༄༅།། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་ལམ་སྟོན་བཀའ་སློབ་རིམ་ ཕེབས་པའི་དགོངས་དོན་ལྟར་བོད་མི་མང་སྤྱི་ལྷན་སྐབས་བཅུ་བཞི་པས་བཙན་བྱོལ་བོད་ མིའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་བསྐྱར་བཅོས་གཏན་འབེབས་གནང་བའི་ དོན་གནད་གཙོ་བོ་འགའ་ཞིག

 

བཅའ་ཁྲིམས་ཀྱི་གསར་སྣོན་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།

 

          བོད་ཀྱི་ ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་ པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་ བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།

          ༡༽ བོད་ མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།

          ༢༽ ྋགོང་ ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་དགོངས་པའི་དཔྱད་ གཞིར་དགོངས་འཆར་གནང་རྒྱུ།

          ༣༽ བོད་ མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཀྱི་མཚན་ གནས་བསྩལ་རྒྱུ་བཅས།

          དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཞེས་པའི་ནང། "ཡུལ་མིའི་རྒྱལ་ཁབ"ཅིག་ཏུ་བྱ་རྒྱུ་ཡིན་གཤིས་ཞེས་པ"ཡུལ་མིའི་སྲིད་སྐྱོང"ཞིག་བྱ་རྒྱུ་ཞེས་པར་བཅོས།

          དོན་ཚན་ བཅུ་དགུ་པ་འགན་འཛིན་དབང་ཆ། སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པ་ལ་ཡོད་ཅིང། བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་བཀའ་བློན་ཁྲི་པས་ཐད་ཀར་རམ། འགན་འཁུར་ལས་བྱེད་བརྒྱུད་དབང་ལུང་ཁྱབ་བསྒྱུར་བྱ་རྒྱུ། ཁྱད་པར་བཀའ་བློན་ཁྲི་པས་འཛིན་སྐྱོང་འགན་འཛིན་གྱི་འགན་དབང་ཐོག་ནས།

          ༡༽སྤྱི་ འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས། ༢༽བྱས་རྗེས་གཟེངས་རྟགས་དང། གོ་མིང་བདག་རྐྱེན། ༣༽དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་ལས་དོན་སྙན་ཞུ་དང། གཏམ་བཤད། གསལ་བཤད་བྱ་རྒྱུ་བཅས།

          དོན་ཚན་སོ་དྲུག་པ་ཁྲིམས་བཟོའི་དབང་ཆ།

          ཁྲིམས་ ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་ པ་དང། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་བཀའ་བློན་ཁྲི་པས་ཆོག་མཆན་མིང་རྟགས་འགོད་ དགོས།

          དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།

          ༡༽ཆེས་ མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་ འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲིག་ཚོགས་ཆུང་གིས་ཉིས་ ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐོབ་པ་དེར་ ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

          གཞན་ཡང་ བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའ་འམ་ཁས་ ལེན་བྱེད་དགོས་པ་བཅས་ནི་༸གོང་ས༸སྐྱབས་མགོན་ཆེན་པོའི་སྐུ་དབང་ལས་བགོས་ཀྱི་ རྣམ་པ་ཞིག་དང། དེ་མིན། བཅའ་ཁྲིམས་སུ་སྔར་ཡོད་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་སྐུ་དབང་ཚང་མ་ ཕྱིར་བསྡུ་དང་སྡེ་སྲིད་ལྷན་ཚོགས་ཕྱིར་བསྡུ་བྱས་པ་བཅས་ནི་ཡོད་པ་མེད་པར་བཟོས་ པའི་འགྱུར་བ་ཞིག་དང། བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ནི་མེད་པ་གསར་བསྣན་གྱི་ འགྱུར་བ་ཞིག་བཅས་སོ།

          ད་དུང་དོན་གནད་གཅིག་ཡོད་པ་ནི་མ་འོངས་བོད་དེ་ཡུལ་མིའི་སྲིད་སྐྱོང་ཞིག་ཏུ་བྱ་རྒྱུ་ཞེས་པ་དང་བཙན་བྱོལ་བོད་གཞུང་ངམ༼དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽ཞེས་པ་བོད་མིའི་སྒྲིག་འཛུགས་སུ་མིང་བསྒྱུར་དང། རྒྱལ་རྟགས་སམ་གཞུང་ཐམ་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པར་ལེགས་བཅོས་གནང་བ་བཅས་ནི་མིང་ཙམ་མིན་པར་དོན་གྱི་འཕོ་འགྱུར་ཆེན་པོ་ཞིག་ཆགས་ཡོད།

          སྒྱུར་ བཅོས་འདི་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་རྒྱང་གཟིགས་ཀྱིས་ བོད་མིའི་འཕྲལ་ཕུགས་གཉིས་སྨན་གྱི་ལེགས་བཅོས་སམ་གསར་བརྗེ་ཆེན་པོ་ཞིག་ཡིན་པར་ རྒྱ་ཆེ་བའི་གཞིས་བྱེས་བོད་མི་ཚང་མས་ངོས་འཛིན་དང་བསམ་ཤེས་ཐུབ་དགོས་པའི་སྒོ་ ནས་སྔར་ལྷག་གིས་ཡིད་བཞིན་ནོར་བུ་དང་ཁོང་གི་བོད་མིའི་སྒྲིག་འཛུགས་འདིར་ཡིད་ ཆེས་དང་གུས་བརྩི་ཆེན་པོས་ཕར་གྲུ་མཉམ་འདེགས་བྱེད་པའི་རེ་སྐུལ་ཤུགས་དྲག་དང་ བཅས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས། ༢༠༡༡།༥།༣༠

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php