༄༅། །ང་ཡང་མོས་མཐུན་མེད།

 

          སྤྱི་ཚོགས་མེ་ལོང་འདོན་ཐེངས་སྔ་མའི<མོས་མཐུན་མེད>པ་བཀླགས་རྗེས། བྱལྷག་བསམ་ལྷད་མེད་ཀྱིས་བྲིས་པ་ལས་རྣམ་རྟོག་ངན་པའི་དྲི་མ་ཅུང་ཟད་ཀྱང་མེད་ནབྱཞེས་པའི་ཀུན་སློང་ལ་ཡི་རངས་དང་བཅས། གྲོགས་པོར་ཚིག་གི་གོ་བ་ལེན་རྒྱུར་གསེད་གྲོལ་གྱི་རོགས་ཤིག་བྱས་ན། གནད་དོན་འདི་འདྲ་མང་བའི་ང་ཚོའི་ཀློག་པ་པོ་གཞན་ཚོར་ཡང་ཞོར་དུ་ཕན་ཐོགས་རེ་ཡོང་བར་སྙམ།

          <མོས་མཐུན་མེད>ཅེས་པའི་རྩོམ་བྱང་དེར་ལྗིད་ཚད་ངེས་ཅན་ཞིག་ཡོད་ནའང༌། རྩོམ་ཡིག་གི་མགོ་ནས་ཅུང་ཙམ་བཀླགས་མ་ཐག་ཇེ་ཡང་དུ་འགྲོ་ངེས་ཏེ། བྱཚིག་རིས་ཁ་ཤས་ལ་ཁོ་བོ་མོས་མཐུན་མེདབྱཔ་ཙམ་ཡིན་པས་སོ། ཡིན་ཡང་ཚིག་དེར་གོ་བ་ཐལ་ཆ་ཅན་བླངས་འདུག་པ་སྟེ། “འཛེམ་དོགས་དང་ཡ་ང་མེད་པར་གང་ས་གང་ནས་འཐེན་མཁན་ཡང་མངལྷག་པར་གྲྭ་ལོག་ཚོ་་་” ཞེས་པའི་ཡང་སྒྲས་སྤྱིར་ཐ་མག་འཐེན་མཁན་མང་བ་ཤུགས་བསྟན་དང༌། དེར་མ་ཟད་འཛེམ་དོགས་ཡ་ང་མེད་པར་འཐེན་མཁན་མང་ལ། གྲྭ་ལོག་ཚོའི་ནང་ན་དེ་འདྲ་ལྷག་པར་འདུག་ཅེས་པར་གོ་བ་ལས། བྱམངབྱདངབྱཚོ་སྒྲབྱདེས་གྲྭ་ལོག་ཚང་མས་དེ་ལྟར་འཐེན་གྱིན་ཡོད་པར་དམ་བཅས་པར་གྲོགས་པོས་ཇི་ལྟར་གོ་སོང༌།

          ཡང་གྲོགས་པོས། བྱང་ཚོའི་མི་རིགས་འདིའང་རྗེས་ལུས་པ་ཞིག་དང༌། འཕྲོད་བསྟེན་གྱི་ཤེས་བྱ་མེད་མཁན་ཞིག རྗེས་ལུས་ཀྱི་བརྟུལ་ཞུགས་འཛིན་པ་ཁོ་ན་ཡིན་པར་ཡང་སྙིང་ཁམས་ཅན་འདྲ་ཡིན་ན་མ་གཏོགས་སུས་དམ་བཅའ་ནུསབྱ ཞེས་བདག་ལ་སྐྱོན་བརྗོད་མོད་ཀྱང༌། བདག་གིས་ནི། བྱམ་གཞི་ནས་ང་ཚོའི་མི་རིགས་འདི་རྗེས་ལུས་མི་རིགས་ཤིག་ཡིན་པས། ད་དུང་ཡང་དེང་རབས་ཀྱི་འཕྲོད་བསྟེན་སོགས་ཤེས་བྱ་མང་པོ་མི་ཤེས་ལ་ད་དུང་ཡང་རྗེས་ལུས་ཀྱི་བརྟུལ་ཞུགས་འཛིན་རྒྱུར་ངང་གིས་དགའ།བྱཞེས་སྨྲས་པ་ལས། བྱམེདབྱཔ་དངབྱཁོ་ནབྱཞེས་པའི་རྫུན་ཚིག་འདི་ནི་གྲོགས་པོསབྱབྱས་ཙང་ཐལ་ཆ་ཆེ་དྲགས་པ་ཡང་སྐྱོན་ཡིན་པསབྱཞེས་པའི་སྐྱོན་འདི་ཏག་ཏག་ར་སྤུའི་འུར་རྡོ་ར་ཡི་མཇིང་བར་ལས་བྲེ་སར་འབྲོང་དང་བར་ཐག་ཤིན་ཏུ་རིང་ངོ༌།

          གཞན་ཡང༌། འཛེམ་དོགས་དང་ཡ་ང་མེད་པའི་གྲྭ་ལོག་དག་ལ་སྐྱོན་ཙམ་བརྗོད་པར་མ་དགའ་བར། བྱང་ཡི་རྗེས་འཇུག་ཇི་ལྟར་ཐབས་སྡུག་ཀྱང༌། །སྐྱེས་བུ་ཕལ་བ་ཞིག་གིས་དོ་མ་ཡིན། །བྱཞེས་པ་ལུང་དུ་དྲངས་ཏེ་བསླབ་བྱ་གནང་འདུག བདག་གིས་ཤཀྱའི་སྲས་དང་སྲས་མོ་ཚོའི་དོ་ཟླ་མི་འོངས་པ་ནི་བཤད་ཅི་ལ་དགོས་ཏེ་འགྲན་འདོད་ཀྱང་མེད། འོན་ཀྱང༌། ང་ཡི་རྗེས་འཇུག་ཅེས་པ་ནི་སྟོན་པའི་འཁོར་རྣམ་དག་བཞི་བོ་ལ་གོ་དགོས་པ་ལས། གཞན་སྐྱ་མིན་སེར་མིན་དག་དང་ནག་ཆང་དུ་བར་གཡེང་བའི་གྲྭ་ལོག་དག་གིས་ད་དུང་ཡང་ཁོ་བོ་ཅག་ནི་སྟོན་པའི་རྗེས་འཇུག་སྟེ་མི་ནག་ཁྱོད་ཚོ་ལས་ཆེས་ལྷག་གོ་ཞེས་འདོད་ན་སྟོན་པ་ཐུགས་རྗེ་ཅན་གྱིས་སྤྱན་ཆབ་མི་འཆོར་བ་ཅི་ལ་སྲིད།

          ཡང་བདག་གིས་དམིགས་སུ་བཀར་ནས་གང་ཟག་བྱེ་བྲག་པ་ཞིག་ལ་སྐྱོན་བརྗོད་པ་ཡང་མ་ཡིན་པར་སྤྱིར་བཏང་གྲྭ་ལོག་ཚོ་ཞེས་སྐྱོན་ཙམ་བསྟན་པ་ཡིན་ལ། དེ་ཡང་སེམས་སུ་སྟོན་པའི་རྗེས་འཇུག་མ་ཡིན་མཁན་སྤྱིར་བཏང་གི་མི་ཞིག་ལ་བསམས་ནས་མ་རབས་ཀྱི་སྤྱོད་ཚུལ་ཙམ་ལ་ཟུར་ཟ་བྱས་པ་སྟེ། མདོར་ན་གྲྭ་ལོག་དུ་འཐེན་ཚོ་ཞེས་སྨྲས་པ་དེ་ཙམ་ཡིན་ལ། དེ་ནི་དོན་དངོས་རང་ཡང་ཡིན་པས་བདག་གིས་རྫུན་དང་བསྙོན་དོར་བ་ཅི་ཡང་མེད་ན། བདག་ལ་སྟོན་པའི་རྗེས་འཇུག་ཚོར་ངན་སྨྲས་ཀྱི་སྡིག་པའང་ཅི་ལ་འོང་སྙམ། བརྒྱ་ལ་འོང་དུ་སྲིད་ཀྱང་ཁོ་བོ་ནི་སེམས་ཅན་ཐམས་ཅད་མར་སྒོམ་མཁན་དང༌། ཡོད་ཚད་ལ་དག་སྣང་བྱེད་ཐུབ་པའི་སྐལ་བཟང་སྐྱེས་བུ་ཞིག་མིན་པས་ཉེས་པ་དེ་ཙམ་ལོས་ཀྱང་འོང་ལ་འཁུར་ཡང་ལོས་འཁུར། གལ་ཏེ་སྐྱོན་དེ་ཙམ་ཞིག་བརྗོད་རྒྱུར་ཡང་བག་འཁུམས་ནས་བསྡད་ན་བདག་གིས་རྩོམ་པ་པོ་ཞིག་གི་འོས་འགན་ཡང་ཇི་ལྟར་བསྒྲུབ།

སླར་ཡང་སྨྲས་པ།

ལས་ཉོན་ཁ་ལོས་བསྒྱུར་བ་བདག་འདྲ་ཚོར། མཚམས་རེར་མ་ཡིན་སྡིག་པ་རྟག་ཏུ་འབྱུང༌།

དེ་རིང་བཤགས་ན་སང་ཡང་འབྱུང་བར་འགྱུར། དེ་བས་སྡོམ་ལྡན་དག་གིས་འབད་འཚལ་ལོ།

གྲྭ་བ་ལོག་ན་ཡ་རབས་ཡིན་ནོ་ཞེས། སྟོན་པ་བླ་མ་སུས་ཀྱང་མ་གསུངས་ཤིང༌།

དུ་བ་འཐེན་ན་ཉེས་དམིགས་ཆེ་འོ་ཞེས། དེ་ཀུན་སྔར་ནས་གསུངས་ལ་ད་ཡང་གསུང༌།

མ་རབས་ཐ་མག་འཐེན་མཁན་མང་བ་སྟེ། ཡ་རབས་ཐ་མག་སྤོང་མཁན་ཉུང་ངུ་ཙམ།

ཐ་མག་འཐེན་པས་རང་གཞན་གནོད་ངེས་ཏེ། དམར་ཟས་ཀྱིས་ནི་འཕྲོད་བསྟེན་ཅི་ལ་གནོད།

སྤྱིར་ན་རྩོམ་འདིའི་བརྗོད་བྱ་ཐ་མག་སྟེ། ཤ་ཆང་སྤྱོད་པའི་བཟང་ངན་སྐབས་དོན་མིན།

དགེ་སྡིག་ལས་འབྲས་བདག་ལ་ཀློག་གྱུར་ཏེ། དུ་བས་གནོད་པ་བདག་ལ་མངོན་སུམ་ཉིད།

ང་ཚོ་བོད་རིགས་རྗེས་ལུས་ཡིན་ནོ་ཞེས། མཁས་བླུན་ཚང་མའི་ཁ་ན་རླུང་ལྟར་གྲགས།

དེ་ཡིས་ཁྱོད་ཅག་སེམས་པ་ཤྀ་མེད་ན། བདག་གི་ཚིག་འདིས་སེམས་ཤུགས་ཅི་ལ་ཆག

མི་རིགས་རྗེས་ལུས་ཞེས་པའི་ནང་ན་ཡང༌། ཁྱོད་དང་ཁྱོད་འདྲའི་ཡ་རབས་ལོས་ཀྱང་མང།

བདག་གིས་བཤད་པ་མ་རབས་རྣམས་ཡིན་གྱི། ཡ་རབས་སྨད་པ་མེད་པས་སེམས་མ་ཕམ།

བོད་པ་སྤྱི་ལ་བསམས་པའི་སྤྱི་བརྗོད་སྒྲས། སྔོན་ཐོན་མཁས་དབང་སོགས་ནི་བཀག་པ་མེད།

ཆོས་ལྡན་བོད་ནི་ཡ་རབས་མི་རིགས་ཞེས། བསྟོད་ཀྱང་ཆོས་མེད་མ་རབས་མེད་མིན་བཞིན།

སྐྱོན་ལ་སྐྱོན་ཞེས་བསྟན་པ་སྡིག་ཡིན་ནམ། བདེན་པར་སྨྲས་པ་ཐལ་ཆེའི་གཏམ་ཡིན་ནམ།

སྐབས་དོན་མིན་པ་རྩོད་པའི་གཞི་ཡིན་ནམ། གཟུར་གནས་བློ་ལྡན་ཀློག་མཁན་གྲོགས་ཚོར་འདྲི།

ལྷག་པར་བདག་གི་རྩོམ་དེ་ལྷུག་རྩོམ་སྟེ། ཚིག་དོན་ཇི་བཞིན་བསམས་ན་ཧམ་བཤད་འདྲ།

ཡིན་ཡང་སྙན་དངགས་མཁན་རྣམས་ངག་ཚིག་གི སྒྱུ་རྩལ་རོ་མྱོང་ཤེས་ན་བྲོ་བ་ཆེ།

དེ་བས་རྩོམ་དེའི་བསླབ་བྱའི་སྙིང་པོ་ཡང༌། ཡ་རབས་མ་རབས་དབྱེ་བ་འབྱེད་པ་མིན།

དགེ་སྡིག་བླང་དོར་འབྱེད་པ་དེ་བས་མིན། དུ་དུག་ལས་ལྷག་སེམས་དུག་ཤེས་ཕྱིར་རོ།།

<<སྤྱི་ཚོགས་མེ་ལོང>>དུ་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php