གསུམ་བཞིའི་དོན་རྐྱེན་ལ་རྒྱ་གཞུང་གིས་རྫུན་བཟོ་བྱས་པར་རགས་ཙམ་ 

དཔྱད་གླེང་གཉིས་པ་མུན་སེལ་སྒྲོན་མེ།

 སྔོན་གླེང༌། 

     རྒྱ་ནག་དམར་པོའི་རིང་ལུགས་ཀྱི་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་ཡོངས་རྫོགས་མེད་པ་བཟོ་རྒྱུའི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད། དེ་ཡང་དགོན་སྡེ་དྲུག་སྟོང་ལྷག་ཙམ་ཞིག་གཏོར་བཤིག་བཏང་བ་དང༌། རིན་ཐང་ཅན་གྱི་སྐུ་གསུམ་ཐུགས་རྟེན་གྲངས་མེད་མེར་བསྲེགས་པ་དང་ཆུར་སྐྱུར་བ་སོགས་ཀྱི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་འགོད་ཆགས་བསམ་ཡུལ་ལས་འདས་པ་བཏང་ཡོད། དེ་འདྲ་གནས་སྟངས་ཛ་དྲག་ཅན་གྱི་འོག་ནས་པཎ་ཆེན་པོ་ཆེའི་མཆོག་ཐུགས་ཀྱི་མ་བཟོད་ནས་ལུས་སྲོག་ལ་འཇིགས་ཞུམ་སྤུ་ཙམ་ཞིག་མེད་པའི་ཐོག་ནས་བོད་མི་རིགས་སྡུག་བསྔལ་དེ་དག་ལས་སྐྱབས་ཐབས་སུ་བོད་ཀྱི་དངོས་ཡོད་གནས་སྟངས་རྣམས་ཐབས་རྩོད་རྣོ་ངར་ལྡན་པས་རྒྱ་ནག་གི་མགོ་ཁྲིད་ཚོའི་མདུན་དུ་བྱབྱཡིག་འབྲུ་ཁྲི་བདུན་བྱབྱགྱི་སྙན་ཞུ་ཕུལ་བར་བརྟེན་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མ་ཉེས་ཁག་གཡོག་ནས་བོད་མི་རིགས་ཀྱི་དོན་དུ་ལོ་ངོ་ཧྲིལ་པོ་བཅུ་ལྷག་ཙམ་གྱི་རིང་ལ་རྒྱ་ནག་གི་བཙོན་ཁང་དུ་སྐུ་ངལ་ཚད་མེད་ངང་ནས་བཞུགས་དགོས་བྱུང་ཡོད། བོད་རིགས་ཏང་མི་ཐོག་མ་གྲས་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ལ་ཡང་མི་རིགས་ཆེན་མོའི་ཞྭ་མོ་གཡོག་སྟེ་ལོ་ངོ་བཅོ་བརྒྱད་ཙམ་གྱི་དཀའ་སྡུག་སྣ་མང་དཀྱིལ་ཏུ་གནས་དགོས་བྱུང་ཡོད། རྒྱ་དམར་གྱི་ཆབ་སྲིད་དང་ལྟ་བ་མ་མཐུན་ཚེ་བརྟག་དཔྱད་ཅི་ཡང་མེད་པས་ལམ་སང་ཉེས་མིང་སྣ་ཚོགས་ཤིག་བཏགས་ཏེ་བཙོན་ཁང་དུ་བཅུགས་ཏེ་མནར་གཅོད་ཚད་མེད་གཏོང་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཏང་མི་བོད་རིགས་རྣམས་ལ་མིང་རྫིག་པོ་བཏགས་བཞག་པ་མ་གཏོགས་དབང་ཚད་ཁབ་རྩེ་ཙམ་ཡང་མེད། ཁོ་པ་ཚོར་རྒྱ་གཞུང་གིས་བཀོད་མངགས་ལས་རང་དབང་གིས་ཚིག་གཅིག་ཀྱང་བརྗོད་དབང་མེད་པས་མ་བརྗོད་རང་བརྗོད་ཐུག་གི་ཡོད། ཡིན་ནའང་བོད་རིགས་ཏང་མི་རྣམས་ཀྱི་ད་ནི་རྒྱ་གཞུང་གི་གང་བརྗོད་ཅིག་ཏུ་འོག་ཏུ་མ་འགྱུར་བའི་ཐོག་ནས་བོད་རིགས་རང་སྐྱོང་རྩ་ཁྲིམས་གཞི་ལ་བཞག་ནས་བོད་རིགས་ཚང་མ་མཉམ་བསྒྲིལ་གྱི་བོད་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱ་རྒྱུ་བོད་རིགས་ཏང་མི་རྣམས་ཀྱི་རྣམ་རིག་བསྒྲིམ་ནས་ལས་དོན་བྱེད་དགོས་པའི་དུས་ཚོད་ཅིག་ཤར་འདུག་སྙམ།། ྋརྒྱལ་བ་རིན་པོ་ཆེའི་རང་དབང་ལུང་པ་ནང་དུ་ཡོད་མཁན་རྣམལས་ལ་བླང་དོར་བཀའ་སློབ་ལས། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་ཀྱང་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱེད་སྐབས་དམིགས་བསལ་གཟབ་ནན་བྱེད་དགོས། ང་ཚོས་དྲག་ལས་སུ་འགྲེལ་བརྗོད་འགྲོ་ཉེན་ཡོད་པའི་ལས་འགུལ་ཕྲ་མོ་ཚུན་ཆད་ཀྱང་སྤང་དགོས། ཞེས་རིན་ཐང་བྲལ་བའི་བཀའ་སློབ་དེ་དག་བོད་གཞིས་བྱེས་གཉིས་སུ་ཡོད་པ་ཀུན་གྱི་ཡིད་གཟབ་ངང་ནས་བོད་ཀྱི་ལས་འགུལ་འཚེ་མེད་ཞི་བའི་ཐོག་ནས་གནང་དགོས་པའི་བཀའ་སློབ་ཡིད་དུ་བཟུང་སྟེ་ལས་འགུལ་གནང་དགོས་རྒྱུ་ནི་ཧ་ཅང་གིས་གལ་ཆེ་དོན་ཆེན་ཞིག་ཏུ་འགྱུར་ཡོད། བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཞེ་དགུ་འཁོར་བའི་ཉིན་མོར་བོད་མི་རིགས་དཔའ་བོ་དཔའ་མོ་རྣམས་ཀྱིས་རྒྱ་དམར་གྱི་བོད་ལ་འཛིན་པའི་ཆབ་སྲིད་དེ་དག་ལ་མི་འདོད་པས་ཞི་བའི་ངོ་རྒོལ་སྐད་འབོད་ལ་རྒྱ་གཞུང་ནས་ཡ་ང་རྗེ་སྙིང་རྗེ་སྤུ་ཙམ་ཞིག་མེད་པའི་ཐོག་ནས་ཁྲག་དྲི་བྲོ་བས་དྲག་གནོན་བྱས་ནས་བོད་རིགས་རྒྱལ་གཅེས་པ་མང་པོ་བོད་རིགས་ཀྱི་དོན་དུ་སྐུ་སྲོག་འཕྲོག་ཡོད་པ་དང༌། ད་དུང་རྒྱའི་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་མཚོན་ཆེད་དུ་བྲིས་པ་ཞིག་ཀྱང་ཡིན། ཉེས་མེད་བོད་མི་རྣམས་ཀྱི་ཞི་བའི་སྐད་འབོད་ལ་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དམར་གསོད་བཏང་བ་དེ་དག་བརྒྱུད་ལམ་ཁག་ནས་མཐོང་སྐབས་སུ་སེམས་ཁམས་སྟོང་ལྷང་ངེར་གྱུར་ནས་དབང་མེད་དུ་མིག་ཆུ་ཤོར་བཞིན་ལས་དབང་ལ་འཁང་ར་བྱེད་བཞིན་དུ་བྲིས་པ་ཞིག་ཀྱང་ཡིན་པ་བཅས


དཀའ་སྡུག་འོག་གི་ཞི་བའི་སྟོབས་ཤུགས།

 

    དེ་ཡང་ང་ཚོའི་སྐྱིད་པའི་ཕ་ཡུལ་གངས་ལྗོངས་མཐོ་སྒང་གི་མི་རིགས་འདི་ཉིད་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་ལ། སྐད་ཡིག་དང་གོམས་གཤིས་སོགས་རྒྱལ་ཁབ་སུ་ཞིག་ལ་འདྲེས་བསླད་མེད་པའི་མི་རིགས་ཞི་བདེའི་ཁོ་ནར་བརྩོན་མཁན་གྱི་མི་རིགས་ཤིག་ཀྱང་ཡིན། དེ་འདྲའི་ཞི་བདེ་དགའ་བའི་མི་རིགས་འདི་ལ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོའི་ཕྱི་ལོ་ ༡༩༤༩ ལོར་བཙན་འཛུལ་བྱེད་མགོ་བཙུགས་ཏེ་ཁ་འཇམ་ཁོག་རྩུབ་ཀྱི་འོག་ནས་བོད་ས་ཡོངས་རྫོགས་ཁ་དབྱངས་སྙན་པོ་ཞིག་སྒྲོག་སྟེ་རིམ་གྱིས་དྲག་པོའི་བཙན་བཟུང་བྱས་ཤིང༌། དེ་ནས་བཟུང་སྟེ་བོད་མི་རིགས་རྣམས་ལ་རང་དབང་ཅུང་ཟད་ཙམ་ཡང་མེད་པའི་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་ཡོད་ནའང་དཀའ་སྡུག་དེ་དག་ལ་བཟོད་བསྲན་བྱས་ཏེ་ལོ་ངོ་ཧྲིལ་པོ་ཞེ་དགུ་ལྷག་ཙམ་གྱི་རིང་ལ་རྒྱ་དམར་གྱིས་བཙན་གནོན་འོག་ཏུ་མི་འདོད་བཞིན་དུ་གནས་དགོས་བྱུང་གི་ཡོད། ལོ་ཟླ་སྐྱུར་མོ་དེ་དག་ནང་དུ་རྒྱ་དམར་གྱི་བོད་ལ་འཛིན་པའི་སྲིད་ཇུས་ཆེས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་ནས་ཞི་བདེར་དགའ་བའི་བོད་མི་རིགས་ཉམས་ཆུང་འབུམ་ཕྲག་དུ་མ་ཞིག་གི་ཚེ་སྲོག་འཕྲོག་ཅིང༌། ཉེས་མེད་བོད་མི་མང་པོ་ཞིག་ཀྱང་བཙོན་ཁང་དུ་བཅུག་སྟེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བ་དང༌། བོད་རིགས་རྒྱལ་ཞེན་པ་མང་པོ་ཞིག་བཙོན་ཁང་ནང་དུ་སྡུག་སྦྱོང་སྣ་ཚོགས་ཤིག་བཏང་ནས་སྐྱེན་ལམ་དུ་བཏང་ཡོད། ད་དུང་གཞིས་ལུས་སྤུན་ཟླ་རྒྱལ་གཅེས་པ་རྣམས་ཀྱིས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཡོད་ཚད་བློས་བཏང་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་རྒྱུན་འཁྱོང་གནང་བཞིན་ཡོད། ལྷག་པར་རྒྱ་དམར་གྱིས་དམིགས་ཡུལ་ནང་དུ་ྋརྒྱལ་བ་རིན་པོ་ཆེས་གཙོས་པའི་བོད་མི་རྒན་པ་རྣམས་རྫོགས་པའི་ཉིན་མོ་དེ་ནས་བོད་མི་རིགས་ལས་སླ་པོ་ཞིག་གི་འོག་ནས་ཁོ་པ་ཚོའི་བོད་རིགས་ཡོངས་རྫོགས་མེད་པ་བཟོ་རྒྱུའི་དམིགས་ཡུལ་བཟུང་ནས་ལས་འགུལ་སྤེལ་ཡོད། དེ་ཡང་རྒྱ་དམར་སྲིད་གཞུང་གི་བརྒྱུད་ལམ་འདྲ་མིན་སྣ་ཚོགས་ཤིག་བེད་སྤྱོད་ནས་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ཏུ་སློབ་གསོ་ཡོངས་རྫོགས་ནང་དུ་སྤྱི་ཚོགས་རྙིང་པའི་ལུགས་སྲོལ་སྡུག་རབ་དང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་ལ་སོགས་པའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་ཁྱོན་ནས་མི་མཐུན་པའི་ཡིག་ཆ་མང་པོ་ཞིག་ས་ཕྱོགས་གང་སར་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད། དེ་ཡང་བདེན་རྫུན་གསལ་བར་སྟོན་པའི་མེ་ལོང་ལས། བྱབྱབོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ཏུ་རྒྱུ་ནོར་དང་དབང་ཆ་ཡོད་ཚད་ཞིང་བྲན་བདག་པོར་བདག་པ་དང༌། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ནི་དབུལ་བོ་དབུལ་རྐྱང་དང་ཁབ་སྐུད་ཙམ་ཡང་མེད་ལ། དམའ་ཐའི་མི་ལུས་རང་དབང་ཡང་མེད་པ་རེད། ཁོ་ཚོས་མི་རབས་ནས་མི་རབས་བར་སྐུ་དྲག་དང༌། དགོན་སྡེ། སྲིད་གཞུང་བཅས་ལ་རྫོགས་མཐའ་མེད་པའི་ཁྲལ་འུ་ལག་རྒྱུགས་དགོས་པ་དང༌། འགྲོ་བ་མིའི་ཁོངས་སུ་འབྱུང་དཀོན་པའི་ཡ་ང་བའི་འཚོ་བ་སྐྱེལ་དགོས་པ་རེད། ཁོ་ཚོར་མིར་ལུས་རང་དབང་ཟེར་བ་གང་ལ་ཡང་ཤོད་ཐབས་བྲལ་ཞིང༌། མངའ་བདག་གིས་ཞིང་བྲན་དང་བྲན་གཡོག་ལ་རང་དགར་བརྙན་བཅོས་སྡུག་བསྟེར་དང༌། འཚོང་བ། འབུལ་ཚན་དུ་སྤྲོད་པ། རྟ་ལྕག་གཞུ་བ་བཅས་བྱེད་ལ། དེ་བས་ཀྱང་གདུག་རྩུབ་ཀྱིས་དམར་གསོད་གཏོང་བ་རེད། ཁོ་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་ཅིང༌། མི་གྲངས་ ༩༠ ཚང་མ་ཡིག་རྨོངས་རེད། ནད་གཞི་ཕོག་ཚེ་སྨན་བཅོས་བྱ་མི་ཐུབ་པ་དང༌། སི་བིའི་ནད་དང༌། བྱི་རིམས། བཤལ་ནད་སོགས་རིམས་ནད་ཀྱིས་རྐྱེན་པས་མི་གྲངས་ཁྲི་སྟོང་མང་པོའི་སྲོག་ཤོར་ཞིང༌། བྱིས་པ་ཤི་ཚད་མཐོ་བོ་ ༦༠ ཡོལ་བ་དང༌། མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ལོ་གྲངས་ ༣༥ ཡིན་ལུགས་བྱབྱཞེས་སོགས་ཀྱི་དངོས་ཡོད་གནས་སྟངས་དང་ཁྱོན་ནས་མི་མཐུན་པའི་སྐྱག་རྫུན་ལུང་པ་གང་བཤད་ཡོད། དེ་ལ་པཎ་ཆེན་རིན་པོ་ཆེ་མཆོག་ནས། བྱབྱགནས་ཚུལ་དེ་འདྲ་ད་ཕན་བོད་ཀྱི་ལོ་རྒྱུས་ནང་རྩ་བ་ནས་བྱུང་མྱོང་མེད་ལ། དེ་ལྟར་བཀྲེས་ལྟོགས་ཀྱིས་མནར་བའི་སྡུག་བསྔལ་འདི་འདྲ་དེ་སྔ་བོད་མི་ཚོའི་རྨི་ལམ་ལའང་བྱུང་མྱོང་མེད་པ་ཞིག་རེད། ཟ་རྒྱུ་མེད་པའི་རྐྱེན་གྱིས་མིའི་ལུས་སྟོབས་ཧ་ཅང་ཞན་པོར་གྱུར་པའི་གནས་ཚུལ་འོག་ཆམ་ནད་སོགས་འགོ་ནད་ཡང་པོ་དེ་འདྲས་ཀྱང་གྲོང་ཚོའི་མི་མང་པོ་འདས་གྲོངས་སོང་ཡོད་པ་རེད།བྱབྱ ཅེས་རྒྱ་དམར་སྲིད་གཞུང་གིས་བོད་བཙན་འཕྲོག་བྱས་ནས་བོད་ཀྱི་ལོ་རྒྱུས་ནང་ཁྱོན་ནས་བྱུང་མྱོང་མེད་པའི་བོད་མི་རིགས་ལ་དཀའ་སྡུག་དེ་ཙམ་ཞིག་མྱོང་དགོས་བྱུང་བ་སོགས་ཀྱི་མེ་ལོང་ནང་བལྟས་པ་ཇི་བཞིན་ཧ་ཅང་གསལ་འཁོད་གནང་ཡོད། རྒྱ་གཞུང་གིས་རྒྱལ་སྤྱི་ནང་དུ་བོད་མི་རིགས་ལ་འཚོ་བའི་ཆུ་ཚད་སྔོན་མ་ལས་ད་སྐབས་འཚོ་བ་འོད་སྟོང་འབར་བ་འཕེལ་རྒྱས་བྱུང་ནས་བོད་མི་རྣམས་འདོད་བློ་ཁེངས་པ་འབྱུང་བཞིན་ཡོད་ཚུལ་རྒྱ་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དེ་དག་ཁུངས་ལུང་ཁྱོན་ནས་མེད་པའི་རྫུན་ཚིག་ཞེ་གཅིག་ཏུ་ཡིན་པ་ད་རེས་ཀྱི་གཞིས་ལུས་རྒྱ་ཆེ་མི་མང་གི་དཔའ་ངར་ཞུམ་མེད་ཀྱི་ལས་འགུལ་དེ་དག་ལས་གསལ་པོ་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཡོད། རྒྱ་དམར་གྱིས་རྟག་ཏུ་རྗོད་བཞིན་པ་ནི་བོད་མི་ཀླད་རྙིང་མཁྲེགས་བཟུང་ཅན་ཁ་ཤས་ཤིག་གི་བོད་ཀྱི་ཆབ་སྲིད་ཀྱི་གཏན་ལྷིང་ལ་གནོད་སྐྱོན་གཏོང་གི་ཡོད་པ་ལས་རྒྱ་དམར་གྱི་དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་རྣམས་ནི་ཀྲུང་དབྱང་སྲིད་གཞུང་གི་ཆབ་སྲིད་ལ་འདོད་བློ་འཚེམ་གྱི་ཡོད་ཚུལ་སོགས་འཛམ་གླིང་གི་ས་ཕྱོགས་གང་སར་འུར་སྒྲོག་ཁོ་ནར་བྱེད་ཀྱི་ཡོད།

 བོད་མིའི་ཁྲག་དམར་གྱི་རྡོ་རིང་གསོན་པོ་ཞིག་དང༌།

རྒྱ་གཞུང་སྐྱུག་བྲོ་བའི་སྐྱག་རྫུན།

 

གསུམ་བཅུ་དུས་དྲན་ཐེངས་ཞེ་དགུ་པའི་རང་དབང་གི་སྒེར་ལངས་ཉིན་མོ་དེར་བོད་རིགས་གཞིས་ལུས་རྒྱལ་གཅེས་པ་དཔའ་བོ་དཔའ་མོ་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱི་ཞི་བའི་ངོ་རྒོལ་གནང་ཞིང༌། དེ་ཡང་ངོ་རྒོལ་གྱི་གནང་མཁན་དེ་དག་ནི་བོད་ཀྱི་མི་རབས་གསར་པའི་ན་གཞོན་དར་མ་འོག་ཏུ་འཚར་ལོངས་བྱུང་བ་མང་ཆེ་བ་ཡིན་པར་བརྟེན་ནས་རྒྱ་དམར་གྱིས་ཁྱབ་བསྒྲགས་དེ་དག་རྫུན་མ་ཞིག་ཏུ་གྱུར་ནས་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱུར་ཡོད། ད་རེས་ལས་འགུལ་འདི་ནི་ལྷ་ས་མཚོན་པའི་བོད་རིགས་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་མོ་ཞིག་ཏུ་གྱུར་པ་དེར་བརྟེན་ནས་ཁོ་པ་ཚོས་ཅི་བཤད་འདི་བཤད་མེད་པར་གྱུར་སྐབས་ལྷ་སར་མཚོན་པའི་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་ཞི་བའི་ལས་འགུལ་དེ་དག་བརྒྱུད་སྐུལ་ཏཱ་ལའི་རུས་ཚོགས་རེད་ཅེས་དངོས་ཡོད་ཀྱི་གནས་ཚུལ་དང་ཁྱོན་ནས་མི་མཐུན་པའི་བོད་ལྗོངས་བརྙན་འཕྲིན་མཚོན་པའི་བརྒྱུད་ལམ་ཁག་ནས་ས་ཕྱོགས་གང་སར་ཁྱབ་བསྒྲགས་བྱས་ཡོད་ཀྱང་བོད་ནང་གི་སྙིང་སྟོབས་ཅན་གྱི་དགེ་འདུན་པ་ཁ་ཤས་ཤིག་གི་རང་ཉིད་ལུས་སྲོག་གི་ཉེས་འགག་ལ་མ་ལྟོས་པའི་ད་རེས་ལས་འགུལ་དེ་ནི་ྋརྒྱལ་བ་རིན་པོ་ཆེའི་བྱུས་སྟོན་གནང་བ་ཞིག་མ་ཡིན་པའི་དེ་ནི་ཆོས་བྱེད་པ་རྣམས་ལ་རང་དབང་མེད་པར་བརྟེན་ནས་ལས་འགུལ་དེ་དག་མི་མང་གི་རང་འགུལ་གྱི་སྤེལ་བ་ཞིག་ལས་སུ་ཞིག་དང་འབྲེལ་བ་མེད་ཅེས་གསར་འགོད་པ་རྣམས་ལ་འཇིགས་ཞུམ་མེད་པ་གནས་ལུགས་བརྗོད་ཡོད།  དེ་ཡང་བོད་ཀྱི་བང་ཆེན་འདོན་ཐེངས་ ༡༧༠ ནང་ལས། དགེ་འདུན་པ་ ༣༠ ལྷག་ཙམ་གློ་བུར་དུ་གསར་འགོད་པ་ཚོའི་མདུན་དུ་སླེབས་ནས་བོད་དོན་སྐད་འབོད་གནང་བ་དང༌། དགེ་འདུན་པ་རྣམས་ཀྱིས་མིག་ནས་མཆི་མ་ཐོན་བཞིན་བོད་ལ་རང་དབང་མེད་པ་དང༌། ད་ལྟ་བོད་ནང་གི་ཞི་རྒོལ་དེ་ྋགོང་ས་མཆོག་གི་ལས་སྟོན་གནང་བ་མིན་སྐོར་སོགས་ཀྱི་འཇིགས་ཞུམ་མེད་པའི་རྒྱ་དམར་གྱིས་མེ་མདས་སོ་ཁའི་འོག་ནས་དེ་འདྲ་ཞིག་སྙིང་སྟོབས་ཆེན་པོ་ཞིག་ཐོག་ནས་དྲང་བདེན་གྱིས་འགྲེལ་བརྗོད་གནང་བས་འཛམ་གླིང་མི་དམངས་ཀྱི་མདུན་དུ་རྒྱ་དམར་གྱི་རྫུན་རྐུབ་ཡོངས་སུ་བརྡོལ་ཏེ་ངོ་ཚ་ཁ་སྐྱེངས་ཀྱི་ངོ་གདོང་སྤྲེའུའི་རྐུབ་ལྟར་གྱུར་ཡོད། བོད་མི་རིགས་ཀྱི་ལག་ཏུ་ཅི་ཡང་འཁྱེར་རྒྱུ་མེད་ནའང་ད་དུང་རྒྱ་གཞུང་གིས་རྫུན་སྒྲོག་གིས་བོད་མིའི་ལག་ཏུ་གྲི་དང་མེ་མདའ་སོགས་ཀྱི་བེད་སྤྱོད་ནས་སྙོམ་ཆུང་མི་སེར་ལ་བརྡབ་གསིག་ཚད་མེད་བཟོས་ཚུལ་སོགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་དང་ཁྱོན་ནས་མི་མཐུན་པའི་རྫུན་སྒྲོག་མང་པོ་ཞིག་བྱེད་ཅིང་འདུག་པས་དེ་ནི་རྐུ་མ་ཧམ་ཆེན་གྱི་མི་གསད་ཅེས་པའི་བོད་པའི་གཏམ་དཔེ་དང་དོན་དངོས་དང་མཚུངས། ལྷག་པར་གོང་ཞུས་ལྟར་ད་རེས་གསུམ་གཅིག་བཞིའི་དོན་རྐྱེན་དེ་དག་ཏཱ་ལའི་རུ་ཚོགས་ཀྱི་བརྒྱུད་བསྐུལ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དྲག་སྤྱོད་པ་ཡིན་ཚུལ་སོགས་ཀྱི་རྫུན་སྒྲོག་བྱེད་བཞིན་ཡོད་པ་དེ་དག་ནི་ཕྱི་ལོ་ ༡༩༥༩ ལོའི་ནང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཀྱང་ལོག་སྤྱོད་པ་ཡིན་ཚུལ་སོགས་བརྗོད་ནས་བོད་གཞུང་གི་དམག་མི་བཏང་སྟེ་རྩ་མེད་བཟོ་དགོས་སོགས་ཀྱི་བཤད་ཡོད། དེ་ཡང་མཛད་རྣམ་ལས། བྱབྱཁམས་རིགས་རྒོལ་འགོག་བོད་གཞུང་ནས་འགུལ་བསྐྱོད་བྱེད་དགོས་ཤིང༌། དེ་ཡང་བོད་ཀྱི་དམག་དཔུང་བཏང་སྟེ་ངོ་ལོག་པ་རྩ་མེད་བཟོ་དགོས། རྒྱ་མིས་དཔུང་སྣོན་དང༌། དགོས་མཁོ་བཏང་མཐུས་ཟེར་བ་ཞེས་དང༌།བྱབྱ ཡང་མཛད་རྣམ་ལས། བྱབྱརྒྱ་མི་ཚོར་གལ་གནད་ཆེ་ཆུང་མཉམ་བསྲེས་ཀྱི་བྱེད་སྟངས་ཡ་མཚན་ཞིག་ཡོད། ཁོང་ཚོས་འུ་ཐུག་གནས་སྟངས་གི་གནས་ཚུལ་དེ་འདྲའི་སྐབས་རྒྱ་མིར་མཚོན་ཆ་བཟུང་སྟེ་ངོ་རྒོལ་བྱེད་མཁན་སྐོར་འགྲེལ་བརྗོད་བྱེད་དུས་ལོག་སྤྱོད་པ་ཟེར་དགོས་ཞེས་ཨ་ཚུགས་བྱེད་ཀྱི་ཡོདབྱབྱཅེས་དང༌། ཡང་མཛད་རྣམ་ལས། བྱབྱབོད་དུ་ཟིང་འཁྲུག་རྗེས་ཡིག་ཆ་དེ་དག་རྒྱ་མིས་དྲིལ་བསྒྲགས་ལ་རྒྱབ་སྐྱོར་ཆེད་དུ་པར་འདེབས་ཀྱིས་འགྲེམས་བསྒྲགས་ཆེན་པོ་བྱས་ཏེ༌། ངོས་རྒྱ་མིའི་དམར་སྒར་ནང་སྐྱོབ་ཡིབ་ཆེད་དུ་འགྲོ་འདོད་ཡོད་ཀྱང་ལོག་སྤྱོད་པ་ཚོས་ནོར་གླིང་ནང་འཛིན་འགོག་བྱས་པ་དང༌། མཐར་ངའི་འདོད་བབས་མེད་བཞིན་ཡུལ་གྱི་ཕྱི་ལོགས་རྒྱ་གར་དུ་བཙན་ཁྲིད་བྱས་ལུགས་ཀྱི་ཁུངས་སྐྱེལ་ཐུབ་ཐབས་སུ་བེད་སྤྱོད་བྱས་པ་རེད།བྱབྱ ཅེས་དང༌། དེ་བཞིན་དུ་སྲིད་དོན་རྒྱལ་རབས་ལས། བྱབྱརྒྱ་དམར་ལས་བྱེད་པས་བཀའ་ཤག་ལ་ཞུས་ཏེ་བོད་ས་གནས་སྲིད་གཞུང་དང༌། དང་བླངས་བསྟན་སྲུང་དམག་སྒར་གཅིག་པ་ཡིན་པ་ཡིན་མིན་རྡོ་ཁ་བླངས་པ། བཀའ་ཤག་ནས་ང་ཚོ་དང་འབྲེལ་བ་མེད་ཚུལ་གསུང་པ༌། བྱས་ན་བོད་གཞུང་གིས་དམག་མི་བཏང་སྟེ་ཁོ་ཚོ་རྩ་མེད་བཟོ་དགོས་བརྗོད་པ་ཞེས་དང༌།བྱབྱ ལྷག་པར་དུ་སྐབས་དེ་དུས་མདོ་ཁམས་ཆུ་བཞི་སྒང་དྲུག་མེད་པ་བཟོ་ཆེད་དུ་གཡོ་སྒྱུའི་ཐབས་ལམ་མང་པོ་ཞིག་ཀྱང་བྱས་ཡོད། དཔེར་ན་སྲིད་དོན་རྒྱལ་རབས་ལས། བྱབྱརྒྱ་དམར་ནས་ཁམས་རྫུན་དམག་མི་ཚོ་ཆུང་མང་པོ་གོ་སྒྲིག་ཁག་བགོས་ཀྱིས་དང་བླངས་དམག་དཔུང་མེད་སའི་ས་ཁུལ་ག་ས་ག་ལ་དང་དམག་ཡིན་ཚུལ་མི་སེར་གྱི་འབྲུ་ནོར། རྟ་ཟོག་འཕྲོག་བཅོམ་དང་བུད་མེད་བཙན་ཁྲིད་སོགས་བྱས་པབྱབྱཞེས་སོགས་ཀྱི་དང་དམག་གི་སྟོབས་ཤུགས་ཉམས་དམན་གཏོང་ཐབས་ཀྱི་གཡོ་སྒྱུ་མང་པོ་ཞིག་འཁྲབ་སྟོན་བྱས་ཡོད་པ་ལྟར་ད་རེས་ལྷ་ས་ནང་དུ་བོད་རིགས་མི་མང་རྣམས་ཀྱི་ཞི་བའི་ཐོག་ནས་སྐད་འབོད་གནང་སྐབས་སུ་གོང་ལྟར་རྒྱ་དམར་གྱིས་གཡོ་སྒྱུ་ཁྲབ་སྟེ་བོད་མི་རྣམས་དྲག་ལས་པ་ཞིག་ཏུ་ངོ་བོར་བསྒྱུར་ཐབས་ཀྱི་རྒྱ་དམར་གྱི་དམག་མིས་མི་སེར་དཀྱུས་མིའི་གྱོན་ཆས་གྱོན་ནས་ཚོང་ཁང་མེ་རྒྱབ་པ་དང་གྲི་འཁྱེར་བ་སོགས་བྱས་ཏེ་བོད་ནང་གི་ཞི་བའི་ལས་འགུལ་དེ་དག་དྲག་པོ་ལས་འགུལ་གྱི་ངོ་བོ་སྒྱུར་ཐབས་རྒྱ་གཞུང་གི་རྫུན་བཟོ་མང་པོ་ཞིག་བྱས་ཡོད། དེ་ཡང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་གསུང་བཤད་་ལས། བྱབྱརྒྱ་ནག་ཕྱོགས་ནས་ཉེ་ཆར་བོད་ནང་བྱུང་བའི་དོན་རྐྱེན་རྣམས་ྋགོང་ས་མཆོག་གིས་བསྐུལ་སློང་བྱེད་ཚུལ་དང༌། པེ་ཅིང་ཨོ་ལེམ་པིའི་རྩེད་འགྲན་ལ་གཏོར་རྒོལ་གཏོང་ཚུལ་གྱི་སྐྱོན་འཛུགས་བྱས་པ་རྣམས་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད།བྱབྱ ཅེས་དང་ཡང༌། བྱབྱད་མཚམས་ཁོང་ཚོས་ྋགོང་ས་མཆོག་ལ་དྲག་ལས་པ་དང༌། འཇིགས་སྐུལ༌། ཨོ་ལེམ་པིཀ་རྩེད་འགྲན་ལ་གཏོར་རྒོལ་གཏོང་བ་བཅས་ལ་རྒྱབ་སྐྱོར་མི་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད། དེར་སྐུ་ཚབ་གཉིས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་འཐབ་རྩོད་ཀྱིས་དྲག་ལས་དང་འཇིགས་སྐུལ་སོགས་ལ་མཐའ་གཅིག་ཏུ་ངོས་ལེན་མི་བྱེད་པ་མ་ཟད་འགག་བྱ་གནང་གི་ཡོད་པ་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་བསྔགས་བརྗོད་ཐོབ་ཀྱི་ཡོད་སྟབས། སུས་ཀྱང་ང་ཚོར་དེ་འདྲའི་འབོད་སྐུལ་བྱེད་དགོས་མེད་པ་ཤུགས་ཆེན་པོའི་སྒོ་ནས་བཤད་པ་ཡིན།བྱབྱ ཞེས་ལན་འདེབས་གནང་ཡོད་པ་དང༌། བོད་གཞུང་བཀའ་ཤག་གིས་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་གསུང་བཤད་ལས། བྱབྱསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་ལ་བརྟེན༌། འཚེ་བའི་ལས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མོས་སམ་རྒྱབ་སྐྱོར་གནང་གི་མེད་པ་འཇིག་རྟེན་ཡོངས་ཀྱི་མཁྱེན་གསལ་དང༌། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་རྒྱ་ནག་མི་དམངས་སྤྱི་མཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འི་ནང་ནས་འཚོལ་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིས་བྱུས་རྒྱུན་འཁྱོངས་གནང་བཞིན་ཐོག་རིང་མིན་པེ་ཅིང་དུ་ཚོགས་རྒྱུའི་ཨ་ལོམ་པིཀ་རྩེད་འགྲན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡིན་པའང་ཡོངས་གྲགས་ཡིན་པས་ྋགོང་ས་མཆོག་ལ་ཁ་བྲལ་དང་འཚེ་བ། ཨོ་ལོམ་པིཀ་རྩེད་འགྲན་ལ་གནོད་སྐྱོན་གཏོང་རྒྱུའི་ལས་དོན་མཚམས་འཇོག་དགོས་པའམ་དེ་དག་ལ་རྒྱབ་སྐྱོར་མི་གནང་བའི་འབོད་ཚིག་བསྒྲགས་པ་ནི་ཤེས་པ་རྣལ་དུ་གནས་པའི་གང་ཟག་གིས་བཤད་པའི་གཏམ་ཞིག་མིན་པ་བསམ་མེད་བྱིས་པ་ཡན་ཆད་ཀྱིས་གསལ་རྟོགས་ཐུབ་པ་ཞིག་ཡིན་པས་ལན་འདེབས་དང་འགྲེལ་བརྗོད་བྱ་འོས་སུ་མ་མཐོང༌།བྱབྱ ཞེས་གསུང་གཏམ་བཤད་གནང་ཡོད། དེར་བརྟེན་ནས་རྒྱ་གཞུང་གི་སྔ་མཐའ་ཕྱི་གསུམ་གྱི་བོད་མི་ལ་འཛིན་པའི་སྲིད་ཇུས་དེ་དག་ལ་འཛམ་གླིང་མི་མང་བློ་གཟུར་བོ་གནས་པ་རྣམས་ཀྱི་ངོ་རྒོལ་མཐའ་གཅིག་ཏུ་གནང་བཞིན་ཡོད། ད་རེས་བོད་མི་རིགས་རྒྱལ་གཅེས་པའི་དཔའ་བོ་དཔའ་མོ་དེ་དག་གི་བོད་མི་རིགས་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ཡོངས་རྫོགས་རང་དབང་གི་དོན་དུ་ལེགས་སྐྱེས་འབུལ་གནང་མཛད་པ་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་འཕོ་འགྱུར་ཇི་ལྟར་ཞིག་ཕྱིན་ནའང་དཔའ་བོ་དཔའ་མོ་ཁོང་རྣམས་པའི་ལྷོད་མེད་ཀྱིས་ལྷག་བསམ་དང་སྙིང་སྟོབས་རྣམས་ནི་བོད་མི་རིགས་ཀྱི་སེམས་ཁམས་སུ་རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ་ནམ་ཡང་ཟུབ་ཐབས་མེད་པ་གསོན་པོར་གནས།

ཞི་བདེ་ལ་དགའ་བའི་འཛམ་གླིང་གི་འབོད་སྒྲས་ས་ཡོམ།

 

མདོ་དབུས་ཁམས་གསུམ་དུ་གཞི་རྒྱ་ཆེ་བའི་ཞི་བའི་གྱེན་ལངས་ངོ་རྒོལ་ལ་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་དབང་གིས་རྒྱལ་སྤྱིའི་བློ་གཟུར་བོ་གནས་པའི་གྲགས་ཅན་མི་སྣ་རྣམས་ཀྱི་བོད་ནང་གི་ལས་འགུལ་དེ་དག་ལ་སེམས་འཚོར་ཆེན་པོའི་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་དེ་དག་དཔེ་མཚོན་ཙམ་བཀོད་ན། དེ་ཡང་བཙན་བྱོལ་བོད་གཞུང་གི་ཤེས་བྱ་དུས་དེབ་ལས། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལོ་ཌེ་མལ་ལོ་ཆེ་མཆོག་ནས ་་་རྒྱ་ནག་སྲིད་གཞུང་གིས་བོད་ནང་ཞི་བའི་ངོ་རྒོལ་གྱེན་ལངས་བྱེད་མཁན་བོད་མི་ཚོར་དྲག་གནོན་མུ་མཐུད་བྱས་ཚེ། རྒྱལ་སྤྱིའི་ནང་རྒྱ་ནག་ཐོག་ལྟ་སྣང་མཐོང་ཕྱོགས་ཧ་ཅང་ཞན་དུ་འགྲོ་ངེས་རེད། ཅེས་དང༌། ནིའི་ཛ་ལན་ཌིའི་སྲིད་བློན་ཧི་ལིན་ཁ་ལཀ་མཆོག་ནས། བོད་ནང་གི་དྲག་གནོན་མཚམས་འཇོག་བྱེད་དགོས། ང་ཚོས་དུས་ཡུན་རིང་པོ་ཞིག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ནས་བོད་མིའི་སྐུ་ཚབ་མཉམ་དུ་གྲོས་མོལ་བྱེད་དགོས། ཞེས་དང༌། ལྷོ་ཨ་ཕི་རི་ཀའི་ཌ་ཨེ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་ནི་ལི་འོན་མཆོག་ནས། ་་་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བཟོད་བསྲན་དང༌། རང་བདེན་གྱི་སྤྱི་ཚོགས། རང་དབང༌། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་བཀུར་གནང་མཁན་གྱི་དཔའ་མཛངས་སྙིང་སྟོབས་ལྡན་པའི་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་རྒྱ་དམར་གཞུང་ནི་དེ་ལས་ལྡོག་སྟེ་བོད་དུ་དབང་བསྒྱུར་བྱེད་མཁན་གཏེ་པོ་དེ་རེད། ཅེས་དང༌། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕག་སྐུ་ཌེན་ནི་མཆོག་ནས། བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་ངོ་རྒོལ་གྱི་རྦ་རླབས་འཕྱུར་བཞིན་ཡོད་པ་དེར་རྒྱ་དམར་གཞུང་ནས་གདུག་རྩུབ་ཆེན་པོའི་དྲག་གནོན་བྱས་པ་རེད། ཅེས་དང༌། རྒྱལ་ས་ལྡི་ལི་ནས་དབུས་གཞུང་གི་ཕྱི་སྲིད་ལས་ཁུངས་འགྲན་ཚབ་པས། ཉེ་ཆར་ལྷ་སར་དྲག་སྤྱོད་དང་ལྷིང་འཇགས་མེད་པའི་གནས་སྟངས་ཐོག་ཉེས་མེད་ཀྱི་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོན་པར་བློ་འཚབ་ཡོད། ཅེས་དང༌། རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་པར་ནབ་མུ་ཁར་ཇི་མཆོག་ནས། ང་ཚོས་ལྷ་སར་དུས་བདེ་ཞོད་འཇགས་མེད་པའི་གནས་སྟངས་ཐོག་འཚེ་བའི་བྱ་སྤྱོད་སྤེལ་བ་ལ་བརྟེན་ནས་ཉེས་མེད་སྐྱེ་བོ་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོན་པར་སེམས་འཚབ་ཡོད། ཅེས་དང༌། ཨར་ལན་ཌི་ཡི་ཕྱི་འབྲེལ་མགྲིན་ཚབ་པ་མེ་ཁལ་ཌི་ཧིག་གིན་མཆོག་ནས། ་་་ད་ཆ་བོད་ནང་འབར་མའི་ནང་བྱུང་པ་ལྟར་གདུག་རྩུབ་ཆེ་བའི་དྲག་གནོན་འགོ་ཚུགས་ཡོད་པ་རེད། ཨར་ལན་ཌི་དང༌། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། གཞན་ཡང་རྒྱ་ནག་མཉམ་དུ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚང་མས་རྒྱ་གཞུང་ལ་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཐད་ཀར་ལྷན་དུ་ཞི་བའི་གྲོས་མོལ་གནང་འགོ་བཙུགས་ཏེ་མི་གསོད་ཁྲག་སྦྱོར་གྱིས་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་མ་ནན་ཏན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན། ཞེས་དང༌། ཨོ་སི་ཊི་རི་ཡའི་ཕྱི་སྲིད་བློན་ཆེན་ཨུར་སུ་ལ་པལ་ས་སི་ནེཀ་མཆོག་ནས། བོད་ནང་དུ་ཉེ་དུས་ཟིང་འཁྲུག་ལངས་ཏེ་མི་མང་པོའི་ཚེ་སྲོག་ཤོར་བ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེ་ས་ཨོ་སི་ཊི་ལའི་གཞུང་ནས་བློ་ཕམ་དང་སེམས་འཚབ་ཆེན་པོ་བྱུང༌། བོད་ནང་དྲག་གནོན་དང་མི་གསོད་ཁྲག་སྦྱོར་འཕྲལ་དུ་མཚམས་འཇོག་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན། ཞེས་དང༌། ཀོ་སི་ཊཱ་རི་ཁའི་སྲིད་འཛིན་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨོ་སི་ཁར་སི་མཆོག་ནས། ལྷ་སར་ཉིན་གྲངས་མང་པོའི་རིང་དགེ་འདུན་པ་རྣམས་ཀྱས་ཞི་བའི་ངོ་རྒོལ་བྱས་པར་ཕྱི་ཚེས་ ༡༤  ཉིན་དྲག་པོའི་ཟིང་འཁྲུག་ཏུ་གྱུར་འདུག །རྒྱ་ནག་གཞུང་ནས་མི་གྲངས་ ༢༢ ཙམ་ལ་སྲོག་སྐྱོན་བྱུང་ལུགས་བརྗོད་ཀྱང་བོད་མིའི་ཕྱོགས་ནས་མི་གྲངས་ ༡༤༠ ཙམ་ལ་སྲོག་སྐྱོན་བྱུང་བར་བརྗོད་ཀྱི་ཡོད་པ་རེད། ཅེས་དང༌། ཉི་ཧོང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡུ་ཧཱ་ཏོ་ཡ་མ་མཆོག་ནས། ངའི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་དག་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་ཞུ་ཡི་ཡོད། བོད་ནང་ཟིང་འཁྲུག་དེ་ལྟ་བུ་ལངས་རྐྱེན་ནི་འདས་པའི་མི་ལོ་ ༤༩ རིང་རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོ་རོལ་དང་བོད་མིའི་རིགས་གཞུང་རྩ་གཏོར་བཏང་བ་བཅས་ལས་བྱུང་བ་རེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ཀྱིས་རྒྱུན་དུ་འཚེ་བ་སྤངས་ཏེ་ཞི་མོལ་ཁོ་ནའི་ལམ་ནས་དཀའ་རྙོག་དེ་དག་སེལ་ཐབས་གནང་ཡོད་ཅིང༌། འོན་ཀྱང་ཐབས་ལམ་འདི་རྒྱ་ནག་ནས་ངོས་ལེན་མ་གནང་བས་སྟབས་ད་ལྟ་གྲུབ་འབྲས་ཐོན་ཐུབ་པ་བྱུང་མེད། ཅེས་དང༌། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཀོན་དྲོལ་ལིའི་ཛ་རསེ་མཆོག་ནས། བོད་མིའི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཚེ་བའི་བྱ་སྤྱོད་ཀྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་པ་མཟད། ཁོང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་དོན་དུ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་གནང་གི་ཡོད་པ་ལས། བོད་རང་བཙན་རྩོད་ལེན་གནང་གི་མེད་པ་རེད། ཅེས་དང༌། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧའན་སེ་གར་ཏེ་པོ་ཀྲེ་རིང་མཆོགནས། ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་སེལ་ཐབས་གནང་བ་ དང༌། དེ་ཡང་ལམ་དབུ་མའི་ཐམས་ལམ་གཞི་ལ་བཅོལ་ཏེ། རིག་གཞུང་དང་ཆོས་ཕྱོགས་ཀྱི་ཐད་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་འཐབ་རྩོད་གནང་བ་ལས། གཞན་རྒྱ་ནག་གི་བོད་ཐོག་ས་ཁོངས་ཀྱི་བདག་དབང་ཐད་ལ་རྩོད་གླེང་གང་ཡང་གནང་གི་མེད་སྐོར་དང༌། དེ་བཞིན་ཏཱ་ལའི་བླ་མའི་བོད་དོན་འཐབ་རྩོད་ཀྱི་བཞེངས་ཕྱོགས་དེར་ཡུ་རོབ་གྲོས་ཚོགས་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད། ཅེས་པ་ལ་སོགས་པའི་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་མང་པོ་ཞིག་གི་བློ་གཟུར་པོ་གནས་པའི་ཐོག་ནས་རྒྱ་དམར་སྲིད་གཞུང་གི་བོད་ལ་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཡོད།

ཞི་བདེའི་སྟོབས་ཤུགས།

 

ལྷག་པར་དུ་ྋརྒྱལ་བ་རིན་པོ་ཆེའི་གསུམ་བཅུ་བཀའ་སློབ་ལས། ད་ཕན་མི་ལོ་བཅུ་ཕྲག་དྲུག་པ་ཉེ་བ་རིང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་རང་དབང་གི་གོ་སྐབས་བྲལ་ཏེ་དྲག་གནོན་འོག་འཇིགས་དངངས་དོགས་ཟོན་ཁ་ནའི་ངང་གནས་དགོས་བྱུང་ན་ཡང༌། ཆོས་དད་དང་རིགས་ཞེན། བོད་ཀྱི་ཐུན་མིན་ལེགས་བྱང་སོགས་རྒྱུན་འཛིན་ཐོག །རང་དབང་གི་མངོན་འདོད་ཉམས་མེད་གནས་ཐུབ་པ་ནི་བོད་མི་རིགས་ཀྱི་འགྲན་ཟླ་བྲལ་བའི་སྙིང་སྟོབས་ཀྱི་དཔལ་ཡོན་ཁྱད་པར་པ་ཞིག་ཡིན་པས་ངས་སྙིང་ནས་དགའ་སྤོབས་ཆེན་པོས་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་ཡིན། ཞེས་གསུང་པ་ལྟར་བོད་མི་རིགས་གཞིས་ལུས་མི་མང་རྣམས་ལ་མི་ལོ་ཧྲིལ་པོ་ཞེ་དགུ་དེ་དག་གི་ནང་དུ་ཁྲག་དང་མིག་ཆུའི་འོག་ཏུ་གནས་དགོས་བྱུང་ནའང་བོད་མི་རིགས་ཀྱི་ལ་རྒྱ་ཉིན་གཅིག་ཀྱང་བརྗེད་མྱོང་མེད་བརྗོད་ན་མི་ཆོག་པ་ཞིག་མེད་སྙམ། དེར་བརྟེན་ནས་དཀའ་སྡུག་དང་གདུག་རྩུབ་ཅན་གྱི་ལོ་ཟླ་དེ་དག་ནང་དུ་བོད་མི་རིགས་ཀྱི་རྩ་དོན་ཐོག་ལ་སེམས་ཤུགས་ཞུམ་མེད་ཀྱི་འཚེ་མེད་ཞི་བའི་ཐོག་ཏུ་ལས་དོན་གནང་བཞིན་ཡོད། ཡང་བཀའ་ཤག་གི་གསུང་བཤད་ལས། བྱབྱབོད་ནང་མི་རིགས་ཀྱི་ཞེ་ཕན་དང༌། ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པས་འཚེ་བ་མེད་ཅིང༌། ཁྲིམས་དང་མཐུན་པའི་ལས་དོན་སྣ་ཚོགས་རྩོམ་མཁན་བྱུང་འདུག་པ་དེ་དག་ལ་ཡི་རངས་བསྔགས་བརྗོད་དང༌། རྒྱུན་དུ་འཇིགས་དངངས་བློ་དོགས་ཆེན་པོའི་འོག་ཡོད་བཞིན་པའི་བོད་མི་རིགས་སྐྱ་སེར་རྒན་གཞོན་ཚང་མ་དང༌། ལྷག་པར་བོད་རིགས་ཏང་མི་གཞུང་གི་སྲི་ཞུ་བ་ཕལ་མོ་ཆེས་སྙིང་སྟོབས་ཆེན་པོས་བོད་མི་རིགས་ཀྱི་ལར་ཞེན་དང༌། བོད་དོན་བདེན་མཐའ་གསལ་བའི་ཐུགས་རེ་ཉམས་པ་མེད་པར་གནས་ཐུབ་པ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཚུལ་ཡིན་པས་དེ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། བཙན་བྱོལ་བོད་མི་ཡོངས་ཀྱིས་ངོས་འཛིན་དང་ཡི་རངས་བསྔགས་བརྗོད་ཡོད།བྱབྱ ཅེས་གསུང་པ་ལྟར་རྒྱ་ནག་དམར་པོའི་སྲིད་གཞུང་གི་མེ་མདའི་ཁ་སོ་འོག་ནས་ལུས་སྲོག་ལ་འཇིགས་ཞུམ་མེད་པའི་བོད་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་ལས་འགུལ་བར་མཚམས་མ་ཆད་པ་ལས་དོན་གནང་བཞིན་པ་དེ་ནི་ཆེས་གཟི་བརྗིད་ལྡན་པའི་ལས་དོན་ཞིག་ལོས་ཀྱང་ཡིན། གཞིས་ལུས་རྒྱ་ཆེ་མི་མང་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་སྤུ་ཙམ་ཞིག་མེད་ནའང་ད་དུང་ཆོད་སེམས་བརྟན་པོའི་ཐོག་ནས་བོད་མི་རིགས་ཀྱི་སྤྱི་པའི་རྩ་དོན་ཐོག་ལ་ཡོད་ཚད་བློས་བཏང་གིས་ལས་དོན་གནང་བ་དེ་ནི་ང་ཚོའི་བྱེས་པ་རྒན་དར་གཞོན་གསུམ་གྱི་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང༌། བོད་མི་རིགས་ལ་བཅངས་པའི་གདུང་ཞེན་དེ་དག་ལ་ང་ཚོའི་ཁ་མིག་ཡར་ལྟའི་ཐོག་ནས་ལས་དོན་གནང་དགོས་པའི་དྲན་གསོའི་རྡོ་རིང་གསོན་པོ་ཞིག་ཀྱང་ཡིན་པས་ད་རེས་ཀྱི་ལས་འགུལ་དེའི་མཚོན་ཡོད་ན། ང་ཚོའི་འདི་ཕྱོགས་རང་དབང་ལུང་པ་ནང་དུ་ཡོད་མཁན་ཀུན་གྱི་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་ཆོད་སེམས་དེ་དག་ཡིད་དུ་བཟུང་སྟེ་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་བཟོས་སུ་མ་འགྱུར་བའི་བོད་མི་རིགས་རྩ་དོན་གྱི་ཆེད་དུ་ལས་དོན་གནང་དགོས་པའི་དུས་ཚོད་གཅིག་ཏུ་སླེབས་ཡོད་པའི་སྔོན་བརྡ་ཞིག་ཀྱང་ཡིན། ལྷག་པར་དུ་གོང་ཞུས་ལྟར་ལོ་ངོ་ཧྲིལ་པོ་ཞེ་དགུ་ལྷག་ཙམ་གྱི་རིང་ལ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ལ་རྒྱ་གཞུང་གི་བཙན་དབང་དང༌། དྲག་གནོན། མཐོང་ཆུང་སྨྲ་འབེབས་སོགས་ཀྱི་འོག་ཏུ་མི་སྤྱོད་ལས་འདས་པ་དཀའ་སྡུག་སྣ་མང་དཀྱིལ་དུ་བཟོད་བསྒོམ་ཁོ་ན་བྱས་ནས་བསྡད་པའི་སེམས་ནང་གི་སྡུག་བསྔལ་དེ་ཕྱིར་རུ་བཏོན་ཐབས་ཀྱི་ཞི་བའི་སྐད་འབོད་མ་སྐུལ་དང་བླངས་ཀྱི་ཐོག་ནས་སྟོན་སྐབས་རྒྱ་གཞུང་གིས་ཡ་ང་རྙིང་རྗེ་སྤུ་ཙམ་ཞིག་མེད་པའི་ཐོག་ནས་བོད་མི་ཉམས་ཆུང་གི་ཐོག་ཏུ་མེ་མདས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཀྱང་བོད་མི་རྣམས་ཀྱི་འཇིགས་ཞུམ་མེད་པའི་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་གང་སར་ཞི་བའི་སྐད་སྒྲ་གཅིག་གི་འོག་ཏུ་བྱུང་ཡོད། དེ་ལ་རྒྱ་གཞུང་གིས་སྙིང་རྗེ་བྲལ་བའི་དྲག་གནོན་བྱས་པ་དེ་ནི་སྟོབས་ཆེན་རྒྱལ་ཁབ་མིང་འཛིན་ཅན་གྱི་རྒྱ་ནག་དམར་པོ་སྲིད་གཞུང་གི་ལོ་རྒྱུས་ནང་དུ་དག་ཐབས་མེད་པའི་ཉེས་པ་འཚབ་ཆེ་ཞིག་གསག་ཡོད་པ་དང༌། བོད་མི་རིགས་ཀྱི་ཉིན་མོ་དེ་ནི་ནམ་ཡང་བརྗིད་ཐབས་མེད་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད། བོད་མི་རིགས་ཀྱི་རང་དབང་གི་བདེན་དོན་གྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གི་ལུས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཁོང་རྣམས་ལ་ང་ཚོའི་རྗེས་དྲན་ཞུས་དགོས་པ་དང་ཞུས་འོས་པའི་ཁྲག་དམར་གྱི་དྲན་གསོའི་རྡོ་རིང་གསོན་པོ་ཞིག་ཀྱང་ལོས་ཡིན། བོད་མི་རིགས་ཀྱི་དོན་དོན་ཆེད་དུ་སྐུ་སྲོག་འཕྲོག་པ་དང་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་དཔའ་བོ་འདས་གསོན་ཡོངས་ཀྱི་ཆེད་དུ་རྗེས་དྲན་གྱི་དྲན་གསོ་ཆེད་དུ་ངེས་པར་དུ་མཆོད་རྟེན་ཞིག་བཞེངས་དགོས་རྒྱུ་ནི་ཧ་ཅང་གི་ལོ་རྒྱུས་ཀྱི་དགོས་མཁོ་ཞིག་ཏུ་མཐོང༌། རྒྱ་དམར་གྱི་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་སྟེ་བོད་མིའི་ཡུལ་གོམས་གཤིས་ལུགས་ལ་དོ་ཕོག་འཚབ་ཆེ་གཏོང་བཞིན་ཡོད་ལ། ལྷག་པར་བོད་ནང་དུ་དེང་རབས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཞེས་ཁ་དབྱངས་སྙན་པོ་ཞིག་ཁྱེར་ནས་བོད་མི་རིགས་ཀྱི་འདོད་བློ་ཡོད་མེད་ཀྱི་དྲི་བརྩད་ཙམ་ཞིག་མེད་པའི་ཐོག་ནས་བཙན་དབང་གིས་བོད་ཀྱི་གནའ་བོའི་གྲོང་ཁྱེར་ཁྱད་ཆོས་ཕུན་སུམ་ཚོགས་པ་དེ་དག་དེང་སྐབས་རྒྱ་ཡུལ་གྱི་གྲོང་ཁྱེར་ཇི་བཞིན་འགྱུར་བཞིན་ཡོད། བོད་ནང་དུ་མེ་འཁོར་ལྕགས་ལམ་བཟོས་ནས་ཉིན་རེ་བཞིན་དུ་བོད་ནང་དུ་རྒྱ་མི་ལས་མེད་མང་པོ་ཞིག་འབྱོར་ནས་བོད་མི་གྲངས་ཉུང་མི་རིགས་ཤིག་ཏུ་སྒྱུར་བ་དང༌། བོད་མི་ཞིང་འབྲོག་མི་མང་རྣམས་ལ་ཕན་རྒྱུ་འཚབ་ལས་གནོད་སྐྱོན་མང་བ་འཐེབ་ཀྱི་ཡོད་པ་རེད་ལ། བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་འཕོག་ནས་བོད་ཀྱི་སྲིད་པ་ཆགས་པའི་གངས་རི་རྣམས་ཀྱང་བཞུ་ནས་རྒྱ་ནག་ནང་དུ་ལོ་ལྟར་ཆུ་ལོག་གི་གནོད་སྐྱོན་འཚབ་ཆེ་འཐེབ་ཀྱི་ཡོད། རྒྱ་ནག་སྲིད་གཞུང་གི་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མ་བྱས་ཚེ་མ་འོངས་པ་ཨེ་ཤ་ཡ་ཡི་གླིང་ཕྲན་ལ་ཆུའི་དཀའ་ཚེགས་ཆེན་པོ་ཡོང་བའི་ས་དཔྱད་མཁས་པ་རྣམས་ཀྱི་བརྗོད་ཀྱི་ཡོད་ཀྱང་ད་དུང་རྒྱ་གཞུང་གི་དོ་སྣང་མེད་པའི་ཐོག་ནས་བོད་ནང་གི་ཁོར་ཡུག་ལ་གཏོར་བཤིག་འཚབ་ཆེ་ཉིན་རེ་བཞིན་ཆེ་རུ་གཏོང་བཞིན་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧུའུ་ཅི་ཧུ་ཐའོ་ནས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་མཇལ་འཛོམས་སྐབས་ཀྱི་གཏན་ལྷིང་དང་འཕེལ་རྒྱས་ཆེད་འབད་བརྩོན་བྱེད་དགོས་གཏམ་བཤད་བྱས་པ་དང༌། བོད་ཀྱི་དུས་བབ་བཅོ་བརྒྱད་རིང་ལ་གཏན་ལྷིང་བྱུང་ཡོད་པའི་ལས་དོན་གྲུབ་འབྲས་གླེང་སྟེ་རྒྱ་ནག་དམར་ཤོག་ཚོགས་པ་རྒྱལ་ཁ་ཆེན་པོ་ཞིག་ཐུབ་པ་ངོས་འཛིན་གྱིས་ཁ་ཕོ་སྒྲོག་བཞིན་པའི་སྐབས་དེར་གཞིས་ལུས་མིམང་རྣམས་ཀྱི་མ་སྐུལ་དང་བླངས་ཀྱི་ཞི་བའི་ལས་འགུལ་སྤེལ་བ་བརྟེན་ནས་ཁོ་པ་ཚོ་ཚོང་པ་ཧ་ལོག་ཤོར་བ་ཇི་བཞིན་དུ་གྱུར་ཡོད། དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་སྟེ་བོད་མི་རིགས་ཡོངས་རྫོགས་མེད་པ་བཟོ་རྒྱུའི་ངན་སེམས་བཅངས་ཏེ་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་ཡོངས་རྫོགས་མེར་བསྲེགས་བཏང་བ་ལ་སོགས་པ་མཚོན་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནས་སྟངས་ཐབས་སྐྱོ་པོ་ཞིག་ཏུ་གྱུར་ནས་བོད་མི་རིགས་རྣམས་དྲག་པོའི་ཐོག་ནས་ཁོ་པ་ཚོའི་ཕྱོགས་སུ་འགུགས་ཐབས་ཀྱི་ཐབས་ཤེས་རབ་དང་རིམ་པའི་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་བོད་མི་རིགས་ཀྱི་སེམས་ཁམས་ལ་བསྒྱུར་བཅོས་གཏོང་ཐུབ་མེད། ཕྱི་ལོ་ ༡༩༨༠ ལོར་ནས་བཟུང་སྟེ་བོད་ནང་ཕྱི་ཚུལ་དུ་ཆབ་སྲིད་ཀྱི་གུ་ཡངས་ཡོད་པའི་རྣམ་པར་སྟོན་ནས་བོད་མི་རིགས་ལ་ཕན་ཐོག་མེད་པའི་ལས་གཞི་མང་པོ་སྤེལ་ཡོད། ཕྱི་ལོ་ ༢༠༠༠ ལོར་ནས་བཟུང་སྟེ་བོད་ནང་དུ་ནུབ་རྒྱུད་ཐོན་འབྱེད་ཆེན་མོ་ཞེས་ཁ་དབྱངས་སྙན་པོ་ཞིག་སྒྲོག་ནས་བོད་མི་རྣམས་དཔལ་འབྱོར་གྱི་བསླུ་ཁྲིད་འོག་བསྡུ་ཐབས་ཀྱིས་སྟོང་བསམ་རིང་ལུགས་པའི་སྟོང་བསམ་འཆང་ཡང་གྲུབ་འབྲས་ཅི་ཡང་མ་སོན་པའི་མཐར་ཕྱི་ལོ་ ༢༠༠༨ ཟླ་ ཚེས་ ༡༠ བོད་མི་སྒེར་ལངས་ཉིན་མོར་དེ་སྔོན་ཁྱོན་ནས་བྱུང་མྱོང་མེད་པའི་གཞི་རྒྱ་ཆེ་བའི་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཞི་བའི་ངོ་རྒོལ་གྱེན་ལངས་ནང་དུ་ན་གཞོན་དུ་མ་ཞིག་གི་མ་སྐུལ་དང་བླངས་ཀྱི་རང་སྲོག་བློས་བཏང་གི་ལས་འགུལ་དེ་དག་ནང་དུ་ཞུགས་ཡོད་པ་དང༌། རྒྱ་ནག་དམར་པོའི་རིང་ལུགས་ཀྱི་བོད་ནང་འཇམ་རྩུབ་གཉིས་ཀྱི་ལས་འགུལ་དེ་ལྟར་ཞིག་སྤེལ་ནའང་བོད་མི་རིགས་ནམ་ཡང་རྒྱ་གཞུང་གི་མགོ་སྐོར་འོག་ཏུ་ཚུད་ཐུབ་མེད་པའི་ད་རེས་ལས་འགུལ་དེ་ནས་དངོས་རྟགས་གསལ་པོ་ཞིག་ཀྱང་བྱུང་ཞིང༌། ལྷག་པར་བོད་མི་རྣམས་ཀྱི་ཞི་བའི་ངོ་རྒོལ་ལ་རྒྱ་དམར་སྲིད་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཕྲུག་ཤེས་ལྡན་པ་རྣམས་ཀྱི་སེམས་ཀྱི་མ་བཟོད་དེ་བོད་མི་རིགས་ཀྱི་ལས་འགུལ་དེ་དག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཆོད་སེམས་བརྟན་པོའི་ཐོག་ནས་བྱབྱབོད་མིའི་སྐྱིད་སྡུག་མཉམ་མྱོང་བྱབྱཞེས་ཕྲད་དར་འཁྱེར་ནས་བོད་མི་རིགས་རྣམས་ཀྱི་ཞི་བའི་ངོ་རྒོལ་གནང་ཡོད། བོད་མི་རིགས་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་ནག་དམར་པོའི་རིང་ལུགས་ཀྱི་འོག་ཏུ་ནམ་ཡང་མགོ་བོར་མི་སྒུར་མེད་པའི་ད་རེས་ལས་འགུལ་དེ་དག་ལས་མཚོན་ཐུབ་པ་ཞིག་རེད། ད་ནི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམས་ཀྱི་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་མེད་པ་བཟོ་རྒྱུའི་དམར་ཤོག་གི་ལྟ་བ་ངན་པའི་ཀླད་རྙིང་མཁྲེགས་བཟུང་ངན་པ་དེ་དག་འདོར་ནས་བོད་རྒྱ་གཉིས་ཀ་སྔར་སྲོལ་བཟང་པོའི་ཆོས་ཡོན་གྱི་འབྲེལ་བ་མཛའ་མཐུན་སོར་གནས་ཐུབ་ཐབས་བཅས་ཀྱི་བསམ་བློ་གཏིང་ཟབ་ཀྱི་དགོངས་པ་བཞེས་ནས་བོད་ཐོག་ལ་འཛིན་པའི་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་མ་གཏོགས་ད་མུས་བཞིན་དུ་བོད་ནང་དུ་ཆབ་སྲིད་ཀྱི་དྲག་གནོན་གྱི་ལས་འགུལ་སྤེལ་བསྡད་ཚེ་ཉིན་གཅིག་བོད་རྒྱ་ཕན་ཚུན་འཇུག་འབྲས་ངན་པ་ཞིག་བྱུང་སྲིད་པས་དེའི་འགན་དབང་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁུར་དགོས་པ་ཞིག་རེད། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། བྱབྱལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་ནང་སྐབས་རེར་གཉེན་སྒྲིག་དང༌། སྐབས་རེར་དམག་རྒྱག་རེས་སོགས་བྱུང་ཡོད། སངས་རྒྱས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་དུ་མ་དར་སྔོན་རྒྱ་ནག་ཏུ་དར་བ་ལ་བརྟེན་ནས་བོད་རིགས་རྣམས་ཀྱི་རྒྱ་རིགས་ལ་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩེ་བྱེད་ཀྱི་ཡོད་ཅིང༌།བྱབྱ ཞེས་ཐུགས་བརྩེ་བ་ཆེན་པོའི་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམས་ཀྱི་དགོངས་པ་བཞེས་པའི་དུས་ཚོད་ཅིག་ཤར་འདུག་སྙམ།

ང་ཚོའི་ནམ་ཡང་བརྗིད་མི་སྲིད་པའི་ལོ་

རྒྱུས་ཀྱི་དྲན་གསོའི་རྡོ་རིང་ཞིག

 

ཕྱི་ལོ་ ༡༩༥༩ ལོར་ནས་བཟུང་ནས་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་ལུས་སྲོག་ལ་འཇིགས་ཞུམ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཞི་བའི་ངོ་རྒོལ་རྒྱུན་ཆད་མེད་པར་རབ་དང་རིམ་པར་སྤེལ་ཡོད་ཀྱང་ད་ལོ་ནང་བཞིན་གཞི་རྒྱ་ཆེ་བ་ཞིག་དེ་སྔོན་གྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་བརྗོད་ན་མི་ཆོག་རྒྱུ་ཅི་ཞིག་ཡོད། སྔར་གྱི་ལོ་རྒྱུས་ནང་དུ་བསྟན་པ་མེ་རོ་སྨད་ནས་གསོས་ཞེས་པ་ལྟར་ཕྱི་ལོ་ ༢༠༠༧ ཟླ་ ཚེས་ ཉིན་མོར་རྒྱལ་གཅེས་པ་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ནས་འཇིགས་ཞུམ་སྤུ་ཙམ་ཞིག་མེད་པའི་མི་མང་འཛོམས་པའི་དབུས་སུ་ལངས་ཏེ་མ་སྐུལ་དང་བླངས་ཀྱི་ཐོག་ནས། བྱབྱྋརྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག །བོད་ལ་གང་མགྱོགས་ཆིབས་བསྒྱུར་གནང་དགོས། ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གཏོངབྱབྱསོགས་ཀྱི་སྐད་འབོད་སྒྲོག་ཐེངས་གཅིག་གི་མདོ་དབུས་ཁམས་གསུམ་དུ་ཁྱབ་ཅིང༌། དེ་ནས་མཐར་ཕྱི་ལོ་ ༢༠༠༨ ཟླ་ ཚེས་ ༡༠ ཉིན་མོར་གོང་ཞུས་ལྟར་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་གཞི་རྒྱ་ཆེ་བའི་གྱེན་ལངས་ཆེན་མོ་འདི་རྡོག་རྩ་གཅིག་སྒྲིལ་གྱི་བྱུང་ཞིང༌། དེ་ཡང་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུང་ལས། བྱབྱལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགསབྱབྱཞེས་བསྔགས་བརྗོད་གནང་པ་ལྟར་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་སྙིང་སྟོབས་ལ་འཛམ་གླིང་མི་མང་རྣམས་ཧང་གསང་དགོས་པའི་ཆེས་ལས་འགུལ་གཟི་བརྗིད་ལྡན་པ་ཞིག་བྱུང་བ་རེད། རྒྱ་དམར་གྱི་རྟག་ཏུ་འཛམ་གླིང་མི་མང་གི་མདུན་དུ་བོད་ནང་དུ་ཆོས་དད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་གྱི་འུར་སྒྲོག་ཁོ་ནར་བྱེད་ཀྱི་ཡོད་ཀྱང་དོན་དངོས་ཐོག་བོད་མི་རིགས་ཀྱི་ཚེ་རབས་ཀུན་གྱི་རྩ་བའི་བླ་མ། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། འགྲོ་བ་འདྲེན་པའི་མགོན་སྐྱབས། སངས་རྒྱས་བསྟན་པའི་སྲོག་ཤིང༌། བོད་མི་རིགས་ཁོག་པའི་སྙིང་ལྟ་བུ་རྩ་བའི་བླ་མ་ྋརྒྱལ་བ་རིན་པོ་ཆེར་དད་པ་ཙམ་ཡང་བྱེད་མི་ཆོག་པ་དང༌། དགོན་སྡེ་མཚོན་པའི་ཁྱིམ་ཚང་ནང་དུ་ཡང་ྋརྒྱལ་བ་རིན་པོ་ཆེའི་སྐུ་དཔར་ཙམ་ཡང་སྒྲིག་གཤམས་མི་ཆོག་པའི་ཁྲིམས་ལུགས་བཙན་དབང་གིས་གཏན་འབེབས་བྱས་ཡོད། སྟོད་མངའ་རིས་དར་ཆེན་གྱི་གུ་རུའི་སྐུ་འདྲ་གཏོར་བཤིག་བཏང་བ་སོགས་ཀྱི་རིག་གནས་གསར་བརྗེའི་ཕྱིར་ལོག་བྱས་པ་དང་མཚུངས་པའི་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་བསུབ་མི་ཐུབ་ལས་འགུལ་ཐ་ཤལ་རབ་དང་རིམ་པ་སྤེལ་བཞིན་ཡོད། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་སྤྲུལ་སྐུ་ངོས་འཛིན་ཁྲི་འདོན་བྱེད་སྟངས་རྩ་མེད་བཟོ་ཆེད་དུ་དམིགས་ཡུལ་ངན་པ་ཞིག་འཛིན་ནས་བོད་མི་རིགས་ཀྱི་སེམས་ཁམས་དང་ཡོངས་སུ་མི་མཐུན་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་དང༌། དེ་ཡང་ཕྱི་ལོ་ ༡༩༩༨ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་དྲུང་ཆེ་གཞོན་གྱིས། ་་་ང་ཚོ་ནི་གུང་ཁྲན་ཏང་གི་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ལྷ་མེད་སྨྲ་བའི་ལྟ་བ་འཛིན་མཁན་ཡིན་ཞེས་ཁྱབ་བསྒྲགས་བྱེད་པ་ཁོ་ནས་འགྲིགས་ཀྱི་མེད། ང་ཚོས་དཔའ་ངར་ཞུམ་མེད་ངང་མར་ཁེ་སེ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ལྷ་མེད་སྨྲ་བའི་ལྟ་བ་དྲེལ་བསྒྲགས་བྱས་ཏེ༌། ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ལ་མར་ཁེ་སེ་རིང་ལུགས་ཀྱི་ལྟ་ཚུལ་ཇི་ཡིན་སློབ་གསོ་སྤྲད་དེ་ཁོང་ཚོ་འི་ཆོས་ལུགས་ཀྱི་བསམ་བློ་ར་འགྱུརར་བ་གཏོང་དགོས་ཞེས་གཏམ་བཤད་བྱས་ཡོད། དེར་བརྟེན་ནས་སྤྲུལ་སྐུ་ངོས་འཛིན་གནས་སྟངས་དེ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པས་ལམ་ལུགས་ཤིག་ཡིན་ན། ཆོས་མེད་སྨྲ་བའི་རིང་ལུགས་པ་རྒྱ་དམར་གྱི་བོད་ཀྱི་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སྐོར་ལ་ཐེ་ཇུས་བྱེད་པའི་དབང་ཚད་ཕྲ་མོ་ཙམ་ཡང་མེད་བཞིན་དུ་བོད་མི་རིགས་ཀྱི་སྲོལ་རྒྱུན་ལ་མཐོང་ཆུང་དང༌། དམའ་འབེབས་སོགས་ལས་དོན་བཙན་དབང་གི་ཐོག་ནས་བྱེད་བཞིན་ཡོད། དེ་ནི་བོད་མི་རིགས་ཀྱི་ནམ་ཡང་ངོས་འཛིན་བྱེད་མི་སྲིད་པ་ཞིག་དང༌། བྱེད་མི་ཐུབ་པ་ཞིག་རེད། གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་ཞི་བའི་ངོ་རྒོལ་གྱི་གྱེན་ལངས་བྱུང་བ་དེ་ཏཱ་ལའི་བླ་མ་དང༌། དེའི་སྒྲིག་འཛུགས་ཀྱི་ཇུས་ངན་གོ་སྒྲིག་བྱས་ཚུལ་སོགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་དང་ཁྱོན་ནས་མི་མཐུན་པའི་གཞི་མེད་ཧམ་བཤད་ཀྱི་སྐྱོན་བརྗོད་ཤུགས་བྱེད་བཞིན་ཡོད། བོད་རྒྱ་མི་རིགས་བར་མི་མཐུན་པའི་རྒྱ་དམར་སྲིད་གཞུང་གིས་ས་བོན་ངན་པ་འདེབས་བཞིན་ཡོད་པ་བརྟེན་ནས་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློལ་ལས། བྱབྱརྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུག་རྒྱང་རིང་པོའི་བར་ཚོད་དཀའ་བའི་མཇུག་འབྲས་ངན་པ་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་འདེབས་སྲིད་པ་འདིར་ངོས་རང་སེམས་འཚབ་ཧ་ཅང་ཆེན་པོ་འདུགབྱབྱཅེས་ཐུགས་འཚབ་ཆེན་པོ་ཞིག་གི་ཐོག་ནས་བཀའ་སློབ་ཕེབས་ཡོད། ལྷག་པར་དུ་རྒྱ་ནག་ནང་གི་ཤེས་ལྡན་མི་སྣ་གསུམ་ཅུ་ལྷག་ཙམ་ཞིག་གི་བོད་དོན་ཐོག་ཏུ་བཏོན་པའི་བསམ་ཚུལ་ལས། བྱབྱམི་རིགས་འཆམ་མཐུན་མངོན་དུ་འགྱུར་དགོས་པ་ལས། མི་རིགས་བར་གྱི་འགལ་ཟླ་རྒྱ་ཆེ་རུ་གཏོང་རྒྱུ་དེ་མིན་བྱབྱ ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་བརྒྱུད་ལམ་ཁག་ཏུ་དོན་དངོས་དང་མི་མཐུན་པའི་མི་རིགས་བར་འགལ་ཟླ་ཡོང་བའི་བརྒྱུད་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་དབང་གི་རྒྱ་ནག་གི་ཤེས་ཡོན་པ་ཚོས་དེ་ནོར་འཁྲུལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་སྟེ་རྒྱ་ནག་མི་དམངས་ཀྱི་མཛད་གཙོ་རྣམས་ལ་དྲན་སྐུལ་གནང་ཡོད་པས་བློ་གཟུ་བོ་གནས་པའི་རྒྱ་ནག་མི་དམངས་ཀྱི་ཤེས་ཡོན་པ་རྣམས་ཀྱི་བོད་མི་རིགས་རྣམས་ལ་དཀའ་སྡུག་ཚད་མེད་མྱོང་གི་ཡོད་པ་དངོས་ཡོད་དེ་དག་རྟོགས་ཏེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་རེད་སྙམ། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་མཚོན་པའི་བརྒྱུད་ལམ་ཁག་ཏུ་རྒྱ་བོད་མི་རིགས་མི་མཐུན་པ་བཟོ་ཆེད་དུ་དམིགས་ཡུལ་ངན་པ་བཟུང་སྟེ་ད་རེས་ཀྱི་ངོ་རྒོལ་དེའི་ནང་དུ་རྒྱ་མིའི་ཚོང་ཁང་དང་ཟ་ཁང་སོགས་གཏོར་བཤིག་བཏང་ཚུལ་སོགས་ཀྱི་འབྲེལ་བརྗོད་ལོག་པ་རྐྱང་བྱེད་བཞིན་པ་དེ་ནི་མི་རིགས་དབར་ཁ་བྲལ་གཏོང་མཁན་ྋགོས་སྐྱབས་མགོན་རིན་པོ་ཆེ་མཆོག་དབུས་གཙོས་པའི་བཙན་བྱོལ་བོད་གཞུང་སོགས་མ་ཡིན་པ་རྒྱ་དམར་དམར་ཤོག་ཚོགས་པ་ཡིན་པ་ད་རེས་ཀྱི་བརྒྱུད་བསྒྲགས་བྱེད་སྟངས་ལས་རྟོགས་ཐུབ་པ་ཞིག་རེད།

མཐའ་དོན་ཞུ་རྒྱུ་ཞིག་ནི་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་ཡོངས་རྫོགས་ཀྱི་དམ་ཚིག་རྡོག་རྩ་ཆིལ་བསྒྲིལ་གྱིས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་མཐུན་པའི་བོད་ལྗོངས་ཡོངས་རྫོགས་རང་སྐྱོང་ཚད་ལྡན་ཞིག་ཡོང་བའི་ལས་དོན་རྒྱུན་ཁྱོང་གནང་རྒྱུ་ནི་སྐབས་སུ་བབ་པའི་ལས་དོན་གལ་ཆེ་ཞིག་ཏུ་མངོན། གཞིས་བྱེས་བོད་མི་ཡོངས་ལ་བཀའ་ཤག་གི་གཏམ་བཤད་ལས། བྱབྱརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སོ་པ་ཧ་ཅང་མང་པོ་གཞིས་བྱེས་བོད་མིའི་ཁྲོད་དུ་བཀྲམས་ནས་བོད་ནང་ཁུལ་དང༌། བོད་མི་དང་རྒྱ་མིའི་བར། བོད་མི་དང་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་དབར་དཀྲུགས་ཤིང་གིས་ཆིག་བསྒྲིལ་དང་ལས་འགུལ་གྱི་ནུས་པ་ལ་གཏོར་བཤིག་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ལས་གཞི་རྩོམ་བཞིན་པར་བརྟེན་བོད་རིགས་ཚང་མས་སྤྱང་གྲུང་དང་དོགས་ཟོན་ཧ་ཅང་ཆེན་པོ་ཐུགས་གཟབ་གནང་དགོས་བྱབྱཞེས་གསུང་བཤད་གནང་ཡོད་ན་རྒྱ་མི་མང་རྣམས་ཀྱི་ཡིད་གཟབ་གནང་ནས་ལས་དོན་གནང་རྒྱུ་དེ་ཡང་གལ་ཆེ་ཞིག་ཏུ་མཐོང༌། ད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནམ་རིང་སྒྲུང་གི་འཁྱོལ་ཐབས་མེད་ཅེས་པའི་དཔེ་ལྟར་དགོངས་པ་ཆེར་བཞེས་གནང་སྟེ་རྒྱལ་བ་རིན་པོ་སྐུ་འཚོ་བཞུགས་སྐབས་ནས་བོད་དོན་ཐག་གཅོད་ཐུབ་ཐབས་བྱེད་དགོས་མ་གཏོགས་མ་འོངས་པ་འཇུག་འབྲས་ངེས་པར་ཡོང་རྒྱུ་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་ཡིན་པ་ངོས་འཛིན་གྱི་གཞི་མེད་ཀྱི་ྋརྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དེ་དག་འདོར་ཏེ་གང་མྱུར་རྒྱ་བོད་དཀའ་རྙོག་གསལ་ཐབས་སུ་བསམ་བློ་གུ་ཡངས་གཏོང་དགོས་པའི་དུས་སྐབས་ཤིག་སླེབས་ཡོད་པ་ཤེས་པར་གྱིས་ཤིག །བོད་རྒྱལ་ལོ། ཞེས་པའི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ཚེས་ ༡༩ ཉིན་མོར་རྫོགས་པར་བགྱིས་སོ།

ལོ་ངོ་ཞེ་དགུ་ལྷག་ཙམ་རིང༌།། མི་སྤྱོད་ལས་འདས་མནར་གཅོད་མྱོང༌།།

ཞུམ་མེད་གཞིས་ལུས་མི་དམངས་ཀྱིས།། བདེན་དོན་ཆེད་དུ་ཡོད་ཚད་བཏང༌།།

ཚད་མེད་ཞི་བའི་ལས་འགུལ་ལ།། མི་བསུན་ཀླ་ཀློ་དཔུང་ཚོགས་ཀྱིས།།

དེང་དུས་འཁྲུས་ཆས་བེད་སྤྱད་ནས།། གངས་ཕྲུག་དུ་མའི་ཚེ་སྲོག་འཕྲོག།

མཐའ་བཞིའི་གངས་རི་དམག་གི་སྐོར།། ཆོས་ལྡན་འོད་སྣང་མུན་པའི་སྒྲིབ།།

མི་རྣམས་སྡུག་གི་ལམ་ལ་བཀོད།། དྲན་པ་ཙམ་གྱིས་མིག་ཆུ་ཤོར།།

ལྷ་དང་བླ་མ་ཆོས་སྐྱོང་སོགས།། གངས་ལྗོངས་ཆོས་ཀྱི་གངས་ཕུག་རྣམས།།

འཇིགས་པའི་གནས་ལས་གྲོལ་ཐབས་སུ།། ཡེ་ཤེས་སྤྱན་གྱི་གཟིགས་པར་མཛོད།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php