ཨོ་རྩེད་དབུ་འབྱེད་མཛད་སྒོར་ཨེ་ཝེ་ཝེས་ཞིབ་འཇུག

 

ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར། 


གཟའ་སྤེན་པའི་པེ་ཅིན་ཨོ་རྩེད་དབུ་འབྱེད་མཛད་སྒོར་ཞུགས་རྒྱུ་ཕྱིར་འཐེན་བྱེད་མཁན་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེས་ལོན་ཌོན་གྱི་ཨོ་རྩེད་དབུ་འབྱེད་མཛད་སྒོ་ནི་པེ་ཅིན་ཨོ་རྩེད་དབུ་འབྱེད་མཛད་སྒོ་དང་མི་འདྲ་བའི་རྒྱུ་མཚན་གླེང་བ། 

ལོན་ཏོན་གྱི་ཨོ་རྩེད་དབུ་འབྱེད་མཛད་སྒོ་འདི་ཁྱད་དུ་འཕགས་པ་ཞིག་རེད། དེ་ལེགས་འགྲུབ་ཧ་ང་ཡག་པོ་བྱུང་སོང། དེ་ནི་དབྱིན་ལན་གྱི་ཁྱད་ཆོས་ངོ་མ་དེ་རེད། ཁོང་ཚོས་བཅོས་མའི་རྣམ་འགྱུར་ཞིག་གིས་འཛམ་གླིང་ཡོངས་ཀྱི་དང་པ་འདྲེན་ཐུབ་མདོག་བསྟན་མ་བྱུང། གང་ལེགས་ཞེ་ན། དབྱིན་ལན་ལ་གདེང་ཚོད་ངེས་ཅན་ཞིག་ཡོད་པས་དྲན་རྟེན་རང་བཞིན་ཅན་གྱི་ཨོ་རྩེད་འགྲན་ཚོགས་ཤིག་དགོས་དོན་མེད། འོན་ཀྱང་། རྒྱ་ནག་ལ་མཚོན་ན་ཨོ་རྩེད་ནི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་ཆེན་གཅིག་པུ་རེད། པེ་ཅིན་གྱི་ཨོ་རྩེད་འགྲན་ཚོགས་གཟི་བརྗིད་ཆེན་པོ་རེད་ལ། པེ་ཅིན་གྱིས་འཛམ་གླིང་ཡོངས་ལ་མགྲོན་བསུ་གཟབ་རྒྱས་ཤིག་བྱེད་ཐབས་བྱས་པ་རེད། ཡིན་ནའང་མགྲོན་བདག་གིས་སྤྲོ་སྐྱིད་དེ་ལོངས་སུ་སྤྱོད་ཐུབ་མེད་པར། རྒྱ་གཞུང་གིས་མི་མང་གི་མངོན་འདོད་སྣང་མེད་དུ་བཏང་ཡོད། གང་ལེགས་ཞེ་ན། པེ་ཅིན་གྱིས་འཛམ་གླིང་ལ་རྒྱ་ནག་གི་སྣང་བརྙན་ཆེན་པོ་ཤིག་ཁོ་ན་བསྐྲུན་ཐབས་བྱས་པའི་རྐྱེན་གྱིས་རེད། 

ལོན་ཏོན་དུ་ཁོང་ཚོས་དངོས་ཡོད་ཐོག་ཨོ་རྩེད་དེ་མགྲོན་བསུ་དྲོད་ཁོལ་ལྡན་པ་ཞིག་གི་རྣམ་པར་བསྒྱུར་སོང། ཁོང་ཚོས་རང་ཉིད་ཡར་རྒྱས་ཀྱི་འབྱུང་ཁུངས་ཏེ། བཟོ་ལས་གསར་བརྗེ་ནས་ད་བར་གྱི་བྱུང་བ་དག་ལ་སྤོབས་པ་དང་རྩི་མཐོང་བྱེད་ཀྱི་འདུག ངས་འདི་ལྟ་བུའི་སྒྲུང་དང། རྩོམ་རིག གླུ་དབྱངས། དམངས་སྒྲུང་། གློག་བརྙན་སོགས་ཀྱི་ནང་དོན་གྱིས་ཕྱུག་པའི་དུས་སྟོན་ཅིག་ནམ་ཡང་མཐོང་མྱོང་མེད། 

དབུ་འབྱེད་མཛད་སྒོའི་མགོ་སྟོད་དུ་ལོ་རྒྱུས་ཀྱི་བྱུང་བ་དང་འབྲེལ་བའི་ས་ཆ་དང་འཕྲུལ་ཆས། བུད་མེད་ཀྱི་ཐོབ་ཐང་བཅས་ཟློས་གར་དང་སྙན་ངག་གི་ལམ་ནས་སྤྱན་སྔར་བསྟར་སོང། འཁྲབ་ཁྲིད་པས་འདས་བའི་ལོ་རྒྱུས་དང་ད་ལྟའི་དུས་རབས་ཀྱི་གནས་བབ། མངོན་སུམ་དང་གློག་བརྙན་བཅས་ཀྱི་བར་ལ་གཤིབ་བསྡུར་གྱི་བྱས་རྗེས་བླ་མེད་ཅིག་བཞག་འདུག མི་མང་གི་བདེ་སྡུག་གནས་བབ་མངོན་པའི་སྡེ་ཚན་དེས་དངོས་ཡོད་ཐོག་སྤོབས་པ་སྐྱེ་དགོས་པའི་གྲུབ་འབྲས་ཁག་ཅིག་བསྟན་སོང། འཆར་འགོད་འདིས་རྒྱལ་ཁབ་ཅིག་གི་ངོ་བོ་གང་འདྲ་ཞིག་ཡིན་མིན་བྱིས་པ་དང། སྨན་ཞབས། རྨི་ལམ་བཅས་ཀྱི་ཐད་ནས་གསལ་བོར་བསྟན་ཡོད། རོལ་དབྱངས་དང་ལྷ་སྒྲུང་གིས་སྟོང་བའི་རྒྱལ་ཁབ་ཅིག་ནི་ཡ་ང་བའི་ཆག་སྒོ་ཞིག་རེད། 

པེ་ཅིན་ཨོ་རྩེད་དབུ་འབྱེད་མཛད་སྒོའི་སྐབས་སུའང་ལོ་རྒྱུས་ཀྱི་རྒྱུ་ཆ་མེད་པ་མ་རེད། ཡིན་ནའང། ལོན་ཏོན་ཨོ་རྩེད་གྱིས་མི་སྒེར་དང། འགྲོ་བ་མིའི་རིགས། ཡང་དག་པའི་ཚོར་བ། ཁོང་ཚོའི་འདོད་མོས། རེ་བ་དང་འཐབ་རྩོད་བཅས་ཀྱི་སྐོར་རྐྱང་རྐྱང་བསྟན་པས་མི་འདྲ་བའི་ཁྱད་པར་ཕྱེས་སོང་། འདི་དག་ཀྱང་ཁོང་ཚོའི་གདེང་སྤོབས་དང་སྤྲོ་སྣང་བརྒྱུད་ནས་བྱུང་བ་ཤ་སྟག་རེད། དེ་ནི་དངོས་གནས་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་གི་ངོ་བོ་རེད། ང་ཚོ་པེ་ཅིན་ཨོ་རྩེད་གྱིས་གུང་ཁྲན་ཏང་གི་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་ཁོ་ན་མཚོན་ཡོད། དེ་ནི་རྒྱ་ནག་གི་རང་བཞིན་གྱི་རྣམ་པ་དེ་མ་རེད།

འཁྲབ་སྟོན་པ་དག་ནི་མི་ཁ་ཤས་ཤིག་རེད་ལ། ཁོང་ཚོ་ནི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་མཁན་གྱི་མི་སེར་དཀྱུས་མ་རྐྱང་རྐྱང་རེད། གལ་སྲིད་འདི་ལ་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཡོད་ན། གོང་རྒྱལ་མོ་ནས་འོག་སྨན་ཞབས་བཅས་ཀྱི་ཆེད་དུ་ཡིན་དགོས། ལོན་ཌོན་ཨོ་རྩེད་ནང་གང་ཟག་སྒེར་སོ་སོའི་གཏམ་རྒྱུད་རེ་བཤད་པའི་གོ་སྐབས་འདུག་པས་ང་རང་ དགའ་ཚོར་ཆེན་པོ་བྱུང 

དེ་ནི་མི་སྣ་དང་བྱུང་བ་དངོས་མ་ཞིག་གི་སྐོར་རེད་ལ། འཁྲབ་ཁྲིད་པའི་ཁེར་ཚུགས་ཀྱི་བསམ་བློ་གསལ་བོར་བསྟན་འདུག དེ་མཚུངས་བཞད་གད་སློང་བའི་ཉམས་ཀྱང་ཆེན་པོ་འདུག མདོར་བསྡུས་ན་དབྱིན་ཇིའི་མི་སྣ་ཞིག་གི་ཁྱད་ཆོས་དག་ཤུགས་ཆེར་བསྟན་འདུག 

པེ་ཅིན་གྱི་ཨོ་རྩེད་དབུ་འབྱེད་མཛད་སྒོར་ལོ་རྒྱུས་ཉུང་བ་མ་ཟད། ཐ་ན་གང་ཡོད་པ་དེའང་དངོས་ཡོད་གནས་ཚུལ་ཞིག་མ་རེད། བུ་མོ་ཆུང་ཆུང་ཞིག་གི་ལད་ཟློས་ཀྱི་འཁྲབ་སྟོན་ཁོ་ན་དེ་མ་རེད། ཁོ་མོར་མཚོན་ན་དེ་ནི་རྨས་སྐྱོན་ཞིག་རེད། གནས་བབ་འདིས་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་མཚོན་དོན་རང་བཞིན་གྱིས་སྒོ་ནས་བསྟན་པ་རེད། ཁྱེད་རང་ལ་གཞུང་སྒེར་གང་རུང་གི་འབད་པ་དེ་ཚོར་ཡིད་ཆེས་བློས་འགེལ་བྱེད་ས་མེད་པ་རེད། 

ལོན་ཌོན་ཨོ་རྩེད་ནང་དུ་མི་སྒེར་གྱི་ཚོར་བ་མང་པོ་མཐོང་རྒྱུ་འདུག་པ་ལས། བཟོ་བཀོད་ཆེན་པོ་དེ་འདྲ་བསྟན་མ་བྱུང། དེ་ལ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་སེམས་ཚོར་འདུག པེ་ཅིན་དུ་ཀྲང་ཡིས་མོའུ་ཡིས་འཁྲབ་ཁྲིད་བྱས་པའི་ཨོ་རྩེད་དབུ་འབྱེད་མཛད་སྒོར་དེ་འདྲའི་རིགས་གཅིག་ཀྱང་མི་འདུག ཁྱེད་ཀྱིས་མི་ཞིག་གི་ངོ་གདོང་ཁོ་ནར་བལྟས་ནས་མི་དེར་ཉམས་མྱོང་ག་ཚོད་ཡོད་མེད་རྟོགས་མི་ཐུབ། ལོན་ཌིན་ཨོ་རྩེད་ནང་ང་རང་ཆེས་དགའ་སའི་ཆ་ཤས་དེ་ནི་སྐྱེས་བུ་སྒེར་གྱི་སྐོར་ལ་ཞིབ་ཚགས་ཀྱིས་བཤད་པ་དེ་རེད། དེས་མི་ཞིག་གིས་སོ་སོིའི་རྒྱལ་ཁབ་ལ་ཡིད་ཆེས་ཆོག་པ་མངོན་པ་རེད། ཁྱེད་ཀྱིས་དེ་ལ་རིན་ཐང་ངེས་ཅན་ཞིག་མཐོང་གི་རེད། ལོན་ཌོན་ཨོ་རྩེད་གྱི་དབུ་འབྱེད་མཛད་སྒོར་ལྟ་མཁན་སུ་ཞིག་ཡིན་རུང་དབྱིན་ལན་གྱི་སྐོར་ལ་གོ་རྟོགས་གསར་བ་ཞིག་བསྐྱེད་ཡོད་ངེས་རེད།

འདི་ནི་མ་རྩོམ་གྱི་དྲ་འབྲེལ་ཡིན། https://apps.facebook.com/theguardian/sport/2012/jul/28/olympic-opening-ceremony-ai-weiwei-review

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php