ང་གཉིད་ནས་མ་སད་ན་དགའ།

 

 

༡༽
ང་རྟག་པར་གཉིད་རྒྱུར་དགའ། རྒྱུ་མཚན་ནི། ང་ཉིན་མོར་འགྲོ་མི་ཐུབ་ས་དག་ཏུ། ང་རྨི་ལམ་དུ་འགྲོ་གིན་ཡོད་དེ། ང་ཕ་ཡུལ་གྱི་གངས་རི་མཐོན་པོ་དག་གི་རྩེ་མོ་རུ་བུད་དེ་གནམ་ལ་ལག་པ་ཐུག་ཐུབ་ཅིང། ང་ཕ་ཡུལ་གྱི་གཙང་བོ་ཆེན་པོ་རུ་བརྐྱལ་ནས་གསེར་མིག་ཉ་མོའི་ཁྱུ་དང་ལྷན་དུ་རྒྱ་མཚོར་སྐྱོད་ཐུབ། ད་དུང་ང་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་ཕྱི་ནང་ཚང་མར་རང་དབང་གིས་འགྲོ་ཐུབ་ལ། ངས་ཇོ་བོ་རིན་པོ་ཆེར་མཇལ་ནས་གསོལ་བ་སྨོན་ལམ་འདེབས་ཐུབ། དེ་བས་ང་གཉིད་ན་འདོད་ཙིང་གཉིད་མ་སད་ན་དགའ།
༣༽
ང་རྟག་པར་གཉིད་རྒྱུར་དགའ། རྒྱུ་མཚན་ནི། ངས་ཉིན་མོར་མཇལ་མི་ཐུབ་དག་ལའང་ང་རྨི་ལམ་དུ་མཇལ་གྱིན་ཡོད་དེ། ངའི་རྨི་ལམ་དུ་ང་ཕ་མ་གཉེན་ཉེ་ཚོ་དང་མཇལ་ནས་རང་གི་བདེ་སྡུག་ལྷུག་པོར་བཤད་ཐུབ། ང་ཆུང་དུས་ཀྱི་མཛའ་མཐུན་གྲོགས་པོ་ཚོར་ཐུག་ནས་ཆང་འཐུང་དགའ་སྐྱིད་ལ་རོལ་ཐུབ། ད་དུང་མཛེས་སྡུག་རྩྭ་ཐང་སྟེང་གི་ལུག་རྫི་བུ་མོར་འགྲོགས་ཏེ་རྟ་རྒྱུགས་གཡག་རྒྱུགས་བྱེད་ཅིང་ཕན་ཚུན་སྙིང་གཏམ་བཤད་ཐུབ། དེ་བས་ང་གཉིད་ན་འདོད་ཙིང་གཉིད་མ་སད་ན་དགའ།
༣༽
ང་རྟག་པར་གཉིད་རྒྱུར་དགའ། རྒྱུ་མཚན་ནི། ངས་ཉིན་མོར་སྒྲུབ་མི་ཐུབ་དག་ཀྱང་ངའི་གཉིད་ལམ་དུ་འགྲུབ་ཀྱིན་འདུག་སྟེ། ངས་ཕ་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ནས་རིག་གནས་སློབ་གསོ་སྤེལ་ཐུབ། ངས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བསྐོར་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ། ད་དུང་ངས་བོད་སྟོད་སྨད་བར་གསུམ་གཅིག་ཏུ་བསྒྲིལ་ཏེ་རང་དབང་དམངས་གཙོའི་ལམ་ནས་ཞི་བདེའི་དཔལ་ལ་རོལ་ཐུབ། དེ་བས་ང་གཉིད་ན་འདོད་ཅིང་གཉིད་མ་སད་ན་དགའ།
༤༽
ང་ གཉིད་ན་འདོད། ངོ་མ་གཉིད་ན་འདོད། ང་ད་མྱུར་དུ་ཉལ་རྒྱུ་ཡིན། ང་ཕ་ཡུལ་ལ་ལོག་དགོས། ང་ཕ་མ་ལ་མཇལ་དགོས། ངས་ཕ་ཡུལ་སྐྱོབ་དགོས། དེ་བས་ང་གཉིད་དགོས། ང་ལ་རྨི་ལམ་དགོས། རྨི་ལམ་ཙམ་ནི་ངའི་རེ་བ་ཡིན་ལ་ངའི་བདེ་སྐྱིད་ཡིན། དེ་བས་ང་གཉིད་རྒྱུ་ཡིན། སུས་ཀྱང་ང་གཉིད་ལས་མ་སློངས། ང་ཁུ་སིམ་མེར་གཉིད་དུ་ཆུག དུས་གཏན་དུ་སད་རྒྱུ་མེད་པར་སྨོན་སྨོན་སྨོན།།

 

 

 

Endormi, je n’aime pas me réveiller.

 

J’ai toujours aimé dormir. Car les endroits où je ne peux pas allerpendant le jour, je peux m’y rendre dans mes rêves. Je monte au sommet des hautes montagnes enneigées de mon pays et je touche le ciel de la main. Je nage dans le grand fleuve de mon pays et je parcoure les océans avec les bancs de poissons dorés. Et puis aussi, je vais et viens en toute liberté au Potala, à Lhassa, et je faisdes souhaits devant [la statue du] Jowo Rinpoche.

C’est pour ça que j’ai envie de dormir et que je préfère ne pas me réveiller.

J’ai toujours aimé dormir. Car les personnes que je ne peux pas rencontrer pendant le jour, je peux les voir dans mes rêves. Jeraconte tous mes bonheurs et mes malheurs à mes prochesparents. Je bois du chang avec mes amis d’enfance en m’amusant. Et puis aussi, je fais des courses de chevaux et de yaks avec la bergère de la jolie prairie et je lui raconte des secrets en écoutant les siens.

C’est pour ça que j’ai envie de dormir et que je préfère ne pas me réveiller. 

J’ai toujours aimé dormir. Car les choses que je ne peux pas réaliser pendant le jour, je peux les accomplir dans mes rêves.J’apporte le savoir dans les lycées, les collèges et les écoles primaires de mon pays. Je circumambule autour des montagnes, des rivières et des forêts de mon pays et je protège son environnement. Et puis aussi, les trois régions tibétaines du U-Tsang, Kham et Amdo ne faisant qu’une, je jouis en toute liberté de la paix royale à travers la voie démocratique.

J’ai envie de dormir. J’ai vraiment envie de dormir. Je vais bientôt m’allonger. Je veux rentrer chez moi. Je veux voir mes parents. Je veux protéger mon pays. Pour ça, je veux dormir. Je veux des rêves. Juste des rêves : c’est là mon espoir et mon bonheur. Pour ça, je vais dormir. Que personne ne me tire de mon sommeil. Laissez-moi dormir en paix. Je souhaite ne jamais me réveiller. Jamais. Jamais.

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php