༄།ངའི་ཕ་ཡུལ་གཉིས་པ་དྷ་ས།

 

 

 

 

 

 

 

མེ་སྒྱོགས་ཀྱི་མདེལ་ཆར་གྱིས་དེད་དེ།

ང་ཚོ་ཧི་མ་ལ་ཡའི་ཕར་རྒྱབ་འདིར་བརྫངས།

གལ་ཏེ་བྱམས་སེམས་ཆེ་བའི་རི་རྒྱུད་འདི་མེད་ན།

ང་ཚོ་རི་དྭགས་བཞིན་གང་ཞིག་ཏུ་འཁྱམས་ཏེ་ཇི་ལྟར་ཤི་ཡོད་ཨང༌།

དྷ་རམ་ས་ལ་མི་ཡུལ་ས་མཐའ་མ་ཡིན་ང་ཡི་ཕ་ཡུལ་གཉིས་པ་ཡིན།

 

མི་ལོ་བཞི་བཅུའི་ལོ་ཟླ་མཛུབ་མོས་བགྲངས་ཏེ།

མི་རབས་གཅིག་གི་ལང་ཚོ་འདི་རུ་ཟད་ན་ཡང༌།

ང་ཚོའི་འཚོ་བ་སྔར་ལས་ཕུན་སུམ་ཚོགས།

གལ་ཏེ་རྒྱ་གར་སྤུན་ཟླའི་འཛུམ་མདངས་མེད་གྱུར་ན།

ང་ཚོ་སྤྲང་འཁྱམས་བཞིན་དུ་ཇི་ལྟར་མི་སྐྱོ་འམ།

རྒྱ་གར་མི་དམངས་གཞན་མི་མ་ཡིན་ང་ཡི་ཕ་མ་གཉིས་པ་ཡིན།

 

འཕགས་བོད་མཛའ་མཐུན་ཚོགས་པའི་ལྗོན་བཟང་འདིའི།

ཆོས་འབྲེལ་ས་བོན་ལོ་སྟོང་སྔོན་ནས་བཏབ།

མཛའ་བརྩེའི་མྱུ་གུ་ད་ལྟའི་བར་དུ་རྒྱས།

ཞི་བདེའི་འབྲས་བུ་སྨིན་པའི་དགའ་སྟོན་དཔལ།

ཧི་མ་ལ་ཡའི་ཚེ་དང་མཉམ་གནས་ཤོག

རྒྱ་གར་འཕགས་ཡུལ་རྒྱལ་ཁམས་གཞན་མིན་ང་ཡི་རྒྱལ་ཁབ་གཉིས་པ་ཡིན།

 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php