པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ།

ཟླ་བ་ཚེ་རིང་

 

ངས་‘‘པོ་ཞི་ལེ་’’རྙེད་སྟངས།

 

ལྦང་ལི་ཅོན་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་མ་བྱས་སྔོནལ་ངས་པོ་ཞི་ལེ་མི་ཤེས་ལ།རྒྱ་རིགས་ཚོའི་ཁྲོད་རུས་མིང་འདི་འདྲ་ཡོད་མེད་ལ་དོ་སྣང་ཡང་བྱས་མྱོང་མེད།ལྦང་ལི་ཅོན་གྱི་དོན་རྐྱེན་དང་འབྲེལཏེ་ངས་ཐོག་མར་པོ་ཞི་ལེ་གོ་ཐོས་བྱུང་ཞིང་ཁོ་རང་རྒྱ་ནག་དང་རྒྱལ་སྤྱིའི་མཐོང་ལམ་ནས་ཡལ་བའི་ཟླ་ངོ་བཅོ་བརྒྱད་འདིའི་ནང་ངས་ཁོ་རྒྱ་ནག་གུང་ཁྲན་ཏང་གི་མི་རབས་དང་དཔོན་རབས་གཉིས་པ།དེ་སྔོན་ཏཱ་ལེན་དང་ལེའོ་ཉིན།ཁྲུང་ཆིན་གྲོང་ཁྱེར་བཅསཀྱི་སྤྱི་ཁྱབ་དང་སྲིད་འཛིན་སོགས་ལ་ཆེའི་ལས་འགན་འཁུར་མྱོང་ཞིང་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལས་ཐོག་སོགས་ཡིན་པ་ཤེས།དེས་མ་ཚད།གལ་ཆེའི་ལས་གནས་དེ་དག་འཁུར་རིང་ཁོས་ཁ་སྔོན་གྱི་ཁྲིམས་ཞིབ་སྐབས་བཤད་པ་ལྟར།རང་ཉིད་བརྩེ་བ་ཟབ་སའི་‘‘ཏང་དང་རྒྱལ་ཁབ་’’སྟེ།རང་གི་སྲིད་དོན་གོ་གནས་དང་གཉེན་ཉེ་ཁྱིམ་ཚང་སྲིད་དོན་ཕྱོགས་ཁག་བཅས་ཀྱི་ཆེད་དུ་ཕུལ་བའི་བྱས་རྗེས་ཏེ། ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་དང་མི་རིགས།དེའི་རྩ་ཆེའི་དཔལ་ཡོན་དང་བཟང་སྤྱོད།འབུར་ཐོན་ཁྱད་ཆོས་ཁག་ལ་སྣང་མེད་དང་བརྩི་མེདརྡོག་རོལ་བཏང་སྟེ་ཐ་ན་མིའི་དོན་ལྔ་སྣོད་དྲུག་གསོན་བཀོགགིས་ནག་ཚོང་ཉར་བའང་ཤེས་པར་གྱུར།ཟླ་ངོ་བཅོ་བརྒྱད་འདིཔོ་ཞི་ལེ་རྒྱ་ནག་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་མཐོང་ལམ་ནས་ཡལ་བའི་ལོ་ཟླ་ཡིན་ཡང་ ང་ལ་མཚོན་པོ་ཞི་ལེ་ངོ་ཤེས་ནས་རྒྱུས་ཡོད་ཆཊ་པའི་ལོ་ཟླ་དགཡིན།                     

 

པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ།

 

ཐོག་མའི་འཆར་གཞི་ཉིན་གཉིས་སྒང་ལ་བསྐྱར་མ་ཉིན་གསུམ་བསྣན་ཏེཁྲིམས་ཞིབ་བྱས་རྗེས་ཕྱི་ཚེས་༢༦ཉིན་གྱི་དགོང་དྲོར་ཅི་ནན་འབྲིང་རིམ་ཁྲིམས་ཁང་གིས་པོ་ཞི་ལེ་ཡི་ཁྲིམས་ཞིབ་རིམ་པ་ཡོངས་སུ་མཇུག་བསྒྲིལ་ཡོད་ཅིང་མི་འགྱངས་བར་བཅད་ཁྲ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད།ཉིན་ལྔའི་རིང་གི་ཁྲིམས་ཞིབ་ཀྱི་གནས་དོན་གཙོ་བོ་ཁག་ནི། པོ་ཞི་ལེ་ཡིས་རྒྱ་སྒོར་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལྐོག་རྔན་བླངས་ཡོད་མེད་དང་རྒྱ་སྒོར་ཁྲི་ལྔ་བརྒྱའི་གཞུང་དངུལ་སྒེར་ཟོས་བྱས་མིན།ཝང་ལི་ཅོནགྱི་དོན་རྐྱེན་སྐབས་ཁོས་གཞུང་གི་གོ་གནས་དང་དབང་ཆ་བེད་ལོག་ཏུ་སྤྱད་ཡོད་མིན་བཅས་རེད། ཉེས་འཛུགས་འདི་དག་རྒྱ་རིགས་ཀྱུས་མ་ཞིག་ལ་ཚབས་ཆེའི་ནག་ཉེས་ཡིན་ཡང་པོ་ཞི་ལེ་ཚུད་པའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་མཚོན་ན། དེ་དག་ནག་ཉེས་ཡིན་ཆོག་མིན་ཡང་ཆོགགཙོ་བོ་རང་གི་ཆབ་སྲིད་ཀྱི་གོ་གནས་བརྟན་མིན་དང་ཕྱོགས་ཁག་གི་སྟོབས་ཤུགས་ཉམས་མིན་ལ་རག་ལས་ཡོད།མ་གཞི་ནསཔོ་ཞི་ལེ་ཡི་དོན་རྐྱེན་ནི་རྒྱ་ནག་ཆེས་མཐོའི་དཔོན་རིགས་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དོན་རྐྱེན་ཞིག་ཡིན།ཁོ་དེ་སྔའི་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་ཞི་ཅིན་ཕིན་ཕྱོགས་ཁག་གི་ལག་འཇོག་ས་ཙམ་ལས།སྲོག་ལེན་འདོད་ས་ནི་པོ་ཞི་ལེ་ཕྱོགས་ཁག་གི་རྒྱབ་རྩ་གཙོ་བོ་སྟེ།དེ་སྔའི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲུག་ཡོང་ཁཱང་དང་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཆགས་ཡོད།

 

ཁྲིམས་ཞིབ་འདི་མ་ཚུགས་པའི་ཡར་སྔོན་ཏེ། པོ་ཞི་ལེ་བཀག་ཉར་བྱས་པའི་ཟླ་ངོ་བཅོ་བརྒྱད་ནང་རྒྱ་ནག་དབུས་ཞིབ་བཤེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན།ཡང་ན།ཁོ་དང་བློ་ཐག་ཉེ་བ་རེ་འགའ་ཚུད་པའི་མི་སྣ་༣༠༠ ལྷག་གིས་ཐེངས་༧༠༠ ཙམ་ལ་འབྲེལ་གཏུག་དང་གྲོས་བསྡུར།ནང་མོལ་སོགས་བྱས་ཡོད།རིམ་པ་འདི་དག་གི་སྐབས་སུཔོ་ཞི་ལེ་ཡིས་གོང་གསལ་ཁྲིམས་ཞིབ་སྐབས་བཙུགས་པའི་ནག་ཉེས་ཏེ།ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས།གོ་དབང་བེད་ལོག་བྱས་པ་སོགས་ངོས་ལེན་ཙམ་བྱས་ཡོད།ངོས་ལེན་དེདག་འདྲི་རྩད་གཅིག་པུའི་སྐབས་ཙམ་མིན་པར།ཁོ་རང་སྒེར་ངོས་ནས་དབུས་འབྲེལ་ཡོད་ཚོར་ཕུལ་བའི་ཡིག་འབྲེལ་ཁག་གི་ནང་དུའང་གསལ་བོར་འཁོད་ཡོད།འོན་ཀྱང་ཁྲིམས་ཞིབ་སྐབས་ང་ཚོས་མཐོང་བའི་པོ་ཞི་ལེ་ནི་གཞན་ཞིག་སྟེ། ཁོས་ཉེས་འཛུགས་དེ་དག་གཅིག་ཀྱང་ངོས་ལེན་མ་བྱས་ཐོགཉེས་འཛུགས་རེ་རེ་ལ་གང་ལ་གང་འཚམ་དང་དེ་ལ་སྟོན་གྱི་ལན་འདེབས་དང་རྩོད་པ་གནད་དུ་འཁེལ་བ་བརྒྱབ་ཡོད། 

 

‘‘ཁྱོད་ཚོས་པོ་ཞི་ལེ་ཞིང་གྲོང་དཔོན་རིགས་ཤིག་ལ་རྩི་བཞིན་ཡོད་དམ།ཡང་ན།རྒྱ་ནག་མི་མང་ལྐུགས་པར་རྩིབཞིན་ཡོད།’’པོ་ཞི་ལེ་ལ་རྒྱ་སྒོར་ཁྲི་དེ་དག་གི་ཉེས་འཛུགས་བྱེད་སྐབསདམངས་ཁྲོད་ཀྱི་དོགས་པ་འདི་ཡིན།རྒྱ་ནག་ལ་ཆ་རྒྱུས་ཅུང་ཡོད་མཁན་ཞིག་ཡིན་ཚེ།ད་ལྟའི་རྫོང་ཁག་རིམ་པའི་དཔོན་རིགས་ཤིག་ལ་ཆ་བཞག་རྒྱ་སྒོར་ཁྲི་ཉིས་སྟོང་གི་ལྐོག་རྔན་དང་གཞུང་དངུལ་ཟ་ཆོག་ཆོག་ཡོད་ལ།དེ་ཟ་མ་ཐུབ་ཚེརང་གི་དཔོན་གནས་ལ་དཔལ་འབྱོར་གྱི་རྒྱབ་རྩ་མེད་པར་ཆགས་ཡོད།སྒེར་གྱི་དཔལ་འབྱོར་མ་དངུལ་ནི།རྒྱ་ནག་གི་དཔོན་རིགས་ཆེ་ཆུང་ཚང་མར་རྒྱས་སྤྲོས་དང་ཕྱུག་འགྱུར་ཙམ་མིན་པར།དེ་རང་གི་ཆབ་སྲིད་གནས་བབ་བརྟན་བརླིང་ཡིན་མིན་གྱི་སྲོག་རྩ་ཆགས་ཡོད།ན་ནིང་ནེའུ་ཡོར་དུས་བབ་ཀྱིས་སྲིད་བློན་ཟུར་ཝུན་ཅ་པའོ་ཡི་ནང་མི་ལ་དཔལ་འབྱོར་མ་དངུལ་ཨ་སྒོར་བྱེ་བ་བརྒྱ་དང་ཉེར་བདུན་ཡོད་པར་བསྒྲགས་ཡོད།རྫོང་ཁག་རིམ་པའི་དཔོན་རིགས་ནས་སྲིད་བློན་བར་བསྡུར་དང་པོ་ཞི་ལེ་ཡིས་བླངས་བའི་ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས་བྱས་པའི་གྲངས་འབོར་འདི་ཙམ་ཡིན་ནམ།གལ་སྲིད་ཡིན་ཚེ།ད་བར་ཁོས་ལས་འཁུར་བྱས་མྱོང་བའི་གྲོང་ཁྱེར་དང་ཞིང་ཆེན་ཁག་གི་གོ་གནས།དབུས་ཆབ་སྲིད་རྒྱུན་ལས་ལས་ཐོག་གི་སྲིད་དོན་གནས་བབ་བཅས་ཀྱི་སྲོག་རྩ་དག་སྔ་ས་ནས་འགག་ཚར་ཡོད།མ་ཟད་ཧྥ་རན་སའི་གྲོང་ཁྱེར་ཁན་ནང་ཡོད་པའི་སྒེར་གཞིས་དེ་ཡང་ཉོ་ཐུབ་མེད།གནད་འགག་ནིདངུལ་འབོར་འདི་དག་ཁྲིམས་ཐོག་ནས་ར་སྤྲོད་ཐུབ་ཚེ།ཁོ་ལ་སྲོག་ཁྲིམས་གཅོད་ཆོག་པ་དེར་ཐུག་ཡོད།

 

ཝུན་ཅ་པའོ་ཡིས་ཝང་ལི་ཅོན་དོན་རྐྱེན་གོ་སྐབས་སུ་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་གིས་པོ་ཞེ་ལེ་འཛིན་བཟུང་བྱས་རྗེས།འདྲི་རྩད་དང་ནང་མོལ་བརྒྱུད་‘‘ཏང་དང་རྩ་འཛུགས་ཀྱིས་ད་དུང་པོ་ལ་རེ་བ་བརླག་མེད་’’འི་གོ་སྐོན་བློ་འགུག་གིས་ཉེས་འཛུགས་ཁག་ངོས་ལེན་བྱ་བཅུགཐོག ཁོ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་དང་ཆབ་སྲིད་གནས་བབ་ཁག་ནས་ཕྱིར་ཕུད་གཏོང་ཐུབ་ཡོད་ནའང་ཞི་ཅིན་ཕིན་གྱིས་ཁྲིམས་ལུགས་སྦྱད་ནས་པོ་ཞི་ལེ་རྩ་མེད་གཏོང་འདོད་ཀྱི་བློས་བསླངས་དེར་ལམ་འགྲོ་རྒྱུག་མེད།ཐོག་མའི་འཆར་གཞི་ལྟར་ཁྲིམས་ཞིབ་དུས་ཡུན་ལ་ལམ་འགྲོ༽མ་རྒྱུགས་པ་ལྟར། ཁྲིམས་ཞིབ་དཔང་མིར་པོ་ཞི་ལེ་ཡའི་དགྲ་ཟླ་དང་ལས་གྲོགས།ཁོའི་སྐྱེས་དམན་ཀོ་ཁེ་ལེ་ཡན་དྲུད་ཡོང་སྟེ། ངོ་བཅར་དང་ཡིག་འབྲེལ།བརྙན་ལམ་བརྒྱུད་བདེན་དཔང་བྱེད་བཅུགཡོད་ནའང་ཁོ་ཚོས་གང་བཤད་དང་གང་བྲིས་ཡོད་ཚད་ལ་སྒྲུང་གཏམ་གྱི་རྣམ་པ་ལས།ཁྲིམས་ཐོག་གི་དཔང་རྟགས་རིན་ཐང་མེད་པ་དེསཐེངས་འདིའི་ཁྲིམས་ཞིབ་ཁྲོད་པོ་ཞི་ལེ་ལ་རྦད་དེ་༼རླུང་རྟ་༽རྒྱུཡོད།ཝུན་ཅ་པའོ་ཡི་རྒྱུ་ནོར་ཁོའི་མིང་ཐོག་ན་མེད་པ་ལྟར། པོ་ཞི་ལེ་ཡི་རྒྱུ་ནོར་ཡང་ཁོའི་མིང་ཐོག་ན་མི་འདུག

 

པོ་ཞི་ལེ་ཡིས་རྩ་འཛུགས་དང་ཁྲིམས་ཞིབ་བར་ངོ་གདོང་མི་འདྲ་གཉིས་བསྟན་པ་ལྟར།ད་ལྟའི་རྒྱ་ནག་གི་གཞི་རྩའི་དཀའ་ངལ་ཡང་ཕྱི་ནང་གི་ངོ་གདོང་འདི་གཉིས་ལ་ཐུག་ཡོད།དེ་རིང་གི་རྒྱ་ནག་ནང་‘‘ཏང་བཙན་པོ་ཡིན་ནམ་ཁྲིམས་བཙན་པོ་ཡིན།’’ཕྱི་ནང་ངོ་གཉིས་མ་པོ་ཞི་ལེ་ཡི་མཐའ་མའི་‘‘འགྲོ་འདུག་’’གི་ཐག་གཅོད་ཀྱང་གནས་སྟངས་འདི་ལ་ཐུག་ཡོད།

 

ངས་‘‘ཟུར་བསྟེན་’’ཉར་མྱོང་ཡོད།

 

‘‘ངས་ཟུར་བསྟེན་ཉར་མྱོང་ཡོད།’’འདི་གཞུང་དངུལ་སྒེར་ཟོས་ཁྲིམས་ཞིབ་སྐབས་པོ་ཞི་ལེ་ཡིས་ཞོར་འཕྲོས་སུ་བཏབས་པའི་ལན་ཞིག་རེད། ཁྲིམས་ཞིབ་སྐབས་པོ་ཡི་ལན་འདེབས་ནང་སྲིད་དོན་གྱི་ཚོར་བ་རྣོ་བའི་ཚིག་སྦྱོར་སླེབས་སྐབས།ཁྲིམས་དཔོན་གྱིས་སྟངས་འཛིན་དང་ཁ་བསྒྱུར།བར་མཚམས་གཅོད་པ།ཡང་ཁྲིམས་ཞིབ་ཡིག་ཚགས་དང་ཡོངས་ཁྱབ་གསལ་བསྒྲགས་ནང་གནག་བསུབ་བཏང་ཡོད། འོན་ཀྱང་དྲ་དམངས་དང་བརྒྱུད་ལམ་ཁག་གིས་འདི་དག་ཤེས་འདོད་ཆེན་པོ་བྱེད་ཀྱིན་ཡོད། ‘‘བུད་མེད་གང་མང་དང་ལྷན་དུ་ཚུལ་མིན་འབྲེལ་ལམ་ཡོད་པ།’’འདི་པོ་ཞི་ལེ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ལས་གནས་དབྱུང་གཏོང་སྐབས་བགྲང་པའི་ནག་ཉེས་གཙོ་བོའི་གྲས་ཀྱི་གཅིག་ཡིན།དྲ་དམངས་དང་བརྒྱུད་ལམ་ཁག་གི་ཤེས་འདོད་དང་གཏན་འཁེལ་འདོད་པ་ནི་ཁོ་ལ་ཟུར་བསྟེན་ཡོད་མེད་མིན་པར། ‘‘ཟུར་བསྟེན་ལ་སུཞིག་ཉར་བ་དང་’’ཡང་ན། ‘‘ཁོ་མོ་སུ་རེད།’’ཅེས་པ་འདི་དག་རེད།

 

ལོ་རྒྱུས་དང་སྲོལ་རྒྱུན་གྱི་ངོས་ནས་གླེང་ན།རྒྱུ་ནོར།དབང་ཐོབ།བུད་མེད་གསུམ་ནི་རྒྱ་ནག་གི་དཔོན་རིགས་ཚོའི་ལྷན་སྐྱེས་ཀྱི་གྲུབ་ཆ་ཞིག་ཡིན།འཇིག་རྟེན་རྙིང་བའི་ནང་བུད་མེད་ག་ཚོད་ཉར་ནའང་།‘‘ཟུར་བསྟེན་’’འདི་འཇུག་ས་ཉུང་ཉུང་ཡིན།གོང་མ་རྒྱལ་བོཟེར་ར་ཡིད་འོང༽སུམ་སྟོང་ཡོད་པ་ལྟར།མི་སེར་དཀྱུས་མ་ཞིག་གིས་ཀྱང་འཇོན་ན་‘‘ཆེན་ཆུང་’’བཅོ་བརྒྱད་ཉར་ཆོགཀྲུང་གོ་གསར་ཟེར་བཙུགས་རྗེས་གནས་སྟངས་དེར་འགྱུར་བ་བཏང་ཡོད།འོན་ཀྱང་འགྱུར་བ་འདི་ཕྱིའི་རྣམ་པ་ཙམ་ལས་དངོས་ཡོད་ལག་ལེན་ཐོག་གནས་སྟངས་དང་རྒྱུན་སྲོལ་དེ་མུ་མཐུད་བསྡད་ཡོད།

 

མའོ་ཙེ་ཏུང་གིས་རང་གི་མི་ཚེ་ནང་ཉུང་མཐར་ཡང་བུད་མེད་སུམ་བརྒྱ་ལྷག་ལ་སྤྱད་མྱོང་ཡོད།དེ་དག་ལས་གསུམ་མ་གཏོགས་ཚང་མ་ཟུར་བསྟེན་ཡིན།ཁོའི་ཟུར་བསྟེན་ཆུང་ཤོས་ལོ་ན་བཅུ་གཉིས་ལ་སོན་ཙམ་གྱི་བུ་མོ་ཆུང་ཆུང་ཞིག་ཡིན།ད་དུང་ཁོའི་ཟུར་བསྟེན་ཚོའི་ནང་རང་གི་གསར་བརྗེ་འཐབ་གྲོགས་དང་འཐབ་གྲོགས་ཚོའི་ཆུང་མ་དང་བུ་མོ།ཚ་མོ་སོགས་ཡོད་ལ།རང་གི་ཉེ་དུ་སྟེ།བུའི་ཆུང་མ་དང་དགའ་རོགས།ཚ་མོ་སོགས་ཀྱང་ཚུད་ཡོད།འདི་དག་ལས་ཚེ་ཐག་ཐུང་ཤོས་དག་‘‘མཚན་གཅིག་ཉལ་རོགས་’’ཚུལ་དུ་སྤྱད་ཡོད།

 

ཏིཞོ་ཕིནགྱིས་མི་ཚེ་མང་ཤོས་འཐབ་རྩོད་དང་བཙོན་ཁང་ནས་བསྐྱལ་ཡོད་ཀྱང་དབུ་ཁྲིད་ཆགས་རྗེས།ལོ་རབས་བརྒྱད་ཅུ་དགུ་བཅུའིརྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ལིག་ཞའོ་ཆིན་ཟུར་བསྟེན་དུ་ཉར་ཡོད།མའོ་དང་ཏིལ་ཟུར་བསྟེན་སྟངས་མི་འདྲ་ས་ཞིག་ཡོད་པ་ནི།གཅིག་གིས་གྲངས་ཀ་དང་གཅིག་ཤོས་ཀྱིས་སྤུས་ཀ་གལ་ཆེན་དུ་བཟུང་ཡོད།

 

པོ་ཞི་ལེ།ཅང་ཙེ་མིན་དུས་སྐབས་ཀྱི་དཔོན་རིགས་ཤིག་ཡིན།ཅང་ཙེ་མིན་ལ་ཡོངས་གྲགས་ཐོག་ཟུར་བསྟེན་བཞི་ཡོད།ཁོ་མོ་ཚོ་ནི་དབུས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་གླུ་གར་འཁྲབ་སྟོན་པ།གཤམ་འོག་གི་བཀའ་བློན་བཅས་ཡིན།དེ་དག་ནང་མངོན་གསལ་དོད་ཤོས་དང་གླེང་གཞི་ཆེ་ཤོས་དེ་གླུ་མ་སུང་ཙོ་ཡུན་ཡིན།ཅང་ལ་བརྟེན་ནས་ཁོ་མོར་ད་ལྟ་རྒྱལ་ཁབ་རིམ་པའི་གནས་ཐོབ་རག་ཡོད།འོན་ཀྱང་ཁོ་མོ་རྒྱ་ནག་ནང་ཁུལ་གྱི་གྲགས་ཅན་མི་སྣ་ལསརྒྱལ་སྤྱི་རིམ་ར་བསླེབ་ཐུབ་མེད། རྒྱལ་ནང་གི་སྙན་གྲགས་དང་གནས་ཐོབ་ཀྱང་ཅང་ལ་བསྙེས་ནས་རག་ཡིན།བརྙན་འཕྲིན་མདོ་འཛིན་པ།གསར་འགོད་པ།སྒྱུ་རྩལ་པ།གློག་བརྙན་འཁྲབ་སྟོན་པ།སློབ་ཆེན་སློབ་མ།ད་སྔ་བརྒྱུད་ལམ་ཁག་ནང་ཐོན་གསལ་ལྟར་ན།པོ་ཞི་ལེ་ལའང་ཅང་ཙེ་མིན་དང་འདྲ་བར་ཟུར་བསྟེན་གང་མང་ཡོད།ཀྲང་ཙེ་ཡུསནིདེང་སྐབས་རྒྱ་ནག་ལ་རྒྱལ་སྤྱི་རིམ་པའི་གློག་བརྙན་འཁྲབ་སྟོན་པ་རེ་ཟུང་ཡོད་པའི་ཁྲོད་ཀྱི་ལོན་གཞོན་ཤོས་དེ་ཆགས་ཡོད། ཚོང་བ་ཞིས་མུན་བརྒྱུད་ཁོ་མོས་པོ་ཞི་ལེ་དང་ལྷན་སྔ་ཕྱི་ཐེངས་བདུན་ལུས་འབྲེལ་བྱས་མྱོང་ཡོད་ཅིང་ ཐེངས་རེར་རྒྱ་སྒོར་ཁྲི་ཉེར་བདུན་རེ་ལེགས་སྐྱེས་སུ་བླངས་ཡོད་སྐོར་བཤད།

༢༠༡༠ ལོར།གཞོན་སྐྱེས་གླུ་མ་གྲགས་ཅན་མཱ་རོས་ལ་ཡིས་རང་གི་སྐུ་མགྲོན་མདུན་དམར་ཧྲེང་དུ་འབུད་ཞོརཐེངས་གཅིག་ལ་རྒྱ་སྒོར་ཁྲི་ལྔ་དང་མཚགཅིག་ལ་རྒྱ་སྒོར་ཁྲི་བརྒྱད།ད་དུང་ཁྱོད་ལ་སྒོར་ཤེད་འདང་ངེས་ཡོད་ཚེ།མོས་རྒྱལ་ཁབ་དང་རྒྱལ་སྤྱི་རིམ་པའི་རང་གི་གྲོགས་མོ་ཚོ་ངོ་སྤྲོད་བྱ་ཚུལ་བརྗོད་པའི་བརྙན་ཐུང་ཞིག་དྲ་ལམ་དུ་ཁྱབ་ཡོད་ལ།དེ་བཞིན་རྒྱ་ནག་གི་དཔོན་རིགས་གཞན་ཁག་གིས་ཟུར་བསྟེན་དང་སྨད་འཚོང་ཉར་བའི་བརྙན་ཐུང་དྲ་ཐོག་ཏུ་ཐོན་པར་བརྟེན།ད་ལྟ་པོ་ཞི་ལེ་ལྟར་གནས་དབྱུང་དང་ཞིབ་བཤེར་གྱི་རིམ་པ་བརྒྱུད་ཀྱི་ཡོད།ཟུར་བསྟེན་གནད་དོན་ནི།ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས།གོ་དབང་བེད་ལོག་ལས་གཞན་པའི་ཚབས་ཆེའི་རུལ་སུངས་ཀྱི་ཕྱོགས་གཞན་དེ་ཆགས་ཡོད།

 

ཏང་གི་དཔོན་བཟང་དང་དམངས་ཀྱི་གཤེད་མ།

 

‘‘བྱ་བར་ཞུགས་པའི་ལོ་ངོ་སུམ་ཅུའི་རིང་ང་ཏཱ་ལེདང་ལེའོ་ཉིན་དུ་སོང་མྱོང་ཞིང་རྒྱལ་ཁབ་ཚོང་དོན་ལྷན་ཁང་དང་ཁྲོང་ཆིན་ཡང་འགྲིམ་མྱོང་ཡོད།ང་རང་གི་མི་མང་ལ་སེམས་གཏིང་ནས་དགའ་ཞིང་ངས་ཁོ་ཚོར་བཤད་འདོད་པ་ནི།ངས་མི་མང་གི་འདོད་བློ་ཆུཟོས་སུ་བཏང་མྱོང་མེད་ལ།ལྐོག་ཟ་རིང་ལུགས་པ་ཞིག་དེ་བས་ཀྱང་མིན།གལ་སྲིད་ངས་ལྐོག་ཟ་བྱས་པའི་སྒོར་རྡོག་གཅིག་སྟོན་རྒྱུ་ཡོད་ཚེ།ངས་ངོས་ལེན་གཙང་མ་བྱས་ཆོགལོ་ངོ་འདི་དག་རིང་ངའི་དགའ་ཕྱོགས་གཅིག་བུ་ནི།རྒྱབ་ཁབ་དང་མི་མང་གི་ཆེད་དུ་ལས་ཀའི་འཕྲུལ་འཁོར་ཞིག་བྱེད་རྒྱུ་དེ་ཡིན།ངས་ད་གིན་བཤད་པ་ལྟར།ངའི་ཕྱི་ལུགས་སྟོད་གོས་འདི་ལོ་སུམ་ཅུའི་སྔོན་ཅིན་ཞན་དུ་རྫོང་དཔོན་བྱས་སྐབས་ཆེད་དུ་བཟོས་པ་དེ་ཡིན་ཞིང་བལ་ཐིག་གི་ནང་འབྱམ་རྐུབ་དོར་ཡང་ཨ་མས་ལོ་ངོ་དུ་མའི་སྔོན་ཕྱི་རྒྱལ་ནས་ལག་རྟགས་སུ་ཉོས་པ་དེ་ཡིན།དངུལ་སྒོར་ང་ལ་མཚོན་ན་གང་ཡང་མིན།ངས་དེ་ཅི་གང་ལའང་བརྩི་མྱོང་མེད།འདི་ངའི་ཁྱིམ་བརྒྱུད་ཀྱི་གཤིས་ཀ་ཡིན།’’འདི་པོ་ཞི་ལེ་ཡི་ཁྲིམས་ཞིབ་མཇུག་བསྒྲིལ་སྐབས་ཁོས་མཐའ་མཇུག་གི་རང་ཉིད་དཀར་འདོན་བྱེད་སྐབས་ཀྱི་སྐད་ཆའི་དུམ་བུ་ཞིག་ཡིན།

 

‘‘ལས་ཀའི་འཕྲུལ་འཁོར།’’པོ་ཞི་ལེ་ཡིས་གལ་ཆེའི་ལས་འཁུར་བྱས་པའི་ལོ་ངོ་དེ་དག་རིང་ཁོས་རང་ཉིད་དགའ་སའི་མི་མང་གི་ཆེད་དུ་ལས་ཀ་གང་བྱས་མིན་ད་དུང་དྲི་བ་ཞིག་ཡིན་ནའང་རང་ཉིད་བརྩེ་བ་ཟབ་སའི་‘‘ཏང་དང་རྒྱལ་ཁབ་’’ཀྱི་ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས།སྤྱི་ཚོགས་བདེ་འཇགས་ཆེད་ལག་སྐྱེས་མི་དམན་པ་བཞག་མྱོང་ཡོད།ཁོས་ཏཱ་ལེན་ཡར་རྒྱས་བཏང་ནས་དེང་གི་ཧྲང་ཧེ་གཉིས་པའི་ཚོད་དུ་བསྒྱུར་ཅིང་ཁྲོང་ཆིན་དུ་ལས་འཁུར་གྱི་ལོ་དང་པོར་གྲོང་ཁྱེར་དེའི་ལོ་འཁོར་ཡོང་འབབ་བརྒྱ་ཆའི་༡༤ བསླེབས་བཅུག་ཡོད།ལོ་དེའི་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེར་ཚད་བརྒྱ་ཆའི་དགུ་ཙམ་ཡིན།ལྷག་པར་དུ་ཁོས་ཁྲོང་ཆིན་དུ་གཞི་རྒྱ་ཆེ་བའི་‘‘དམར་བསྟོད་ནག་རྡུང་’’གི་ལས་འགུལ་སྤེལ་ཏེ།མང་ཚོགས་ལ་མའོ་ཙེ་ཏུང་དང་རིག་གསར་དུས་སྐབས་ཀྱི་‘‘དམར་གླུ་’’དག་ལེན་ཏུ་བཅུག་ནས།ཏང་གི་སྣང་བརྙན་རྙིང་བ་དེ་དེང་རབས་ཁྲོང་ཆིན་གྲོང་ཁྱེར་ནང་ཚ་ཚ་འུར་འུར་གྱིས་འབར་བཅུག་ཡོད།ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ནག་ཚོགས་ལ་རྒོལ་རྡུང་ལས་འགུལ་ཁྲོད།དེ་སྔའི་ཆེས་མཐོའི་དཔོན་རིགས་དང་ཚོང་བ།མི་སེར་དཀྱུས་མ་སུམ་སྟོང་ལྷག་ལ་ཁྲིམས་གཅོད་དང་བཙོན་འཇུགགནས་དབྱུང་སྐབས་དེར་སྲོག་ཐོག་ཏུ་བཏང་བའང་སུམ་བརྒྱ་ལྷག་ཡོད་པར་བཤད།ད་དུང་ཏཱ་ལེན་དང་ཁྲོང་ཆིན་གྲོང་ཁྱེར་གཉིས་ནང་བུ་མོ་ལོ་གཞོན་མའི་སྐྱ་མི་སྐོར་སྲུང་རུ་ཁག་དང་རླངས་འཁོར་འགྲིམ་འགྲུལ་ཉེན་སྲུང་རུ་ཁག་གསར་གཏོད་ཀྱིས་བདེ་འཇགས་མི་སྣ་ཇེ་མང་དུ་བཏང་ཡོད།སྐབས་དེའི་གསར་ལམ་ཁག་དུ་ཐོན་གསལ་ལྟར་ན།བར་སྐབས་དེ་ནི་གྲོང་ཁྱེར་དེ་གཉིས་ནང་ཇག་རྐུན་གྱི་འཇིགས་པ་ཉུང་བའི་སྤྱི་ཚོགས་བདེ་འཇགས་ཀྱི་དུས་རབས་ཤིག་ཡིན་པར་བཤད།

 

མའོ་ཙེ་ཏུང་དང་རིག་གསར་དུས་སྐབས་ཀྱི་‘‘གསར་བརྗེའི་ངོ་ལོག་པ་ཚོ’’་ནང་བཞིན།པོ་ཞི་ལེ་དང་ཁོའི་ཁྱིམ་བརྒྱུད་ཀྱང་རིག་གནས་གསར་བརྗེའི་སྐབས་སྡུག་སྦྱོང་མྱོང་མཁན་གྲས་ཡིན།ཁོ་དང་ཁོའི་ཁྱིམ་བརྒྱུད་ལ་མཚོན་ན་‘‘རིག་གསར་’’སེམས་གྱི་རྨ་ཁ་ཞིག་ཡིན།འོན་ཀྱང་པོ་ཞི་ལེ་ཁྲོང་ཆིན་དུ་འབྱོར་རྗེས།རིག་གསར་གཉིས་པར་གྲགས་ཤིང་གཡོན་ཐལ་ཆེ་བའི་‘‘དམར་བསྟོད་ནག་རྡུང་’’གི་ལས་འགུལ་འདི་སྤེལ་དོན་གང་ཡིན་ནམ།འདི་རང་ཉིད་‘‘སེམས་གཏིང་ནས་དགའ་སའི་’’མི་མང་གི་ཆེད་དུ་ཡིན་ནམ།

 

ཧྲང་ཧེ་དང་ཧྲིན་ཀྲིན།ཀོང་ཀྲིག་སོགས་ལྟར།པོ་ཞི་ལེ་མ་འབྱོར་བའི་སྔོན་དུ་ཁྲོང་ཆིན་ཡང་རྒྱ་ནག་གི་ཕྱི་ཚུལ་གུ་ཡངས་པའི་དཔོན་རིགས་ཚོའི་ལག་ཏུ་ཡོད།དཔོན་རིགས་འདི་དག་པོ་ཞི་ལེ་དང་ཁོའི་ཕྱོགས་གཏོགས་མཁྲེག་འཛིན་དཔོན་རིགས་ཚོའི་ཆབ་སྲིད་ཀྱི་དགྲ་ཟླ་ཆགས་ཡོད།ཁོས་དམར་བསྟོད་ལས་འགུལ་སྤེལ་ནས་རང་གི་དགྲ་ཟླའི་བསམ་བློའི་ལངས་ཕྱོགས་རྩ་གཏོར་དུ་བཏང་ཞིང་ནག་ཚོགས་ལ་རྒོལ་རྡུང་ལས་འགུལ་ཁྲོད་དཔོན་རིགས་དེ་དག་དང་དེ་དག་གི་དཔལ་འབྱོར་རྒྱབ་རྩར་གྱུར་བའི་ཚོང་བ།དཔོན་རིགས་རྙིང་བར་རྒྱབ་སྐྱོར་དང་པོ་ཞི་ལེ་ཡི་དམར་བསྟོད་ནག་རྡུང་ལས་འགུལ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་གྱི་ཤེས་ཡོན་པ་དང་མི་སེར་དཀྱུས་མ་དག་ལའང་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་གཅོད་དང་བཙོན་འཇུགགནས་དབྱུང་སྲོག་ཁྲིམས་སོགས་བཅད་ཡོད།ཁོའི་དམར་བསྟོད་ནག་རྡུང་གི་སྲིད་བྱུས་ནི་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དམར་འཛིང་ཁྲོད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་པ་ཙམ་མིན་པར།ཁོ་དང་ཁོའི་ཕྱོགས་གཏོགས་པ་ཚོའི་སྲིད་དོན་སྟོབས་ཤུགས་འཕེལ་རྒྱས་ཆེད་དཔལ་འབྱོར་འཚོལ་སའི་སྟེགས་བུ་ཞིག་ཏུའང་སྤྱད་ཡོད།དྲག་རྡུང་ལས་འགུལ་ནང་སྡུག་སྦྱོང་ཕོག་པའི་ཆེས་མཐོའི་དཔོན་རིགས་དང་དེ་དག་དང་འབྲེལ་བ་ཟབ་པའི་ཚོང་ཆེན་ཁག་གི་སྒེར་རྒྱུ་གཞུང་བཞེས་བཏང་བའི་རྩིས་ཁྲ་ད་དུང་ཡང་ཕྱི་གསལ་བྱས་མེད།

 

ཆོས་འཁོར་སྒོམ་སྒྲུབ་པ་ཚོར་མཚོན་ན།པོ་ཞི་ལེ་བཟའ་མི་གཉིས་ནི་མི་ཡུལ་གྱི་གཤེད་མ་ཞིག་ཡིན།པོ་ཞི་ལེ་ཡིས་གཞུང་གི་གལ་ཆེའི་ལས་འགན་འཁུར་བའི་དུས་སྐབས་དེ་དག་ནི་ཅང་ཙེ་མིན་གྱི་མཛུབ་སྟོན་ཐག་གཅོད་འོགཀྲུག་ཡོང་ཁཱང་གིས་སྣེ་ཁྲིད་བྱས་ནས་ཆོས་འཁོར་སྒྲུབ་པ་ཚོར་དྲག་རྡུང་བྱེད་སྐབས་ཆགས་ཡོད།དྲག་རྡུང་ལས་འགུལ་དེའི་ནང་ཆོས་འཁོར་སྒོམ་སྒྲུབ་པ་ཚོར་མི་སྤྱོད་ལས་འདས་པའི་བཙོན་འཇུག་མནར་གཅོད་ཕོག་པ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན་ནའང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་གསང་བའི་སྒོ་ནས་སྒོམ་སྒྲུབ་སློབ་བུ་ཚོའི་དབང་བོ་སྣ་ལྔ་དང་དོན་ལྔ་སྣོད་དྲུག་གསོན་པོར་བཀོག་ནས་ནག་ཚོང་གཉེར་བ་ཉེ་དུས་ཕྱི་ལ་གྱར་བའི་གནས་ཚུལ་ཞིག་ཡིན།པོ་ཡི་ཆུང་མ་ཀོ་ཁེ་ལེ་ལ་འདྲི་རྩད་བྱེད་སྐབས་ཁོ་མོས་པོ་ཞི་ལེ་དང་ལྷན་དུ་ནག་ཚོང་འདི་གཉེར་མྱོང་བ་ངོས་ལེན་རྩིས་སྤྲོད་བྱས་ཡོད།རྒྱ་ནག་གི་‘‘དོན་ཉིང་’’གསོན་བཀོག་གི་ནག་ཚོང་འདིའི་སྐོར་ལ་དེང་རྒྱལ་སྤྱི་རིམ་ས་ཞིབ་འཇུག་གི་སྙན་ཐོ་བཏོན་ཡོད་ལ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་རྒྱལ་ཁབ་ནང་གྲོས་ཚོགས་ཉན་ཞིབ་ཀྱི་ལས་རིམ་འགྲོ་བཞིན་ཡོད།སྙན་ཐོའི་ནང་གསལ་ལྟར་ན།དོན་རྐྱེན་འདིའི་ཁྲོད་གནོད་འཚེ་ཕོག་པའི་གྲངས་འབོར་ཚད་མཐོ་ཞིང་ནག་ཚོང་འདི་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛུགས་ཁག་གསང་འབྲེལ་ཡོད་མ་ཟད།པོ་ཞེ་ལེ་བཟའ་མི་གཉིས་ནི་ནག་ཚོང་སྒྲུབ་མཁན་ཆེས་མཐོའི་དཔོརིགས་ཁྲོད་ཀྱི་གྲངས་ཀ་ཙམ་དང་ནག་ཚོང་འདྲེན་ཡུལ་ར་ཤི་ཡ་གཙོས་པའི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཡིན་པར་བསྒྲགསཡོད

 

འདི་པོ་ཞི་ལེ་ཡིས་བཤད་པའི་རྒྱལ་ཁབ་དང་མི་མང་ཆེད་‘‘ལས་ཀའི་འཕྲུལ་འཁོར་’’བྱེད་སྟངས་དེ་ཡིན་ལ།དེ་རིང་གི་རྒྱ་ནག་ནང་ཏང་གི་དཔོན་བཟང་བྱེད་སྟངས་ཀྱི་‘‘རིག་པའི་གཞུང་ལུགས’’དེ་ཡང་ཡིན།མདོར་བསྡུས་ན།དེ་རིང་གི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་མཚོན་ན།‘‘དམངས་ཀྱི་གཤེད་མ་’’མ་བྱས་པར་‘‘ཏང་གི་དཔོན་བཟང་’’ཞིག་བྱ་ཐབས་མེད་ལ།ཐེངས་འདིར་པོ་ཞི་ལེ་ལ་སོང་བའི་འདྲི་རྩད་དང་ཁྲིམས་ཞིབ་འདི།གསལ་བོར་བཤད་ན་རྒྱ་ནག་གུང་ཁྲན་ཏང་ལ་འདྲི་རྩད་དང་ཁྲིམས་ཞིབ་ཐེངས་ཤིག་ཆགས་ཡོད།

 

པོ་ཞི་ལེ། རྒྱ་ནག་གི་‘‘ཕུ་ཅིན།’’

‘‘མི་འགའ་ཤས་ཀྱིས་ང་སྲིད་བློན་ལ་འདུག་འདོད་ཡོད་པ་རེད་ཟེར།འདི་རྩ་བ་ཉིད་ནས་བདེན་པ་མ་རེད།ཚོགས་ཆེན་བཅུ་བདུན་པའི་རྗེས་སུ།ཀྲུང་དབྱང་གི་མི་འགྲོ་གཞི་རྩའི་ཆ་ནས་གཏན་འཁེལ་ཚར་ཡོད།བློ་མཐུན་ལི་ཁེ་ཆང་སྲིད་བློན་དུ་བསྐོ་རྒྱུ་ཡང་ཐག་བཅད་ཚར་བའི་དོན་དག་ཅིག་རེད།ཡང་འགའ་ཞིག་གིས་ང་རྒྱ་ནག་གི་ཕུ་ཅིན’བྱ་འདོད་ཡོད་པ་རེད་ཟེར།དེ་ཡང་གཞི་རྩ་མེད་པའི་ཚིག་སྟོང་པ་ཙམ་ཞིག་རེད།’’གོང་གི་ཚིག་དུམ་འདི་པོ་ཞི་ལེ་ལ་ཁྲིམས་བཤེརམཇུག་སྒྲིལ་སྐབས་ཀྱི་ཁོའི་སྐད་ཆ་རེད།སྐད་ཆ་འདི་མཇུག་མ་རྫོགས་གོངཁྲིམས་དཔོན་གྱིས་ཁོའི་བཤད་མཚམས་བཅད་ཡོད་པ་མ་ཟད།དེའི་རྗེས་ཁྲིམས་བཤེར་ཡིག་ཚགས་དང་ཝེ་པོ་དྲ་བ་སོགས་ཁྲིམས་ཞིབ་ཡོངས་ཁྱབ་གསལ་བསྒྲགས་ནང་ནས་ནག་སུབ་བཏང་ཡོད།

པོ་ཞི་ལེ་ཡིས་རང་ཉིད་རྒྱ་ནག་གི་སྲིད་བློན་བྱ་འདུན་ཡོད་པ་དང་སྲིད་བློན་དུ་བསྡད་རྗེས་ཤོག་ཁག་སྟོབས་ཤུགས་ལ་བརྟེན་ཏེ།ཨུ་རུ་སུའིསྲིད་འཛིན་ཕུ་ཅིན་ལྟར་རྒྱ་ནག་གི་སྲིད་བློན་ནས་སྲིད་འཛིན་དུ་འདུག་འདོད་པ་ངོས་ལེན་མ་བྱས་པའམ།ཡང་ན།ཁྲིམས་བཤེར་སྐབས་ཆེས་མཐོའི་དཔོན་རིགས་ནང་ཁུལ་གྱི་སྲིད་དབང་འཐབ་རྩོད་དང་འབྲེལ་བའི་ཚིག་བརྗོད་ཁག་ཁྲིམས་དཔོན་གྱིས་སྟངས་འཛིན་དང་མཚམས་གཅོད།ཁ་བསྒྱུར།ཡིག་ཚགས་སོགས་ནས་ནགསུབ་བཏང་ཡོད་ཀྱང་པོ་ཞི་ལེ་ཡི་དོན་རྐྱེན་ནི་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དོན་རྐྱེན་ཞིག་ཡིན་ལ།དོན་རྐྱེན་འདི་མི་བཞི་ཤོག་ཁག་གི་རྗེས་ནས་རྒྱ་ནག་ནང་ཁུལ་སྲིད་དབང་འཐརྩོད་ཀྱི་ནང་ཉོག་ཕྱིར་མངོན་ཐེངས་དང་པོ་དེ་ཡང་ཆགས་ཡོད།

པོ་ཞི་ལེ་ཡི་‘‘རྨི་ལམ་’’འདི་ཁོ་གཅིག་བུའི་མིན།འདི་ཕྱོགས་ཁག་ཅིག་གི་‘‘རྨི་ལམ་’’ཡིནརྨི་ལམ་འདིའི་ཆེད་དུ་ཅང་ཙེ་མིན་དང་ཀྲུག་ཡུང་ཁང་ཤོག་ཁག་གིདུས་ཡུན་རིང་བོའི་ནང་འཆར་འགོད་དང་གྲ་སྒྲིགམངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ལག་བསྟར་བྱས་ཡོེད།རྒྱ་ནག་གི་དམར་རབས་གཉིས་པའི་དཔོན་རབས་བཞི་པ་དང་ལྔ་བའི་མི་འགྲོ་འདེམསྒྲུག་སྐབས།ཤོག་ཁག་སྟོབས་ཤུགས་འཐབ་རྩོདདེས་སྔར་གྱི་དབུས་ཆབ་སྲིད་རྒྱུན་ལས་མི་ལྔ་ལས་བདུན་དང་བདུན་ལས་དགུ་བར་སྤར་མྱོང་ཡོད་ཅིང་མུ་མཐུད་ཤོག་ཁག་སྟོབས་ཤུགས་འདྲ་མཉམ་དང་རྒྱ་སྐྱེད་དུ་འགྲོ་ཆེད།མི་འགྲོ་བཅུ་གཅིག་ཏུ་སྤར་ཐབས་ཀྱང་བྱས་མྱོང་ཡོདདུས་ཡུན་དེའི་རིང་དབུས་ཆབ་སྲིད་ཅུའི་རྒྱུན་ལས་མི་འགྲོ་མང་ཤོས་ཤོག་ཁག་འདིས་བཟུང་ཡོད་ལ།དབུས་ནས་ས་གནས་བར་གྱི་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཤུགས་གང་འཚམ་ཞིག་ཀྱང་ཤོག་ཁག་འདིས་བཟུང་ཡོད།

པོ་ཞི་ལེ་མགོ་རྟིང་མ་སློག་པའི་སྔོན་དེར་ཤོག་ཁག་འདིས་རྒྱ་ནག་གི་ནུབ་བྱང་ས་ཁུལ་ཡོངས་རྫོགས་དང་དེ་མིན་གལ་གནད་ཅན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ཀྱང་ཕྱེད་དབང་བསྒྱུར་གྱི་ཚུལ་དུ་བཟུང་ཡོད།ཞི་ཅན་ཕིན་སྲིད་འཛིན་དུ་བསྐོ་འཇོག་གཏན་ཁེལ་བྱུང་རྗེས།ཀྲུག་ཡུང་ཁང་དང་པོ་ཞི་ལེ་ཡིས་གསང་བའི་ཐོག་ནས་ཁོ་སྲིད་འཛིན་དུ་སླེབ་པར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ལ།དེ་སྔ་ལྟར་ཏང་སྲིད་མགོ་ཁྲིད་གཅིག་བུ་མིན་པར།འགོག་རྐྱེན་ལམ་ལྷོངཡོང་བར་གཙོ་བོ་དམག་གི་སྟོབས་ཤུགས་སྤྱོད་ཐབས་ལ་འབད་བརྩོན་བྱས་ཡོད།འགོག་རྐྱེན་འདི་ལམ་ལྷོངབྱུང་ཡོད་ཚེ་རྒྱ་ནག་ནང་‘‘དམག་གྱེན་ལོག་’’གི་གནས་ཚུལ་ཆེན་པོ་ཞིག་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད།

རྣོ་ངར་ལྡན་པའི་སྲིད་དབང་འཐབ་རྩོད་འདིའི་ཁྲོད།ཝུན་ཅ་པའོ་དང་ཞི་ཅན་ཕིན་ཤོག་ཁག་སྟེ།རྒྱ་ནག་གི་ཕྱི་ཚུལ་གུ་ཡངས་རིང་ལུགས་པ་ཚོས་དུས་ཚོད་ཐུང་ངུའི་ནང་པོ་ཞི་ལེ་ཕམ་པར་རྒྱག་ཐུབ་མེད་པ་ཡིན་ན།ད་ལྟའི་རྒྱ་ནག་དང་རྒྱལ་སྤྱིའི་མཐོང་ལམ་ནས་ཡལ་མཁན་དང་ཏང་དང་རྒྱལ་ཁབ་ཀྱི་རྐུབ་སྟེགས་ལས་གནས་དབྱུང་མཐའ་མ་ཁྲིམས་བཤེར་དང་དུས་ངེས་མེད་ཀྱི་བཙོན་འཇུག་ནག་ཉེས་ཕོག་མཁན་པོ་ཞི་ལེ་མིན་པར།དེ་ལས་ཟློག་སྟེ་པོ་ཞི་ལེ་ཡི་ཆབ་སྲིད་ཀྱི་དགྲ་ཟླ་སྟེ།ཕྱི་ཚུལ་གུ་ཡངས་རིང་ལུགས་པའི་དཔོན་རིགས་ཚོ་ཆགས་འགྲོ་ལ།མཐའ་མའི་འབབ་སའང་ཝུན་ཅ་པའོ་དང་ཞི་ཅན་ཕིན་སོགས་ཆགས་ངེས་ཡིན།རྒྱ་ནག་གི་དཔོན་རིགས་ཚོར་མཚོན་ན།སྲིད་དབང་འཐབ་རྩོད་ཁྲོད་‘‘ཁྱོད་ཤི་ང་གསོན་’’ནི་ལོ་རྒྱུས་དང་རིག་གཞུང་དངོས་ཡོད་བཅས་ཀྱིས་བཞག་པའི་‘‘བདེན་པ་ཉིད་’’གཅིག་བུ་དེ་ཡིན།

ཞི་ཡི་‘‘གཙང་ཕྱག་ཆེན་མོ།’’

‘‘རུལ་སུངས་འགོག་རྒོལ་’’དང་‘‘གཙང་ཕྱག་ཆེན་མོ’’ནི་ད་ལྟ་ཞི་ཅན་ཕིན་གྱིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཤིག་ཡིན།སྲིད་བྱུས་འདི་ལ་རྒྱ་ནག་ཙམ་མིན་པར།རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དགའ་བསུ་དང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གྱི་ཡོད།མའོ་ནས་ཏིང་བར་གྱི་རྒྱ་ནག་གི་དམར་རབས་དང་པོའི་དཔོན་རིགས་ཚོས་རང་གི་‘‘སྲིད་དོན་ཁ་གཏད་’’དག་ལ་ཆབ་སྲིད་ལངས་ཕྱོགས་ཐོག་ཉེས་མིང་ཏགས་ནས་ཕམ་པར་བརྒྱབ་ཡོད།སྲིད་དོན་གྱི་ཚོར་བ་རྣོ་བའི་ལོ་རབས་དེའི་ནང་‘‘ལག་ཆ་’’འདི་ཧ་ཅང་གི་ཕན་ཐོགཅན་ཞིག་ཡིན།དེ་རིང་གི་རྒྱ་ནག་ནང་སྲིད་དོན་ལས་དཔལ་འབྱོར་གྱི་ཚོར་བ་རྣོ་ཞིང་དཔལ་འབྱོར་འཕེལ་ཚད་མྱུར་བའི་ལོ་རབས་འདི་དག་ནང་རྒྱ་ནག་མི་མངགིས་སེམས་ཁྲལ་དང་མི་འདོད་པའི་རྣམ་འགྱུར་སྟོན་ས་དཔོན་རིགས་ཚོའི་སྲིད་དོན་ལངས་ཕྱོགས་མིན་པར།ཁྱབ་ཚད་ཆེ་བའི་དཔོན་ཚོང་ངན་འབྲེལ་དང་ལྐོག་ཟ་རུལ་སུངས།གོ་དབང་སྒེར་སྤྱོད་སོགས་ཡིན།ཏང་གི་དཔོན་རིགས་ཤིག་ཡིན་ཚེ་འདི་ལྷན་སྐྱེས་ཀྱི་‘‘གཅོང་ནད་’’ཅིག་ཆགས་ཡོད།

ཞི་ཡི་‘‘གཙང་ཕྱག་’’འདི་ལ་རྒྱ་ནག་དང་རྒྱལ་སྤྱིའི་སྒང་ནས་དགའ་བསུ་དང་རྒྱབ་སྐྱོར་ཐོབ་པ་ལྟར།ད་བར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཉིས་བརྒྱ་ལྷག་ཆབ་སྲིད་ཀྱི་གཡོ་ཁྱོམ་འདིའི་ཁྲོད་པོ་ཞི་ལེ་ལྟརའདྲི་རྩད་དང་བཀག་ཉར།ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ནས་ཕྱིར་ཕུད།ཁྲིམས་བཤེར།བཅད་ཁྲ་དང་གཞུང་འབྲེལ་ཉེན་བརྡ་བཏང་ཚར་བའང་གང་འཚམ་ཡོད།ཕྱི་ཚུལ་ལ་ལས་འགུལ་འདི་ཚ་ཚ་འུར་འུར་ཡིན་ནའང་དཔོན་རིགས་དེ་དག་གི་ཕྱོགས་ཁག་རྒྱབ་ལྗོངས་ལ་བརྟག་ཚེ།ཕལ་ཆེ་བ་ཀྲུག་ཡུང་ཁང་དང་པོ་ཞི་ལེ་སོགས་ལ་འབྲེལ་འདྲིས་ཟབ་པའི་དཔོན་རིགས་སམ།ད་ལྟའི་རྒྱ་ནག་གི་མཁྲེགའཛིན་ཕྱོགས་ཁག་གི་དཔོན་རིགས་རྐྱང་ཆགས་ཡོད།རྒྱ་ནག་གི་དཔོན་རིགས་ཤིག་ཡིན་ཚེ།ཕྱོགས་ཁག་ཁྱད་མེད་ཐོག་ཚང་མ་‘‘གཅོང་ནད་’’ཀྱིས་ཟིན་ཡོད།འོན་ཀྱང་རུལ་སུངས་འགོག་རྒོལ་གྱི་‘‘ཕྱག་མ་’’དེའི་དམིགས་འབེན་ནི་གཅིག་རང་ཞིག་སྟེ།རང་གི་སྲིད་དོན་ཁ་གཏད་དམ་ཆབ་སྲིེད་ཀྱི་དགྲ་ཟླ་དག་ཆགས་ཡོད།ད་ལྟ་ཞི་ཅན་ཕིན་གྱི་‘‘ཕྱག་མ་’’འདི་ཀྲུག་ཡུང་ཁང་གི་སྒོ་འགྲམ་དུ་སླེབས་ཡོད་པར་བཤད།

ཀྲུག་ཡུང་ཁང་དང་པོ་ཞི་ལེ་ཡི་‘‘དམག་གྱེན་ལངས་’’ཀྱི་གསང་བའི་འཆར་གཞི་དེས་ཡིན་ནམ།ཁ་སང་དེ་རིང་ཞི་ཅན་ཕིན་གྱི་ཕྱག་མ་རིང་བོ་དེ་དམག་སྒར་ཁག་ནང་འཕྱར་མགོ་བཙུགས་ཡོད་ཅིང་‘‘གཙང་ཕྱག་’’འདིའིཁྲོད་ནསདམག་དཔོན་འགའི་མགོཡང་ཉི་མ་སེར་པོ་ཞིག་འཆར་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་ཚར་ཡོདཔ་རེད།སྲིད་དོན་གྱི་ཚོར་ཤུགས་རྣོ་བའི་ལོ་རབས་ནང་ཆབ་སྲིད་ལངས་ཕྱོགས་ཀྱིས་རྒྱ་ནག་གི་དམར་རབས་དང་པོའི་དཔོན་རིགས་ཚོར་སྲིད་དོན་ལག་ཆ་ཡག་པོ་ཞིག་བསྐྲུན་ཡོད་པ་ལྟར།དཔལ་འབྱོར་ཀྱི་སྟོབས་ཤུགས་རྒྱས་པའི་དེང་གི་རྒྱ་ནག་གིསཞི་ཡི་ཤོག་ཁག་ལ་རང་གི་དགྲ་ཟླའི་སྲིད་དོན་དབང་ཆའི་ཚེ་སྲོག་བཅོམ་པར་ཁོར་ཡུག་དང་དུས་ཚོད་ཡག་པོ་ཞིག་བསྐྲུན་ཡོད།

ཆིན་ཁྲེང་བཙོན་ཁང་གིས་པོ་ལ་སྒུག་ནས་ཡོད་དམ།

‘‘དེ་ནི་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་ཞིག་དང་ཁྱད་པར་གང་ཡང་མི་འདུག’’ཀྲའོ་ཙེ་དབྱང་གི་དྲུང་ཡིག་པའོ་ཐུང་གིས་འདི་ལྟར་པེ་ཅིན་ལྷོ་ངོས་སུ་ཡོད་པའི་ཆིན་ཁྲེང་བཙོན་ཁང་ལ་སྡོམ་ཚིག་བཞག་མྱོང་ཞིང་དེ་སྔའི་རྒྱ་ནག་གི་དབུ་ཁྲིད་ཡེ་ཅན་ཡུན་གྱི་གསོས་ཕྲུག་མ་ཙེད་ཆིན་གྱིས་ཀྱང་‘‘ང་དེར་ཐོག་མར་འབྱོར་སྐབས་སྐྲག་སྣང་ལས་འཚར་སྣང་ཞིག་སྐྱེས་སོང་’’ཞེས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་མྱོང་ཡོད།ཆིན་ཁྲེང་བཙོན་ཁང་གི་ཁོ་ར་ཁོར་ཡུག་རྒྱ་ཆེ་ཞིང་ཡིད་འཕྲོག་པ་མ་ཟད།དེའིནང་མི་རེརེར་ཉལ་ཁང་དང་འཁྲུས་ཁང་ཡོད་པ་ཨ་ཅང་ཅང་ཟུར་དུ་སྡོད་ཁང་དང་གཞུང་ལས་ཁང་སོགས་ཀྱང་ལོགས་སུ་ཡོད་ལ།དེ་དག་ནང་སྤུས་ཚད་མཐོ་བའི་འཁྲུས་ཤོང་འཁྲུས་ཆས་དང་འབོལ་ཁྲི་འབོལ་གདན།ཅོག་ཙེ་སོགས་རང་ཆས་སུ་ཡོད།ཞོགས་ཟས་ལ་འོ་མ་དང་ཉིན་གུང་དང་དགོང་མོར་ཤ་དང་ཚལ་རིགས་སྣ་ཚོགས་རང་འདོད་ལྟར་འདེམས་ཆོགགི་ཡོད།ཟས་རིགས་བཟོ་མཁན་གྱི་མ་བྱན་ཚོ་ནི།པེ་ཅིན་ན་སྐད་གྲགས་ཆེ་བའི་གསོལ་མགྲོན་ཁང་ཁག་ནས་ཡོང་བའམ།ཡང་ན་རྒྱ་ནག་གི་པུའུ་གྲང་རིམ་པའི་དཔོན་རིགས་ཚོའི་ཆེད་གཉེར་མ་བྱན་བྱས་མྱོང་མཁན་རྐྱང་ཡིནན་ནིང་བཙོན་ཁང་འདི་ལ་ཡང་བསྐྱར་རྒྱ་སྐྱེད་དང་ལེགས་བཅོས་བཏང་སྟེ་རྒྱས་སྤྲོས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད་པར་བཤད།

བཙོན་ཁང་འདིའིནང་ཡོང་མཁན་དག་ནི་རྒྱ་ནག་གི་ཆེས་མཐོའི་‘‘ཆབ་སྲིད་ཀྱི་སྐུ་མགྲོན་’’རྐྱང་ཡིན།མི་བཞི་ཤོག་ཁག་ཕམ་པར་བརྒྱབ་རྗེས་ཅང་ཆིན་འདིའི་ནང་བསྡད་མྱོང་ཞིང་དྲུག་བཞིའིདོན་རྐྱེན་རྗེས་ཀྲའོ་ཙི་དབྱང་གི་དྲུང་ཡིག་པའོ་ཐུང་ཡང་འདིའི་ནང་ལོ་བདུན་རིང་བསྡད་ཡོད།དེ་སྔའི་རྒྱ་ནག་གི་དབུ་ཁྲིད་ཡུ་ཅན་ཡུན་གྱི་གསོས་ཕྲུག་མ་ཙེད་ཆིན་དང་ཧྲང་ཧེ་དང་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁྲིན་ལང་དབྱི་དང་ཁྲིན་ཞི་ཐུང་གཉིས་ཀྱང་འདིར་བསྡད་མྱོང་ཡོད།བཙོན་ཁང་འདིར་སྡོད་མཁན་བཙོན་པ་ཚོར་ཕྱི་ནང་འགྲོ་སྐྱོད་རང་དབང་ཡིན་པ་མ་ཟད།ཕྱི་མི་ལ་ཐུག་འཕྲད་དང་འབྲེལ་འདྲིས་ཇི་ལྟར་བྱས་ཀྱང་ཐོ་འགོད་ཙམ་ཡང་དགོས་རབས་མི་འདུག  

པོ་ཞི་ལེ་ལ་དུས་བཀག་ངེས་མེད་ཀྱི་ཁྲིམས་ཆད་དང་མི་ཚེ་ཧྲིལ་བོར་ཆབ་སྲིད་ཁེ་དབང་འཕྲོག་རྒྱུའི་བཅད་ཁྲ་བཏང་རྗེས།ཁོས་རང་གི་ནང་མི་བརྒྱུད་ནས་དྲང་བདེན་མིན་པའི་ཁྲིམས་ཆད་འདིར་ངོས་ལེན་མེད་པར་བསྐྱར་དུ་ཏུགས་བཤེར་བྱ་རྒྱུ་ཡིན་ཚུལ་བཤད་ཡོད།མ་གཞི་ནས་སྲིད་དོན་ཟློས་གར་དུ་གཏོགས་པའི་ཁྲིམས་བཤེར་འདིར་དྲང་བདེན་གྱི་མིང་ཚིག་བཀོལ་ས་མེད།ཡར་གཏུགས་བཤེར་ཅི་བྱས་ཀྱང་མཇུག་འབྲས་གཅིག་རང་སྟེ།ཁོའི་སྲིད་དོན་གོ་གནས་ཀྱི་ཚེ་སྲོག་གཅོད་རྒྱུ་རང་ཆགས་ཡོད་ལ།མ་མཐར་ཡང་ཞི་ཅན་ཕིན་གྱི་ལོ་བཅུའི་ལས་རྒྱུན་རིང་གདམ་ཁ་གཞན་གང་ཡང་མེད།པོ་ཞི་ལེ་ཡི་ཁྱིམ་བརྒྱུད་རྒྱབ་ལྗོངས་དང་ཁོ་མི་སྒེར་གྱི་དེ་སྔའི་ཆབ་སྲིད་གནས་བབ་ཀྱི་ཆ་ནས།བཅད་ཁྲའི་རྗེས་ཀྱི་འགྲོ་ས་ནི་ཆིན་ཁྲེང་བཙོན་ཁང་ཡིན་ཞིང་དེར་འབྱུང་འགྱུར་གྱི་མི་ཚེའི་སྐྱིད་སྡུག་དང་འགྲོ་འདུག་གང་ཡོང་ཁོའི་རྗེས་ཕྱོགས་ཀྱི་རྣམ་འགྱུར་ལ་རག་ལས་ཡོད།

ཁྲིན་ལང་དབྱི་དང་ཁྲིན་ཞི་ཐུང་གཉིས་པོ་ཞི་ལེ་དང་གོ་ཐོབ་མཉམ་པའི་དཔོན་རིགས་གཉིས་ཡིན།ལྐོག་ཟ་རུལ་སུངས་དང་གོ་དབང་སྒེར་སྤྱོད་ཀྱི་ཉེས་མིང་འོག་གཅིག་ལ་ལོ་བཅུ་དྲུག་དང་གཅིག་ཤོས་ལ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད།རྣམ་འགྱུར་ཡག་དྲགས་པས་ལོ་གཉིས་གསུམ་རིང་ཆིན་ཁྲེང་དུ་བསྡད་རྗེས།‘‘ནད་མནར་’’དང་‘‘སྨན་གཏུགས་’’ཀྱི་མིང་ཐོག་ནས་གཉིས་ཀ་ཀློད་གྲོལ་བཏང་ཡོད།རྣམ་འགྱུར་མི་ལེགས་པའི་ཀྲའོ་ཙེ་དབྱང་ནི་བཟང་བཙོན་བྱས་ཏེཚེ་མཇུག་རྫོགས་ཡོད་ལ།ད་ལྟ་ད་དུང་ཁོའི་ནང་མི་ཉེ་འབྲེལ་ཚོའི་འགྲོ་འདུག་ཀྱང་ཚད་བཀག་དང་སྟངས་འཛིན་འོག་གནས་ཡོད།

པོ་ཞི་ལེ་ཡི་འབྱུང་འགྱུར་གྱི་རྣམ་འགྱུར་གང་འདྲ་ཡིན་ནམ།‘‘ལོ་གཅིག་གཉིས་ཤིག་གི་རྗེས་སུ།‘ཁོ་ཚོས་པོ་ཞི་ལེ་ན་འདུག་ཅེས་བཤད་ཡོང་གི་རེད།དེ་ནས་པོ་ཞི་ལེ་སྨན་གཏུགས་ཆེད་ཀློད་གྲོལ་གཏོང་གི་རེད།ཀློད་གྲོལ་ཐོབ་རྗེས་གཙང་ངོགས་དང་མཚོ་འགྲམ་གང་རུང་གི་གཞིས་ཀ་ཞིག་ནང་ཁོའི་ཚེ་མཇུག་གི་བདེ་སྐྱིད་ལ་རོལ་རྒྱུ་རེད།’’འདི་ཀྲའོ་ཙེ་དབྱང་གི་དྲུང་ཡིག་པའོ་ཐུང་གིས་པོ་ཞི་ལེ་ཡི་རྣམ་འགྱུར་ལ་བཞག་པའི་སྔོན་དཔྱད་ཀྱི་སྡོམ་ཚིག་དེ་རེད།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php