རྫ་ཁྲ་ཡག་དང་འབྲོང་བྲེ་ལོ།

 

 

 

༡༽

 

དེ་རིང་ངའི་རྐང་འོག་ན་རྫ་རི་ཞིག་ཡོད།

རྫ་རོག་པོ་འདི་སུ་ཞིག་གི་ང་རྒྱལ་ཡིན།

ང་སུ་ཞིག་གི་ང་རྒྱལ་གྱི་མགོ་བོར་འགྱིངས་ཡོད།

 

ངས། "རྫ་ཟུར་ཁ་ཅན་པོ་རིག་ན།

འབྲོང་རྭ་ཁ་ཅན་པོ་དྲན་གི་་་"ཞེས་པའི།

གཞོན་དུས་ཀྱི་ལ་གཞས་དེ་གྱེར།

 

རྫ་སུལ་དག་ན་ཤག་ཤག་ཏུ་འབབ་པའི།

རྫ་ཆབ་བསིལ་མས་ཁ་ལག་ཅིག་བཀྲུས།

ཁྱོར་བ་འགའ་ཧུབ་ཀྱིས་བཏུང།

འདི་ཡང་ང་རྫ་རི་ལ་དུངས་ཚུལ་ཞིག་དང།

རྫ་ཆུ་ལ་སྨོན་ཚུལ་ཞིག

 

ཡིན་ན་ཡང།

ང་ད་དུང་རྫ་ཁྲ་ཡག་གི་འབྲོང་བྲེ་ལོ་དེ་ཡིན་ནམ།

 

༢༽

 

རྫ་རི་དང་རྫ་ཆབ། ལ་གཞས་དེ་དག་གིས།

ངའི་སྣང་བ་བར་སྣང་ལ་བཏེགས།

རྫ་རི་ཅི་འདྲ་མཐོ་ཚུལ་གཞི་ནས་མཐོང།

རྫ་ཆབ་ཅི་འདྲ་ཞིམ་ཚུལ་གཞི་ནས་ཚོར།

རི་གླུ་ཅི་འདྲ་སྙན་ཚུལ་ད་གཟོད་རྟོགས།

 

དུས་ནམ་ཞིག་ལ།

ང་རང་ཆུང་དུས་ཀྱི་རྫ་རི་དེར་འཛེག་ཐུབ་བམ།

རྫ་ཆབ་དྭངས་མོ་དེ་འཐུང་ཐུབ་བམ།



དེ་དུས།

ངས་འབྲོང་མོའི་ངུར་སྒྲ་ཐོས་སམ།

འབྲོང་བྲེ་ལོའི་རུ་ཐུར་མཐོང་ངམ།

 

༢༠༡༥ ༧ ༢༩

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php