་ལོང་མ་འཆད་ཁྲིད་བྱས་ནས་དགེ་ཆོས་བར་གྱི་ཚིགས་བཅད་སྙན་ངག་དང་སྤེལ་མའི་སྙན་རྩོམ་མཐའ་དག་ལ་གོ་འོས།

དགེ་ཆོས་ཀྱི་སྙན་ངག་དག་དང་དོན་གྲུབ་རྒྱལ།་ལྗང་བུ།འཇུ་སྐལ་བཟང་སོགས་ནས་ད་ལྟའི་བར་གྱི་སྙན་ངག་མཐའ་དག་ལ་བོད་ཀྱི་དེང་རབས་སྙན་ངག་ཏུ་འདོད།

ཡིན་ན་ཡང་ངག་རྒྱུན་རྩོམ་རིག་ལས་ཡིག་རྩོམ་ཧ་ཅང་གྲངས་པ་དང་ནང་དོན་ཡང་རྒྱ་ཆེ་ལ་གཏིང་ཟབ་པ།མཚོན་ཐབས་དང་ཚིག་རྩལ་སོགས་སྤུས་དགལྷག་པར་དུ་སྙན་ངག་མེ་ལོང་གི་ཚིག་རྒྱན་དང་ཚིགས་བཅད་སྙན་ངག་གིས་བརྒྱ་ཆའི་ཚད་མཐོ་ཤོས་དེ་བཟུང་ཡོད་པས་སྙན་ངག་མེ་ལོང་ནི་བོད་ཀྱི་ཉེ་རབས་སྙན་ངག་གི་འབྱུང་ཁུངས་སམ་བསྐྱེད་འབྲས་དེ་རེད་ཟེར་ཆོགཡང་གཅིག་བཤད་ན་སྙན་ངག་མེ་ལོང་འདི་ས་པཎ་ནས་ད་བར་བོད་ཀྱི་སྙན་ངག་པ་ཕལ་མོ་ཆེའི་སྙན་ངག་གི་སློབ་དེབ་ཏུ་གྱུར་ཡོད། དེ་བས་དེའི་ཤུགས་རྐྱེན་ད་དུང་གཏིང་ཟབ།

ཡིན་ན་ཡང་བོད་ཀྱི་སྙན་ངག་ཡིན་ན་མེ་ལོང་མའི་ལུགས་ཁོ་ན་མིན་ལ་མེ་ལོང་མའི་སྔོན་ལ་བོད་རང་གི་སྙན་ངག་ཡོད་པར་མ་ཟད་དེའི་རྗེས་སུ་ཡང་བོད་རང་གི་སྙན་ངག་ཡོད།ངག་རྩོམ་དང་ཡིག་རྩོམ་གཉི་གའི་སྙན་ངག་ཡོད་དེ།མེ་ལོང་མ་མ་སྦྱངས་པའི་སྙན་ངག་པ་ཡོད་པས་སོ།

 

དེ་བས་དེ་རིང་འདིར་བཤད་འདོད་པ་གཙོ་བོ་དེ་བོད་ཀྱི་སྙན་ངག་དང་སྙན་ངག་མེ་ལོང་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དེ་སྟོན་འདོད་པ་དང་ལྷན་དུ་སྙན་ངག་མེ་ལོང་མ་མུ་མཐུད་དུ་སྙན་ངག་གི་སློབ་དེབ་ཅིག་ཏུ་སྤྱོད་ཆོག་ལ་དེས་རྩོམ་པ་ལ་ཐོག་མར་འཇུག་མཁན་ཚོར་ཕན་ཡང་ཐོགས་ངེས།ཡིན་ན་ཡང་སྙན་ངག་མེ་ལོང་ཁོ་ན་སྦྱངས་པས་ཆོག་ཤེས་བྱེད་མི་འོས།རྩོམ་རིག་གསར་བའི་གཞུང་ལུགས་དང་རྩོམ་རིག་གི་དཔྱད་བརྗོད་རིགས་ལ་ལྟ་ཀློག་བྱེད་དགོས་ལ།རང་མོས་སྙན་ངག་སོགས་རྩོམ་ལུས་གསར་བའི་རིགས་ལ་ངེས་པར་དོ་སྣང་དང་སློབ་སྦྱོང་བྱེད་དགོས།

རྒྱུ་མཚན་གཙོ་བོ་གསུམ།

༡༽སྙན་ངག་མེ་ལོང་གི་ཚིག་རྒྱན་ཕལ་མོ་ཆེ་ང་ཚོའི་བོད་ཀྱི་སྐད་ཆའི་སྒྱུ་རྩལ་དང་འདྲ་ལ་སྲོལ་རྒྱུན་རྩོམ་སྲོལ་ཞིག་ཏུ་གྱུར་ཡོད།

༢༽སྙན་ངག་མེ་ལོང་ནི་རྩོམ་རིག་སྤྱིའི་ཁོག་འབུབས་ཤིག་ཀྱང་ཡིན་ལ་ལྷག་པར་རྩོམ་པར་འཇུག་མཁན་དག་ལ་རྩོམ་འབྲིའི་སྐྱོན་ཡོན་སོགས་ཕྱོགས་སྡོམ་བྱས་ཡོད།ཉམས་འགྱུར་གྱིས་གཏམས་དགོས་པ།དགོངས་པ་ཅན་གྱི་རྒྱན་དང་དཔེའི་སྐྱོན་དང་སྐྱོན་བཅུ་སོགས།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་བཅས།

༣༽སྙན་ངག་མེ་ལོང་གི་ཚིག་རྒྱན་རེ་རེར་དཔེར་བརྗོད་བཞག་ན་ཚིག་རྩལ་ཇེ་ལེགས་དང་སྐད་ཆའི་སྒྱུ་རྩལ་གསར་གཏོད་ལ་བློ་སྒོ་འབྱེད་ཐུབ་པ།ཉམས་ལྡན་རྒྱན་དང་བསྡུས་བརྗོད་རྒྱན་དང་ཆ་དང་ཕྲ་མོ་རབ་རྟོག་འུད་བརྗོད་སོགས་མཚོན་ཐབས་ཀྱི་རྣམ་རྟོག་ས་བོན་མང་བ་བཅས་སོ།

གལ་ཏེ་ང་ཚོས་བོད་ཀྱི་སྙན་ངག་དང་སྙན་ངག་མེ་ལོང་མ་ཐ་དད་དུ་ངོས་འཛིན་དགོས་ཟེར་ན། བོད་ཀྱི་སྙན་ངག་དང་སྙན་ངག་མེ་ལོང་ལ་མུ་བཞི་ཡང་འཇོག་འོས་ཏེ།བོད་ཀྱི་སྙན་ངག་ཡིན་ལ་སྙན་ངག་མེ་ལོང་མ་ཡིན་པ་ནི་བོད་ཀྱི་མགུར་མ་དང་ལ་གཞས།གཏམ་དཔེ་དང་བཤད་པ་སྣ་ཚོགས།རང་མོས་སྙན་ངག་རིགས་ཤིགསྙན་ངག་མེ་ལོང་ཡིན་ལ་བོད་ཀྱི་སྙན་ངག་མ་ཡིན་པ་ནི་སྙན་ངག་མེ་ལོང་ཉིད།གཉིས་ཀ་ཡིན་པ་ནི་སྙན་ངག་མེ་ལོང་རྗེས་འཇུག་གི་སྙན་ངག་པ་ཕལ་མོ་ཆེའི་སྙན་ངག་མཐའ་དགགཉིས་ཀ་མ་ཡིན་པ་ནི་ཁུ་བྱུག་གི་སྐད་ལྟ་བུ།

 

ཐོག་མར་རྩོམ་པ་ལ་འཇུག་ཚུལ།

 

 

གལ་ཆེན་པོ་གསུམ་ཡོད། 

 

ཀ༽རྒྱུན་དུ་ཡར་སྐྱེད་་དགོས་པ་གཉིས།

༡༽རྩོམ་རིག་ལ་སྤྲོ་སྣང་སྐྱེད་དགོས།༼དམངས་ཁྲོད་ངག་རྩོམ་དང་དགའ་ས་མང་ཀློག༽

༢༽རྩོམ་རིག་གི་རིག་སྟོབས་སྐྱེད་དགོས།༼མཐོང་རྒྱ་ཐོས་རྒྱ་སྐྱེད་པ་དང་གཟུངས་སྔགས་ལ་མོས་པ།༽

 

ཁ༽ལད་ཟློས་ལ་བྱང་དགོས།

༡༽གཏམ་དཔེ་དང་གླུ་ཤགས།འདོགས་ར་སོགས་བློ་འཛིན་དང་དེ་མཚུངས་རྩོམ་པ།

༢༽མེ་ལོང་མའི་རྩ་ཚིག་གང་མང་བློ་འཛིན་དང་དཔེར་བརྗོད་གང་མང་འཇོག་དགོས།

 

ག༽འབྲི་རྩལ་སྦྱོང་བརྡར་བྱེད་པ།

༡༽ཉིན་ཐོ་མང་ཙམ་འབྲི་བ།

༢༽དཔེ་ཀློག་ཟིན་ཐོ་འབྲི་བ།

༣༽གང་བཤད་འདོད་པ་དག་ཡི་གེར་འགོད་པ།

 

༤༽བྲིས་ཚར་བ་དག་ལ་བབབསྐྱར་བཅོས་གང་མང་བྱེད་པ།

 

ཡང་ན་ཆ་རྐྱེན་འདི་དག་ཚང་དགོས།

 

༡༽སྐད་ཡིག་གི་བྱང་ཚད་ཇེ་མཐོར་གཏོང་དགོས།

༢༽དཔེ་དེབ་གང་ངམ་ཀློག་དགོས། 

༣༽རྩོམ་གཞུང་སྦྱོང་གལ་ཆེ།

༤༽འཚོ་བའི་མངར་སྐྱུར་ཁ་གསུམ་ཅི་ཙམ་མྱོང་རོལ་ཐུབ་ན་དེ་ཙམ་ལེགས།

༥༽གང་ཞིག་འབྲི་འདོད་ན་ཇི་ལྟར་འབྲི་འདོད་ན་དེ་ལྟར་རང་དབང་གིས་རྩོམ་དགོས།

༦༽ཚིག་གི་རྒྱན་ནམ་མཚོན་ཐབས་གསར་བ་འཚོལ་ཐུབ་ན་ཅི་བས་ལེགས།

 

 

བོད་ཀྱི་སྙན་དངགས།

 

སྤྱིར་བཏང་སྒྱུ་རྩལ་རྩོམ་རིག་ཟེར་བ་ནི་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཚང་མར་མང་ཉུང་མི་འདྲ་བ་དང་ཚད་གཞི་མི་འདྲ་བ་གང་མང་ཞིག་ཡོད་པས་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་ཞེས་བཤད་རྒྱུ་དཀའ་མོ་རེད།འོན་ཀྱང་འགྲོ་བ་མི་ཚང་མ་མིའི་གཅིག་མཚུངས་ཡིན་ན་ཡང་དེར་མི་རིགས་མི་འདྲ་བའི་ཁྱད་པར་ཅིག་གནའ་སྔ་མོ་ནས་ད་ལྟའི་བར་དུ་བཀར་ཅིང་ངོས་ལེན་བྱེད་ཀྱིན་ཡོད་པ་ལྟར་དུ།མི་རིགས་ཀྱི་རྩོམ་རིག་དང་མི་རིགས་ཀྱི་རྩོམ་པ་པོ་ཟེར་བ་ཞིག་ཀྱང་ཡོད་པ་དོན་དངོས་རེད།

བོད་ཀྱི་སྙན་དངགས་གླེང་དགོས་ན།ཐོག་མར་སྲོལ་རྒྱུན་སྙན་དངགས་ངོས་འཛིན་དགོས།འདི་ལ་ངག་རྒྱུན་སྙན་དངགས་དང་ཡིག་རྩོམ་མམ་རྩོམ་ཡིག་གཉིས་འདུགངག་རྒྱུན་སྙན་དངགས་ཟེར་བ་དེ་ཕལ་ཆེར་མགུར་མའམ་གཞས་ཚིག་དང་གཏམ་དཔེ།ལྡེའུ་དག་ནི་ཆེས་སྔ་ཤོས་རིགས་མིན་ནམ།གལ་ཏེ་འདི་དག་སྙན་དངགས་ལ་མི་འདོད་ན་ཕལ་ཆེར་ངག་རྒྱུན་སྙན་དངགས་ཟེར་བ་འཇོག་དཀའ།

བོད་ཀྱི་སྙན་དངགས་པ་ཞིག་ཡིན་ན་བོད་ཀྱི་སྲོལ་རྒྱུན་སྙན་དངགས་ལ་རྒྱུས་གང་འཚམ་ཞིག་ཡོད་དགོས།གསར་གཏོད་ཟེར་བ་དེར་ཡང་རྙིང་པའི་ས་བོན་ཞིག་གམ་རྨང་གཞི་ཞིག་ཡོད།དེས་ན་བོད་ཀྱི་རྩོམ་རིག་གསར་བ་ཡང་སྲོལ་རྒྱུན་གྱི་རྨང་གཞི་ལས་བྱུང་བ་ཞིག་ཆགས་ཡོད་དེ།རྩོམ་རིག་གསར་བའི་རྩོམ་པ་པོ་དེ་དག་ཀྱང་རྐང་ལམ་ཕྲ་མོ་དེད་དེ་གཞུང་ལམ་དུ་ཞུགས་པ་གསལ།

ཡིག་རྩོམ་ནི་བོད་ཡིག་ཐོག་མ་གསར་བཏོད་བྱས་པ་ནས་བྱུང་བ་ཡིན་ཏེ།ཐོན་མིའི་ཡིག་ཕུད་ཅེས་པ་དང་ཁོང་གི་མགུར་རྩོམ་དང་སྲོང་བཙན་གྱི་གདམས་མགུར་དེ་དག་བོད་ཀྱི་རྩོམ་ཡིག་གི་ཐོག་མ་ཡིན་པར་འདོད། 

དེས་ན་བོད་ཀྱི་སྙན་དངགས་རྩོམ་ཡིག་ནི་ཐོག་མ་ཉིད་ནས་སྙན་ངག་མེ་ལོང་ངམ་རྒྱ་གར་བའི་སྙན་དངགས་ལས་འཕོས་པའི་རྣམ་པ་ཞིག་ཡིན་པ་ཡང་གསལ་རྟོགས་ཐུབ་པ་ཞིག་རེད།འོན་ཀྱང་གནས་སྐབས་རིང་རྩོམ་སྲོལ་གསར་བ་འདི་རྒྱུན་སྤེལ་བྱུང་མེད་པ་འདྲ།སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་པ་ནས་གཞི་ནས་འཆད་ཁྲིད་དང་རྩོམ་སྲོལ་དར་སྤེལ་བྱུང་འདུག

 

བོད་ཀྱི་ནང་པའི་སྙན་དངགས། 

 

ཀ༽སྤྱིར་བོད་ལ་ཡང་མི་རིགས་གཞན་དག་དང་འདྲ་བར་གནའ་སྔ་མོ་ནས་ངག་ཐོག་གི་སྙན་ངག་ཅི་རིགས་བྱུང་ཡོད་ལ་དེ་དག་མང་ཆེ་བ་འཇིག་རྟེན་པའི་འཚོ་བ་ནང་དོན་ཅན་ཡིན།མགུར་ལ་སོགས་པའི་གཞས་ཚིག་དང་གཏམ་དཔེ།ལྡེའུ་རིགས།བཤད་པའི་རིགས་མང་པོ་ཡོད། 

 

ཁ༽ཡོངས་གྲགས་སུ་ཐོན་མིས་བོད་ཡིག་གསར་དུ་བཟོས་པ་ནས་བོད་ལ་མཁས་པའི་སྙན་ངག་སྟེ་ཡིག་ཐོག་གི་སྙན་རྩོམ་རིགས་བྱུང་།དེ་ཡང་ཐོན་མིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་ཕུལ་བའི་ཡིག་ཕུད་སྙན་དངགས་ཚིགས་བཅད་གསུམ་པོ་དེ་ཡིག་ཐོག་གི་སྙན་ངག་ཐོག་མར་བརྩི་འོས།

ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་།།

ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།།འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།

བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ།། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།།

ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག། དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།།

སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས།། སྲོང་བཙན་སྒོམ་པོར་མཚན་གསོལ་བའི།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ།།”  

ཐོན་མའི་མགུར་དང་སྲོང་བཙན་སྒམ་པོའི་ཞལ་གདམས་ཁག་ནི་སྙན་དངགས་ཐོག་མའི་རིགས་སོ།

ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།།ལམ་བགྲོད་པར་དཀའ་བའི་རྒྱ་གར་དུན།།ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།

ཁོང་མཁས་པ་བྲལ་ཟེ་ལི་བྱིན་ལ།།ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།།ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན།།བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།།

རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།རང་མཁས་པའི་ངེས་ཤེས་བློ་ལ་ཤར།།འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།།དུས་ད་ལྟ་དགའ་བ་ཕྱི་མ་སྐྱིད།།

ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།།མི་མཁས་པ་སླེབས་པའི་སྔོན་མ་ཡིན།།ང་མུན་པ་སེལ་བའི་སྒྲོན་མེ་ཡིན།།

རྗེ་རྒྱལ་ཉི་ཟླའི་ཚུལ་དུ་བཞུགས།།གྲོགས་བློན་པོ་ཁྲོད་ན་ང་ཙམ་མེད།།བོད་ཁ་བ་ཅན་པའི་མི་རྣམས་ལ།།ང་ཐོན་མི་བཀའ་དྲིན་མི་ཆེའམ།།

 

ཞེས་བྱ་བ་ལ་སོགས་པ་འདི་ལྟ་བུའི་སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང༌།བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས།སྤྲོས་པ་དེ་ཙམ་ཞིག་ལས་རེ་ཞིག་བཞག་གོ།གཞན་ཡང་སྙན་ངག་གཞན་ལས་བཤད་པའི་དཔེ།སྐྱེས་རབས་ལས།ཕྱིའི་རྒྱ་མཚོ་མཐའ་མེད་པ་སྔོ་བའི་དཔེ།ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །ཞེས་པའི་དཔེ་ལ།མུ་སྟེགས་ཚུན་ཆོད་དེང་སང་གི་བར་དུ་བསྔགས་པ་བྱེད་དོ། །མེ་ཏོག་ཀུནྡ་འཕངས་པའི་རྗེས་སུ་བུང་བ་བསྙགས་པ་ལ།ཟུར་མིག་གི་དཔེ་ཤིན་ཏུ་འཐད་པར་བྱེད།ཁྱོད་ཀྱི་རྣམ་ཐར་ལ་བུ་ག་མེད།ཡོན་ཏན་གྱི་སྲད་བུ་ལ་མཐའ་མེད།དེས་ན་ཕྲེང་བ་བརྒྱུད་མ་ཤེས་པས།ནམ་མཁའ་ལ་གཏོར་བ་སྐར་མར་སོང༌།དེ་ལ་རྒྱལ་པོ་དགའ་ནས་བྲམ་ཟེ་ལ་བྱ་དགའ་ཆེན་པོ་བྱིན།སེང་གེ་རྣམ་པར་བསྒྱིངས་པའི་ངང་ཚུལ་ཅན་ཟླ་བའི་འོད་ཟེར་འཐིགས་པ་འཁྱགས་པ་འདྲ།ཞེས་དཀར་པོའི་དཔེར་བརྗོད་པའང་མཁས་པ་རྣམས་དགའ་བའི་ཚིག་ཡིན་ནོ། །འདི་ལྟ་བུའི་དཔེ་དང་ཚིག་གི་རྒྱན་རྣམས་གོང་དུ་བརྟགས་ལ་ཤེས་པར་བྱའོ། །རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང༌། །སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག།མཁས་པ་རྣམས་འཇུག་པའི་སྒོ་ལས།རྩོམ་པ་ལ་འཇུག་པའི་ལེའུ་སྟེ་དང་པོའོ།།   

 

ག༽བོད་ཀྱི་སྙན་ངག་པ་ཕལ་མོ་ཆེ་བན་བོན་མཁས་པ་རྣམས་ཡིན།དེ་བས་དེ་དག་གི་སྙན་ངག་ཀྱང་ཕལ་མོ་ཆེ་ཆོས་ལུགས་དང་འབྲེལ་བ་ཡིན།

ང༽དེང་སང་ཡང་དགོན་སྡེའི་སྙན་ངག་པ་སྔར་ལས་ཇེ་མང་ལ་འགྲོ་བཞིན་ཡོད།སྙན་ངག་གི་ནང་སྙིང་ཆོས་ཀྱི་དོན་སྙིང་ཆགས་ཡོད།

ཅ༽མི་སྐྱ་སྙན་ངག་པའི་ནང་ན་ཡང་ཆོས་དད་ཅན་ཧ་ཅང་མང་།དེ་བས་ཆོས་ལུགས་ཀྱི་ལྟ་སྤྱོད་དང་འབྲེལ་བའི་སྙན་ངག་མང་།

ཆ༽སྲོལ་རྒྱུན་སྙན་ངག་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་ཅིག་ཏུ་གྲུབ་ཡོད། 

ཇ༽བསྟོད་པ་དང་རྟོགས་བརྗོད།གདམས་ངག་རིགས་སྟོན་པར་ལྷག་ཏུ་སྲོལ་རྒྱུན་སྙན་ངག་འོས་འཚམ་རེད་འདོད།

 

།རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང༌། །སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག   

 

སྙན་ངག་ལེགས་པོ་ཞིག་ཇི་ལྟར་རྩོམ་ཐུབ་བམ།

 

 ༼མྱོང་ཚོར་ཙམ་བརྗོད་པ།༽

 

 

དབྱངས་ཅན་ཕྱག་གི་སྒྲ་དབྱངས།དབྱངས་དགུ་རྫོགས་པའི་རོལ་དབྱངས།

སྙན་ངག་མཁན་པོའི་ངག་སྙན།སྙན་ཚིག་གསར་བའི་དབྱངས་སྙན།

 

 

ཐོག་མར་ཁྱོད་ཀྱིས་ཅིའི་ཕྱིར་སྙན་ངག་རྩོམ་ན་འདོད་པ་དེ་ལ་རང་གིས་ལན་ཞིག་འདེབས་ཐུབ་དགོས།སྙན་ངག་ལ་དགའ་བ་ཙམ་གྱིས་ཡིན་ནམ།སྙན་ངག་ཟེར་བ་དེ་ཁྱད་པར་བ་ཞིག་རེད་སྙམ་པ་ཡིན་ནམ།སྙན་ངག་པའི་མིང་ཞིག་འཐོབ་འདོད་པ་ཡིན་ནམ།སྙན་ངག་གིས་རང་ཉིད་ཀྱི་གསལ་སྟོན་ཆེད་ཡིན་ནམ།ཡང་ན་སྙན་ངག་རྩོམ་པ་དེ་རང་གི་ཆེད་དུའམ་གཞན་གྱི་ཆེད་དུ་ཡིན་པ་དེ་ངོས་ཟིན་དགོས།

དེ་ནས་སྙན་ངག་ལེགས་པོ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་མིན་ལ་བསམ་བློ་གཏོང་དགོས།རང་གི་འདོད་བློ་ཁེངས་པ་ཞིག་ལ་ཟེར་ཆོག་གམ།ཡང་ན་གཞན་གྱི་གདེང་འཇོག་འཐོབ་དགོས་པ་ཞིག་ལ་ཟེར།སློབ་གསོའི་དོན་སྙིང་ཅན་ཞིག་ཡིན་དགོས་སམ།ཆོས་ལུགས་ཀྱི་དགོངས་དོན་དང་འབྲེལ་དགོས་པ་རེད་དམ།གནས་ལུགས་ཅན་ཞིགབརྩེ་དུང་གིས་ཕྱིག་པ་ཞིགཚིག་གི་སྒྱུ་རྩལ་དང་མཛེས་པ་ཞིགཚིག་དོན་གཉི་གའི་མཛེས་པ་ཚང་བ་ཞིགཡང་ན་དེ་དག་ལས་ཀྱང་ད་དུང་གཞན་ཞིག

ངས་སྙན་དངགས་ནི་སྒྱུ་རྩལ་དང་མཛེས་པའི་ཡང་རྩེ་ཞིག་ལ་ངོས་འཛིན་གྱི་ཡོད།དེ་བས་དེ་འཆར་རྟོག་དང་གསར་སྐྲུན་གྱིས་བཞེངས་དགོས།དེས་ན་རྟོག་བཟོ་བ་དེ་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་རབ་ཅིག་དགོས།སྐྱེས་སྦྱངས་ཀྱི་ཤེས་ཡོན་ལེགས་ཙམ་དགོས།རྩོམ་འབྲིའི་སྦྱོང་བརྡར་དང་ལག་ལེན་རྒྱུན་སྐྱོང་ཐུབ་པ་ཞིག་དགོས། 

ཆ་རྐྱེན་དེ་གསུམ་ལས་གང་རུང་གཅིག་མ་ཚང་ན་ཡང་དེ་ཉིན་སྙན་དངགས་པ་ཁྱད་པར་བ་ཞིག་ཏུ་འགྱུར་མི་སྲིད། 

རྣམ་དཔྱོད་ཞན་ན་འཆར་རྟོག་རྒོད་པོ་མེད།དེ་མེད་ན་གསར་གཏོད་ཀྱི་ནུས་པ་མེད།

རྩོམ་རིག་གི་སྦྱོང་བརྡར་མེད་ན་སྐད་ཡིག་གི་བརྡར་ཤ་མི་ཆོད།ཚིག་རྩལ་ཞན།དེ་བས་སྙན་ངག་གི་དངོས་རྒྱུ་སྐད་ཆའི་སྒྱུ་རྩལ་གྱིས་མི་འདང་།དེའི་ཐོག་ལ་མཐོང་ཐོས་མྱོང་བའི་ཤེས་ཡོན་གང་འཚམ་མེད་ན་ཚིག་རྩལ་དང་རྣམ་དཔྱོད་ཀྱི་འཇུག་སྒོ་དོགདེ་བས་ཟབ་ཅིང་བརླིང་བ་དང་གནས་ལུགས་ཀྱིས་ཕྱུག་པའི་སྙན་དངགས་མང་པོ་འབྲི་ཐབས་བྲལ།

མདོར་ན་སྙན་ངག་མེ་ལོང་ལས།རང་བཞིན་གྱིས་གྲུབ་སྤོབས་པ་དང་།མང་དུ་ཐོས་པ་དྲི་མེད་པ། ངོན་པར་སྦྱོར་བ་མི་དམན་པ།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།ཞེས་གསུངས་པ་ནི་ཡང་རྒྱ་གར་གྱི་སྙན་ངག་པ་དག་གིས་ཡང་དག་པའི་སྡོམ་ཚག་ཅིག་རེད་སྙམ།ལ་ལས་དྲི་མ་མེད་པ་ཞེས་པ་སྙན་དངགས་པའི་དགོངས་པའམ་ཀུན་སློང་བཟང་པོར་ཡང་བཞེད།རྩོམ་རིག་ཅེས་པ་མིའི་རིགས་ཀྱི་བླ་སྲོག་དང་བསམ་བློའི་མཐོ་སྙེག་ཅིག་ཏུ་འདོད་ཚེ་རྩོམ་པ་པོ་ལ་གཞན་ཕན་གྱི་བསམ་བློ་ལྡན་དགོས་པ་དེ་ཡང་ཆེས་གཙོ་བོ་ཞིག་ཅི་ལ་མིན།ལྷག་པར་རླབས་ཆེན་གྱི་རྩམ་པ་པོ་ཞེས་པ་དག་ལ་རླབས་ཆེན་གྱི་ཕུགས་བསམ་ལྡན་པ་མིན་ནམ།

སྙན་ངག་པས་སྙན་ངག་གི་མཆོད་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཚུལ་དང་ལྷའི་ཞལ་བསྟན་པ་སོགས་ཀྱང་་་

སྙན་ངག་དམ་པའི་རྒྱན་ལྡན་ནི།བསྐལ་པའི་བར་དུ་གནས་པར་འགྱུར།

སྙན་ངག་མཁན་ཆེན་རྣམས་ཀྱི་ངག་རྣམས་ལས།ད་དུང་དངོས་པོ་གཞན་པ་རྟོགས་པ་ཡོད།

 

སྨྲས་པ།

རྣམ་དཔྱོད་ནི་ཚངས་པའོ།སྐད་ཡིག་ནི་འཕྲུལ་པིར་རོ།ཤེས་ཡོན་ནི་ཚོན་སྣའོ།དེ་གསུམ་གྱིས་སྙན་དངགས་བཞེངས་སོ།།

སྙན་ངག་དང་སྙན་ངག་པ།

 

 

དབྱངས་ཅན་སྤྲུལ་པའི་རང་གཟུགས།སྙན་དངགས་དག་ལ་གུས་མཆོད།

སྙན་དངགས་མཁན་ཆེན་དག་གིས།དབྱངས་ཅན་པི་ཝང་དཀྲོལ་བར་བསྔགས།

 

སྙན་ངག་དང་སྙན་ངག་པ་བར་གྱི་འབྲེལ་བ།

 

 

སྙན་ངག་པའི་བརྩམས་ཆོས་ངག་གི་སྒྱུ་རྩལ་དག་ནི་སྙན་ངག་དང་སྙན་ངག་གི་བྱེད་པོ་ད་ལ་སྙན་ངག་པ་ཟེར།འདི་ལྟར་བཤད་ན་སུས་ཀྱང་གོ་བདེ་ལ་ཁས་མི་ལེན་དགོས་དོན་ཡང་མེད།སྙན་ངག་པའི་བྱ་བ། ཡང་སྙན་ངག་གི་ཁྱད་ཆོས་ཀྱི་སྒོ་ནས་སྙན་ངག་གི་གོ་དོན་འཇོག་པ་ཡོད།

 

སྙན་ངག་ནི་སྙན་ངག་པའི་བསྐྱེད་འབྲས་སམ་བསྐྱེད་བྱ་དང་སྙན་ངག་པ་ནི་སྙན་ངག་གི་སྐྱེད་བྱེད། 

དེས་ན་སྙན་ངག་རྩོམ་པ་ལ་སྙན་ངག་པའི་མཚན་ཉིད་ཚང་དགོས།དེ་ནི་སྙན་ངག་མེ་ལོང་མ་སྦྱངས་པ་ཚོས་ཤེས་ཏེ།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་ཟེར།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་དེ་དོན་ལ་སྙན་ངག་པ་ཞིག་ཚང་དགོས་པའི་ཁྱད་ཆོས་ཡིན།སྐྱེད་བྱེད་ཀྱི་རྒྱུ་ཅི་ཙམ་བཟང་ན་བསྐྱེད་འབྲས་ཀྱང་དེ་བཞིན་ལེགས་པ་ཆོས་ཉིད་རེད།

སྤྱིར་བྱ་དངོས་རེ་རེ་བཞིན་དུ་བཟང་ངན་གྱི་ཁྱད་པར་ཡོད་པ་བཞིན་དུ་སྙན་ངག་པ་ལའང་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཆོག

 

སྙན་ངག་དང་སྙན་དངགས་ལ་ཁྱད་པར་ཕྱེས་ན་ལེགས་སྙམ།

 

 

དེ་རིང་གི་སྐད་ཆ་འདི་སྙན་ངག་པའི་སྐད་ཆ་ལྟར་བཤད་ན་འདོད་དེ།བརྗོད་བྱ་སྙན་ངག་དང་སྙན་ངག་པ་ཡིན་པར་མ་ཟད་ཉན་མཁན་དག་ཀྱང་སྙན་ངག་པའམ་སྙན་ངག་ལ་དུངས་མཁན་ཤ་སྟག་ཡིན་ངེས།

ངག་ལས་དངགས་འཕགས་པས་ན།སྙན་དངགས་པ་ནི་སྙན་ངག་པ་ལས་ལྷག 

སྙན་དངགས་ནི་འོད་སྣང་ཞིག་ཡིན།སེམས་ཀྱི་སྣང་བ་རང་འབར་ཡིན།དེ་བས་སྙན་དངགས་པ་འོད་སྣང་གི་བྱེད་པོ་ཡིན།

མཚན་ཉིད་དང་ལྟ་གྲུབ་བསྡེབས་པའི་སྙན་དངགས།མཚན་ཉིད་པ་དང་ལྟ་གྲུབ་སྨྲ་བའི་སྙན་དངགས་པ།ནང་པའི་སྙན་དངགས་པ་ཕལ་མོ་ཆེ་འདིར་གཏོགས།

སྙན་དངགས་ནི་དུང་བརྡ་ཞིག་ཡིན།ངག་གི་རང་བྱུང་དུང་སྐད་ཅིག་ཡིན།དེ་བས་སྙན་དངགས་པ་དེ་དུང་འབུད་མཁན་ཡིན།དུང་སྐད་དེ་ཐོས་ཐུབ་མཁན་གང་མང་ཞིག་མདུན་དུ་སྐྱོད་ཀྱིན་ཡོད།དུང་འབུད་མཁན་རང་ཉིད་ཀྱིས་སྣེ་ཁྲིད་དེ་སྐྱོད་ངེས།

སྙན་དངགས་ནི་མེ་ཏོག་མཚར་བོ་ཞིག་ཡིན།བློ་རིག་གི་སྙུག་རྩེ་ནས་བཞད་པའི་མེ་ཏོག་ཅིགདེ་བས་སྙན་དངགས་པ་ནི་མེ་ཏོག་སྐྱོང་མཁན་ཡིན།མེ་ཏོག་འདིས་མི་སེམས་དུ་མ་ཞིག་ལ་མཛེས་སྡུག་སྦྱིན་ཐུབ། 

སྙན་དངགས་ནི་སྨན་མཆོག་ཅིག་ཀྱང་ཡིན།སྐྱོ་གདུང་དང་སྤྲོ་སྣང་སྐྱེད་བྱེད་ཀྱི་སེམས་སྨན་ཞིག་ཡིན།དེ་བས་སྙན་དངགས་པ་དེ་སྨན་པ་ཞིག་ཀྱང་ངོ།

སྙན་དངགས་ནི་ང་རྒྱལ་སློང་བའི་དཔའ་སྐད་ཅིག་ཀྱང་ཡིན་ན་སྙན་དངགས་པ་ནི་དཔའ་རྒོད་ཅིག་ཀྱང་ཡིན་ངེས།

སྙན་དངགས་ནི་བྱམས་བརྩེའི་རོལ་དབྱངས་ཞིག་ཡིན་ན་སྙན་དངགས་པ་ནི་བརྩེ་བའི་བདག་ཉིད་ཀྱི་རོལ་དབྱངས་པ་དེ་ཡིན་ངེས།

སྙན་ངག་ནི་འདོད་དགའི་ཉག་ཕྲན་ཞིག་ཀྱང་ཡིན་ན་སྙན་ངག་པ་ནི་འདོད་ལྷ་དགའ་རབ་དབང་ཕྱུག་དེ་ཡང་ཡིན་ངེས།

སྙན་དངགས་ནི་སྐྱོ་གར་གྱི་འཁྲབ་ཚན་དུམ་བུ་རེ་ཡིན་ན་སྙན་དངགས་པ་ནི་བྱང་ཆ་ལྡན་པའི་གར་མཁན་དེ་ཡིན་ངེས།

 

མདོར་ན་སྙན་དངགས་ནི་དེ་འདྲའི་བྱེད་ལས་དང་མཐུ་རྩལ་དུ་མའི་སྒྱུ་རྩལ་གྱི་དྭངས་མ་ཞིག་ཡིན་པས་སྙན་དངགས་པ་ནི་རྫུ་འཕྲུལ་ཆེ་བའི་སྒྱུ་རྩལ་པ་རྨད་བྱུང་ཞིག་ཅི་ལ་མིན།

 

རྒྱུ་མཚན་དེའི་དབང་གིས་ཁྱོད་རང་སྙན་དངགས་ལ་དགའ་ཞིང་རྒྱུ་མཚན་དེའི་དབང་གིས་ང་རང་སྙན་དངགས་པ་ལ་སྨོན་པའོ༎

 

སྙན་ངག་པའི་རིན་ཐང་གཞལ་ཚུལ།

 

 ཧྥ་རན་སིའི་སྙན་ངག་པ་འགའ་ཞིག

 

སྙན་ངག་གླེང་དགོས་ན་སྙན་ངག་པ་གླེང་དགོས་ལ། སྙན་ངག་པ་གླེང་ན་ཡང་དེའི་སྙན་ངག་ངེས་པར་གླེང་དགོས། 

འདིར་ནུབ་གླིང་གི་མཚོན་རྟགས་རིང་ལུགས་པའི་སྙན་ངག་པ་འགའ་རེ་གླེང་སློང་བྱེད། 

མཚོན་རྟགས་རིང་ལུགས་ཟེར་བ་འདི་ནུབ་གླིང་རྩོམ་རིག་སྨྲ་བའི་དེང་རབས་ཀྱི་རྩོམ་རིག་གྲུབ་མཐའ་ཆེ་ཤོས་ཤིག་རེད།དེ་ཡང་ཀེ་རི་སིའི་ན་གཞོན་སྙན་ངག་པ་རང་་མོ་ལེ་ཡ་སི་ཡིས་ཚགས་པར་ཞིག་གི་ཐོག་ལ"རྩོམ་རིག་གི་བསྒྲགས་གཏམ"ཞེས་པ་ཞིག་བསྒྲགས་ཏེ།མཚོན་རྟགས་ཐབས་རྩལ་ཅན་གྱི་སྙན་ངག་གསར་རྩོམ་པ་དག་ལ་མཚོན་རྟགས་རིང་ལུགས་པ་ཞེས་འབོད་དགོས་པ་བཤད།དེས་ཧྥ་རན་སིར་དེང་རབས་ཀྱི་རྩོམ་རིག་གསར་བའི་གྲུབ་མཐའ་ཞིག་བྱུང་ཟིན་པ་བསྟན་ཡོད།མཚོན་རྟགས་ཞེས་པ་བྱ་དངོས་བྱེ་བྲག་པ་ཞིག་གམ་གོ་དོན་གང་ཞིག་གི་ཚབ་བྱེད་ལ་གོ་བས་དཔེ་འཇོག་དང་མི་འདྲ།བསྡུས་བརྗོད་དང་འདྲ།

༡༨༥༧་ལོར་དཔར་འགྲེམས་བྱས་པའི་ཧྥ་རྣ་སིའི་གཞོན་སྐྱེས་སྙན་ངག་པ་པོ་ཏའེ་ལེ་ཨེར་གྱི་སྙན་དེབ་མི་དགེ་མེ་ཏོག་ཅེས་པ་མཚོན་རྟགས་རིང་ལུགས་པའི་ཐོག་མའི་བརྩམས་ཆོས་སུ་ངོས་འཛིན།ཁོའི་རྗེས་འཇུག་པ་གཙོ་བོ་ཝེར་ལེན་དང་ལན་པའོ།མ་ལ་མེ་སོགས་བྱུང་ནས་དར་ཁྱབ་ཏུ་གྱུར།ཧྥ་རན་སིའི་རྩོམ་རིག་ནས་འཛམ་གླིང་རྩོམ་རིག་གི་རྣམ་པར་གྱུར།༼༡༨༨༦_༡༨༩༡༽༼ལོ་རབས་དགུ་བཅུ་བའི་ནང་དུ་དེ་དག་སྔ་རྗེས་སུ་གྲོངས་རྗེས་ཅུང་ཉམས་པར་གྱུར།༽དུས་རབས་བཅུ་ཉི་ཤུ་བའི་ལོ་རབས་ཉི་ཤུ་བ་ནས་སླར་ཡང་དར།འདི་ལ་ཕྱི་དར་མཚོན་རྟགས་རིང་ལུགས་པའང་ཟེར།

མཚོན་རྟགས་རིང་ལུགས་པའི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་ལ་ངོས་འཛིན་འདི་འདྲ་བྱས་འདུག

ནང་བསམ་པའི་འཇིག་རྟེན་གཙོ་བོར་འཛིན་པ། ཐད་ཀའི་འདུན་མཚོན་མི་བྱེད་པར་མཚོན་རྟགས་དང་ཤུགས་བསྟན་གྱི་ཐབས་ཚུལ་བཀོལ་བ།ལྐོག་གྱུར་སྨྲ་བའི་ཁྱད་ཆོས་ལྡན་པ།བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་ཅིང་དམིགས་བསལ་གྱི་མཛེས་པའི་མཚན་ཉིད་བཏོན་པ་བཅས།༼སྙན་ཚིག་གི་རོལ་དབྱངས་རང་བཞིན་གཙིགས་སུ་འཛིན་པ།༽

 

 

ཀ༽སྙན་དངགས་པ་པོ་ཏེ་ལེ་ཨེར་དང་<<མི་དགེ་མེ་ཏོག>>སྐོར་མཚམས་སྦྱོར་མདོར་བསྡུས། 

 

འཚོ་བའི་དཀའ་སྡུག་ལ་བཟོད་སྒོམ་དང་གདོང་ལེན།རེ་བ་ཡོད་ཚད་སྙན་ངག་ལ་བཅངས་པའི་འདུན་མོས། 

སྙན་ངག་གསར་རྩོམ་གྱི་རྣམ་དཔྱོད་དང་སྤོབས་པ།

སྲོལ་ངན་དང་བཙན་གནོན་ལ་འགོག་རྒོལ་གྱི་སྙིང་སྟོབས།དཔེ་ཀློག་གི་བརྩོན་སེམས་བཅས་ནི་ང་ཚོའི་མིག་དཔེར་བལྟ་སར་འོས། 

སྐབས་རེར་རྒྱས་སྤྲོས་ཕྱུག་བདག་བུ་ལྟར་སྨྱོས།

ལན་རེར་ར་བཟི་བག་མེད་གང་སར་འཁྱམས།

སྐབས་ཤིག་གསར་བརྗེའི་འོས་ལངས་དཔའ་སྐད་འཐེན།

ཐོག་མཐའ་བར་དུ་དཔེ་ཀློག་རྣམ་དཔྱོད་སྦར།

མི་དགེའི་མེ་ཏོག་མི་ཚེའི་རྒྱན་དུ་བཞད།

ཆགས་འཇོག་དཀའ་བའི་སྙན་ངག་མཁན་པོ་སུ།།

 

 

ཞར་་པོ་ཏེ་ལའེ་ཨར།༡༨༢༡་ལོར་ཕ་རི་སིར་སྐྱེས།ཕ་ཁྱིམ་ཞིང་པ།ཕ་རི་སིའི་སློབ་ཆེན་དུ་མཚན་ཉིད་དང་ལྷ་རིག་པ་སྦྱངས།རི་མོར་དགའ།༡༧༨༩་ནས་༩࿁་གསར་བརྗེར་ཞུགས་མྱོང་།བློ་འབྱེད་བསམ་བློ་བའི་རྗེས་འཇུག་ཅིགལོ་༦༠་ཐོག་པོ་ཏེ་ལའེ་ཨར་གྱི་ཨ་མ་ཆུང་མར་བླངས།བུ་སྤྱི་གླིང་དུ་འཆམ་འཆམ་ཁྲིད་དེ་འཇིམ་བརྙན་དག་གི་གཏམ་རྒྱུད་བཤད་རྒྱུར་བས་པོ་ཏེ་ལེ་ཨར་ལ་ལྷ་སྒྲུང་གི་བག་ཆགས་ཆེན་པོ་བཞག 

ལོ་དྲུག་ཐོག་ཕ་རྒན་གྲོངས།ཨ་མ་གཞོན་སྐྱེས་མས་དམག་དཔོན་ཨོའུ་པི་ཁའོ་ཞེས་པར་གཉེན་བསྒྲིགས།བསམ་བློ་རྙིང་ཞེན་དང་བྱ་བ་ལོག་སྤྱོད་ཅན་གྱི་དམག་དཔོན་དེ་དང་པོ་ཏེ་ལེ་ཨར་གཉིས་རིམ་བཞིན་འགླ་བ་ཇེ་ཆེར་གྱུར།ཨ་མར་དགའ་ཞིང་ཕ་ཡར་ལ་སྡང་བའི་བུ་དེ་སེམས་སྡུག་ཆེན་པོའི་ནང་དུ་ལྷུང་།ཁོ་ཕ་རི་སིའི་ལུའུ་དབྱི་བཙན་རྒྱལ་སློབ་འབྲིང་དུ་ཞུགས་བློརིག་རྒོད་ཅིང་སྦྱངས་འབྲས་ཕུལ་བྱུང་དུ་གྱུར་ན་ཡང་སྒྲིག་ལམ་བརྩེ་དཀའ་བ་དང་སྲོལ་གསར་ལ་དགའ་ཆེ་བས་ཕྱིར་ཕུད།དེ་ནས་ལྷག་པར་བག་མེད་ཀྱི་འཚོ་བར་རོལ།ཡིན་ཡང་དཔེ་དེབ་ཀློག་རྒྱུར་དགའ་ཞིང་ན་གཞོན་རི་མོ་བ་དང་རྩོམ་པ་པོ་དག་ལ་འབྲེལ་འདྲིས་བྱས།མཛེས་པ་ཁོ་ནའི་རིང་ལུགས་ཀྱི་མཁས་དབང་ཀ་རེ་ཡེ་ཞེས་པའི་སློབ་མའིགྲས་སུ་ཚུད།མི་ཚོས་ཁོ་ལ་དཔེ་ཆ་བ་ལྡོམ་པོ་ཟེར།

ཕ་ཡར་གྱིས་ཁོའི་ང་རྒྱལ་དང་འགོག་རྒོལ་གྱི་བསམ་བློར་འགྱུར་བ་གཏོང་ཆེད་གྲུ་གཟིངས་ནང་རྒྱ་གར་དུ་ལྟ་སྐོར་ལ་བཏང་།ཁོ་ལམ་བར་ནས་ཕྱིར་ལོག ྲགྱང་བཞུད་དེས་ཁོའི་མཐོང་རྒྱ་ཅུང་བསྐྱེད།ཕྱིར་ལོག་ནས་ཕ་རྒན་གྱི་ཤུལ་བཞག་རྩ་ཆེན་དག་བཀོལ་ནས་བག་མེད་རྒྱས་སྤྲོས་ལ་རོལ་མཐོ་རིམ་གྱི་བུད་མེད་དག་ལ་ཡང་འགྲོགས་ཏེ་ཆེ་དྲག་དག་ལ་འགྲན་བསླངས།རྒྱུ་ནོར་ཟད་པས་ཨ་མས་གཞུང་དཔང་བཙལ་ནས་ཁོའི་ཟླ་རེའི་འཚོ་དངུལ་ལ་སྟངས་འཛིན་བྱས་པས་སླར་ཡང་ངན་ངོན་གྱི་འཚོ་བ་སྐྱེལ་དགོས་བྱུང་།འགོག་རྒོལ་གྱི་བསམ་ཚུལ་ཡོད་ཀྱང་སྐྱོ་སྣང་དང་ཁེར་རྐྱང་གི་འདུ་ཤེས་ཆེ་བས་ར་བཟི་དང་དུ་ནག་ཀྱང་འཐེན་ནས་ཐ་ཤལ་སྤྱོད་པར་ཞུགས།༼འུ་ཚོར་མཚོན་ན་ཁོ་རྦད་དེ་འཕྲོ་བརླག་ལ་འགྲོ་འགོ་ཚུགས།༽1848ལོར་ཕ་རི་སིའི་བཟོ་བ་དང་ལྷན་དུ་དྲག་པོའི་འོས་ལངས་ནང་ཡང་ཞུགས།གསར་བརྗེའི་ལས་འགུལ་དེར་ཕམ་ཁ་བྱུང་བས་ཁོ་སླར་ཡང་རེ་ཆད་སྐྱོ་སྣང་ནང་ལྷུང་། ཡིན་ན་ཡང་ཁོའི་བློ་རིག་གསལ་བ་དང་རྩོམ་རིག་ལ་དུངས་པས་སེམས་པ་གསར་རྩོམ་ལ་ཕྱོགས།ཁོའི་བསམ་བློ་དེ་དག་མཚོན་ཐབས་བྱས།༡༨༥༢་ནས་༥༧་བར་ལ་སྙན་ཚིག་ཉི་ཤུ་ལྷག་དང་དཔྱད་བརྗོད་བཅུ་ལྷགསྒྱུར་རྩོམ་གང་མང་འགྲེམས་སྤེལ་ཐུབ།ཨ་རིའི་རྩོམ་པ་པོ་ཨེ་ལུན་་ཕའོ་ཡི་བརྩམས་ཆོས་ཀློག་རྒྱུ་དང་སྒྱུར་རྒྱུར་དགའ།ཁོ་གཉིས་ཀྱི་ལྟ་ཚུལ་འདྲ་ལ་འཚོ་བའི་སྐྱིད་སྡུག་ཀྱང་མཚུངས་ས་མང། 

ངས་མཛེས་རྒྱན་བརྟོལ་ནས་དམྱལ་བ་སྔོག་ཐུབ།ཅེས་དང་།ང་ལ་ལུད་བྱིན་དང་ངས་གསེར་ལ་སྒྱུར་ཐུབ།ཅེས་སྙན་ངག་གི་མཐུ་རྩལ་ངོམ་ཡོད།སྙན་ངག་དེ་དག་ཕྱོགས་བསྒྲིགས་ཀྱིས་༡༨༥༧་ལོར་འགྲེམས་སྤེལ་ཐུབ་ཡོད།དེའི་མིང་ལ་མི་དགེ་མེ་ཏོག་ཟེར།ཁོ་ཉལ་ཐ་འཐེན་གོམས་སུ་སོང་བས་གཟུགས་པོ་ཇེ་ཞན་དུ་སོང་ཞིང་སྙིང་སྟོབས་དང་རེ་བ་ཡང་ཇེ་ཞན་དུ་སོང་ནས་མུ་མཐུད་གསར་རྩོམ་ལེགས་པོ་བྱེད་མ་ཐུབ་པར་༡༨༦༧་ལོར་ཕ་རིས་སིར་ཉམ་ཐག་ངང་གྲོངས་སོ༎

 

སྙན་ངག་གྱེར་ན་ཚོར་སྣང་ལ་གཤོག་པ་ཐོགས།

 

 

སྙན་ངག་གྱེར་འདོན་པ་ཞིག་ཡིན་ན།སྒྲ་དག་གསལ་སྙན་གསུམ་འཛོམས་དགོས།  

སྙན་ངག་ལ་དུང་བ་ཡོད་པ་དང་ལྷག་པར་གྱེར་བྱའི་སྙན་ངག་གང་དེར་རོལ་མྱོང་ཐུབ་པ་ཞིག་ཡིན་ན་ལེགས།

གཅོད་མཚམས་དང་དབྱངས་ཀྱི་འདེགས་འཇོག་ལ་དོ་སྣང་དགོས་པ།

རོལ་དབྱངས་ཀྱི་རམ་འདེགས་ཡོད་ན་དེ་བས་ལེགས།

ཟློས་གར་གྱི་ཉམས་འགྱུར་ལ་ཅུང་རྒྱུས་ཡོད་དགོས།

 

ཁུ་སིམ་ཁོག་ཀློག་དང་སྤྱིར་བཏང་གི་འདོན་སྟངས་དག་ལས་སྐད་མཐོན་པོས་བཀླགས་ན་རང་གིས་རང་ལ་ཡང་ཚོར་སྣང་སྐྱེད་ཐུབ།ང་སྤྱིར་བཏང་དེབ་ཀློག་དུས་ཁུ་སིམ་ཁོག་ཀློག་ལ་མི་དགའ།སྒྲུང་གཏམ་གཏམ་བརྗོད་རིགས་ཡིན་ན་ཡང་མི་སྣ་དེ་དག་གི་ལད་ཟློས་ཚུལ་དུ་བཏོན་ན་ལྷག་པར་བསོ་མོ་འདྲ་རེད་ལ་་་་

 

གྱེར་འདོན་སྙན་ངག་ལ་ཚིགས་མཚམས་རིང་ཐུང་མང་བ་དང་ནང་དོན་ཁ་གསལ་གོ་བདེའི་རིགས་ཅན་ཅུང་ལེགས་ཏེ། ཉན་མཁན་པའི་ནང་དུ་སྙན་ངག་པ་མ་ཡིན་པ་ཡང་མང་བས་སོ།། 

 

འུག་ཁྱིམ་ཚང་།

 

འུག་ཁྱིམ་ཚང་གི་ཚོགས་མི་ཉི་ཤུ་ལྷག་གཙོ་བྱས་ཏེ་དེ་རིང་གི་དྲྭ་ཞུགས་པ་ཡོངས་ལ་འཚམས་འདྲི་དང་ལྷག་པར་དུ་གསེར་གྱི་རྨུ་ཐག་ཅེས་པའི་རིག་རྩལ་སྤྲོ་ཚོགས་འདི་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ། འུག་ཁྱིམ་ཚང་གི་དྲྭ་བདག་མ་གངས་སྲས་མོས་རེ་བསྐུལ་ལྟར་བོད་ཀྱི་སྐད་དང་རིག་གཞུང་རྒྱུན་འཛིན་སྐོར་ལ་ཁ་བརྡ་ཚིག་གསུམ་ཞུ། 

 

ཐོག་མར་ང་ཚོས་ཅིའི་ཕྱིར་བོད་ཀི་སྐད་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས་པ་དེར་ངོས་འཛིན་གསལ་བོ་ཞིག་ཐོབ་དགོས།གནད་དོན་འདི་རང་གིས་རང་ལ་ལན་འདེབས་ཐུབ་དགོས་པ་ཞིག་ཡིན།ཇི་སྲིད་རང་ལ་རང་ལན་རྒྱུ་མཚན་ལྡན་པ་ཞིག་མ་བརྙེད་པའི་བར་དུ་ཁྱོད་དོན་ངོ་མའི་རྒྱུན་འཛིན་པ་ཞིག་ཏུ་འགྱུར་དཀའ།

གཉིས་པ།ཁྱོད་ཀྱིས་བོད་ཀྱི་སྐད་དང་ཡི་གེ་རང་མགོ་ཐོན་པ་ཞིག་མི་ཤེས་ན་ཤེས་སུ་འཇུག་དགོས།དེའི་ཐབས་ཤེས་རང་གིས་འཐེན་ཐུབ་དགོས།

ཁྱོད་ལ་བོད་ཀྱི་སྐད་ཡིག་རང་རྐྱ་འཕེར་བ་ཞིག་ཡོད་ན།མུ་མཐུད་དུ་བཀོལ་སྤྱོད་ཐུབ་དགོས།ཇ་ཁ་ཆང་ཁ་དང་དྲྭ་ལམ་སོགས་གང་ན་བཀོལ་ས་ཡོད་པ་དེ་དག་ཀུན་ཏུ་བཀོལ་དགོས། 

ཁྱོད་ཀྱིས་བོད་ཡིག་གི་དཔེ་དེབ་ལྟ་ཀློག་དང་རྩོམ་ཡིག་རིགས་འགྲི་ཐུབ་ན་དེ་ཡང་རང་ངོས་ཀྱི་བཀོལ་སྤྱོད་ཡིན།གཏན་དུ་འགྱུར་མེད་ཀྱི་བོད་ཡིག་གི་འཁོར་ས་ཡིན།

ཁྱོད་ཀྱིས་གཞན་དག་ལ་ཅི་ཙམ་གྱིས་སློབ་རོགས་བྱེད་ཐུབ་ན་དེ་བས་ཀྱང་ལེགས།དེང་རྒྱང་རིང་ནས་རྒྱང་རིང་ལ་ཡང་སློབ་ཁྲིད་བྱེད་ཐུབ་པའི་གོ་སྐབས་བཟང་པོ་འདུགསློབ་མ་ཞིག་མི་ལོན་པ་དང་དགེ་རྒན་ཞིག་མི་ལོན་པའི་དཀའ་ངལ་མེད་ཀི 

ཁྱོད་ཀྱིས་དོན་ངོ་མར་བོད་ཀྱི་རིག་གཞུང་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་ཐུབ་ན་འདོད་ན།རང་གི་བྱིས་པ་ཚོ་ངེས་པར་དུ་བོད་ཀྱི་སློབ་གྲྭར་སྐྱེལ་དགོས།རང་ཁྱིམ་ནས་ཀྱང་རོགས་རམ་དང་མཐུན་རྐྱེན་སྦྱོར་དགོས། 

གལ་ཏེ་བོད་ཁྱིམ་རེ་རེ་བོད་ཡིག་ཤེས་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ཐུབ་ན་ང་ཚོས་བོད་ཡིག་རྒྱུན་འཛིན་ཐུབ་པ་ཡིན་པར་མ་ཟད་བོད་ཡིག་གིས་བོད་མི་རིགས་ཇི་སྲིད་དུ་བསྐྱབ་ཐུབ།

དེ་ལྟར་ཐུབ་པ་ལ་བོད་མི་ཚོར་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི་ཆོས་ལུགས་དད་མོས་དེ་ཡིན། ཁྱོད་སངས་རྒྱས་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་ན།ཁྱོད་ཀྱིས་ངེས་པར་དུ་སངས་རྒྱས་ཀྱི་གསུང་རབ་ཀློག་ཐུབ་དགོས།དེ་ཀློག་དགོས་ན་ཁྱོད་ཀྱིས་ངེས་པར་དུ་བོད་ཡིག་ཤེས་དགོས། 

དུས་རབས་ཉེར་གཅིག་པ་འདི་ཤེས་ཡོན་སློབ་གསོའི་དུས་རབས་ཤིག་ཡིན་པས་ང་ཚོས་ངེས་པར་དུ་རང་གི་སྐད་ཡིག་ལ་བརྟེན་ནས་རང་གི་རིག་གཞུང་ཚང་མར་མུ་མཐུད་དུ་སློབ་སྦྱོང་དང་ཡར་རྒྱས་ལ་གཏོང་དགོས།

མདོར་ན།རང་ཉིད་ནས་མགོ་བཙུགས་ཏེ་བོད་སྐད་དང་བོད་ཡིགབོད་ཀྱི་རིག་གཞུང་སློབ་སྦྱོང་བྱེད་དགོས་པར་མ་ཟད་མི་རབས་རྗེས་མ་དག་ཀྱང་དེ་བཞིན་མེས་པོའི་རྒྱུན་འཛིན་པ་ཞིག་ཡོང་བར་འགན་འཁུར་དགོས།འདི་བོད་མི་རེ་རེ་ནས་སྒྲུབ་དགོས་པ་ཞིག་ཡིན།སྐྱ་སེར་དང་ཕོ་མོ་མཐོ་དམའ་སོགས་ཀྱི་ཁྱད་པར་གང་ཡང་མེད། 

 

ཉིན་མོར་བོད་དོན་སྒྲུབ་པའི་བྱ་ཚོགས་ཁྲི་འབུམ་ཞིག།

དེ་དག་འཛམ་གླིང་ཤར་ནུབ་གང་ས་གང་ན་འཕུར༎

མཚན་མོར་བོད་གཞས་ལེན་པའི་འུག་པ་ཁྱུ་གཅིག་སྟེ༎

དེ་དག་འུག་ཁྱིམ་ཚང་འདིར་རསྟེད་འཇོར་རོལ༎

ཇི་སྲིད་གཤོག་ཟུང་འཕུར་རྩལ་མ་ཉམས་པ༎

དེ་སྲིད་བོད་ཀྱི་རི་ལུང་སྐོར་ནས་འཕུར༎

དབྱངས་གསལ་སོ་བཞི་ཁྱོད་ཀྱི་དབྱངས་རྟ་ཡིན།

ཁ་བ་བོད་པ་ཁྱོད་ཀྱི་གཡང་ཁྱིམ་ཡིན༎

 

 

 

རྩམ་པའི་འགྲན་རྩོམ་སྐོར།

 

 

རྩམ་པ་འདོན་ཐེངས་གཉིས་པ་ནི་བརྩམས་ཆོས་ཚང་མ་འགྲན་ཞུགས་ཀྱི་རྣམ་པའི་ཆ་ནས་བཀོད་ཡོད།

སྙན་ངག་རིང་ཐུང་ཅི་རིགས་བརྒྱ་ཙམ་ཞིག་ཡོད་ཚོད།མཐར་ལྔ་བཅུ་ལྷག་ཅིག་ནང་ནས་སུམ་བཅུ་བདམས།དེ་ལ་འདེམས་མཁན་མང་མྱོང་གི་ཆ་ནས་རིམ་པ་གསུམ་དང་དང་བོ་དེར་ཧོར་གཙང་གིས་བརྒྱ་ཆ་བྱིན།

བདག་དང་མདའ་སྨྱུག་ཚོན།གོང་བུ།འོད་འཚོལ།ཧོར་གཙང་།

སྙན་ངག་རྩོམ་ལུས་གསུམ་པོ་ཡོང་ཐབས་བྱས།མཚོན་ཐབས་དང་ནང་དོན། 

ལྷུག་རྩོམ་བདག་དང་འཇམ་དཀར་དང་མཚམས་སྤྲིན།ཆོས་དབྱིངས།

མཚོན་ཐབས་དང་བསྟན་དོན་

སྒྲུང་གཏམ་བདག་དང་མུ་ཏིགཀླུ་སྨྱོན། 

སྒྲུང་རྩོམ་གྱི་མཚོན་ཐབས་དང་བརྗོད་དོན་གཙོ་བོར་བྱས། 

དཔྱད་བརྗོད་བདག་དང་ཤེད་བུ།རྡོ་རྗེ་དབང་ཕྱུག

དཔྱད་ཐབས་དང་དཔྱད་དོན་གནད་ལ་འཁེལ་མིན་

རྩོམ་པ་པོ་གསར་བའི་གྲས་ཅུང་མང་གིམང་ཆེ་བ་རྩོམ་མང་ཙམ་བྲིས་མྱོང་བ་ཞིག་རེད་འདོད། 

རེ་བ་གཅིགསྙན་ངག་ཁོ་ན་མིན་པར་རྩོམ་ལུས་གཞན་དག་ལ་སྦྱོང་བརྡར་བྱེད་དགོས། 

སྒྲུང་ཐུང་འཕྲུལ་གྱི་མེ་ལོང་ཡིན།

ལྷུག་རྩོམ་དཔའ་བོ་མདུང་བཟུང་ཡིན།

 

དཔྱད་བརྗོད་ཐེ་ཚོམ་སྒྲོག་གཅོད་ཡིན། 

 

 

 

 ནུབ་སྨྱུག་ཚང་ནས་གྲོགས་པོ་ཞིག་ཕྱིར་དྲན་བྱས་པ།

 

ཟིན་བྲིས་པ་ཤེད་བུ། 

 

 

ཤེད་བུ། ཁྱོས་ཁོང་གི་མི་ཚེ་རིན་ཐང་དང་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་ཡིག་ཐོག་ལ་ཕབ་བསམ་གྱིན་འདུག ཡིན་ནའང་། ཡིག་ཐོག་ལ་ཕབ་ཆོག་ཆོག་ཅིག་ཚོམས་འདིར་བཤད་ནི་ཡོད་རྒྱུ་མ་རེད། ལ་བཏུས་ལུང་བཏུས་བྱས་ན་བསྒྲིགས་ན་ཡོད་རྒྱུ་རེད། དེ་ནས་དང་པོར་ངས་ཁོ་ལ་བྲིས་པའི་སྙན་ངག་ཅིག་ཡོད། དེ་བཏོན་རྗེས་སྐད་ཆ་ཁ་ཤས་བཤད་རྒྱུ་ཡིན།

 

ཁ་སང་ནས་ཤེད་བུས་བླ་མ་དང་ཆབ་སྲིད་པའི་རིགས་ལ་བདག་པོ་མང་ནི་རེད། སྒྱུ་རྩལ་བའི་རིགས་ལ་བདག་པོ་ཉུང་ནི་རེད། དེའི་ཕྱིར་ནུབ་སྨྱུག་དྲ་ཚོམས་འདིར་ཁོང་ཅིག་གླེང་ན་ཞེས་གྲོས་གཞི་བཏོན་སོང་། དེ་ལ་མོས་མཐུན་ཡོད། མོས་མཐུན་ཡོད་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེང་སང་བོད་ཀྱི་གནས་སྟངས་ལ་མཚོན་ན། གཅིག མི་མང་གི་སེམས་ཤུགས་ཉམས་མི་འཇུག་རྒྱུ་གཙོ་བོ་གཅིག་རེད། གཉིས་ནས་བོད་དོན་དང་འབྲེལ་བའི་ལས་རིགས་མཐའ་དག་ཁྲོད་ཀྱི་མི་སྣ་མི་འདྲ་བ་གང་དང་གང་ཞིག་ཡིན་ཡང་དེ་དག་གླེང་ཐུབ་རྒྱུ་དང་དེ་དག་ལ་གདེང་འཇོག་བྱེད་རྒྱུ་གལ་ཆེན་པོར་བརྩི་གིན་ཡོད། རྒྱུ་མཚན་དེའི་དབང་གིས་གུར་མགོན་སྐྱབས་གླེང་ནའང་གླེང་རན་མེད་པ་ཞིག་མ་རེད། གླེང་རན་ཡོད་པ་ཞེས་ཚད་མཐོ་ས་ནས་ང་ལ་གླེང་རྒྱུ་ཅི་ཡང་མེད། ཡིན་ནའང་། གཞན་དང་གཞན་ལ་ཡོད་སྲིད་པ་རེད།

ངས་ཁོ་ཇི་ལྟར་ངོ་ཤེས་པའི་བརྒྱུད་རིམ་གསལ་བོ་ཞིག་མི་དྲན་གི ངས་གོ་བ་གང་ཡིན་ཟེར་ན། ཁོས་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་འཁྲབ་པ་དེ་གོ་མྱོང་། དེ་ལ་ལྟ་མྱོང་། དེ་འཛམ་གླིང་གི་སྐད་རིགས་གཞན་ནང་བསྒྱུར་བ་དང་འཛམ་གླིང་གི་གློག་བརྙན་གྲགས་འདེམས་མང་པོ་ནང་ཚུད་པ་ཤེས། ཡིན་ནའང་། བོད་ནང་ནས་གྲགས་སྐད་ཅི་ཡིན་མི་ཤེས་མོད་ཕྱི་རྒྱལ་མིའི་ནང་ན་གུར་མགོན་སྐྱབས་ཞེས་ཤེས་མཁན་མང་པོ་ཞིག་ཡོད་ཐལ།

ཧི་མ་ལའི་གློག་བརྙན་དེའི་ནང་དོན་སྔོན་གྱི་དུས་རབས་རྙིང་པའི་འཚོ་གནས་དང་འབྲེལ་བའི་དཀའ་ངལ་ངལ་གྱི་འཚོ་བ་ཞིག་སྟོན་གོ་གི  གནམ་གཤིས་རྩུབ་པོ། ས་ཁ་ཐག་རིང་མོ་ཞིག་བརྒྱུད་ནས་གཡག་ལ་ཁལ་བཀལ་ཏེ་ཚྭ་ལེན་གོ་ནོའི་དཀའ་ངལ་གྱི་བརྒྱུད་རིམ་ཞིག་སྟོན་གོ་གི དེའི་ཁྲོད་དུ་དཀའ་ངལ་མང་པོ་འཕྲད་པ་དང་དཀའ་ངལ་དེའི་ཁྲོད་ནས་གློག་བརྙན་འཁྲབ་མཁན་མི་སྣ་གཙོ་བོ་དེས། ལྷག་བསམ་རྣམ་དག་ཅིག ལས་རྒྱུ་འབྲས་ཟིག སྙིང་སྟོབས་ཆེན་པོ་ཞིག་གིས་གཞན་ལ་རོགས་བྱས་པ་དང་དེ་དང་མཉམ་དུ་ཁོའི་བརྩེ་དུང་གི་གཏམ་རྒྱུད་ཅིག་སྟོན་གོ་གི ངས་གློག་བརྙན་དེའི་རིན་ཐང་གི་ཐད་ལ་བསམ་བློ་བཏང་མ་མྱོང་། དེའི་ཕྱིར་ང་ལ་མང་པོ་བཤད་རྒྱུ་མེད། ཡིན་ནའང་། ཐེངས་གཅིག་བལྟས་པའི་རང་ཉིད་ཀྱི་ཚོར་སྣང་ལ། གུར་མགོན་སྐྱབས་དང་དེའི་ནང་གི་པ་ལ་ཨ་མྱེས་ཟིག་འཁྲབ་ཡོད་ནོ་དེ་གཉིས་ཀྱི་འཁྲབ་རྩལ་དེ་ལ་ངོ་མ་གློག་བརྙན་འཁྲབ་མཁན་ངོ་མ་ཞིག་གི་ཁྱད་ཆོས་ལྡན་ཡོད་ཀ་བསམ་སོང་།

གློག་བརྙན་དེ་འཁྲབ་སྟོན་བྱས་པའི་རྗེས་ནས་ཁོང་རྡ་རམས་ས་ནས་མཐོང་སོང་། ཁོས་སྐེ་རྒྱན་གྱི་རིགས་འདྲ་མིན་བཏགས་ཡོད་ཀི རྣ་ལ་ཕལ་ཆེར་རྣ་ལུང་གཉིས་གསུམ་རེ་བཏགས་ཡོད་ཀི སྐྲ་རིང་བ་བཞག་ཡོད་ཀི ཕར་བལྟས་ན་གསར་ཉམས་ཀྱང་ལྡན་གི རྫིག་ཉམས་བཏོད་ཀི་ཡོད་པའི་ཉམས་ཀྱང་འདུག སྐབས་དེར་ཁ་བརྡ་བྱས་མེད། ངོ་ཤེས་ལའང་གྱུར་མེད། ཡིན་ནའང་། གློག་བརྙན་དེ་ཡིད་ལ་དྲན་ཐལ། གློག་བརྙན་དེའི་ནང་གི་མི་དང་དངོས་སུ་མཐོང་བའི་མི་འདི་གཉིས་ཀྱི་ཁྱད་པར་ལ་གཤིབ་བསྡུར་གྱི་བསམ་བློ་ཞིག་འཁོར་སོང་། འཁྲབ་སྟོན་པ་ཞེས་པ་ནི་གར་སྟེགས་ཀྱི་རྣམ་པ་ཞིག་ཡིན་ནོ་དང་མི་ངོ་མ་དེ་ནི་བཅོས་མ་མ་ཡིན་པའི་གཤིས་ཀ་ཅན་ཞིག་ཡིན་པའི་ཁྱད་པར་ཞིག་མཐོང་ཐལ། དེ་དག་ཁོས་ང་ལ་ཤུགས་རྐྱེན་ཐེབས་སྐོར་རེད།

དེ་ནས་ང་སྤྱི་ལོ ༢༠༠༩ ལ་ཧྥ་རིན་སིར་ཐོན་པ་རེད། དེ་ནས་ཁོང་ལ་ཐུག་ཁ་བརྡ་བྱས་ཆང་འཐུང་། དེ་ནས་ཕན་ཚུན་གྲོགས་པོར་གྱུར་བ་རེད། ཁོང་ཆང་འཐུང་བར་དགའ་ནི་རེད། ངེད་གཉིས་ཆང་འཐུང་ཞོར་བཟི་ཞོར་སྐད་ཆ་བཤད་ན། སྐད་ཆའི་ནང་དོན། གློག་བརྙན་འཁྲབ་སྟོན། ལག་ཤེས། ཁོང་གི་མི་ཚེའི་སྐྱིད་སྡུག དེ་ནས་དེང་སང་གི་སྐྱབས་བཅོལ་བའི་གནས་སྟངས་སྐོར་འདི་སྤྱི་ཚོགས་ཁྲོད་ནས་གསལ་བོ་ཞིག་ཤེས་དགོས་པ་དང་། དེ་ཤེས་པའི་ཕྱིར་སྐྱབས་བཅོལ་བའི་མི་ཚེ་སྐྱེལ་སྟངས་སྐོར་ལ་དངོས་བྲིས་ཀྱི་གློག་བརྙན་ཞིག་འཁྲབ་སྟོན་བྱེད་རྒྱུ་གལ་ཆེ་བའི་སྐོར་ལ་ཁ་བརྡ་མང་པོ་བྱས་པ་ཡིན། དེ་ལ་ངས་ལམ་སྟོན་བྱེད་པར་ངས་གློག་བརྙན་ལ་ཅང་མི་ཤེས་ནའང་བསམ་བློའི་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་ཐུབ་ཡོད་རྒྱུ་རེད་སྙམ། དེ་ནས་ཁོས་གློག་བརྙན་དེ་དངོས་སུ་འཁྲབ་སྟོན་བྱས་པ་རེད། གློག་བརྙན་དེའི་ནང་ན་འདིར་བཅུག་པའི་འོད་གསལ་དང་འདའ་ཐུབ་གཉིས་ཡོད་པ་རེད།

གློག་བརྙན་དེའི་སྐོར་ལ་བསམ་ཚུལ་བཤད་མྱོང་། དེའི་འཁྲབ་སྟོན་གྱི་མགོ་འཛུགས་ནང་དུ་ངའང་སོང་ཡོད། ཁོང་ལ་ཁ་བཏགས་འཐེན་གྱིན་ཡོད་པ་དེ་འདྲའི་རྣམ་པ་ཞིག་ཡོད། དེ་དུས་ཁོང་འདུག་ས་སྦེལ་བིས་རེད། དེ་ན་ཁང་བ་ཆུང་ཆུང་ཞིག་བླངས་ནས་ཡོད། ཁོའི་ཁང་པ་དེ་ལ་སྔོན་ཆད་སྐྱབས་བཅོལ་བ་མང་པོ་བསྡད་མྱོང་ནི། ཕལ་ཆེར་སྤྱི་ཁང་ངམ་སྣེ་ལེན་ཁང་ལྟ་བུ་ཞིག་རེད། ཁོའི་ཁང་བདག་དེ་གློག་བརྙན་འཁྲབ་སྟོན་པར་བ་ཞིག་རེད། ཁོས་དེ་དང་མཉམ་འབྲེལ་གྱིས་རྒྱ་གར་ལ་སོང་བ་རེད། ཁོང་གི་ཕ་མ་རྒྱ་གར་ལ་ཡོང་བ་རེད། ཁོང་བོད་ལ་འགྲོ་ཐུབ་ཀི་མེད་ཀི  སྐབས་དེར་ཁོ་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཡི་ངོ་བོར་ཧྥ་རིན་སུ་ལ་བསྡད་འདུག ཁོང་ལ་ད་ལྟའི་སྐྱབས་བཅོལ་བའི་ཐོབ་ཐང་འདི་འདྲ་མང་པོ་ཞིག་ཀྱང་མི་འདུག

གང་ལྟར། སྐབས་དེར་ཕ་མ་གཉིས་རྒྱ་གར་ལ་དུས་འཁོར་དབང་ཆེན་ལ་ཡོང་། ཁོ་ཕར་ལ་འགྲོ་རྒྱུ་བྱས་ནས། ཁོའི་ནང་ནས་དངོས་བྲིས་གློག་བརྙན་དེ་མགོ་བརྩམས་ཏེ་གནམ་ཐང་ལ་ཇི་ལྟར་སོང་། དེ་ནས་རྒྱ་གར་དེ་ནས་རྡོ་རྗེ་གདན་ལ་ཇི་ལྟར་ཐོན་པ། དེ་ནས་ཁོ་ཕ་མ་གཉིས་ལ་ཇི་ལྟར་མཇལ་བ་སོགས་ཀྱི་ཐད་གློག་བརྙན་བཟོ་བསྐྲུན་པ་རྗེས་འདེད་ཀྱིས་པར་ངོ་མ་བླངས་ཡོད་རེད། སྐབས་དེར་ཁོང་ལ་གྲ་སྒྲིག་ཅུང་ཡོད་པ་ལས་ཕ་མའི་ངོས་ནས་གློག་བརྙས་འཁྲབ་ཀི་ཡོད་པའི་སྐོར་ལ་ཤེས་རྟོགས་ཅི་ཡང་ཡོད་མ་རེད།

སྐབས་དེར་ཁོང་གིས་ཆུང་དུས་ང་ལ་རལ་བ་ཡོད་རེད། ཡིན་ནའང་། རྒྱ་གུང་ཁྲན་ཡོང་ནས་རལ་བ་བཅད་དང་བ་རེད། ད་ངས་རལ་བ་དེ་སླ་གསོ་བྱེད་རྒྱུ་ཡིན་ཞེས། ཁོང་གིས་སྐྲ་རིང་བོ་དེ་བཅད་ནས་རལ་བ་བཞག་པ་རེད། དེ་དམིགས་བསལ་ཁྱད་ཆོས་ཤིག་རེད།

དེའི་སྐབས་ཕ་མ་གཉིས་ཀྱིས་ཕྱག་འཚལ་བ་སོགས་ཀྱི་སྐོར། ཁོང་ཚོ་ཐུག་པའི་སྐོར། དེ་ནས་ཁོང་ལ་ཕ་མས་ཁུར་ཡོང་བའི་བརྔན་པ་སོགས་ཀྱི་སྐོར་ཚང་མ་ཡོད་པ་རེད། དེ་ནས་རྒྱལ་བ་རིན་པོ་ཆེས་དབང་གནང་གི་ཡོད་པའི་སྐོར། དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་ཡི་གཏམ་བཤད་ཀྱི་སྐོར། དེ་ནས་ཁོ་ལ་མི་ཚེའི་བཅར་འདྲིའི་སྐོར་སོགས་མདོར་ན་ཁོའི་མི་ཚེ་གཙོ་བོ་བྱས་པའི་སྟེང་ནས་སྐྱབས་བཅོལ་བ་ཞེས་པ་འདིའི་འཚོ་བ་གང་འདྲ་ཞིག་ཡིན་མཚོན་པའི་དངོས་བྲིས་གློག་བརྙན་ཞིག་རེད།

དེའི་རྗེས་སུ་ཞུ་དག་སོགས་བྱས་ནས་ཆ་ཚང་བསྒྲིགས་ཚར་བ་རེད། ཡིན་ནའང་། ད་ལྟ་ཕྱི་ལ་ཐོན་ཡོད་པ་མ་རེད། དེ་གློག་བརྙན་འཁྲབ་བསྒྱུར་མཁན་དག་དང་འབྲེལ་བ་བྱས་ན་ཕྱི་ལ་ཐོན་པའི་རེ་བ་ཡོད་རེད།

དེ་ནས་རྒྱུན་ཏུ་ཁོས་བཤད་ན་གློག་བརྙན་འཁྲབ་ན་དཔལ་འབྱོར་གྱི་དཀའ་ངལ་འདུག་ཅེས་བཤད་ཀྱིན་འདུག ཁོང་ཡིན་ན་འུ་ཅག་ཚང་མ་འབྱོར་མེད་གྲལ་རིམ་རེད། རོགས་སྐྱོར་གང་ཡང་ཐུབ་ཀི་ཡོད་མ་རེད། ཡིན་ནའང་ཁོང་ལ་མུ་མཐུད་ནས་གློག་བརྙན་འཁྲབ་སྟོན་ཐད་རེ་བ་འདུག ང་ཡིན་ནའང་། དེའི་ཐད་རེ་བ་བཟུང་ནས་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་མྱོང་།

དེ་ནས་སྐར་མ་ལྔ་དྲུག་དང་བཅུ་ཉི་ཤུ་ཅན་གྱི་གཏམ་བརྗོད་རང་བཞིན་གྱི་གློག་བརྙན་ཐུང་ཐུང་རིགས་འཁྲབ་པར་འཆར་གཞི་བཏང་བ་ཡིན། ཡིན་ནའང་། བར་དེར་ཁོང་ལའང་སྐྱབས་བཅོལ་གྱི་གནས་སྟངས་ཡག་པོ་མ་བྱུང་བར་ཨ་རིར་འགྲོ་དགོས་བྱུང་བ་སོགས་ཀྱི་དབང་གིས་སྔར་གྱི་དམིགས་ཡུལ་གཙོ་བོ་དེ་ཅུང་འགྱུར་གྱིན་འདུག གློག་བརྙན་འཁྲབ་སྟོན་བྱེད་པ་ལ་མྱི་སྣའི་རྒྱབ་སྐྱོར་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་མེད་ན་དཀའ་ལས་འདུག་ཅེས་སྔར་གྱི་དེ་ཅུང་འགྱུར་གྱིན་འདུག

དེ་ནས་ཁོས་ཤིང་བཟོའི་ལག་ཤེས་དེ་གཙོ་བོ་བྱས་ནས་ཧྥ་རིན་སུའི་ཤིང་ཁང་གི་རྣམ་པ་གཞིར་བཟུང་ལག་རྩལ་དེ་བོད་ཀྱི་ཤིང་ཁང་དང་ཟུང་སྦྲེལ་གྱིས་བོད་ཀྱི་ཁྱད་ཆོས་ལྡན་ལ་ཧྥ་རིན་སིའི་ཤིང་ཁང་གི་ལེགས་ཆ་ཡོད་པའི་ཁང་བ་ལས་པའི་འཆར་གཞི་འཐེན་པ་རེད།  ཁོའི་ལས་འཆར་དེ་ལ་རྒྱབ་སྐྱོར་བྱེད་མཁན་འཇར་མན་པ་ཞིག་ཡོད་རེད། ཁོའི་འཆར་གཞི་ཇི་བཞིན་ལམ་སློང་བྱེད་ཡོད་མེད་མི་ཤེས་མོད། ལག་རྩལ་དང་འཆར་འགོད་ཀྱི་ཐད་ནས་བཤད་ན་བཟོ་བསྐྲུན་གྱི་གདེང་ཚོད་དང་ནུས་པ་ཡོད་པ་ཞིག་ངོས་འཛིན་བྱེད་ཀྱིན་ཡོད།

ཕྱོགས་གཞན་པ་ཞིག་ནས་གླེང་འདོད་པ་ནི་ཁོང་གི་པར་འདེབས་ཀྱི་སྐོར་རེད། ཁོང་ལ་པར་ཆས་ཡག་པོ་ཞིག་ཡོད་མོད་དེ་རྐུན་མ་ཁན་ཙ་ཞིག་ཤོར་སོང་། དེ་ནས་ཡང་ཁོས་བསྐྱར་དུ་ཉོས་པ་རེད། ཁོང་པར་ལེན་པར་དགའ་བ་མ་ཟད་པར་བླངས་པའི་སྒྱུ་རྩལ་ཡང་ངར་ལ་ང་དེའི་ཐད་རོགས་པའང་བྱས་མྱོང་། ཁོང་ཕྱོགས་གཅིག་ནས་གློག་བརྙན་འཁྲབ་སྟོནཔ་རེད། གཉིས་ནས་པར་བ་རེད། དེའི་ཕྱིར། ཁོང་སྒྱུ་རྩལ་གྱི་ལམ་དུ་ཞུགས་པར་ངས་རྒྱབ་སྐྱོར་ཆེན་པོ་བྱེད་འདོད་ཡོད། དེའི་རྒྱུ་མཚན་གྱིས་ངས་ཁོང་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནང་ཞུགས་བཅུག་ཡིན། དེ་ནི་ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཡན་ལག་ཚོགས་པ་ཞིག་རེད་ལ། དེའི་ནང་རྩོམ་པ་པོ་མིན་པའི་སྒྱུ་རྩལ་གྱི་ལས་རིགས་པའང་ཞུགས་ཆོག་གི་ཡོད་རེད། དེའི་ཕྱིར། ངས་རྒྱུན་ལས་ལ་འབྲེལ་བ་བྱས་ནས་ཧྥ་རིན་སའི་སྤྱི་ཚོགས་མེ་ལོང་གི་གསར་འགོད་པའི་འཛིན་བྱང་སྤྲད་པ་ཡིན། ཡིན་ནའང་། ཁོས་དེའི་སྟེང་ནས་ནུས་པ་ཆེན་པོ་འདོན་མ་ཐུབ་ཐལ། ཁོས་པར་རྒྱག་ཐུབ་ནའང་དེ་དང་མཉམ་དུ་གནས་ཚུལ་མཁོ་སྤྲོད་བྱེད་མི་ཐུབ་ཀི  དེའི་ཐད་ངས་ཁོང་ལ་ལས་འདེད་ཀྱང་བྱས་མྱོང་། ཁོས་ཀྱང་ངོས་ལེན་གྱིས་དགོངས་དག་ནུས་པ་མ་ཐོན་ཐལ་ཞུ་གིན་འདུག དེ་ལྟར་ཁོས་ཧྥ་རིན་སུ་ནས་མི་སེར་ཆགས་པར་རེ་བ་བརྒྱབ་ནས་ཡུན་རིང་བསྒུག་པ་རེད་དེ་ཧྥ་རིན་སུའི་མི་སེར་གྱི་ཐོབ་ཐང་རག་ས་ན་རེད་བསམས་ནས་ཨ་རིར་རེ་བ་བརྒྱབ་པ་རེད། བར་དེ་ནས་ཧྥ་རིན་སུའི་མི་སེར་ཐོབ་ཐང་སྤྲད་པ་རེད་ལ་ཨ་རིའི་མི་སེར་དང་དམག་པའང་ཆགས་པ་རེད། དེ་ནས་བོད་ལའང་འགྲོ་ཐུབ་པ་རེད། འཆར་གཞི་གསར་བའང་བཏང་ཡོད་པ་རེད། འདི་ལྟར་བཀྲ་ཤིས་པའི་ལས་ཀ་མང་པོ་ཟིག་གི་མགོ་བརྩམས་ནས་འགྲོ་གི་ཡོད་དུས། གློ་བུར་དུ་འདི་འདྲའི་དོན་དག་བྱུང་བ་ལ་རང་གི་སེམས་ནས་ན་ཚ་འདྲ་བོ་དང་ཕངས་སེམས་ཆེན་པོ་ཤུགས་ཆེན་པོ་ཞིག་བྱུང་ཐལ་ཟེར་བ་ཡིན།

 

 

དེའི་ཕྱིར། ཆག་སྒོ་གློ་བུར་དུ་བྱུང་བ་ལ་དོགས་པ་སྐྱེས་ཐལ། གཅིག་ནས་མིག་བཙུམ་ནས་དོགས་པ་སྐྱེས་པ་རེད། གཉིས་ནས་མིག་ཕྱེ་ནས་པར་དང་བརྙན་སོགས་ལ་བལྟས་ནས་དོགས་པ་སྐྱེས་པ་རེད། དོགས་པ་ཇེ་ཆེ་ཇེ་ཆེ་རེད། དེ་ནས་དུས་ཚོད་ལ་སྒུག་དགོས། དུས་ཚོད་ཀྱིས་གནས་ཚུལ་ཚང་མ་གསལ་བོ་བྱས་ནས་ཡོང་གི་རེད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php