འབར་མེ་དྲག་པོའི་ཁྲོད་གཏན་དུ་འཚོ།

འོད་ཟེར་གྱིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

 

ཕྱི་ལོ   ༢༠༡༡  ལོའི་ཟླ་བ ༡༡  པའི་ཚེས    ལ།  ཐུ་བྷོད་ཤར་ཕྱོགས་ནས་དགུང་ལོ  ༣༥  ལ་སོན་པའི་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་པ་རེད། འདི་ནི ༢༠༠༩  ནས་བཟུང་།   རང་ལུས་མེར་བསྲེགས་པའི་ཐུ་བྷོད་བ ༡༢ དེ་རེད། 

སྐྱེས་པ ༡༠  དང་།  བུད་མེད ༢ རེད། ཚང་མ་ཆོས་གོས་དམར་སེར་བསྣམས་པ་རྐྱང་རེད།  འོན་ཏེ་འདིའི་ཁྲོད་ཀྱི་མི་གཉིས་ནི་དགོན་པར་འཛུལ་བའི་ལས་བྱེད་ཀྱིས་ཕྱིར་བསྐྲད་པས།  འབྲོག་པའི་པགས་རྩག་མ་གྱོན་རང་གྱོན་བཟོས་པ་རེད།  རབ་ཏུ་འབར་བའི་མེ་དལ་དྲག་པོའི་ཁྲོད་ནས་མི   སྐུ་གཤེགས་པ་དང་།  མི    ལ་འཚིག་སྐྱོན་ཐེབས་ནས་ཉེན་རྟོག་པས་ཁྲིད།  མི   དགོན་པར་ཡོད་ཀྱང་དབུགས་སུར་སུར་ཙམ་ལས་མེད། 

ད་ལྟ།   ཐུ་བྷོད་ཀྱི་དགོན་པ་རེ་རེར་ལས་བྱེད་དང་ཉེན་རྟོག་པའི་གྲིབ་ནག་ཡོད་པ་ཤེས་སོང་ངམ།  ཏང་གིས་དགེ་འདུན་པ་རེ་རེའི་ཀླད་པ་ཆུ་བཤལ་རྒྱག་པའི་སླད་དུ་ཁོང་ཚོ་མངགས་ཡོང་བ་སྟེདགེ་འདུན་པ་ཚོས་ཏཱ་ལའི་བླ་མར་མཆི་མ་བཏབ་ནས   གདུག་འདྲེ    རེད་ཟེར་དགོས་པ་དང་།  ལག་པ་གནམ་ལ་བཀྱགས་ནས་གུང་ཁྲན་ཏང  ༼ བྱང་ཆུབ་སེམས་དཔའ ༽  རེད་ཅེས་བརྗོད་དགོས།

གཟའ་འཁོར་གཅིག་གི་གོང་དུ།  ཡུབོ་ཊུ་པེ་   YouTu be  དྲ་ ཚིགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོས་རང་ལུས་མེར་བསྲེག་བརྒྱབས་པའི་བརྙན་པར་ཐོན་ པ་རེད། ང་ཚམ་ཚོམ་ཞིག་གི་ངང་དལ་ཅིག་བརྙན་པར་དེར་མཛུབ་གནོན་བྱ་མ་ཕོད།  མིག་ལམ་དུ་འཁོར་འོང་བ་ནི་མཐོང་ཟིན་པའི་པར་རིས་དང་བརྙན་པར་དག་རེད་ལ།  ཐུ་བྷོད་སེར་མོ་བ་ཚོ་གཞུང་ལམ་ཁ་དང་།   ཡང་ན་རྩྭ་ཐང་སོགས་སུ་མེ་ལྩེས་འཁྱུད་པའམ།  ཐ་ན།   མེ་དབལ་དྲག་པོས་ཚིག་རིལ་ཐེབས་པའི་རྣམ་པ་དག་རེད།  རྒྱུ་ཆ་འདི་ཚོ་ནི་ས་གནས་བོད་མིས་སྲོག་བསྡོས་ཀྱིས་ཕྱིར་གཏོང་བྱས་ལ།  དམིགས་ཡུལ་ནི་འཛམ་གླིང་འདིས་མཐོང་ན་བསམས་པ་རེད་མོད་ལྟ་བས་བཟོད་དཀའ་བའི་ཚད་རེད། 

དེའང་ཟླ་བ་གཅིག་གི་སྔོན་དུ།  ང་རང་དམག་དང་ཉེན་རྟོག་པས་གནམ་ས་དཀྲིགས་པའི་ལྷ་ས་ནས་ཐལ་སྐྱས་གཡོགས་པའི་པེ་ཅིང་དུ་ལོག   མ་གཞི་ངའི་སྡོད་སྒར་བཙན་རྒྱལ་བའི་རྒྱལ་ས་འདི་ན།  རང་བྱུང་མཁའ་དབུགས་ཧ་ཅང་ངན་ཆེ་ནའང་།  ཆབ་སྲིད་ཀྱི་མཁའ་དབུགས་ངོ་མ་ལྷ་ས་ལས་ཞི་འཇམ་པས།   དམ་དུ་བཀྱིགས་པའི་ངའི་ཁྲ་རྩ་རྣམས་རྦད་དེ་ལྷོད་ལ་བབས།  ཡིན་ནའང་།  བོད་མི་བཅུ་པ་ཡིས་རང་ལུས་མེར་བསྲེགས་པའི་གནས་ཚུལ་ཕྱིར་ཁྱབ་པ་དེས།  ཡར་ཐོན་ལྡན་པའི་པེ་ཅིན་གྱི་གདོང་འབག་རྩབ་ཧྲལ་ལ་བཏང་སོང་།

ཁོང་ནི་དགུང་ལོ  ༢༠  ལས་སོན་མེད་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་རེད།  འབྲོག་པའི་ཁྱིམ་ཚང་ནས་དགོན་པར་ཡོང་སྟེ་བཙུན་མ་བསྒྲུབས་པའི་བུད་མེད་འདིས།  མེ་ལྕེས་ཟོས་པའི་གཟུགས་ཕུང་ཞིག་གི་པར་རིས་ལས་ཅི་ཡང་བཞག་མེད།  

                                                           

སྐར་མ  ཙམ་ཡང་མེད་པའི་བརྙན་པར་འདི་ཁ་ཕྱེས་པ་དང་།   བཀག་ཀྱང་མ་ཁོག་པའི་ཚོར་ཤུགས་དེ་རེད།  སྐུ་གཟུགས་ཡོངས་མེ་ལྕེས་འཁྱུད་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་གཞུང་ལམ་ན་ཀྲོང་ངེར་བཞེངས་པ་དེ་ནི།  འབར་གྱིན་པའི་དཔལ་འབར་ཞིག་དང་གཅིག་པ་གཅིག་རྐྱང་རེད།  ང་དེ་མུར་མིག་ཆུ་ཆར་བབས་པ་ལྟར་གྱུར་ཏེ་ལག་གཉིས་གདོང་པར་བཀབ་ནས་བསྡད། 

ང་ལས་ཏག་ཏག་ལོ་ ༡༠  ལས་ཆུང་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས།  འདི་ལྟར་གསོན་གསོན་ངང་མེས་ཚིག་པ་རེད།  འདི་ནི་ལྕགས་མ་རེད་ལ།  རྡོ་ཡང་མ་རེད།  འདི་ནི་ཤ་རུས་ཁྲག་ལས་གྲུབ་པའི་མི་རེད།  ངང་ཚུལ་འདིས།   སེམས་པ་ལྕགས་ལས་སྲ་ཞིང་རྡོ་ལས་གྲུབ་པའི་མི་དག་ཀྱང་བརྒྱ་ཆ་བརྒྱ་འདར་སིག་རྒྱག་ཏུ་བཅུག་ཡོད།  

མིག་ཆུས་སྦགས་པའི་ཁྲོད།   དང་ཐོག་ངས་ཁོང་མོས་མེ་ལྕེ་ཁུར་ནས་སྐྱོད་བཞིན་པ་དང་།  སྐྱོད་བཞིན་སྐྱོད་བཞིན་རྒྱལ་བ་རིན་པོ་ཆེ་འབོད་ཀྱིན་ཡོད་ལ་ལྟར་སྣང་མོད།  ཞིབ་ཏུ་ལྟ་དུས།  ཁོང་ནི་གོམ་པ་གང་ཙམ་ཡང་སོང་མེད་ལ།  ཀྲོང་ངེར་འགྱིངས་འདུག དེ་མཚམས་ཤིག་ནས་ཁོང་གི་རྐེད་པ་གུག་ཙམ་བྱས་ནས་ཐང་ལ་དྲང་མོར་ཉལ་སོང་།  གཞུང་ལམ་ངོས་ཀྱི་མི་དེ་ཚོས།   མེ་དལ་དྲག་པོས་ས་ལ་བརྡབས་པའི་མོ་རང་ལ་ཅེར་ནས་སྨྲེ་ངག་དང་འོ་དོད་བྱེད་པ་ལས་མེད། དམར་རྗེན་ངང་ཕྱིར་གྱར་བའི་འདྲ་པར་འདིར་ལྟ་དུས།  སྐབས་དེར་ཁོང་གི་གདོང་པ་ས་ལ་འབྱར་ཡོད་ནའང་།  ལག་གཉིས་ད་དུང་ཐལ་མོ་སྦྱར་ནས་ཡོད།

ང་ནི་བརྙན་པར་དེའི་ནང་གི་བོད་ཆས་གྱོན་པའི་བུད་མེད་དེ་ཡིན་ན་བསམ།  མོ་རང་ནི་ངུ་འབོད་མེད་པའི་ཁར།  མེ་ལྕེ་དྲག་པོས་ཁྱུ་མིད་གཏོང་བཞིན་པའི་བཙུན་མ་དཔལ་ལྡན་ཆོས་མཚོའི་སར་སོང་སྟེ།  གུས་པ་མཚོན་པའི་དཀར་གཙང་དར་ཁ་ཞིག་གཡུགས་པརེད།

                                                                    

དེའི་ཚེ་ན།  སྐད་སྒྲ་ཁ་ཤས་ཀྱིས་འདིའི་དོན་རྟོགས་གི་མེད་ལུགས་བརྗོད།  ཡིན་ནའང་།   འདི་ཚོ་ཏང་གི་མཆུ་ཏོ་ཅན་ཚོའི་སྐད་ཆ་མ་རེད།  དེ་ལས་ལྡོག་ཏེ་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་ཟེར་མཁན་དང་།  ཡང་ཁ་ཤས་ནི་བཙན་གནོན་ཕོག་པའི་རྒྱ་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་་ཚོ་རེད།  ངོ་མ་བོད་མི་ཚོ་ཧ་ཅང་ལྐུགས་དྲགས་པ་དང་།   བློ་རིག་ཞེན་ཆེས་པ།   ཚེ་སྲོག་ལ་སྣང་ཆུང་བྱེད་པ།  རང་ལུས་མེར་བསྲེགས་པ་ནི་ཞེད་སྣང་སྐུལ་བའི་རོལ་རྩེད་ཅིག་ཏུ་ལྟ་བ་རེད་དམ།  ཤེས་དགོས་པ་ཞིག་ནི།  གདུག་རྩུབ་ཅན་གྱི་སྲིད་དབང་འདིས་བྱ་བཏང་བའི་དགེ་འདུན་པ་ཚོའི་སྐུ་ལུས་ལ་མེ་ལྕེ་སྤར་བ་དེ་རེད།  

གདུག་རྩུབ་ཅན་གྱི་སྲིད་དབང་འདི་པས།   མེ་མདའ་དང་སྒོར་མོ་གཅིག་པུར་བློ་གཏོད་པ་ལས་ཆོས་ལུགས་ལ་དད་མོས་མེད་པ་མ་ཟད།   འཛམ་གླིང་འདིའི་སྟེང་དུ་མི་ལ་ལས་ཆོས་དད་ཀྱི་སླད་དུ་རང་ཉིད་སྲེག་བཞིན་ཡོད་པ་ཡིད་ཆེས་བྱེད་ཀྱི་མེད།   དེས་ན།  ཁོས་སྐྱག་རྫུན་བཤད་ནས་རང་ལུས་མེར་བསྲེག་པ་དེ་ཚོ་ལོ་ན་གཞོན་པས་ཡག་བཙོག་དབྱེ་བ་འབྱེད་མ་ཐུབ་པ་རེད་ཟེར།   གདུག་རྩུབ་ཅན་གྱི་སྲིད་དབང་འདི་པས།  མེ་མདའ་དང་སྒོར་མོ་ཡོད་དུས་ཐམས་ཅད་ལེབ་ལེབ་བཟོ་ཐུབ་པ་དང་།  སུས་ཀྱང་ཁོང་ཚོ་ལ་ཡིད་མོས་བྱེད་ཀྱི་རེད་དྲན་ཡོད།  དེ་འདྲ་སོང་བས།  ཁོང་ཚོས   ཏཱ་ལས་སྒོར་མོ་བཏང་ནས་རོ་ཉོ་གི་འདུག   ཟེར་བའི་དུག་ཅན་གྱི་སྐད་ཆ་འདི་བཟོས་པ་རེད།  

དོན་ངོ་མར།  ལོ་རྒྱུས་ཐོག་ཏུ་རྐྱེན་ཆག་སྒོ་མགོར་ལྷུང་བའི་ཚེ།  ནང་པ་ཡིན་ནའང་འདྲ།  ཆོས་ལུགས་གཞན་གྱི་རྗེས་འབྲངས་པ་ག་གེ་མོ་ནས་རང་ཉིད་བློས་བཏང་ནས་ཆོས་ལུགས་བསྐྱབས་འོང་།   དེང་དུས་ཀྱི་རྒྱ་ནག་འདི་པ་ཚང་ཡིན་ནའང་དེ་ག་རང་སྟེ།  དེ་སྔོན་ཤིས་ཨན་གྱི་ཧྥ་མེན་དགོན་པའི་དགེ་འདུན་པས་རིག་གསར་སྐབས་སུ།   དམར་སྲུང་དམག་འགོག་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ནས་མཆོད་རྟེན་སྲུང་སྐྱོབ་བྱས་པ་རེད།   ཡིན་ནའང་།  བོད་མིའི་སྐུ་གཤེགས་སྟངས་འདིར་དོན་སྙིང་གཉིས་ཚོགས་ཡིན་པ་སྟེ།  ཆོས་དད་སྲུང་སྐྱོབ་ཙམ་དུ་མ་ཟད།  རང་དབང་ལ་ཡང་རྩོད་ལེན་བྱས་པ་རེད། 

གཞན་ཡང་།  སྐུ་གཤེགས་དཔའ་བོ་རྣམ་པ་དང་ལོ་ཚོད་བར་འབྲེལ་མེད་ལྟ་བུ་ཞིག་སྟེ།  ཧླ་རན་སའི་ལོ་རྒྱུས་ཐོག་གི་ལྷ་མོ་ཀྲིང་ཏེ་ཡང་དང་ཐོག་ཞིང་པའི་བུད་མེད་དར་མ་ཞིག་རེད།  ཁོང་གིས་དམག་དཔུང་མགོ་ཁྲིད་དེ་ཕྱི་དགྲ་འགོག་རྒོལ་བྱས་པས།  མཐའ་མ་དགྲ་བོས་མེ་ཁྲིམས་བཅད་དེ་བཀྲོངས་པ་རེད།  དེའི་ཚེ་ཁོང་དགུང་ལོ  ༡༩ ལས་མེད་ནའང་།  ཧྥ་རན་སིའི་མི་རྣམས་ཀྱི་སེམས་པའི་དབུས་སུ་ནམ་ཡང་ནུབ་པ་མེད་པའི  རང་དབང་ལྷ་མོ  ༽རུ་གྱུར་པ་རེད། 

                                                                         

རང་ལུས་མེར་བསྲེགས་པའི་བོད་མི་ཚོ་སྐད་ཅིག་ངང་ཁ་གྲངས་ཙམ་དུ་ལུས་པ་ལྟ་བུ་ཞིག ཐེངས་དང་པོ་ནས་གཉིས་པ་བར།   ལོ་གཉིས་འགྱངས་ན་ཡང་། ཐེངས་གཉིས་པ་ནས་གྲངས་ཀ་བཅུ་གཉིས་བར་དུས་ཐུང་ཟླ་བ་བརྒྱད་ལས་ཕྱིན་མེད།   དེ་ལས་ཀྱང་མགྱོགས་པ་ཞིག་ནི་ཐེངས་བཞི་པ་ནས་བཅུ་གཉིས་པའི་འཕར་ཚད་དེ་ནི།  ཉིན་གྲངས་བདུན་ཅུ་ལྟ་བུ་ཞིག་ལས་འགོར་མེད་པ་རེད།  

ཡིན་ནའང་།  ཁ་གྲངས་འདི་ཡང་ནོར་འཛོལ་འགྲོ་བཞིན་ཡོད་པ་སྟེ།  ཐེངས་དང་པོ་དགེ་འདུན་པས་རང་ལུས་མེར་བསྲེག་བརྒྱབ་ནས་མི་ལོ་གཉིས་ཙམ་འགྱངས་སོང་དུས།  དེ་སྣང་མེད་བཏང་ནས་རྩིས་རྒྱག་གི་མེད།  རང་ལུས་མེར་བསྲེག་མཁན་བཅུ་གཉིས་ལ་བཅུ་གཅིག་འབོད་ཀྱི་ཡོད།   གྲངས་ཀ་འདི་གཞན་གང་ཡང་བགྲང་གི་ཡོད་པ་མ་རེད།  གལ་ཏེ་གཞན་ཞིག་ཡིན་ཚེ།  གཅིག་ཙམ་མང་བ་དང་ཉུང་བ་སོགས་ལ་ཁྱད་པར་ཅི་ཡོད།  དེས་མ་ཚད་གྲངས་ཀ་འདི་ཡང་གྲང་ཤུར་ཤུར་གྱི་གྲངས་ཀ་ཞིག་ག་ལ་ཡིན།  རྩ་བར་གཏུགས་ནས་བཤད་ན།  ཚེ་སྲོག་ཅིག་གི་སྐྱེ་བ་དང་འཆི་བར་ཐུག་ཡོད་པ་རེད། ཁྱོད་ཚོ་ལྟར་ན། སླར་ཡང་ལོ་གཉིས་སོང་མཚམས།  ཕལ་ཆེར་གནས་ཚུལ་ཅི་ཡང་ལྷག་མེད་པ་ལྟ་བུས།   ད་ལོའི་རང་ལུས་མེར་བསྲེག་པ་འདི་ཚོ་ཡང་ཀླད་ཀོར་ལ་འབབ་རྒྱུ་ཨེ་རེད། 

མི་རྣམས་ཀྱིས་འདི་ཡག་ཉེས་ཅི་ཡིན་དབྱེ་འབྱེད་བྱ་ལོང་བྱེད་ཁོམ་མ་བྱུང་བའི་སྐབས་སུ། རྒྱ་ནག་འདི་རང་ལུས་མེར་བསྲེགས་པའི་བོད་མིར་ཞེད་ཀྱི་མེད་པ་དང་།  དེ་ལས་གསོན་པོར་ཡོད་པའི་བོད་མིར་སྐྲག་ཆེ་མིན་སོགས་ལྟ་ལོང་མ་བྱུང་བའི་དུས་ན། ཐ་ན།  མགོ་ནས་མཇུག་བར།   དོན་དམ་པས་རང་ལུས་མེར་རྒྱག་མཁན་གྱི་ཁ་གྲངས་ག་ཙམ་ཡིན་མིན་སོགས་བགྲངས་མ་ཐུབ་པའི་མཚམས་ནས།  ས་བབ་མཐོ་ས་འདིའི་ཐུ་བྷོད་པ་སུ་ཞིག་སླར་ཡང་མེ་མདེའི་ཁ་ཅོ་ལས་བདེན་དོན་དུ་གཤེགས་ནས།   ཡིད་སྤྲོ་བས   འབར་གྱིན་པའི་སྐུ་གཤེགས་དཔའ་བོ ༽ རུ་ཆས་འགྲོ་ཨང་།   

འཛམ་གླིང་འདིས་གོ་སོང་ངམ་།  འབར་མེའི་ཁྲོད་ཀྱི་བོད་མི་རྣམ་པས་ཅི་ཞིག་བོས་པ་གོ་སོང་ངམ།   ཐུ་བྷོད་ལ་རང་དབང་དགོས།  ཏཱ་ལའི་བླ་མ་ཚུར་ཕེབས་དགོས་ཟེར། ངོ་མ་ཡིན།   འདི་འདྲ་བའི་རེ་བ་ཡང་ཧ་ཅང་ཐལ་ཆེ་པ་ཨེ་རེད། 

ཁ་གསབ།  རྩོམ་ཡིག་འདི་བྲིས་ཚར་དུས།  བོད་རང་སྐྱོང་ལྗོངས་ཀྱི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་པའི་གནས་ཚུལ་དེ་གོ་སོང་།  འདི་ནི་བོད་ནང་རང་ལུས་མེར་བསྲེགས་མཁན་བཅུ་གསུམ་པ་དེ་རེད།  

༢༠༡༡    ༡༢    ལ།

                                                    

རང་ལུས་མེར་བསྲེཊ་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པ

འོད་ཟེར་གྱིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

ཧྥ་རན་སིའི་གསར་འགོད་པ་ཞིག་གིས་འཇམ་པོའི་ངང་ང་ལ་བཤད་དོན།     བོད་མིས་རང་ལུས་མེར་བསྲེགས་པས་དོན་གོ་ཆོད་ཀྱི་མ་རེད།  ཁྱོད་ཀྱིས་འདི་དོན་ག་རེ་བསམ་གྱི་ཡོད། ༽  ཟེར་དུས།  ངའི་རུས་པའིགཏིང་ནས་ཟུག་བརྒྱབ་ནའང་།  ཨུ་ཚུགས་བརྒྱབ་ནས་མིག་ཆུ་བཀག་སྟེ།    ཕལ་ཆེར་དོན་གོ་མེད་པ་འདྲ།  རེད་དེ་མི་ལ་ལ་རྒྱ་དང་དམ་ཚིག་ཡོད་དུས།  རང་ ལུས་མེར་བསྲེགས་པའི་བོད་མི་ཚོར་དགོས་པ་ནི་མི་རིགས་ཤིག་གི་ལ་རྒྱ་དང་དམ་ཚིག་ རེད་ཅེས་བརྗོད། དང་ཐོག་སྨྱན་སྦྱོར་གསར་འགོད་པས་ང་ལ་སྐད་ཆ་འདྲི་སྐབས།  ངའི་རྣམ་འགྱུར་ལ་ཚོད་འཛིན་བྱ་མ་ཐུབ།  དེ་ཡང་ཡིན་འོས་ཏེ།  གསར་འགོད་པ་ཞིག་ཡིན་དུས་འདི་ལྟར་རྒྱུ་མ་ཕུ་འདེད་བྱ་སྲིད་དང་སྲིད།   ཡིན་ནའང་།  གསར་འགོད་པ་ཞིག་གིས་ཀྱང་ཕྱི་ལོ་  ༡༩༦༣  ལོར་ཝེ་ཐེ་ནམ་ལྷོ་ཕྱོགས་ཤིས་ཀུང་དུ་ནང་པའི་བླ་ཆེན་ཞིག་གིས་ནང་ཆོས་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་སླད་རང་ལུས་མེར་བསྲེགས་པ་དང་།   དེའི་གཞུག་ནས་དགེ་འདུན་པ་མང་དག་ཅིག་གིས་ཀྱང་རང་ལུས་མེར་བསྲེགས་པའི་གནས་ཚུལ་ཡང་ཤེས་ཀྱི་མེད་དུས།  དེ་རིང་བོད་ཀྱི་གྲྭ་བཙུན་  ༡༢  ཙམ་གྱིས་རང་ལུས་མེར་བསྲེགས་པ་དེར་ཁྱོན་ཡོངས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་སམ་ཡང་ན།   མི་དམངས་ནས་འདི་དོན་རྟོགས་པར་ང་ཚོས་ཇི་ལྟར་བྱས་ནས་རེ་བ་རྒྱག་དགོས་སམ།   མ་ཟད།  འདི་ལྟ་བུའི་རྒྱ་ཁྱབ་ཀྱི་གོ་མེད་ཚོར་མེད་འདིས།  དངོས་གནས་མི་སེམས་བདེ་རུ་འབབ་ཐབས་བྲལ།

 

དོན་དངོས་ཐོག  འདས་ཟིན་པའི་ལོ་རྒྱུས་ནང་དུ།   ནང་པའམ་ཡང་ན་ཆོས་ལུགས་གཞན་པའི་རྗེས་འབྲང་པ་སུ་འདྲ་ཞིག་ཡིན་ཡང་རུང་སྟེ།    བྱུར་དང་ཆག་སྒོ་མགོར་ལྷུང་བ་དེའི་ཚེ།   ག་དུས་ཡིན་ནའང་མི་ལ་ལས་ཆོས་ལུགས་ཀྱི་སླད་དུ་རང་ཉིད་བློས་བཏང་སྟེ་འོང་།   ད་ལྟའི་རྒྱ་ནག་འདི་ཚང་ཡང་རྣམ་པ་དེ་ལས་མ་འདས་ཏེ།   དེ་སྔོན་ལྕགས་ཕག་གསར་བརྗེ་སྐབས་སུ་མན་ཇུའི་དམག་གིས་ཝུ་ཧན་ས་ཁུལ་ཀེ་ཡུང་དགོན་གཏོར་བར་བརྩམས་པ་ན།  དགོན་པ་འདིའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་པ་རེད།  ཡང་རིག་གནས་གསར་བརྗེའི་དུས་མགོའི་སྐབས་སུ།   ཤིས་ཨན་ཧྥ་མན་དགོན་པའི་དགེ་འདུན་པ་ཞིག་གིས་དམར་སྲུང་དམག་འགོག་རྒོལ་ཆེད་རང་ལུས་མེར་བསྲེགས་ཏེ་མཆོད་རྟེན་སྲུང་སྐྱོབ་བྱས་ཡོད།

གསར་འགོད་པས་ད་དུང་སྐད་ཆ་འདི་འདྲ་ཞིག་དྲིས་པ་སྟེ།  ཅིའི་ཕྱིར་རང་ལུས་མེར་བསྲེགས་མཁན་བོད་མི་ཚོ་འདི་འདྲའི་ལོ་ན་གཞོན་པ་རྐྱང་རྐྱང་རེད་ཟེར། གསར་འགོད་པའི་དྲི་བ་འདི་ནི་མི་མང་པོ་ཞིག་གི་དོགས་འདྲི་ཡིན་པ་ངས་ཤེས་མོད།  ངས་ད་དུང་བཤད་འདོད་པ་ནི།  ག་རེ།  ལོ་ཆུང་ཡིན་ན་ཧོད་རྒྱུག་དང་ལོང་མཆོངས་ཡིན་པ་མཚོན་པ་རེད་དམ།  ད་དུང་བཤད་ན།  ཧྥ་རན་སིའི་ལོ་རྒྱུས་ཐོག་གི་ལྷ་མོ་ཀྲིང་ཏེ་ཡང་ཧ་ཅང་ལོ་ཆུང་ཞིག་མ་རེད་དམ།  ཞིང་པའི་གཞོན་ནུ་མ་དེས་ཧྥ་རན་སིའི་དམག་མི་ཁྲིད་དེ་དབྱིན་དམག་གི་བཙན་འཛུལ་ལ་འགོག་རྒོལ་བྱས་རྗེས།  མཐའ་མ་དབྱིན་དམག་གིས་ཀྲིང་ཏེ་མེ་ཁྲིམས་བཅད་ནས་བཀྲོངས་པ་རེད།   དུས་དེར་མོ་རང་དགུང་ལོ ༡༩  ལས་མེད་པ་རེད།  ཡིན་ནའང་ཀྲིང་ཏེ་ཧྥ་རན་སིའི་མི་རྣམས་ཀྱི་སེམས་པའི་དབུས་སུ་ཇི་སྲིད་བར་ནུབ་པ་མེད་པའི   རང་དབང་ལྷ་མོ ༽  རུ་གྱུར་པ་རེད། 

མི་ཁ་ཤས་ཀྱིས་ཋེ་ཝུ་ཋེ་རུ་བཤད་དོན།  ཨེ་ཇེབ་ཀྱི་སྲིད་དབང་སྒེར་སྡེམ་པ་མན་པཱ་ལ་ཁི་སྲིད་སྟེགས་ནས་ལྷུང་སྐབས།   གསར་འགྱུར་མང་པོ་ཞིག་གི་ནང་ནས་ཆེས་སེམས་འགུལ་ཐེབས་ཤོས་ཞིག་ནི།  ལོ་ན་ལྔ་བཅུ་དྲུག་ཅུ་ཁ་སྐོར་ཡིན་པའི་པཱ་ལགས་ཞིག་གི་སྐད་ཆ་དེ་རེད།  ཁོས་གསུངས་དོན།  ངའི་མི་ཐོག་འདིས་མང་གཙོ་ཟེར་བ་བསམ་ཕོད་ཀྱི་མེད་ལ་དེའི་ཆེད་དུ་ཅི་ཡང་བྱ་ཕོད་ཀྱི་མེད་དུས།  ཚེ་འདིར་མང་གཙོ་ཟེར་བ་མཐོང་གི་མ་རེད་བསམས་ཡོད།  ཡིན་ནའང་།  ཕྲུ་གུ་ཚོས་འདི་ལྟར་མང་གཙོ་མདུན་དུ་བསུས་པ་རེད།  ཕྲུ་གུ་འདི་ཚོས་ང་ལ་རེ་བ་དང་ཕུགས་བསམ་སྦྱིན་འོང་དུས།   ང་ཡང་གཅིག་གསོན་ན་འདོད་བྱུང་ཟེར། 

རྒྱ་ནག་ཏུ་ད་དུང་ཡང་མང་གཙོ་མེད་པས།   བཙན་གནོན་ཕོག་པའི་བོད་མི་ཚོས་རབ་ཏུ་འབར་བའི་མེ་ལྕེའི་ཁྲོད་ནས    བོད་ལ་རང་དབང་དགོས ༽   རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་དགོས    ཟེར་བ་སོགས་འབོད་ཀྱིན་ཡོད།

 

མི་མི་ཉུང་བ་ཞིག་གིས་བོད་མིའི་རང་ལུས་མེར་བསྲེག་འདི་རང་ཤི་བརྒྱབ་པར་ངོས་འཛིན་བཞིན་འདུག   འདི་ནི་རྦད་དེ་དམའ་འབེབས་ཀྱི་ལྟ་ཚུལ་ཞིག་རེད།  ཆོས་ཉམས་སུ་བླངས་ཤིང་འབྲས་རྟགས་ཐོན་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཀྱིས་ཁ་གསལ་གཏིང་གསལ་ངང་གསུངས་དོན།  བོད་མི་སྐྱ་སེར་ཚོས་རང་ལུས་མེར་བསྲེགས་པ་འདི་ནི།   ནང་པའི་སྲོག་གཅོད་ཀྱི་བསླབ་བྱ་དང་གཏན་ནས་འགལ་མེད་ལ།  ནང་ཆོས་ཀྱི་ལྟ་གྲུབ་ལ་ཡང་འགལ་མེད།  དམ་སྡོམ་ལ་དེ་བས་ཀྱང་འགལ་མེད།  གང་ཞེ་ན།  བོད་མི་སྐྱ་སེར་འདི་ཚོས་རང་ལུས་མེར་བསྲེགས་པའི་དམིགས་འདུན་ནི་ནང་ཆོས་སྲུང་སྐྱོབ་དང་།  བོད་མི་རིགས་ཀྱི་རང་དབང་མང་གཙོ།  ཁེ་དབང་སོགས་ཀྱི་ཆེད་དུ་ཡིན་དུས།  སྒེར་སོ་སོའི་ཁེ་ཕན་རེ་དམིགས་བཅས་ཀྱི་དྲི་མ་ཙམ་ཡང་མེད།  ཚད་ངེས་ཅན་གྱི་ཐོག་ནས་བཤད་ན། གཞན་དོན་དུ་རང་ཉིད་བློས་བཏང་བའི་རྒྱལ་སྲས་སྤྱོད་པ་རེད།  

ངས་ངེས་པར་དུ།  རེད།  ངེས་པར་དུ ༼  དྲུག་བཞིའི  ༽ སྐབས་སློབ་ཕྲུག་ཚོའི་དབུ་ཁྲིད་ཨུ་འར་ཁེ་ཤིས་ལུང་འདྲེན་བྱེད་འདོད།  བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་རང་ལུས་མེར་བསྲེགས་ཀྱི་བརྙན་པར་འཛམ་གླིང་མིག་མདུན་དུ་བསྟར་བའི་དགོང་མོ་དེར།  ངས་ཋེ་ཝུ་ཋེ་ནས་སྐད་ཆ་འདི་ཚོ་ལན་མང་བཤད་པ་སྟེ།

 

རང་ལུས་མེར་བསྲེགས་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པའི་སླད་དུ།  ཁྱེད་ཀྱི་ལག་ཟུང་ཐལ་མོ་སྦྱོར་རོགས།  བཀུར་སྟི་བྱ་རོགས།   རང་སྐྱོན་རང་བརྟག་བྱ་རོགས།  མི་ཆོས་ཀྱི་བསམ་བློ་ཡང་གཅིག་གསོས་ཤོག འདི་ནི་ང་ཚོས་གློག་ཀླད་འཆར་ངོས་མདུན་ནས་བྱེད་ཐུབ་པའི་རྣམ་འགྱུར་ཆུང་ཆུང་ཞིག་རེད།  འདི་ལྟར་བྱས་པས།  དཀའ་སྡུག་ངང་གཤེགས་སོང་བའི་རྣམ་ཤེས་འདི་ཚོར་གཏད་པའི་རྣམ་འགྱུར་བཟང་ཤོས་དེ་རེད།   

བོད་ཀྱི་གྲྭ་བཙུན་ཚོའི་རང་ལུས་མེར་བསྲེགས་དོན་རྐྱེན་འདིས།  མི་གང་མང་མང་ཞིག་ཧོན་འཐོར་དུ་བཅུག  དེ་དང་མཉམ་དུ་ཁོང་ཁྲོའང་ལངས་མོད།   ངས་འདི་ནས་ཚེ་སྲོག་ཤོར་ཟིན་པ་ཚོར་གུས་འདུད་དང་ཡིད་གདུང་གི་འབོད་པ་བྱེད་ཀྱིན་ཡོད།  འདི་ནི་མི་གཤིས་ཤིག་རེད།  འདི་ནི།  ང་ཚོས་གུང་ཁྲན་ཏང་གི་རྒྱ་ནག་ནས་ག་ལེར་ག་ལེར་འཆོར་གྱིན་པའི་སྤྱོད་བཟང་དེ་རེད།

 

རང་ལུས་མེར་བསྲེགས་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པའི་སླད་དུ།   ཡིད་གདུང་མེད་པ་དང་།  རང་སྐྱོན་རང་བརྟག་མེད་པ་མ་ཟད།  གུས་བཀུར་མེད་པ་སོགས་མཆིས་ན།   མི་རིགས་དེའི་མི་སྤྱོད་ལ་ཚབས་ཆེའི་མར་རྒུད་དང་གཏོར་བརླག་ཐེབས་པ་རེད།  

 

སྐུ་གཤེགས་པའི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་སྐབས།  དངོས་བདེན་དང་།  ཞི་འཇམ།   ཤེས་ཡོན་སོགས་ནི་སྙིང་རྗེ་མེད་པ་ལྟར་སྣང་།  འོན་ཏེ་ཝུས་ཤིས་ཁེ་ཤིས་ཀྱི་དོགས་འདྲི་འདིས།   གོ་དོན་གཞན་ཞིག་གི་སྒང་ནས་བོད་མིའི་རང་ལུས་མེར་བསྲེག་འདིས་ཕན་ཐོགས་ཡོད་པ་མ་རེད་ཅེས་ལན་བཏབ་པ་འདྲ།  གཞན་རྒྱ་གར་འདིས་སྟོབས་འབྱོར་ཆེ་བའི་དབྱིན་ཇི་བཙན་རྒྱལ་ལ་གདོང་གཏད་ནས་རང་བཙན་གྱི་ལས་འགུལ་ལ་རྒྱལ་ཁ་བླངས་པ་རེད། རྒྱུ་རྐྱེན་གཙོ་བོ་ཞིག་ནི་མ་ཧྭ་ཏཱ་མ་གྷན་ངྷིས་འཚེ་མེད་ཞི་བའི་སྣེ་ཁྲིད་པ་དང་།  རྒོལ་ལན་མེད་པའི་ལས་འགུལ་འདིས་དབྱིན་ཇི་བའི་སེམས་བསྒུལ་བ་དང་།  ཐ་ན།   དབྱིན་ཇི་བས་སྤྱོད་བཟང་དུ་རློམ་པའི་ང་རྒྱལ་ཁེངས་དྲེགས་དག་ཀྱང་གཏོར་བཅོམ་ལ་བཏང་བ་རེད།  མདོ་དོན་དུ།  བོད་ཀྱི་གྲྭ་བཙུན་བཅུ་གཉིས་ཀྱིས་རང་ལུས་མེར་བསྲེགས་པས།  རྒྱ་ནག་མི་དམངས་ཀྱི་བློ་སེམས་གཡོ་ཐུབ་བམ།  གནད་འདིར།  ང་དངོས་གནས་སྐད་ཆ་ཅི་ཡང་བཤད་རྒྱུ་མེད། 

 

༢༠༡༡  ༡༡  ༢༣  ལ།

 

རྩོམ། འོད་ཟེར།
སྒྱུར། ནགས་ཤོད་སད་མི།

གཟའ་ འཁོར་གསུམ་གྱི་གོང་དུ། ང་རང་དམ་དྲག་ཆེ་བའི་ལྷ་ས་ནས་ཐལ་སྐྱས་བཏུམས་པའི་པེ་ཅིང་དུ་ཕྱིར་ལོག་བྱས། མ་གཞི་གྲོང་ཁྱེར་འདིའི་རང་བྱུང་མཁའ་དབུགས་སྦག་བཙོག་ཚབས་ཆེན་ཐེབས་ཡོད་ནའང་། ཆབ་སྲིད་ཀྱི་མཁའ་དབུགས་ལྷ་ས་ལས་ཏན་ཏན་ཞི་འཇམ་པས། དམ་དུ་བཀྱིགས་པའི་ངའི་ཁྲག་རྩ་རྣམས་ལྷོད་ལ་འབབ་ཏུ་བཅུག ཡིན་ནའང་། བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེར་བསྲེགས་ནས་སྐུ་གཤེགས་པའི་གནས་ཚུལ་དེས། དར་ཞིང་རྒྱས་པའི་པེ་ཅིང་གི་གདོང་འབག་དབྲལ་སོང་ལ། ངས་དགུངལོ ༢༠ ལས་མེད་པའི་བཙུན་མ་འདིའི་ཆེད་དུ་མིག་ཆུ་གཏོང་དགོས་ཐུག

ཚེས་ པ ༤ ཡི་ཉིན་དེར། ང་རང་འདེམས་ཚོང་ཁང་དུ་ཚོང་རྒྱག་བཞིན་ཡོད། གློ་བུར་ངང་སིས་ཨན་ཨན་གསར་འགོད་པའི་ཁ་པར་འབྱོར་ནས། བོད་མིས་རང་ལུས་མེར་བསྲེག་ཐད་ལྟ་ཚུལ་གང་ཡོད་ཟེར་བ་དང་སྦྲགས། ཁ་སང་ཡང་ཁམས་ཁུལ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཚུལ་བརྗོད། ང་དེ་མུར་བཟོད་གླགས་མེད་པའི་སྐྱོ་གདུང་དང་བཅས་བྲེལ་ཚུབ་ངང་རེ་ཞིག་སེམས་ངལ་ གསོ་ཕྱིར་གནས་སྤོས་ཏེ་གཞུང་ལམ་དུ་ཐོན་དགོས་བྱུང་།

ང་ རང་ཉིན་མོ་རེ་རེ་བཞིན་དྲ་རྒྱར་འཛུལ་སྐབས། གནས་ཚུལ་དེ་རིགས་མཐོང་བར་ཞེད་སྣང་ཡང་སྐྱེ། དེ་ལྟ་ནའང་། ཧ་ཅང་གསལ་པོ་ཡིན་པ་ཞིག་ལ། གལ་ཏེ། རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཁར། དེ་ལས་ལྡོག་ཏེ། བོད་མིའི་སྐེ་ཐག་དམ་དུ་བཏང་ན། ག་འདྲ་བྱས་ནས་བོད་མིའི་སྲོག་བསྡོས་ཀྱི་ངོ་རྒོལ་འདི་བཀག་འགོག་བྱ་ཐུབ་བམ། ངས་ཐ་ན། གཞུང་ལམ་ནས་ཐད་ཀྱིས་འོང་གིན་པའི་ཆ་རྒྱུས་མེད་པའི་མི་དེ་ཚོ་འཕྲད་རིམ་ལྟར་ཁུ་ སིམ་སིམ་ངང་གཅིག གཉིས། གསུམ། བཞི། ལྔ།
དྲུག བདུན། བརྒྱད། དགུ བཅུ། བཅུ་གཅིག བཅུ་གཉིས་བཅས་བགྲངས་དགོས་བྱུང་། དོན་དམ་པས་མི་འདི་འདྲའི་མང་པོ་ཞིག་གཅིག་རྗེས་གཉིས་སྣོན་ངང་རང་ལུས་མེར་ བསྲེག་བཏང་བར་དྲན་ཚེ། ང་རང་མིག་བཙུམས་ནས་མིག་ཆུ་སེམས་ནང་དུ་ཉིལ་ཉིལ་དུ་ཟགས།

མི་ ལ་ལས་བོད་ལ་རྒྱབ་སྐྱོར་གྱི་སྐད་ཆས། བོད་མིས ༼ གལ་ཏེ་རང་ལུས་མེར་བསྲེག་གི་སྒོ་ནས་རྒྱ་ནག་གུང་ཁྲན་ལ་འཇིགས་སྣང་སྐུལ་གྱི་ ཡོད་པར་བསམས་ན། དེ་ནི་ངལ་བ་འབྲས་མེད་རེད……….ཡང་ གལ་ཏེ་རང་ལུས་མེར་བསྲེགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་པ་ བསམ་གྱི་ཡོད་ན། དེ་ནས་དེ་འདྲ་བྱ་དགོས་ཀྱི་མེད་ལ། དེ་ལས་ལྡོག་སྟེ་རང་ལུས་མེར་བསྲེགས་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག མི་སྒེར་བཅས་འགྲོ་ལྡོག་གཉིས་ཀ་ཅི་བྱ་གཏོལ་བྲལ་དུ་བཟོས་ལ། འདིས་བོད་ཀྱི་གནད་དོན་མཐོང་བ་དང་ཕྱིར་བཤིག་རྒྱག་དགོས་པ་བཟོས་ཟེེར། ༽ ༼ འཛམ་གླིང་ཡོངས་དུས་རབས་ཉེར་གཅིག་པར་ཕྱོགས་ཟིན་པའི་དེ་རིང་། སུས་ཀྱང་རང་ལུས་མེར་བསྲེགས་པའི་ཐལ་སྤྱོད་འདིར་ཡི་རང་བྱ་མི་སྲིད། སུས་ཀྱང་རང་ཉིད་ཀྱི་མི་ཆོས་སྲུང་བརྩིའི་སླད་དུ་རང་ལུས་མེར་བསྲེག་པར་སྐུལ་ ལྕགས་བྱེད་མི་སྲིད། ༽ ད་དུང ༼ ཁྱོད་ཚོས་ཚེ་སྲོག་གཅེས་སྤྲས་བྱོས་ཟེར ༽ ཟེར་བ་དང་། ༼ ཁྱོད་ཚོ་ལྷོད་ལྷོད་བྱས་ནས་འགྲོ་རོགས ༽ ཟེར་བ་སོགས། སྐད་ཆ་འདི་ཚོ་ལས་གདུག་པའི་བཅོས་མའི་བརྩེ་བ་ཞིག་ག་ན་ཡོད།

ངོ་ མ་བོད་མི་ཚོ་ཧ་ཅང་ལྐུགས་དྲགས་པ་དང་། བློ་རིག་ཞན་ཆེས་པ། ཚེ་སྲོག་ལ་སྣང་ཆུང་བྱེད་པ། རང་ལུས་མེར་བསྲེག་བྱེད་པ་ནི་སྡིག་ར་སྐུལ་བའི་རྩེད་མཚར་ཞིག་རེད་དམ། བོད་མིའི་ངོ་རྒོལ་མཐའ་དག་པ་གྲོགས་པོ་འདི་དག་གི་ངོ་སྲུང་དགོས་པ་ཨེ་རེད། དེ་མིན་ཁོང་ཚོ་ཚང་མ་ཁོང་ཁྲོའི་ངང་ང་ཚོ་དང་ཁ་བྲལ་རྒྱུ་ཨེ་རེད། ཤེས་དགོས་པ་ཞིག་ནི། བོད་མི་ཚོའི་རང་ལུས་མེར་བསྲེག་མཚམས་གཅོད་མཁན་དེ། བོད་མི་ཚོ་མ་རེད། དེ་ནི་བོད་མིའི་ལུས་སྟེང་ན་མེ་ལྕེ་སྦར་མཁན་གྱི་རྒྱ་ནག་སྲིད་དབང་འདི་རེད། ཆེ་ས་མཐོ་ས་འགའ་ན་འགྱིང་པའི་མི་སྤྱང་དེ་ཚོའི་སྐད་ཆ་འདི་ནི་མེ་ཐོག་ཏུ་སྣུམ་ གཤོ་གིན་པ་དང་གཅིག་པ་གཅིག་རྐྱང་རེད། ང་ཚོ་ཧང་སང་པའི་སྒོ་ནས་ཁོང་ཚོ་དང་དྲག་པོའི་སྲིད་གཞུང་གཉིས་ཅི་ཙམ་རིགས་ མཚུངས་ཡིན་པ་མཐོང་སོང་།

ང་ སེམས་སྡུག་དྲགས་པས། གསར་འགོད་པར་སྐད་ཆ་ཐོན་དཀའ་བ་བྱུང་ཡང་། ཚིག་ཐག་ཆོད་པོས་སྔ་ས་ནས་བསམ་ཞིབ་བྱས་ཟིན་པའི་སྐད་ཆ་རྣམས་བཤད་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་གཅིག་པུས་རྒྱ་ནག་གིས་བོད་ཐོག་འཛིན་ པའི་བཙན་གནོན་ལ་ཁ་གཅུན་ཐུབ་ཀྱི་ཡོད་པ་ལས་ཐབས་ཤེས་གཞན་ཡོད་པ་མ་རེད། དེ་འདྲའི་གནོན་ཤུགས་དེའང་། ཁ་ནས་གླེང་ཙམ་བྱས་པ་ཁོ་ནས་ཡོང་གི་མེད། མ་གཞི་རྒྱལ་ཁབ་དང་སྲིད་གཞུང་ག་འདྲ་ཞིག་ཡིན་རུང་རང་སོ་སོའི་ཁེ་ཕན་མདུན་དུ་ འཇོག་གི་རེད།
ཡིན་ ནའང་། འཛམ་གླིང་ཡོངས་དུས་རབས་ཉེར་གཅིག་པར་གོམ་པ་སྤོས་ཟིན་པའི་དེ་རིང་། བོད་གངས་ཅན་དུ་མི་ཡུལ་ན་ཡ་ང་བའི་སྐྱོ་གར་རྒྱུན་ཆད་ཀྱི་མེད་དུས། རྒྱལ་སྤྱིས་དོན་དམ་གྱི་ལས་འགུལ་ཞིག་སྤེལ་དགོས་པ་མ་རེད་དམ། མ་མཐའི་རྒྱུ་མཚན་ནི། འཇིག་རྟེན་འདིའི་སྟེང་གི་བྱ་དངོས་དང་ཚེ་སྲོག་ཡོད་ཚད་གཅིག་ལ་གཅིག་རྟེན་ཡིན་ པའི་ཕྱིར། བཙན་གནོན་འོག་ཏུ་བོད་མིས་རང་གི་ལུས་སྲོག་ཀྱང་མེར་བསྲེགས་དགོས་ཐུག་པ་རེད། འདི་ནི་བོད་མི་རྐྱང་རྐྱང་གི་དོན་དག་ཅིག་མ་རེད། འདི་ནི་སའི་གོ་ལ་འདིའི་སྟེང་གི་ཚེ་སྲོག་གཞན་དང་གཞན་དག་ལ་འབྲེལ་བ་དམ་ཟབ་ཡོད་ པ་རེད།

བོད་ མི་ཞིག་གིས་ཋུ་ཝས་ཋེར་ནས་ང་ལ་བཤད་དོན། ༼ ང་ཚོས་རང་ལུས་མེར་བསྲེག་གཏོང་མཁན་གཞན་ཞིག་ཐོན་རྒྱུར་སྒུག་ནས་སྡོད་མི་རུང་། འོན་ཏེ་ངས་སྤུན་ཟླ་ཚོར་རོགས་པ་ཅི་ཞིག་བྱེད་ཐུབ་བམ། རྒྱུན་ཆད་མེད་པར་འདི་ལྟར་སྐྱོ་གར་གྱི་གནས་ཚུལ་གོ་ཡོང་དུས། ང་ནི་སེམས་པ་ཧ་ཅང་ཕངས། འཛམ་གླིང་འདིས་རྒྱ་ནག་གཅིག་སྡུད་པའི་གདུག་རྩུབ་ལ་ག་འདྲ་བྱས་ནས་བཀག་འགོག་ ཐུབ་གི་མེད་པ་རེད། ངས་འདིར་གོ་བ་ལེན་ཐུན་ཀྱི་མི་འདུག ༽ ཟེར་ལ། བོད་མི་འདིས་ཐ་ན་སྤུན་ཟླ་ཚོས་དད་ཀྱིན་པའི་ལས་རྒྱུ་འབྲས་ལ་ཡིད་གཉིས་དང་བློ་ དོགས་ཀྱང་སྐྱེས་ཚར་འདུག བོད་མི་དེས་གསུངས་དོན། འདི་འདྲ་ཞིག་དངོས་གནས་ང་ཚོས་བསགས་པའི་ལས་ཨེ་ཡིན་ན། ང་ཚོའི་ལས་དབང་ནི་རྒྱ་གུང་ཁྲན་གྱི་མེ་མདེའི་ཁ་ལམ་ན་ཁ་རོག་གེར་སྡོད་དགོས་པ་ དང་། གསོད་རྒྱུར་སྒུག་དགོས་པ་འདི་འདྲ་ཨེ་ཡིན་ན་ཟེར་སོང་།

ངས་ ཁོང་ལ་བཤད་དོན། ང་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད། གང་ཞེ་ན། ན་ནིང་དབྱར་ཁ་ཉེས་འཛུགས་བྱས་ནས་བཙོན་ཁང་ལ་བཙུད་པའི་ཚོང་ལས་མཁས་པ་ཀརྨ་མ་བསམ་ གྲུབ་ལགས་ཁྲིམས་ཁང་གིས་དངོས་དོན་ལས་ཕྱོགས་ཏེ་མི་ལོ ༡༥ ཡི་ཁྲིམས་ཐག་གཅོད་སྐབས། ཁོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས ༼ ངས་ལས་རྒྱུ་འབྲས་ལ་ཡིད་ཆེས་གཏིང་མ་ཡོད། ༽ ཅེས་ལན་གཉིས་ལ་བོས་པ་རེད། དེ་མིན་རྒྱ་ནག་ཁོ་རང་ཚོ་ལ་ཡང་སྐད་ཆ་འདི་འདྲ་ཞིག་ཡོད་པ་རེད། ༼ ལས་ངན་པ་བྱས་ན་འབྲས་བུ་ངན་པ་དང་། ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོད། ལས་ཀྱི་རྣམ་སྨིན་གཏན་ནས་མི་སྨིན་པ་མ་རེད། གནས་སྐབས་དུས་ལ་མ་བབས་པ་རེད། ༽ ཟེར་བ་ལྟར་རོ། ངོ་མ་རེད། མི་རེ་འགས་འདི་སྐོར་ཅི་ཡང་རྟོགས་ཀྱིན་མེད་ནའང་། རང་ཉིད་མཆོག་ཏུ་རློམ་པའི་མི་སྤྱང་དེ་དག ཅིས་ཀྱང་ཁ་བཙུམ་ན་དགའ།
༢༠༡༡ ༡༡ ༧ ལ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php